​ཁྱོད་ཀྱི་མིག་ལ་ཁོམ་ལོང་མི་འདུག

མཛེས་སེ།

སྤྲིན་པར་འགྱུར་ལྡོག་ཆེ་བ།

ནམ་མཁའི་རླུང་གིས་ཚོར་ཡང་།

གཡོར་གྲུར་ཁ་ཕྱོགས་མེད་པ།

རྒྱ་མཚོའི་རླབས་ཀྱིས་མ་ཤེས།


ང་ཡིས་འཐུངས་པའི་འཛུམ་ཆུང་།

གཞན་ལ་ལྡུད་ཀྱིན་ཡོད་དམ།

ང་ཡིས་ཟོས་པའི་སྙིང་གཏམ།

གཞན་ལ་སྟེར་གྱིན་ཡོད་དམ།

གསར་འགྲོགས་ན་ཆུང་བུ་མོའི།

མིག་ལ་ཁོམ་ལོང་མི་འདུག།

༢༠༠༤ལོའི་ཟླ༩པའི་ཚེས༢༠ཉིན་ཆབ་ཆ་རུ།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།