ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོའི་ལོ་སར་སྐབས་སུ་མཚོ་སྔོན་དུ་ལོག་ན་དོ་སྣང་བྱེད་དགོས་ས་གང་དག་ཡོད།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2022-01-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཛ་དྲག་ཆེ་ཞིང་རྙོག་འཛིང་ལྡན་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གནས་བབ་འོག ལོ་སར་གྱི་སྐབས་སུ་རྒྱལ་ཡོངས་ཀྱི་ས་གནས་སོ་སོས་རང་ས་ནས་ལོ་སར་རོལ་རྒྱུའི་གྲོས་མགོ་བཏོན་ཡོད། ཡང་མི་ལ་ལ་ཞིག་གིས་ད་ལོའི་ལོ་སར་དུས་ཆེན་སྐབས་སུ་མཚོ་སྔོན་དུ་ལོ་གསར་གཏོང་བར་ལོག་ཐུབ་མིན་དང་། ལོ་སར་དུས་ཆེན་གྱི་སྔོན་ལ་མཚོ་སྔོན་དུ་ལོག་པར་དོ་སྣང་བྱེད་དགོས་ས་གང་དག་ཡོད་པའི་ཐད་ནས་དྲི་བ་སྣ་ཚོགས་འདོན་བཞིན་ཡོད། ཚང་མས་དོ་ཁུར་བྱེད་བཞིན་པའི་གནད་དོན་ལ་དམིགས་ནས་གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་ལྟེ་གནས་འགོས་ནད་སྔོན་འགོག་ཚོད་འཛིན་སའོ་ཡི་མི་སྣར་བཅར་འདྲི་བྱས་པ་གཤམ་གསལ་ལྟར།

●མཚོ་སྔོན་དུ་ལོག་མཁན་ཚང་མར་དུས་ཚོད48ནང་གི་ཉིང་སྐྱུར་བཤེར་འཇལ་གྱི་མཇུག་འབྲས་སྲིབ་གཤིས་ཡིན་པའི་བདེན་དཔང་ཡོད་དགོས།

མཚོ་སྔོན་དུ་ཡོང་མཁན་ཚང་མས་ངེས་པར་དུ་བཤེར་ཡིག་གཉིས་སྟོན་དགོས་པ་དང་ཆབས་ཅིག དུས་ཚོད48ནང་གི་པྲོག་གསར་ནད་དུག་ཉིང་སྐྱུར་བཤེར་འཇལ་གྱི་མཇུག་འབྲས་སྲིབ་གཤིས་ཡིན་པའི་བདེན་དཔང་འཁྱེར་དགོས།

●ཉེན་ཁ་ཆེ་འབྲིང་ས་ཁུལ་ནས་མཚོ་སྔོན་དུ་ལོག་པའི་མི་སྣ་ཚང་མ་ཉིན14ལ་གཅིག་བསྡུས་ལོགས་བཀར་བྱེད་དགོས།

《མཚོ་སྔོན་ཞིང་ཆེན་གྱི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ཐག་གཅོད་བྱ་བ་བཀོད་འདོམས་པུའུ་ཡི་བརྡ་ཁྱབ(ཨང4པ)》ཡི་འབྲེལ་ཡོད་བླང་བྱ་ལྟར། ཉེན་ཁ་ཆེ་འབྲིང་ས་ཁུལ(རྫོང་དང་ཆུས་ཁོངས་གཏོགས)ནས་མཚོ་སྔོན་དུ་ལོག་མཁན་ཚང་མར་བདེ་ཐང་བཤེར་ཡིག་དང་འགྲུལ་སྐྱོད་བཤེར་ཡིག དྲོད་ཚད་འཇལ་བ། དུས་ཚོད48ནང་གི་པྲོག་གསར་ནད་དུག་ཉིང་སྐྱུར་བཤེར་འཇལ་གྱི་མཇུག་འབྲས་སྲིབ་གཤིས་ཡིན་པའི་བདེན་དཔང་ཡི་གེ་བཅས་དགོས་པ་ཕུད། ད་དུང་ཉིན14རིང་གཅིག་བསྡུས་ལོགས་བཀར་གྱི་གསོ་རིག་ལྟ་ཞིབ་དོན་འཁྱོལ་ནན་མོ་བྱེད་དགོས།

