ཁྱོད་ནི་གྲུ་ཤན་ཡིན་ནམ།

མཛེས་སེ། 

སྙིང་སྡུག་ཁ་སང་མཇལ་སྐབས།

དུས་ཚོད་གམ་ནས་བྲོས་སོང་།

སྙིང་སྡུག་དེ་རིང་དྲན་དུས།

འོ་ཇ་ཐབ་ནས་འཁྱགས་སོང་།


རླུང་དེ་སྟོན་དང་འདྲ་བ།

ལྗོན་པའི་རྩེ་ནས་བབས་བྱུང་།

སྐྱོ་དེ་ཕོར་བ་གང་གིས།

སེམས་ཀྱི་ཟླ་འོད་བཟི་སོང་།

བུ་མོ་གྲུ་ཤན་འདྲ་བ།

མཚེའུ་གང་ན་བཞུགས་སམ།

༢༠༠༤ལོའི་ཟླ༩པའི་ཚེས༢༤ཉིན་ཆབ་ཆ་རུ།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།