ཀྲུང་གོ་བོད་ཀྱི་དྲ་བ།

འཆི་བདག་དང་ངེད་ཅག་ལས་སུ་མགྱོགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2020-02-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

基地马甲.jpg

རྩོམ་པ་པོ། ཅི་ཏེ་མཱ་ཅཱ་ལགས་ནི་ཀྲུང་གོའི་ཉེ་རབས་སུ་འཐུས་ཚབ་རང་བཞིན་ལྡན་པའི་སྙན་ངག་པའི་གྲས་ཀྱི་གཅིག་ཡིན་པའི་དུས་མཚུངས་སུ། ཤན་ཤུགས་ཆེ་བའི་རྒྱལ་སྤྱིའི་རང་བཞིན་གྱི་སྙན་ངག་པ་གཅིག་ཡིན་ཞིང་། སྙན་ངག་བརྩམས་ཆོས་མང་པོ་སྐད་རིགས་བཞི་བཅུར་ཉེ་བར་ལོ་ཙཱ་བྱས་ཡོད་པ་དང་། འཛམ་གླིང་གི་རྒྱལ་ཁབ་བཅུ་ལྷག་གིས་པར་གཞི་མི་འདྲ་བ་བརྒྱད་བཅུར་ཉེ་བའི་སྙན་ངག་ཕྱོགས་བསྒྲིགས་པར་སྐྲུན་བྱས་ཡོད། ད་ལྟ་ཀྲུང་གོའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅིའི་འགན་བཞེས་ཡོད།

肉蛋检错.jpg

སྒྱུར་པ་པོ། རིག་ལྡན་རྒྱ་མཚོ།   བོད་རིགས།   མཚོ་སྔོན་གཅན་ཚའི་མི་ཡིན།    ཉིས་སྟོང་བཅུ་ལོར་ནུབ་བྱང་མི་རིགས་སློབ་ཆེན་གྱི་བོད་ཀྱི་སྐད་རིག་རིག་གནས་སློབ་གླིང་ནས་མཐར་ཕྱིན།   མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་ཨ་མདོ་བརྙན་འཕྲིན་གྱི་གསར་འགྱུར་ལྟེ་གནས་སུ་མི་ལོ་བརྒྱད་རིང་གསར་འགོད་པའི་བྱ་བ་སྒྲུབ།  ཉིས་སྟོང་བཅུ་དགུ་ལོའི་ཟླ་དགུ་བར་མཚོ་སྔོན་ཉིན་རེའི་ཚགས་པར་ཁང་དུ་ལས་གནས་སྤར།


