ཐོག་མའི་འཛུམ་མདངས།

མཛེས་སེ། 

མདུན་གྱི་ཁ་པར་གྲུ་བཞི།

ཉི་མ་གཅིག་རིང་མ་གྲག།

སེམས་ཀྱི་རེ་བ་སྒོར་མོ།

མཚན་ཞག་གཅིག་ལ་མ་གཟིམ།


རི་འདབས་ཁང་གསར་ཕུ་ཡི།

བུ་མོ་འཁྱག་རོམ་མིན་ན།

མཚན་མོའི་རྨི་ལམ་ཁྲོད་ནས།

ཁྱོད་རང་དྲན་སོང་མ་ཟེར།

ཉིན་དཀར་ཉི་མའི་འོག་ཏུ།

ང་ལ་འཛུམ་ཞལ་སྟོན་རོགས།

༢༠༠༤ལོའི་ཟླ༩པའི་ཚེས༢༣ཉིན་ཆབ་ཆ་རུ།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།