• དཔྱིད་ཀའི་ཕྱོགས་སུ་འཕུར་བའི་ཁྲུང་ཁྲུང་།

    དབྱིངས་ཀྱི་འཕགས་མ་སྒྲོལ་མ། ཡིད་སེམས་གསོ་བའི་མ་མ། མདུན་གྱི་ཨ་ཅག་སྒྲོལ་མ། ཡིད་སེམས་དཀྲུགས་པའི་སྦྲང་མ།

    2016-04-07 16:12:14
    མཛེས་སེ།
  • ​ཁྱོད་ཀྱི་མིག་ལ་ཁོམ་ལོང་མི་འདུག

    སྤྲིན་པར་འགྱུར་ལྡོག་ཆེ་བ། ནམ་མཁའི་རླུང་གིས་ཚོར་ཡང་། གཡོར་གྲུར་ཁ་ཕྱོགས་མེད་པ། རྒྱ་མཚོའི་རླབས་ཀྱིས་མ་ཤེས།

    2016-04-07 16:10:59
    མཛེས་སེ།
  • ཐོག་མའི་འཛུམ་མདངས།

    མདུན་གྱི་ཁ་པར་གྲུ་བཞི། ཉི་མ་གཅིག་རིང་མ་གྲག། སེམས་ཀྱི་རེ་བ་སྒོར་མོ། མཚན་ཞག་གཅིག་ལ་མ་གཟིམ།

    2016-04-07 16:09:45
    མཛེས་སེ།
  • ཁྱོད་ནི་གྲུ་ཤན་ཡིན་ནམ།

    སྙིང་སྡུག་ཁ་སང་མཇལ་སྐབས། དུས་ཚོད་གམ་ནས་བྲོས་སོང་། སྙིང་སྡུག་དེ་རིང་དྲན་དུས། འོ་ཇ་ཐབ་ནས་འཁྱགས་སོང་།

    2016-04-07 16:07:36
    མཛེས་སེ།
  • བྱ་ནམ་མཁའ་དང་གྲིབ་མ་ས་གཞི།

    ལ་ལུང་མང་པོ་བརྒྱུད་ནས། ཚིགས་མལ་ཡང་ཅིག་བརྒལ་དུས། འདས་དོན་སྒྱུ་མའི་རྨི་ལམ། མིག་ལ་བསྐྱར་དུ་ཤར་ཡོང་།

    2016-04-07 16:06:26
    མཛེས་སེ།
  • བུང་བ་ཞིག

    མདའ་མོ་རྒྱང་ལ་འགུགས་མཁན། བདེ་འཁྱུག་རི་དྭགས་ཤ་ཕོ། ཡིད་ཀྱི་འོ་མཚོ་དཀྲུག་མཁན། དམར་ཆུང་མཆུ་ཡི་འདབ་མ།

    2016-04-07 16:04:33
    མཛེས་སེ།
  • ཚེ་འདིར་ཕན་ཚུན།

    ཁྱེད་ཀྱི་མཚན་ཙམ་ཐོས་པས།     ཉི་ཞུར་འགྲོ་མཚམས་བཞག་སོང་།     ཁྱེད་ཀྱི་ཞལ་རས་མ་མཐོང་།     སྒེའུ་ཁུང་སྐྱ་བོར་གྱུར་པ།

    2016-04-07 16:03:13
    མཛེས་སེ།
  • སྐྱེ་བ་རྗེས་མར་མཉམ་དུ།

    ཟླ་འོད་མདང་དགོང་འཇམ་པ། སྤྲོ་སྣང་ཤང་ཤང་བཞུར་ཡོང་། སྐར་མ་དོ་ནུབ་གསལ་བ། སྐྱོ་སྣང་ཆལ་ཆིལ་བབས་སོང་།