༄༅།།འཆི་བདག་དང་ངེད་ཅག་ལས་སུ་མགྱོགས།

——ཉིས་སྟོང་ཉི་ཤུ་ལོའི་ཏོག་དབྱིབས་ནད་དུག་གསར་བར་འགོག་རྒོལ་བྱེད་མཁན་ཡོངས་ལ་ཕུལ།

ཅི་ཏེ་མཱ་ཅཱས་བརྩམས།

རིག་ལྡན་རྒྱ་མཚོས་བསྒྱུར།


འཆི་བདག་གི་གོམ་འགྲོས་དེ་ང་ཚོ་ལས་ལྷག་ཏུ་མགྱོགས

རྒྱུ་མཚན་དེ་བསམ་དབང་དྲན་དབང་མེད་པར

བུའུ་སྐད་མ་གྲག་པའི་སྔ་རོལ་ཏུ་མིག་མདུན་དུ་སླེབས་འདུག

འཆི་བདག  ཐེངས་འདིར་དེ་ལས་ཀྱང་མགྱོགས

དམ་པར་ཁྱེད་ནི་མགོན་སྐྱབས་ལྷ་ཡིན་ནམ

ཡང་ན་གསར་སྐྲུན་ཐེངས་ཤིག་ཡིན

མིའི་རིགས་ཀྱི་དེ་རིང་

ངེས་པར་དུ་དཔའ་ངར་ཞུམ་མེད་ཀྱི་འགག་སྒྲོལ་ཐེངས་ཤིག་ཡིན

འཆི་བདག་གིས་གདོང་འབག་གྱོན་མེད

ཐེངས་འདིར་ཁོ་རང་གཟུགས་མེད་ཀྱི་དབྱང་དབུགས་སུ་འདྲེས་ཡོད

འཆི་བདག་གི་གོམ་སྟབས་ང་ཚོ་ལས་སྐྱེན

བསྡོམས་རྩིས་བྱས་པའི་གྲངས་ཀ་དེ་དག་མ་ཐོན་པའི་སྔ་རོལ་ཏུ

ཁོས་སྡིག་མཛུབ་ཀྱི་ལག་པ་དེ་ང་ཚོའི་བྲང་ཁོག་ཏུ་བསྲིང་ཡོད

དེ་ལ་སྡུག་དམོད་སྟོང་གི་གཤིན་རྗེའི་རྒྱ་ཤིང་གི་གནོན་དགོས་འདུག

རྒྱུ་མཚན་འཆི་བདག་གི་མཆེ་བར་ལས་བརྡོལ་བའི་གྲངས་ཀ་ཇེ་མང་དུ་གྱུར་ཅིང

སྐབས་འདི་དག་ལ  ང་ཚོའི་སྐྱབས་བཅོལ་གྱི་གསོལ་འདེབས་ལས་ཅི་ཡང་མེད

འཆི་བདག་གི་རྐང་རྗེས་གང་སར་ཕབ་ཅིང

ངེད་ཅག་གི་རྒན་དར་གཞོན་གསུམ་གང་མང་ལ་མཆེ་བ་གཙིགས་ཤིང

ང་ཚོའི་ཉམ་ཆུང་གི་བྱིས་པ 

ད་དུང་འདུ་འཛིའི་སྲང་ལམ་དང་།  སྐྱེད་མོས་ཚལ་ཡང་རྨེག་མེད་དུ་བཏང་

ཁོ་རང་ཐོན་སའི་གནས་གང་དུ   ལྕགས་ནག་གིས་གྲུབ་པའི་རྐང་རྗེས་དེ་གསལ་བོར་གནས་འདུག  

འཆི་བདག་གི་གོམ་འགྲོས་དེ་ང་ཚོ་ལས་ལྷག་ཏུ་མགྱོགས

རྒྱུ་མཚན་དེ་བསམ་དབང་དྲན་དབང་མེད་པར

བུའུ་སྐད་མ་གྲགས་པའི་སྔ་རོལ་ཏུ་མིག་མདུན་དུ་སླེབས་འདུག

ཐེངས་འདིར   སྐབས་སྔོན་མ་དང་འདྲ

ང་ཚོ་འཆི་བདག་དང་འགྲན་རྩོད་བྱེད་པར་དོགས་པ་མེད

ཁྱོད་ཤི་ང་གསོན་གྱི་འགག་སྒོར་ཐོན་དུས

གཟུགས་མེད་ཀྱི་གཡུལ་ལས་རྒྱལ་མཁན་དེ་སུ་ཡིན་ནམ

ང་ཚོས་བརྩེ་བ་ཡོད་ཚད་རླུང་བུར་བཅོལ་ནས

འཇིག་རྟེན་འདིའི་གྲུ་ཟུར་རེ་རེར    མིའི་རིགས་ཀྱི་ཚབ་ཏུ

ང་ཚོས་རྣོ་ལྕགས་དང་ཨར་འདམ་གྱི་རང་གཤིས་ཀྱིས

ཚེ་སྲོག་གི་ནམ་མཁའ་སྔོན་པོ་ཞིག་བསྐྲུན་དགོས

དེ་ལས་མྱངས་མ་མྱོང་བའི་དྲོད་ཁོལ་འཇམ་པོ་ཞིག་ལ་བྲང་ཤ་བརླན་དགོས

ང་ཚོས་སྒེའུ་ཁུང་ཡོད་ཚད་ཕྱེས་ཏེ   རྨི་ལམ་གྱི་གུར་ཁྱིམ་རེ་རེར

ཡངས་པའི་སྤང་ལྗོངས་ནས་ཡང་བསྐྱར་འཇའ་འོད་ཀྱི་རྨུ་ཐག་ཅིག་འཐེན་དགོས

ཁྱོད་ཀྱིས་བཤད་ན  འཆི་བདག་གི་གོམ་པ་དེ་ང་ཚོ་ལས་མགྱོགས་ཟེར  མིན

ང་དེར་གཏན་ནས་ཡིད་ཆེས་མེད   རྒྱུ་མཚན་ངས་རྟོགས་ཡོད

འཆི་བདག་དང་འགྲན་རྩོད་ཀྱི་བར་ཐག་ཉེ་རུ་འགྲོ་གིན་པ་ངས་རིག་ཡོད


ང་ཚོས་ཟིན་ཐོ་གསར་བ་ཞིག་སྐྲུན་པར་ཡིད་ཆེས་བྱོས

གོ་ལ་ཧྲིལ་བོས་མིག་ཟུང་ཆེར་བགྲད་དེ་ང་ཚོས་བལྟས་ཡོད

ངེད་ཅག་གི་མྱུར་ཚད་དེ་སྐར་ཆའི་བར་གླེགས་ནས་སྐྲུན་བཞིན་ཡོད

འདི་ནི་རྒྱལ་ཁབ་འདིའི་མྱུར་ཚད་ཡིན 

 སྐད་ཅིག་མ་དེར

འགྱུར་མེད་ཀྱི་བློ་སྤོབས་དང་ཡིད་ཆེས་བར་སྣང་བཀང་

