ཀྲུང་གོ་བོད་ཀྱི་དྲ་བ།

《བྱ་དངོས་ཀྱི་བྲོ་བ/ངས་མྱང་རྒྱུ་སྔ་དྲགས་སོང》ཞེས་པ་བཀླགས་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།   རྩོམ་པ་པོ། : སྙན་བུ།   སྤེལ་དུས། : 2021-04-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཁོ་བོ་སྙན་ངག་ལ་དགའ་ཞིང་སྙན་ངག་ཐུང་ཐུང་ལ་དེ་བས་ཀྱང་དགའ་མཁན་ཞིག་ཡིན་ཕྱིར། ད་ཐེངས་ཁོ་བོས་ཉི་ཧོང་གི་སྙན་ངག་པ་ཞིག་འོས་སྦྱོར་བྱེད་འདོད་དེ། ཁོང་གི་མིང་ལ་ཡེ་ཤེས་ཁ་བ་ཐ་ཁོ་པོ་ཁོ(ISHIKAWA TAKUBOKU)ཞེས་འབོད་ཅིང་། ཕོ་ལོ་ཉེར་དྲུག་སྟེང་ཚེ་ཡི་འཕེན་པ་རྫོགས། ཁོང་གི་ཚིག་རྐང་གསུམ་མའི་སྙན་ངག་གིས་ཉི་ཧོང་གི་སྲོལ་རྒྱུན་གྱི་སྙན་ངག་ཐུང་ངུ་ལ་ཐོལ་བརྒལ་ཆེན་པོ་བཟོས་ཏེ་དུས་རབས་གསར་པ་ཞིག་གི་སྲོལ་ཕྱེས་པར་མ་ཟད། ཉི་ཧོང་གི་སྙན་ངག་འཕེལ་རྒྱས་ཐད་ལ་གཞན་དྲིང་མི་འཇོག་པའི་བྱས་རྗེས་ཆེན་པོ་བཞག འདིར་ཁོང་གི་སྙན་དེབ་གསར་པ་སྟེ《བྱ་དངོས་ཀྱི་བྲོ་བ/ངས་མྱང་རྒྱུ་སྔ་དྲགས་སོང》ཞེས་པའི་སྙན་ངག་ཕྱོགས་བསྒྲིགས་ཀྱི་དེབ་འདི་ཡིན། འདི་རུ་ཁོང་གི་དེབ་ཆུང་བཞི་བསྡུས་ཡོད། ཁོང་གི་སྙན་ངག་ནི་སྙན་ངག་ཡིན་ལ་གཞས་ཚིག་ཀྱང་ཡིན་པས་སྙན་ཞིང་འཇེབས་པའི་ཚིག་རྐང་རེ་རེས་ཀློག་མཁན་རྣམས་ལ་རོ་བྲོ་ཕུན་སུམ་ཚོགས་པ་སྟེར་ངེས་ཤིང་བསམ་གཞིག་གི་བར་སྟོང་རྒྱ་ཆེན་པོ་ཞིག་ཀྱང་བསྟབ་ངེས། གལ་ཏེ་ཁེར་རྐྱང་ལ་དགའ་ཞིང་སྐྱོ་སྣང་ཆེ་བའི་ཀློག་མཁན་ཞིག་ཡིན་ན་ཁོང་གི་སྙན་ཚིག་མི་ཉུང་བ་ཞིག་གིས་ཁྱེད་ཀྱི་སེམས་ངལ་སེལ་ཐུབ་ཅིང་ཁྱེད་ལ་དུས་ཡུན་ངེས་ཅན་རིང་ལ་འགྲོགས་ཤིང་འདྲིས་ནས་འདུག་པའི་ཡིད་ཆེས་ཀྱང་ཡོད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།