●འགྲོ་སྐྱོད་བཤེར་ཡིག (སྐར་མ་རྟགས)ལ་སྔར་བས་གྲལ་བཤེར་བྱེད་དགོས་པ།

རང་ཉིད་ཀྱི་འགྲོ་སྐྱོད་བཤེར་ཡིག་སྟེང(སྐར་མ་རྟགས)ཡོད་ཚེ། ཁྱོད་རང་ཉེ་བའི་ཉིན14ཡི་ནང་རིམས་ནད་ཡོད་པའི་ས་ཁུལ་དུ་བསྐྱོད་མྱོང་བ་དང་ཉེན་ཁ་ཆེ་འབྲིང་གི་ས་ཁུལ་ནས་ཐོན་པ་སོགས་གསལ་བཤད་བྱས་ཡོད་པས་སྔར་བས་གྲལ་བཤེར་བྱེད་དགོས། གལ་ཏེ་ཉེན་ཁ་ཆེ་འབྲིང་གི་ས་ཁུལ་དུ་གནས་སྐོར་དང་འདུག་སྡོད་བྱས་པའི་གནས་ཚུལ་ཡོད་ན་ཉིན14རིང་ངེས་པར་དུ་གཅིག་བསྡུས་ལོགས་བཀར་གྱི་གསོ་རིག་ལྟ་ཞིབ་བྱེད་དགོས་ལ། གལ་ཏེ་ཉེན་ཁ་ཆེ་འབྲིང་གི་ས་ཁུལ་དུ་གནས་སྐོར་དང་འདུག་སྡོད་མ་བྱས་ན། ཁྱིམ་སྡོད་བདེ་ཐང་ལྟ་ཞིབ་ཀྱི་བྱེད་ཐབས་དོན་འཁྱོལ་བྱེད་དགོས་པར་མ་ཟད།ད་དུང་ཉིན་གསུམ་གྱི་ནང་ཉིང་སྐྱུར་བཤེར་འཇལ་ཐེངས་གཉིས་བྱས་ནས་མཇུག་འབྲས་སྲིབ་གཤིས་ཐོན་རྗེས་རྒྱུན་ལྡན་ལྟར་འགུལ་སྐྱོད་བྱས་ཆོག་པ་རེད།

●“ངེས་པར་དུ་འགྲོ་དགོས་ན་མ་གཏོགས་ཕྱིར་མི་འགྲོ་བ”དང་།ཕྱི་ནས་མཚོ་སྔོན་དུ་ལོག་མཁན་ཚང་མས་རང་འགུལ་སྒོས་སྙན་སེང་ཞུ་དགོས།

“ངེས་པར་དུ་འགྲོ་དགོས་ན་མ་གཏོགས་ཕྱིར་མི་འགྲོ་བ”མཐའ་འཁྱོངས་བྱས་ནས། ཞིང་ཆེན་ནང་ཁུལ་གྱི་མི་སྣ་ཉེན་ཁ་ཆེ་འབྲིང་ས་ཁུལ་དང་རིམས་ནད་ཡོད་པའི་ས་ཁུལ་དུ་བསྐྱོད་རྒྱུར་ཚོད་འཛིན་ནན་མོ་བྱེད་པ་དང་། ཉེན་ཁ་ཆེ་འབྲིང་ས་ཁུལ་དུ་མི་སྐྱོད་པ་བྱེད་དགོས། ཏང་སྲིད་ལས་ཁུངས་དང་།ཁེ་ལས་དང་ལས་དོན་སྡེ་ཁག་གིས་ལས་བྱེད་པ་དང་ལས་བཟོ་པ་ཕྱིར་མི་འགྲོ་བ་དང་།ཕྱིར་འགྲོ་ཚད་ཉུང་བ། རང་ས་ནས་ལོ་སར་རོལ་རྒྱུར་ཁྲིད་སྟོན་བྱེད་དགོས། ཕྱིར་བསྐྱོད་མི་སྣ་ཚང་མས(མཚོ་སྔོན་དུ་ལོག་མཁན)ངེས་པར་དུ་རང་འགུལ་སྒོས་སྡེ་ཁུལ(སྡེ་བ)ལམ་ཡང་ན་ལས་ཁུངས་ལ་སྙན་ཞུ་བྱེད་དགོས་པ་དང་འབྲེལ། རང་འགུལ་སྒོས་པྲོག་གསར་ནད་དུག་ཉིང་སྐྱུར་བཤེར་འཇལ་ཡང་བྱེད་དགོས་པ་རེད།