མེས་རྒྱལ་གྱི་ས་གཞི་དང་ནགས་ཚལ  བར་སྣང་དང་རྒྱ་མཚོ

མྱུར་ཚད་ཀྱི་ཟིན་ཐོ་སྐྲུན་མཁན་དེ་ནམ་ཡང་ང་ཚོའི་མདུན་དུ་བསྐྱོད་བཞིན་ཡོད

འད་ནི་མི་དམངས་ཀྱི་མྱུར་ཚད་ཡིན   འདུ་འཛིའི་གྲོང་ཁྱེར་དང་ཡང་ན  

དབེན་འཇགས་ཀྱི་ཞིང་གྲོང

མི་རེ་རེ་གཟུགས་མེད་ཀྱི་འཐབ་འཛིང་ཁྲོད་འདྲེས་ཤིང

འཆི་བདག་གི་མཆེ་གཙིགས་བར་ནས་ལས་རྐང་ལ་འཐམས

འདི་ནི་སྒྲིག་སྲོལ་གྱི་མྱུར་ཚད་རེད    རོགས་སྐྱོར་གྱི་བཀའ་བརྡ་བསྒྲགས་མ་ཐག

ཞུམ་མེད་ཀྱི་རུ་དཔུང་དེ་དག་བུའུ་ཧན་དུ་བསྐྱོད

འདི་ནི་ཐུན་མོང་གི་མྱུར་ཚད་རེད    སྒེར་སེམས་ཀྱི་རང་གཤིས་དང་རིང་དུ་གྱེས

གནས་འདིར་འཚོ་གནས་ཀྱི་ས་ལག་མཐིལ་ཙམ་ཡང་མེད  

རྒྱུ་མཚན་ཛ་དྲག་གི་མངོན་སུམ་ལས་མེད

ང་ཚོར   ཚེ་སྲོག་ལ་གཅིག་བརྟེན་གྱི་དྲོད་ཁོལ་མཁོ་བའི་གནས་ལུགས་བཤད་བྱུང

འབི་ནི་གཏོང་ཕོད་ཀྱི་མྱུར་ཚད་རེད    གཏོང་ཕོད་ཀྱི་རང་གཟུགས་འདི་བསྒྲགས་གཏམ་ཞིག་མིན

གཉེན་ཉེ་ཚོས་ང་ཚོའི་ལྷན་འཛོམས་ལ་སྒུག་ཡོད

ཁོ་ཚོ་འཆི་བདག་དང་འགྲན་རྩོད་བྱེད་པའི་གནས་བབ་དེ་ཛ་དྲག་ཆེ་ཞིང

སྐམ་ཞིང་རིད་པའི་ངོ་གདོང་དེ་ཤོག་སྐྱ་ལས་ཀྱང་སྲབ

དེ་ནི་གཡུལ་ས་འཕྲོག་རྩོད་ཀྱི་འཐབ་འཛིང་གི་གནས་ཡིན་པས

གདོང་མཆོང་གི་གོམ་པ་ཕྱེད་ཙམ་ཡང་ཕྱི་ནུར་བྱེད་མི་རུང

ཁོ་ཚོས་འཆི་བདག་དང་འཕྲོག་རྩོད་བྱེད་པ་ནི་དམར་རྗེན་རྗེན་གྱི་ཚེ་སྲོག་རེད


ངས་ལྷ་ཟེར་བ་ཞིག་ཡོད་པར་ཡིད་ཆེས་མེད   འོན་ཀྱང

གོས་དཀར་གྱོན་པའི་ཧྲག་དམག་ང་ཚོའི་གམ་དུ་ཡོད་པར་ཡིད་ཆེས་ཡོད

ཁོ་མོ་མདང་དགོང་ངུས་བྱུང    ཁོ་མོས་ཚེ་སྲོག་ཆུང་ཆུང་ཞིག་བསྐྱབས་སོང

ཁོས་གཡུལ་འཐབ་ལས་མངོན་པའི་ལྭ་བ་དཀར་པོ་དེའི་རྒྱབ་ལོགས་སུ 

ངས་ད་དུང་དཀར་བོང་བོང་གི་མིག་ཟུང་ལས་མིག་ཆུ་རྡོག་གཅིག་སར་ལྷུང་བ་མཐོང་བྱུང

རེད   བརྙན་འཕྲིན་གྱི་མདུན་དུ   ང་ཚོས་འགོག་སྲུང་ལྭ་བ་གྱོན་མཁན་དག་མཐོང་མྱོང

གྲངས་མེད་ཀྱི་མིག་ཟུང་འདི་དག   མིང་མི་ཤེས་པའི་ངོ་གདོང་དེ་དག་ལས

མི་རིགས་ཤིག་གི་རེ་བ་དང་མདུན་ལྗོངས་རིག་ཐུབ

འདི་ནི་ཚེ་སྲོག་གི་མྱུར་ཚད་རེད   སྤྱི་མཐུན་རྒྱལ་ཁབ་ཀྱི་ནད་དུག་ཆེད་མཁས་ནས

སྤྱིར་བཏང་གི་ནད་སྐྱོང་མ   དེ་ནས་གྲོང་ཁྱེར་གྱི་དོ་དམ་པ་ནས་སྐྱ་རེངས་མ་གྲགས་པའི་སྔ་རོལ་ཏུ

ད་དུང་གྲོང་ཁྱེར་འདིའི་གྲུ་ཟུར་གང་རུང་ན་འདུར་རྒྱུགས་བྱེད་བཞིན་པའི་ཁོར་སྲུང་བ

ཁོ་ཚོས་ཚེ་སྲོག་ལ་བརྩི་མཐོང་བྱེད་པ་དེ་ལས་རྐང་འདིའི་ངོ་གདོང་ལ་བལྟས་པ་རིག་ཐུབ

ཁོ་ཚོས་ཕངས་མེད་ཀྱི་བརྩེ་བ་སྣུམ་པོ་དེས་རྐྱེན

ང་ཚོར་ཞི་འཇགས་ཀྱི་མཚན་མོ་འདི་ཡོད་པར་བྱས

འདི་ནི་རྒྱལ་ཁབ་ཀྱི་མྱུར་ཚད་རེད   ཡང་ན་ཀྲུང་གོའི་མྱུར་ཚད་རེད

ཧའོ་ཧྲིན་ཧྲན་སྨན་ཁང་དང་ལའེ་ཧྲིན་ཧྲན་སྨན་ཁང་གི་འཛུགས་སྐྲུན

དེ་ནི་ལྷའི་མགོན་སྐྱབས་ཀྱིས་གནང་བ་ཞིག་མིན་པར   དེའི་འཛུགས་སྐྲུན་གྱི་མྱུར་ཚད

བསུབ་མེད་ཀྱི་ཟིན་ཐོ་གསར་བ་ཞིག་གོ་ལ་འདིའི་སྒལ་གཞུང་དུ་བྲིས

རྣོ་ལྕགས་ཀྱིས་གྲུབ་པའི་སྡོང་བོ་དག་དེ་དག   ལྕགས་ཀྱིས་གྲུབ་པའི་ངོ་གདོང་མིན་པར་དེ་ནི་མིའི་རིགས་ཀྱི་སྒལ་གཞུང་རེད་འདུག

