ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་བོད་ལྗོངས་ཀྱི་ཁེ་ལས་ལ་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསར་པ་བཏོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་ཁེ་ལས་ལ་འཛམ་གླིང་ལ་ལྟ་བའི་སྐར་ཁུང་ཞིག་བཏོད་པ་མ་ཟད། དེ་ལས་བསམ་བློའི་འདུ་ཤེས་ལ་འགྱུར་ལྡོག་གསར་པའང་བྱུང་ཡོད”ཅེས་ཚེས་9ཉིན་ཧྲང་ཧའེ་རྒྱལ་ཁབ་ཚོང་འགྲེམས་ལྟེ་གནས་སུ་འཚོག་བཞིན་པའི་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་ཐོག  བོད་ལྗོངས་ཀྱི་ཚོགས་ཞུགས་ཁེ་ལས་འཐུས་མིས་ཚོང་འགྲེམས་ལ་ཞུགས་མཁན་ཕྱི་རྒྱལ་གྱི་ཚོང་པའི་ཐོན་རྫས་གསར་ཤོས་ཁག་དང་ལག་རྩལ་གསར་ཤོས་དག་མཐོང་རྗེས་མ་གྲོས་གཅིག་མཐུན་གྱིས་བཤད།

ནང་འདྲེན་དངོས་མང་སྟོན་ཚོགས་ཐོག མ་དཔེ་ཚོད་ལྟ་བེད་སྤྱོད་དང་། ལག་རྩལ་བློ་འདྲི། མཉམ་ལས་གྲོས་བསྡུར་སོགས་དམངས་གཉེར་ཁེ་ལས་ཀྱི་ཉོ་སྒྲུབ་ཚོང་པ་ཚོའི་བྲེལ་འཚུབ་ཆེ་བའི་རྣམ་པ་གང་སར་མཐོང་རྒྱུ་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།