དཔྱིད་ཀའི་ཕྱོགས་སུ་འཕུར་བའི་ཁྲུང་ཁྲུང་།

མཛེས་སེ།

དབྱིངས་ཀྱི་འཕགས་མ་སྒྲོལ་མ།

ཡིད་སེམས་གསོ་བའི་མ་མ།

མདུན་གྱི་ཨ་ཅག་སྒྲོལ་མ།

ཡིད་སེམས་དཀྲུགས་པའི་སྦྲང་མ།


དཔྱིད་ཀའི་ཕྱོགས་སུ་འཕུར་བའི།

སྒེག་པའི་ལྷ་བྱ་ཁྲུང་ཁྲུང་།

སྔ་མོར་མཇལ་རྒྱུ་བྱུང་ན།

ལྷན་ཅིག་གནམ་འཕང་བཅད་ཆོག།

གཏན་དུ་མཇལ་རྒྱུ་མེད་ན།

སེམས་གཅོང་བྱུང་དོན་ཅི་ཡོད།

༢༠༠༤ལོའི་ཟླ༩བའི་ཚེས༡༡ཉིན་ཆབ་ཆ་རུ།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།