ཁྲི་སེམས་དཔའ།
ནོར་ལུག་མེད་པའི་ལོ་ཟླའི་ནང ཕོ་གསར་ཚོ་སྟེགས་གྲུག་གི་མཐའ་རུ་རུབ་ནས
ནོར་ལུག་བཙོངས་པའི་སྒོར་མོ་རྒྱན་དུ་བཀུག་ཆོག ཁ་ཤོམ་འཐེན་ཆོག
འཕྲུལ་རྟའི་འཕོང་ནས་དུས་དར་རྒྱ་གླུ་ལེན་བཞིན རྫིག་ཉམས་ཁོ་ནས་རང་ཉིད་ངོམ་ཆོག
མོ་གསར་ཚོས འོ་མ་བཞོ་སྤྱད་ཀྱི་ལག་ཟུང་མཉེན་མོས ད་ནི་ཕྲེང་བ་བགྲང་བཞིན་རྒྱ་སྲང་ཉུལ་ཆོག
མགོ་རས་ཁྲ་ཁྲས་ངོ་གདོང་བཏུམས་ཏེ ཀ་ར་དབུགས་རྒྱག་ལྡད་ཆོག ……
རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།
ཕོ་གསར་དང་མོ་གསར་ཚོ།