    2016-04-07 16:01:35
    མཛེས་སེ།
  • ཕྱིར་བལྟས་སློག་གིན།

    ཁྱོད་ཀྱི་ཁྲ་ཆུང་མིག་ཟུང་། ཐག་རིང་རྒྱང་ནས་ཐོན་ཡོང་། ནུབ་རླུང་ཤར་ལ་བཞུར་བས། ཐག་རིང་རྒྱང་ལ་ལོག་སོང་།

    2016-04-07 15:57:42
    མཛེས་སེ།
  • སློབ་གྲོགས།

    གཟུགས་མེད་དུས་ཀྱི་འཁོར་ལོ། བསྐྱོད་ནས་བསྐྱོད་མཚམས་མི་འཇོག། འདས་པའི་ལོ་རྒྱུས་རེ་རེ། སྨྱུག་མའི་ཚིགས་བཞིན་འབུར་བ།

    2016-04-05 15:50:29
    མཛེས་སེ།
  • ཁ་བྱང་མེད་པའི་སྙན་ངག

       མདུན་གྱི་བཞུད་ལམ་རིང་མོ།     སྣ་ཚོགས་གཏམ་གྱིས་བཅད་སོང་།     གམ་གྱི་གཟུགས་བྱད་ཡག་པོ།     ཚིམ་མེད་མིག་གིས་ཟོས་པ།

    2016-04-05 15:48:17
    མཛེས་སེ།
  • སྲིང་ཆུང་།

    མདང་ནུབ་ཁ་བ་བབས་བྱུང་།     དེ་རིང་བུ་ཡུག་འཚུབ་པ།     གཞིས་དང་གྱེས་པའི་སྲིང་ཆུང་།     ཐང་ཆེན་གོམ་ལ་བཅལ་སོང་།

    2016-04-05 15:46:04
    མཛེས་སེ།
  • ཟི་ལིང་ནས་ཕ་ཡུལ་དུ།

    དགུན་ཟླ་ཆང་རྐྱལ།  ཆས་རྒྱུ་མི་འདུག།     དཔྱིད་དཔལ་སྒྲེན་མོ།གྲང་འདར་སིག་སིག།     ཙོང་ཁ་ཟི་ལིང་།   གླུ་སྐད་ལྡབ་ལྡིབ།     ནུབ་མཚོའི་ལྷོ་ཕྱོགས།ཁ་བ་ལྷབ་ལྷུབ།

    2016-04-05 15:44:49
    མཛེས་སེ།
  • ཏོག་ཙམ་གྱིས་ཁྱོད་དང་འཕྲད་བྱུང་།

    གཟུགས་བྱད་ཁྱོད་དང་མཚུངས་པ།     ཁྱོད་རང་གཅིག་པུ་མ་རེད།     ཕག་དང་འདྲ་བའི་སྒེག་མོ།     ག་ས་ག་ན་ཡོད་དེ།

    2016-04-05 15:40:09
    མཛེས་སེ།
  • མི་ཤ་ཟ་བའི་འཇོ་སྒེག་བུ་མོ།

    བདུད་དང་གནོད་སྦྱིན་མ་རེད། སྟག་གམ་སེང་གེའང་མིན་ཏེ། མཛུབ་མོ་ཁ་རུ་བཅུག་ནས། བར་མེད་ལྡོད་མཁན་དེ་ནི།

    2016-04-05 15:34:05
    མཛེས་སེ།
  • ཨ་རག་སྤང་ཐབས།

    ཁྱོད་རང་མིག་གིས་མ་མཐོང་། སེམས་པ་ཆང་གིས་བཀུག་འགྲོ། ཁྱོད་རང་གམ་དུ་འབྱོར་འཕྲལ། ཨ་རག་གཏིང་ནས་མི་དྲན།

    2016-04-05 15:32:12
    མཛེས་སེ།
  • བདག་ནི་སྤྲུལ་སྐུ་ཞིག་ཡིན་ཚེ།

    བདག་ནི་སྤྲུལ་སྐུ་ཞིག་ཡིན་ཚེ།། མལ་དུ་གཟིམ་ཁར་འདི་ལྟར་སེམས། ཁྱེད་ཀྱི་དྲིན་དེ་ཇི་ལྟར་གཞལ། བདག་གི་སྐྱེ་ཕྲེང་ཐོག་མ་མཆོག།

