བྱིས་པའི་འཇིགས་རྒོལ་དྲག་འགོག་ངག་གི་རོལ་རྩེད།
རྐང་ཚ། ཀ་བཀྲ་ཤིས།
ཨ་མའི་ལོ་ལོ་གཅེས་ཕྲུག་མ། །
རྣ་བ་མ་གཡེང་ཚུར་ལ་ཉོན། །
གློ་བུར་དོན་རྐྱེན་བྱུང་བའི་ཚེ། །
རྣོ་ལ་སྐྱེན་པའི་ཚོར་ཤེས་དགོས། །
འདུག་སའི་གནས་ལ་འདྲིས་ཆ་དང་། །
འབུད་སྒོ་ཡིད་ལ་ངེས་བ་གལ། །
ཕ་མ་གམ་དུ་མེད་པའི་དུས། །
རང་གིས་རང་ལ་བདག་ཐུབ་དགོས། །
དྲག་སྤྱོད་ལས་དང་འཕྲད་པའི་ཚེ། །
མགྱོགས་པོར་ཡིབ་ཅིང་བྱོལ་ནས་ནི། །
ཉེན་ཁའི་གནས་སུ་མི་འགྲོ་ཞིང་། །
འདུ་འཛིར་ལྟད་མོ་གཡེང་མི་རུང་། །
མེ་དགྲ་ས་འགུལ་བྱུང་བའི་དུས། །
སེམས་ལ་དངངས་སྐྲག་མི་སྐྱེས་པར། །
འབུད་སྒོ་བཙལ་ཏེ་བགྲོད་པ་ལས། །
གློག་སྐས་སོགས་ལ་འདུག་མི་རུང་། །
ཉེན་གཡོལ་གནས་ལས་མི་འགོངས་བར། །
མྱུར་སྐྱོབ་བྱེད་པར་ལྷོད་ཀྱིས་སྒུགས། །
རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།
བྱིས་པའི་འཇིགས་རྒོལ་དྲག་འགོག་ངག་གི་རོལ་རྩེད།