དེའི་བཟོ་སྐྲུན་གྱི་ནང་སྙིང་ཤེས་དགོས་ན  ཤི་གསོན་གྱི་རལ་གྲིའི་རྩེ་ནས་འདུར་རྒྱུགས་བྱེད་པ་བཞིན

དེས་རེ་སྨོན་གྱི་ལྕགས་འཛེར་རེ་རེ་སྟོང་བའི་དབྱིངས་སུ་གཡུག་འདོད་ཡོད

དེ་ནི་སྟོང་སེམས་ཤིག་མིན   འདི་ནི་ངེས་པ་དོན་གྱི་མངོན་སུམ་རེད

བརྙན་འཕྲིན་གྱི་ཡོལ་བའི་ངོས་སུ་མཐོང་ཐུབ་པའི་ལག་ཟུང་དེ་ཉིད་སྐད་ཅིག་ཏུ

འོན་ཀྱང་ང་ལ་མཚོན་ན་བསུབ་ཐབས་མེད་པའི་དྲན་ཤིང་ཞིག་སྟེ   ལག་ཟུང་དེ་ཉིད་ཆེ་རུ་འགྲོ་གྱིན་འདུག

བར་སྣང་དང་ས་གཞི་འདྲེས་མཚམས་སུ་ངུ་ངག་གི་གདུང་དབྱངས་གྱེར

དེ་བས  ངས་བློ་ཐག་ཆོད་པའི་ངང་ནས   འདི་ལྟ་བུའི་བློ་སྤོབས་ཀྱི་ལག་པ་ཆ་གཉིས་ཀྱིས

ང་ཚོའི་བདེ་སྐྱིད་དང་ལས་དབང  ཞི་འཇགས་ཀྱིས་མི་གཞན་གྱི་ལག་པར་འཇུས་མི་སྲིད


རྒྱུ་མཚན་ལག་ཟུང་དེ་ནི་གནམ་འདེགས་ཆོས་ལུགས་མིན་ལ   དེ་ལས་ཀྱང་སངས་རྒྱས་ཀྱིས་བདག་པོ་ག་ལ་ཡིན



ཁོ་ནི་ཀྲུང་གོའི་ངལ་རྩོལ་བའི་རྩུབ་ལ་མཐེ་བའི་ཡིད་ཆེས་ཀྱིས་ཁེངས་པའི་ཕྱག་ཟུང་རེད

འཆི་བདག་གིས་ང་ཚོ་དང་ཕངས་མེད་ཀྱི་འགྲན་རྩོད་བྱེད་བཞིན་འདུག

དེ་ནི་ནད་དུག་གི་འབོད་ཚིག་གཞན་ཞིག་རེད

ང་ཚོས་རྟོགས་བཏགས་ཀྱི་བར་སྣང་ནས་སྤོབས་པའི་མགོ་བོ་དགྱེས་ཏེ་ཁོ་རང་རྨེག་མེད་དུ་གཏོང

གཏུམ་སྤྱོད་མིན་པར   རྒྱུན་ལྡན་གྱི་རྣམ་པ་ལས་བརྒལ་ཏེ་ཚན་རིག་གི་སྤྱན་གྱིས

ནག་ནོག་གི་དབྱང་དབུགས་དང་ཆུ་རྡུལ་དེ་དག་ལས་རིང་དུ་གྱེས

འོན་ཀྱང་ང་ཚོའི་སེམས་ཁོང་གི་དྲོད་ཁོལ་དང་སེམས་གསོ་ལ་ཕོག་ཐུག་གཏོང་མི་སྲིད

འཆི་བདག་དང་འགྲན་རྩོད་བྱེད་པའི་མདུན་ཕྱོགས་སུ   རྒྱབ་ལོགས་དེའང་མཚམས་རེར་མདུན་ཕྱོགས་སུ་གྱུར་འགྲོ

འཆི་བདག་དང་འགྲན་རྩོད་བྱེད་དུས   ལྟད་མོ་བ་མེད་པར   ང་ཚོ་ཚང་མ་འགྲན་ཞུགས་པ་ཡིན

འདི་ནི་བྱིས་པའི་རྩེད་ཆས་དེ་མ་ཡིན་ནམ   

དེ་རིང་གི་ཀྲུང་གོ

སྲང་ལམ་རེ་རེས་གོ་ཆ་མནབས་ཤིང   ཁྱིམ་ཚང་རེ་རེ་གཡུལ་སའི་བཙན་རྫོང་དུ་གྱུར

འོ  འགྱུར་ཆེ་བའི་ནད་དུག   མངོན་མེད་ཀྱི་འཆི་བདག་ལགས

ཁྱོད་ནི་མིའི་རིགས་ཀྱི་ཁྱིམ་མཚེས་སྟེ   གཟུགས་དང་གྲིབ་མ་བཞིན་ཚེ་སྲོག་གི་རྒྱུན་ལ་འདྲེས་ཡོད