    2016-04-05 15:29:49
    མཛེས་སེ།
  • ན་ཚོད།

    རང་ལོ་བརྒྱད་ལ་སོན་དུས། དགུ་རུ་བྲེལ་བ་སྐྱེས་ཤིང་། རང་ལོ་དགུ་ཡི་སྐབས་སུ། བཅུ་ལ་ཡིད་སྨོན་ཤོར་སོང་།

    2016-04-05 15:26:11
    མཛེས་སེ།
  • ལི་ཡུལ།

    གངས་དཀར་རི་བོ་མཐོང་དུས།     སྙིང་ལ་རུས་པ་ཡོད་སོང་།     སྦྲང་དཀར་རྩམ་པ་མེད་པས།     ཟས་བརྒྱ་ཟོས་ཀྱང་མི་འགྲང་།

    2016-04-05 15:24:06
    མཛེས་སེ།
  • སྐྱེ་འཆི།

    འཇིག་རྟེན་དཀར་ངོགས་བསྐྱུར་ཏེ། སོ་སོའི་གནས་སུ་སྙེག་སྐབས། ང་ཚོ་ལམ་དུ་ཆས་པ། ཤུལ་འདུག་དག་གིས་ཐོས་སྲིད།

    2016-04-05 15:22:42
    མཛེས་སེ།
  • ཁ་ཟས་མ་སྤྱད་ཆོག་ན།

    ཁ་ཟས་མ་སྤྱད་ཆོག་ན། བྱ་ཡིས་ལྡིང་སྐོར་མི་རྒྱག། འབུ་སྲིན་གྱེན་ལ་མི་མཆོངས། གཅན་གཟན་གཏུམ་པོ་རྣམས་ཀྱིས། འདོད་དོན་གང་ཡང་བསྒྲུབ་ཆོག།

    2016-04-05 15:15:07
    མཛེས་སེ།
  • གྲོག་མར་བརྙས་བཅོས་མ་བྱེད་ཅིག

    ལུས་སྟོབས་རྒྱས་པ་ཙམ་གྱིས། གྲོག་མར་རྡོག་བརྫིས་མ་གཏང་། སེམས་ཅན་ཉམ་ཐག་ལའང་། རྩིས་ཐང་ལ་རྒྱ་ཡོད་པ།

    2016-04-05 15:13:19
    མཛེས་སེ།
  • ལྷོ་ནུབ་སྲིན་པོའི་ཡུལ་དུ་སྤྲིངས་པའི་འཕྲིན་ཡིག

    ཁམས་གསུམ་འགྲོ་བའི་ཤིང་རྟ། ང་ཡི་ནམ་མཁར་བཞུགས་རོགས། མུན་པའི་དོང་ལམ་བརྒྱུད་ཅིང་། འོད་སྣང་ཁྲིད་དེ་བྱོན་པ།

    2016-04-05 15:07:59
    མཛེས་སེ།
  • ཀ་ཁ་ག་ང་།

    གཅེན་པོ་གཅེན་མོའི་ངག་ལས།     ཀ་ཁ་ག་ང་ཤེས་སོང་།     སྒོ་སམ་གྲུ་བཞིའི་ངོས་ནས།     ཅ་ཆ་ཇ་ཉ་མ་ཤེས།

    2016-04-05 15:02:05
    མཛེས་སེ།
  • ཕུག་རོན།

    ནུབ་ཁའི་ཉི་འོད་དམར་པོས། ཤར་རིའི་ཐོད་པ་སྐམ་པོར། ལྕེ་ལྡག་བྱས་ནས་བཞུད་སོང་། ཚེར་མའི་ཐུ་བའི་འོག་གི། ཉམ་ཆུང་ཕུག་རོན་སྐྱ་བོ།

    2016-04-05 14:58:54
    མཛེས་སེ།