ལོག་ཕེབས།

——— གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེ་ལ་ཕུལ།

རྨ་ལྷོ། ཁྱུང་ཐར་རྒྱལ།

res01_attpic_brief (1).jpg

སྙན་པའི་འགྱུར་ཁུགས་ངོམ་བཞིན།

དཔྱིད་ཀྱི་བདག་མོ་ཁྲིད་ནས་ལོག་ཡོང་།

ཞེན་ཆགས་རུམ་གང་བསྐྱུར་ཏེ།

སྨྲ་བ་ཅི་ཡང་མིད་པར་ཕེབས་སོང་།

ག་ལེར། ག་ལེར་ཕེབས་ཤིག་ཁུ་བྱུག

རེ་ཞིག་ལ་སྒྲ་སྙན་གྱི་རྒྱུད་སྐུད་ལྷོད་རུང་།

མཛེས་སྡུག་གི་གཏམ་རྒྱུད་ཁྱོད་ཀྱིས་སྔར་ནས་བཞག་ཡོད།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།