སུས་ཀྱང་ང་ཚོར་ཁྱེད་རང་མི་ལོ་ག་ཚོད་ལ་གསོན་པའི་གྲངས་ཀ་དེ་བཤད་ཐབས་བྲལ

ཁྱོད་ཀྱིས་རྨི་ལམ་ཁྲོད་བསྐྱར་གསོན་དང་། འཇིགས་པའི་ཁྲོད་ཀྱི་རལ་གྲི་དེ་ངའི་བྲང་རྩིབས་བར་ཤུགས་ཀྱིས་བསྣུན

ཁྱོད་ཀྱིས་གཟུགས་མེད་ཀྱི་གྲི་ཆུང་གིས་མིའི་རིགས་ཀྱི་ཆེས་གཉོམ་སའི་བར་གླེགས་དེར་བཙན་འཛུལ་ཐེངས་ཤིག་བྱས

འོ གདོང་འབག་མེད་ཀྱི་འཆི་བདག  ཐེངས་འདིར་ཁྱོད་ཀྱིས་ཡང་བསྐྱར་གཟུགས་མེད་ཀྱི་ངང་ནས

ང་ཚོའི་རང་དབང་གི་ཁྱིམ་གཞི་འདིར་རྐང་འཇབ་ལག་འཇབ་ཀྱིས

ང་ཚོའི་འཐབ་འཛིང་མགོ་བརྩམས་ཟིན   ངས་འདི་ནི་གཡུལ་འཐབ་གསར་བ་ཞིག་ཡིན་པ་གཞི་ནས་ཤེས་ཡོད

ཚོད་ལྟའི་ཁང་གི་ཧྲག་དམག་དེ་ཚོའི་ཁྱེད་ཀྱི་བྲང་གཞོང་དུ་ཐོན་ལ་ཉེ

ནམ་ཞིག་གི་ཚེ  ཁྱོད་ཀྱི་གོ་ཆ་དེ་རྨེག་མེད་དུ་གཏོང་ངེས

མང་ཚོགས་ལ་མཚོན་ན   ང་ཚོའི་འགོག་སྲུང་གི་འབོད་བརྡ་དམར་པོ་དེས

ཀྲུང་གོའི་གྲོང་ཁྱེར་དང་ཞིང་གྲོང   སློབ་གྲྭ་གང་མང་གི་མཁའ་དབྱིངས་གསལ་ལྷིང་ངེར་བྱས

འོ  འདི་ནི་གཡུལ་འཐབ་ཐེངས་ཤིག་ཡིན་ལ   དུས་རབས་འདིའི་ཟིན་ཐོར་བཀོད་པའི་

མི་གྲངས་དུང་ཕྱུར་བཅུ་བཞི་གཡུལ་ལ་ཞུགས་པའི་མི་དམངས་ཀྱི་འཐབ་འཛིང་ཐེངས་ཤིག་ཡིན

ང་ཚོས་ངེས་པར་དུ་རྒྱུན་འཁྱོངས་བྱེད་དགོས   རྒྱུ་མཚན་ནི་འཆི་བདག་ཀྱང་ཨ་ཐང་ཆད་འདུག


བཟོད་བསྲན་ཁོ་ནས   ང་ཚོས་ད་གཟོད་ཕར་ཕྱོགས་ཀྱི་དགྲ་བོ་ཚར་གཅོད་བྱེད་ཐུབ

འཛམ་གླིང་གི་ཆ་ཤས་ཤིག་ནི་ཀྲུང་གོ་ཡིན་ལ   ཀྲུང་གོའི་ལྟེ་བ་ནི་འཛམ་གླིང་ཡིན

ཁྱོད་ཀྱིས་དབུགས་དབྱུང་ཇེ་རྩུབ་ལ་འགྲོ་བའི་སྐབས་སུ    སའི་གོ་ལའི་ངོས་གཞན་ཞིག་དམར་པོར་གྱུར་འགྲོ

གཡུལ་འཐབ་ཅིག   གནའ་བོའི་ཆོས་ལུགས་དང་འབྲེལ་བ་མེད   རྒྱལ་ཁབ་ཀྱི་འཁྲུག་རྩོད་དང་ཆབ་སྲིད་ལའང་འབྲེལ་བ་ཡེ་ནས་མེད

འོ   འཛམ་གླིང     དེ་རིང་གི་ཀྲུང་གོས་ཁྱོན་ཡོངས་ནས་གཡུལ་འཐབ་བྱེད་མགོ་བརྩམས་ཤིང

དེ་ནི་མིའི་རིགས་འགོག་སྲུང་གི་གཡུལ་འཐབ་ཐེངས་ཤིག་དང    ཟླུམ་གཟུགས་སུ་གྲུབ་པའི་གོ་ལ་འདི་ཉིད

ཁྱིམ་ཚང་གཅིག་རེད   འཇིགས་པ་ཐོན་ལ་ཉེ་བའི་སྐབས་སུ་ལྟད་མོ་བ་མེད

དང་ལེན་དང་རོགས་རམ   གནས་ལུགས་ཀྱི་རྒྱབ་སྐྱོར་གང་རུང་གིས་ཀྱང

དཀའ་ངལ་ཁྲོད་ཀྱི་མི་ཚོགས་དེ་དག་ལ་བློ་སྤོབས་སྟེར་ཐུབ

འོ   འཛམ་གླིང    ཀྲུང་གོ་གནའ་སྔ་མོ་ནས་ཁྱོད་ཀྱི་ཆ་ཤས་ཤིག་ཡིན

ཁོ་མོས་ཁྱོད་ཀྱི་སེམས་ཀྱི་སྐྱོ་རོགས་ཡིན་པ་ལས   རང་ཉིད་ཀྱི་རྡོག་ཁྲེ་ལྕི་མོ་དེ་ཁྱོད་ལ་བྱིན་མ་མྱོང

