གཞིས་རྩེའི་ལྷ་རྩེ་རྫོང་གིས་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་གིས་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་འགན་ཁག་དོན་འཁྱོལ་ལ་སྐུལ་འདེད་གཏོང་བར་དམིགས་ཏེ། འཚོལ་ཞིབ་དང་གསར་གཏོད་ཧུར་ཐག་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། འགན་འཁྲི་ཤེས་པ་དང་། འགན་འཁྲི་སྒྲུབ་པ། འགན་འཁྲི་བདའ་འདེད་བཅས་ཁ་གསལ་བའི་ཏང་འཛུགས་སྐྱོང་ལས་ཀའི་རྣམ་པ་ཞིག་ཆགས་པར་སྐུལ་འདེད་བཏང་བས། གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་ལ་དམ་འཛིན་ལྷོད་མེད་དང་རྒྱུན་མཐུད་དམ་འཛིན་ཐུབ་ཡོད།

གསལ་ཐོ་རྣམ་པའི་དོ་དམ་ལ་སྐུལ་འདེད་བཏང་ནས“གང་ལ་དམ་འཛིན་བྱེད་པའི”གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཤིང་། རིམ་དབྱེ་དང་རིགས་དབྱེ་མཐའ་འཁྱོངས་ཀྱིས་རྫོང་ཨུད་ཀྱི་རྒྱུན་ཨུད་འགོ་ཁྲིད་ཚན་ཁག་གིས་འབྲེལ་གཏུག་གམ་ཡང་ན་ཁག་བགོས་ལས་འགན་དང་ཟུང་འབྲེལ་བྱས་ཏེ། རྫོང་རིམ་པའི་ཏང་ཡོན་འགོ་ཁྲིད་དང་ལས་བྱེད་པས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་མཛུབ་ཁྲིད་བྱེད་པའི་འབྲེལ་གཏུག་ས་ཚིགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཡོད།

རྒྱུན་རྣམ་ཅན་གྱི་ལྟ་སྐུལ་ཞིབ་བཤེར་ལ་སྐུལ་འདེད་བཏང་ནས“དམ་འཛིན་ཏན་ཏིག་མི་བྱེད་པའི”གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཤིང་། 《གཞིས་རྩེ་གྲོང་ཁྱེར་གྱི་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་གྱི་དཔྱད་དཔོག་བྱེད་ཐབས(ཚོད་ལྟའི་ལག་བསྟར)》སོགས་ཀྱི་ལམ་ལུགས་ལ་བརྩི་སྲུང་ནན་ཏན་བྱས་ཏེ། ལོ་མཇུག་གི་དཔྱད་དཔོག་དེ་དུས་ཚིགས་སྐར་གསོག་དཔྱད་དཔོག་ལ་བསྒྱུར་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་ལ་རྒྱུན་གཏན་ནས་དོ་དམ་ནན་པོར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད། མིག་སྔའི་བར་སྔ་རྗེས་སུ་སྐོར་སྐྱོད་ལྟ་སྐུལ་ཞིབ་བཤེར་ཐེངས་4བྱས་པ་དང་ལྟ་སྐུལ་ཞིབ་བཤེར་གནས་ཚུལ་གྱི་བརྡ་ཁྱབ་ཐེངས་2བཏང་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།