མངའ་རིས་ས་ཁུལ་གྱི“119”མེ་ཟོན་དྲིལ་བསྒྲགས་ཟླ་བ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར། བོད་ལྗོངས་མངའ་རིས་ས་ཁུལ་གྱིས2019ལོའི་ལོ་འཁོར་གྱི“119”མེ་ཟོན་དྲིལ་བསྒྲགས་ཟླ་བའི་འགོ་ཚུགས་མཛད་སྒོ་འཚོགས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སླད་ཕྱིན་ཟླ་གཅིག་རིང་། མངའ་རིས་ས་ཁུལ་མེ་ཟོན་རུ་ཁག་གིས་འབྲེལ་ཡོད་ཀྱི་འགན་ནུས་སྡེ་ཚན་དང་མཉམ་དུ“མེ་སྐྱོན་གྱི་ཉེན་ཁ་འགོག་ཟོན་གྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་སྐྲུན་པའི”བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས་མེ་ཟོན་དྲིལ་བསྒྲགས་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་ས་ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ“མི་ཚང་མས་མེ་ཟོན་ལ་དོ་སྣང་དང་མི་ཚང་མ་མེ་ཟོན་ལ་ཞུགས་པའི”ཚ་རླབས་ཤིག་འཕྱུར་བ་བྱ་རྒྱུ་རེད།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།