གདམ་ག་སྐྱུར་མོ།

ཁྲི་སེམས་དཔའ།  

མེ་ལོང་ཐང་ལ་བརྡབས་ཤུལ་དུ   སེམས་ངོར་མི་ཤོང་བའི་དགེ་སྡིག་གི་རི་མོ་ཅི་ཡང་མེད

“འཇིག་རྟེན་དུ་ཅི་བྱུང་ན་བྱུང་ཨང   ལས་དབང་གི་གཡང་ལ་ཅིས་ཀྱང་མཆོངས་དགོས”

རང་སེམས་ལ་ཡིད་ཆེས་ཀྱི་སྙིང་ཕུར་བརྡབས

“སེམས་པ་འདི་ནམ་ཡང་འོད་ལ་ཕྱོགས་དགོས”

ཕ་མེས་ཀྱི་རྣམ་ཤེས་སྤྱང་ལྟོགས་ཀྱི་ངུ་དབྱངས་ཁྲོད་བསྐྱུར་རྗེས

བྱིས་དུས་ཀྱི་རྨི་ལམ་གངས་རིའི་ཁོང་གསེང་དུ་བོར་ཞིང

ཆ་རྒྱུས་མེད་པའི་ལམ་བུ་འདི་དེད་ཅིང་འོངས

ས་ལག་མཐིལ་ཙམ་གྱི་ཆེ་ཆུང་བརྩད

ཆུ་ཐོམ་བུ་གང་གི་མང་ཉུང་གླེང

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།