●དུས་དང་རྣམ་པ་ཀུན་ཏུ་མི་སྒེར་གྱི་འགོག་སྲུང་འདུ་ཤེས་བཟང་པོ་ཆགས་པ་རྒྱུན་འཁྱོངས་བྱེད་དགོས།

དུས་དང་རྣམ་པ་ཀུན་ཏུ་མི་སྒེར་གྱི་འགོག་སྲུང་འདུ་ཤེས་བཟང་པོ་ཆགས་པ་རྒྱུན་འཁྱོངས་བྱས་ཏེ། རྒྱུན་པར་ལུས་སྟེང་དུ་ཁ་ཐུམ་ཡོད་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཁ་ཐུམ་རྒྱག་པ།(ལྷག་པར་དུ་སྤྱི་པའི་རླངས་འཁོར་སྡོད་པ་དང་སྤྱི་པའི་བྱེད་སྒོ་སྤེལ་སྐབས)ལག་པ་བཀྲུ་བ།རླུང་རྒྱུ་བ་བཅས་བྱེད་དགོས་ལ།སྤྱི་ཚོགས་འབྲེལ་འདྲིས་དབར་གྱི་འཕྲོད་བསྟེན་གོམས་གཤིས་བདེ་འཇགས་ཡོང་བ་རྒྱུན་འཁྱོངས་བྱེད་པ་དང་།ཕུང་གསོག་མི་ཐེབས་པ་དང་འདུ་འཛོམས་མི་བྱེད་པར།བདེ་ཐང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་དགོས།

●རང་ངོས་ནས་བདེ་ཐང་ལྟ་ཞིབ་ཚད་ལེན་བྱེད་པ་དང་རང་འགུལ་སྒོས་པྲོག་གསར་རིམས་འགོག་སྨན་ཁབ་རྒྱག་དགོས།

ཚ་བ་རྒྱས་པ་དང་།ཤུགས་ཟད་པ།གློ་ལུ་བ།ཁོག་པ་བཤལ་བ་སོགས་ཀྱི་དོགས་པ་ཡོད་པའི་ནད་རྟགས་ཐོན་ཚེ། དུས་ཚོད་དང་པོའི་ནང་ཐག་ཉེ་སའི་སྨན་ཁང་གི་ཚ་རྒྱས་སྒོ་བསྟེན་ཁང་དུ་སོང་ནས་སྨན་བཅོས་བྱེད་དགོས་པ་དང་།སྨན་ཁང་དུ་འགྲོ་བའི་ལམ་བར་དུ་མི་སྒེར་གྱི་འགོག་སྲུང་ཡག་པོ་བྱེད་པ་ལས།སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་སྡོད་མི་རུང་། སྨན་བཅོས་བྱེད་སྐབས་རང་འགུལ་སྒོས་གནས་སྐོར་འདུག་སྡོད་གནས་ཚུལ་དང་འབྲེལ་འདྲིས་གནས་ཚུལ་སོགས་གསལ་པོ་བཤད་དགོས་པར་མ་ཟད།དུས་ཐོག་ཏུ་གྲལ་བཤེར་བྱ་རྒྱུར་སྟབས་བདེ་བསྐྲུན་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།