འདི་ནི་ཤར་ཕྱོགས་ཀྱི་གནའ་བོའི་རིགས་རྒྱུད་ཀྱི་བཅོས་མེད་སེམས་ཀྱི་གཤིས་ཀ་ཡིན་ལ

དུས་གསུམ་གྱི་མཐའ་རུ་མིའི་རིགས་ཀྱི་དཔལ་ཡོན་ལ་བློ་གྲོས་ཀྱི་གཤོག་ཟུང་བསྩོལ

འོ   མེས་རྒྱལ      འགན་འཁྲི་དང་ཁག་འཁུར་དེ་རྟགས་ཚད་ཅིག་ཏུ་བརྩིས་མེད

འཛམ་གླིང་གི་ཞི་བདེ་སྲུང་ཆེད   ཁྱོད་ཀྱིས་བློས་བཏང་བའི་འཐབ་མོ་བ་དག་གིས

ཚོས་མདོག་གི་ཁྲབ་རྨོག་སྟེང་དུ་ནམ་ཡང་ཞི་བདེའི་དན་རྟགས་བབས་ཡོད

ནད་དུག་འེ་པའོ་ལའི་འཇིག་སྣང་གི་ལག་པས་ཨ་ཧྥེ་རི་ཁ་གླིང་ཡོངས་སུ་ཁེབ་ཅིང

སྐུ་འདྲ་ནག་པོ་དེས་གཙོད་ལས་མགྱོགས་པའི་འཆི་བདག་གི་བརྡ་འཕྲིན་དེ་ངེད་ཕྱོགས་སུ་སྐྱེལ་ཡོང

ཅི་ནེ་ཡ   ལི་པུ་རི་ཡ   སའེ་ར་ལི་འང་གི་རྒྱལ་ཁོངས་སུ

ཀྲུང་གོའི་སྨན་བཅོས་རུ་ཁག་གི་འཐབ་མོ་བ་གྲངས་མེད་ཀྱིས

ཁོ་ཚོ་དང་ས་གནས་མི་དམངས་ཀྱིས་མཉམ་དུ་རིམས་ནད་ལ་སྲོག་བསྡོས་བྱས

ཁ་ཐག་ཅི་འདྲ་རིང་ཡང   ཨ་ཧྥེ་རི་ཁ་གླིང་གི་རྔ་སྒྲ་མ་ཡལ་ན

ཀྲུང་གོས    ཨ་ཧྥེ་རི་ཁ་གླིང་གི་རིགས་མཐུན་ཚོར་བརྩེ་བའི་ཕྱག་ཟུང་བརྐྱངས་ངེས

ཡིད་ཆེས་བྱོས་དང   ཆེས་དཀའ་སྡུག་གི་དུས་སུ   ང་ཚོ་ནམ་ཡང་འབྲལ་ཐབས་མེད

འདི་ནི་ང་ཚོའི་རྒྱལ་སྤྱི་རིང་ལུགས་ཡིན   འདི་ནི་ང་ཚོའི་མི་ཆོས་རིང་ལུགས་ཡིན

དེ་ལ་ཁ་དོག་མེད་ཅིང   གལ་ཏེ་དེ་ལ་ཉི་འོད་ཀྱི་རང་གཤིས་ལྡན་ཚེ 

དེ་ནི་ནམ་མཁའི་ཁ་དོག་ཡིན   དེ་ནི་ས་གཞིའི་རང་གཟུགས་ཡིན   དེ་མིན་རྒྱ་མཚོའི་ཁོག་རྒྱ་ཡིན

དེ་ནི་དམར་པོ་ཁྲག་དང་མིག་མཐའི་མཆི་མ   དེ་ལས་ཀྱང་རྣམ་ཤེས་ཀྱི་རང་གཟུགས་དངོས་མ་དེ་ཡིན

འོ   འཛམ་གླིང      དེ་རིང་ཁྱོད་རང་ཀྲུང་གོའི་གཡུལ་འཐབ་འདིའི་ཁྲོད་ཞུགས་དང

གྲངས་ཀ་ད་དུང་མང་དུ་འགྲོ་གིན་འདུག   འདི་ནི་འཁྱགས་སིབ་སིབ་ཀྱི་གྲངས་ཀ་དེ་མ་རེད

གྲངས་ཀ་རེ་རེའི་ལྟག་རྒྱབ་ཏུ་ཚེ་སྲོག་ཆུང་ཆུང་ཞིག་སྦས་ཡོད

གལ་སྲིད་འཇིགས་དངངས་ཀྱི་སེམས་ཁམས་དེ་ང་ཚོའི་བར་གླེགས་སུ་ཁྱབ་འགྲོ་སྲིད

གལ་སྲིད་ཁྱོད་ཀྱིས་སྐད་ཅིག་མའི་ཨུ་ཚུགས་ཁྲོད་ཅི་བྱ་གཏོལ་བྲལ་དུ་འགྲོ་ཡང་སྲིད

འོ    གྲོགས་པོ་ཚོ   བློ་མཐུན་ཚོ   ང་ཚོ་ཐུན་མོང་གི་སྟོབས་ཤུགས་ལ་ཡིད་ཆེས་བྱེད་དགོས

འོན་ཀྱང་ང་ཚོའི་ག་དུས་ཡིན་ཡང་མི་སྒེར་གྱི་འགན་འཁྲི་དེ་བརྗེད་མི་རུང

འོ   འཆི་བདག་ལགས   ཁོ་རང་གནམ་གྲུ་དང་མྱུར་བགྲོད་མེ་འཁོར་གྱི་སྟེང་དུ་འགོས་བྱུང


ཁོ་རང་རིགས་མི་འདྲ་བའི་འགྲིམ་འགྲུལ་ཡོ་བྱད་སྟེང་དུ་འགོས་བྱུང   འོན་ཀྱང་གྲོགས་པོ་ཚོ

ཁྱོད་ཚོས་ཤེས་ཨེ་བྱུང   འཆི་བདག་གིས་རྒྱུན་པར་ང་ཚོའི་རྗེས་འདེད་ཀྱིན་འདུག  

འོ   འཆི་བདག་ལ་གོ་སྐབས་སྤུ་ཙམ་ཡང་སྟེར་མི་རུང   ཁ་ཐུམ་རྒྱག་རོགས

དོན་དངོས་སུ་དེ་ནི་མི་གཅིག་གི་གཡུལ་འཐབ་ཐེངས་ཤིག་རེད

མི་སྟོང་ཕྲག་དུ་མ་ཧྲག་དམག་དུ་གྱུར་ཚེ   དེ་ནི་ད་གཟོད་ང་ཚོས་འཆི་བདག་གི་འཇིགས་པ་ལས་རྣམ་པར་རྒྱལ་བའི་འགག་རྩ་ཡིན

ཕར་རྡོག་ཅིག   དེར་ཤུགས་ཀྱིས་རྒྱོབས     དབུགས་དབྱུང་མེད་པར་བྱོས

ང་ཚོའི་ལུས་སྟེང་དུ་མཆོངས་པའི་གོ་སྐབས་གཏན་ནས་མ་སྟེར

འཆི་བདག་གིས་ང་ཚོ་འཚོལ་བཞིན་འདུག   ང་ཚོས་ཁོ་རང་རིག་མི་ཐུབ་པ་ཤེས་ཡོད

ཁོས་ང་ཚོ་འགོག་སྲུང་མཁན་ཚོའི་ཤོར་སྲིད་པའི་གྲུ་ཟུར་དེ་འཚོལ་བཞིན་འདུག  

འོ   གྲོགས་པོ་ཚོ   བློ་མཐུན་ཚོ   གལ་སྲིད་དེ་འདྲའི་གནས་ཚུལ་ཞིག་བྱུང་ཚེ

ང་ཚོའི་གྱོང་གུད་དང་རྔུལ་ཁྲག་ཐམས་ཅད་ལ་ཞིབ་རྩིས་བྱེད་དཀའ་ལ

དེ་ལས་མང་པོའི་ཚེ་སྲོག་གང་མང་ཞིག་འཆི་བདག་གི་ཉེ་འཁོར་དུ་འདུར་རྒྱུགས་བྱེད་སྲིད

ད་དུང་གཉེན་ཉེ་ལ་ལ་ང་ཚོ་དང་གཏན་དུ་གྱེས་སྲིད

དེ་རིང་གི་བར་དུ་འཆི་བདག་གི་རྣམ་ཤེས་ད་དུང་ས་གཞིའི་ཡང་སྟེང་དུ་ཡོམ་ཡོམ་བྱེད་ཅིང

ཁོས་མི་མངོན་པའི་མགོ་བོས་ང་ཚོའི་སྒེའུ་ཁུང་སྟེང་དུ་ཤུགས་ཀྱིས་རྡེག་གིན

ཁ་ནས་གོ་ལ་གཞན་ཞིག་གིས་ཚོར་བའི་འཁུན་སྒྲ་སྒྲོག་གིན་འདུག

ཁོས་བར་སྣང་གི་མཁའ་དབུགས་དང་འུད་ཚུགས་ཀྱིས་བཙིར་གནོན་བྱས་པའི་དངོས་པོ་དག་མི་ཚོགས་ཀྱི་ཁྲོད་དུ་བསྲེས་ཤིང

ང་ཚོ་མི་སུ་ཞིག་གིས་ཀྱང་རེག་མི་ཐུབ་པའི་གནས་སུ་སྦས

དམྱལ་བའི་འཕྲང་གི་ལྡེ་མིག་རེ་རེ   ཁོས་ཚང་རྩིས་ཡག་པོ་ཞིག་བྱེད་ཅིང

ཕྱི་རོལ་ནས་ཡོང་བའི་འཕྲིན་སྐྱེལ་བ་དག་ནི་ཚེ་སྲོག་ལ་རྨེག་མེད་དུ་བཟོ་བའི་འབུ་སྲིན་དག་ཡིན

འཆི་བ་ནི་དོན་དམ་དུ་མིའི་རིགས་ཀྱི་ལོ་རྒྱུས་དང་འགྲོགས་ནས་ལོ་ངོ་སྟོང་ཕྲག་འགོར་ཡོད

འདི་མ་གཞི་ནས་རང་བྱུང་གི་ཆོས་ཉིད་ཅིག་ཡིན་པས་ལྡོག་དུ་མེད་པའི་གཏན་ཚིགས་ཤིག་ཡིན

འོན་ཀྱང   འཆི་བདག་ལགས  ཐེངས་འདིར་ཁྱོད་ཀྱིས་མིའི་རིགས་ལ་བཅངས་པའི་འཇབ་རྒོལ་དེར

སྔར་མེད་ཀྱི་གདུག་རྩུབ་ཅིག་ཡོད་ལ   ཁྱོད་ཀྱིས་རྔུལ་ནག་གི་ཐིགས་པ་རེ་རེར་ཚེ་སྲོག་གི་དྲོད་ཁོལ་མེད་པར་བྱས་ཤིང

ཁྱིམ་གཞི་དཀྲུགས་ཤིང     བརྩེ་དུང་ལ་བདག་པོ་མེད   ཕྱིར་ཁྱིམ་ལ་ལོགས་མཁན་ཚོར

རང་ཁྱིམ་མེད་པར་བྱས     འོ   འཆི་བདག་ལགས   དེ་རིང་ཁྱོད་གནས་གང་དུ་ཡོད་ཀྱང

ང་ཚོས་ཚེ་སྲོག་གི་རྣམ་ཤེས་ཁྲི་སྟོང་གིས་ཁྱོད་ལ་ཕར་རྒོལ་བྱེད་དགོས

འཆི་བདག་དང་ངེད་ཅག་ལས་སུ་མགྱོགས

བུའུ་སྐད་མ་གྲགས་པའི་སྔ་རོལ་ཏུ་ང་ཚོའི་མདུན་དུ་སླེབས་ཡོད་ནའང

ཁྱོད་ཀྱིས་རིག་ཨེ་བྱུང   ངས་གསལ་བོར་མཐོང་བྱུང

རང་དབང་གི་རླུང་བུས་དཔའ་རྟུལ་ཚོའི་གོ་ཆ་ཤུག་ཤུག་གཡོམ་བཞིན 

རང་དབང་གི་རླུང་བུས་དཔའ་རྟུལ་གྱི་གོ་ཆ་རླུང་གིས་སྐྱོམ་དུས 

ཉི་འོད་ཀྱི་ཟེགས་མ་ལྕགས་ནག་གིས་གྲུབ་པའི་བྲག་རྡོ་བརྟོལ་ནས་འགྲོ་སྐབས

འོད་སྣང་གི་གཤེར་གཟུགས་ལས་འཇིག་རྟེན་ལ་ལྡོག་འཕྲོ་བྱེད་དུས

སའི་གོ་ལའི་འགུག་ཤུགས་དང་རིང་དུ་བྲལ་ཏེ   མིའི་རིགས་ཀྱི་ཡང་བསྐྱར་མངལ་དུ་སྦྲུམ་སྐབས

སྐྱེ་དངོས་ཀྱི་སྐད་བརྡ་དེ་སྲིན་འབུ་མེ་འཁྱེར་གྱི་ལྡབ་སུམ་འགྱུར་ལས་ཀྱང་མང

སྲོག་ཆགས་ཀྱི་མིག་གིས་ཟུར་སྣེ་མང་པོའི་མཚན་ཉིད་རིག་པ་མཐོང་ཐུབ་པའི་སྐབས་སུ

མི་རེ་རེས་བྲང་ཁོག་ཏུ་ཚེ་སྐྱོབ་ཀྱི་རྩྭ་ལྡུམ་སྐྱེས་འདུག 

རང་ཉིད་ཐུན་མོང་དུ་གྱུར་ཞིང   མི་ཚོགས་ཀྱིས་དོ་ཁུར་བྱེད་པའི་ཉམ་ཆུང་གི་ཚེ་སྲོག་ཏུ་གྱུར་སྐབས

མི་གཅིག་གི་སྐད་འབོད་ཀྱི་རྒྱབ་ལོགས་སུ་མི་རིགས་ཤིག་གི་སྐད་འབོད་ཡོད་ཅིང    མི་གཅིག་གི་སྐད་འབོད་ཀྱི་ནང་རོལ་ནས

མི་གྲངས་མེད་ཅིག་གི་སྐད་འབོད་མི་འདྲ་བ་ཐོས་ཐུབ

རེད་དེ    ངས་དེ་དག་མངོན་སུམ་དུ་རིག་བྱུང    ང་ཚོ་འཆི་བདག་དང་རྒྱུགས་འགྲན་བྱེད་པ་མཐོང་བྱུང

ཆེས་མཐའ་མཇུག་གི་རྒྱལ་ཁ་དེར་བར་ཐག་སྔར་ལས་ཇེ་ཉེར་གྱུར་ཟིན

འདི་ནི་ཆེས་དཀའ་སྡུག་གི་དུས་སྐབས་སུ    རྒྱུན་འཁྱོངས་ཀྱིས་མཐའ་མཇུག་གི་དཔའ་བོ་དེ་འགྱུར་སྲིད་པའི་བདེན་ཁ་རེད


ཡིད་ཆེས་བྱོས་དང    ང་ཚོ་རྣམ་པར་རྒྱལ་ངེས   ཀྲུང་གོ་རྒྱལ་ངེས           མིའི་རིགས་རྒྱལ་ངེས

རྒྱུ་མཚན་ནི་ཤི་གསོན་གྱི་འགྲན་རྩོད་བར་ཁ་ཐག་ཉེ་རུ་ཕྱིན་ཡོད་པའི་ཕྱིར།

རྩོམ་སྒྲིག་པ། : འབུམ་པ་རྒྱལ།