ཀྲུང་གོ་བོད་ཀྱི་དྲ་བ།

ཞོགས་བརྡའི་སྙན་ངག་གི་གཙང་བོ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ​ཞོགས་བརྡ།(མགོ་ལོག)   སྤེལ་དུས། : 2018-05-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

11.jpg

མ་མཚོན་པ་དག་མཚོན་པར་བྱེད་འདོད་པའི་སྙན་ངག

བྱེའུ་དག་སྒྲ་སྐད་ཀྱུར་ཀྱུར་མཁའ་དབྱིངས་ནས་འཕུར་དུས།

སེམས་ཀྱི་རྣམ་ཤེས་རི་ལ་མངགས་པའི་སླད་ཕོག་པས་འདུག་གྲོགས་ཤིག་དྲན།

ཁོ་ནི་མུན་པ་དང་ཆར་ཟིལ་ལ་ཁ་ཐག་ཉེ་བའི་བྱིས་པ་ཞིག་ཡིན་པར་མ་ཟད།

བསམ་བློ་ལ་ནག་དུག་གིས་གདོང་གྲོགས་མཛད་ཡོད་མཁན་ཞིག་ཀྱང་ཡིན་སྐད་འདུག

 ༢༠༡༧/༦/༢༧

             སེམས་པ་དབྱངས་དང་འགྲོགས་ན།

དཀར་ཡོལ་འབྲུག་མའི་ནང་ལ་བདུད་རྩི་སྔོན་མོ་འཁྱིལ་དུས།

མཛུབ་མགོ་ཡིས་གསེར་སྐྱེམས་མཆོད་མཁན་ཞིག་སེམས་ལ་ཤར།

ཁོ་ནི་འུ་ཚོས་སྙིང་ཁམས་ཀྱི་གནའ་མྱི་དངོས་མ་དེ་རེད་འདོད།

ཡིན་ཡང་ཞག་དང་ཉི་མ་ཐག་རིང་ལ་འགྲོ་དུས།

ཁོ་ནི་སྔར་བཞིན་དབྱངས་ཀྱིས་རྒྱུད་སྐུད་མཐུད་མཁན་ཞིག་ཡིན་འདུག

  ༢༠༡༧/༦/༢༧

གྲོགས་པོ་དང་སེམས།

སྲོག་གི་སྣེ་མོ་ལ་ལག་པ་འཐམ་འདུག

མ་འཐེན།             མ་འཐེན།

འཇིག་རྟེན་གྱི་གྲོག་རོང་ནས་ལྷུང་ལ་ཁད།

མི་ཚེ་ཡི་བྱ་བ་ལ་ཐམ་ག་རྒྱག་དགོས།

མ་རྒྱག         མ་རྒྱག

མ་འོང་པའི་འཚོ་གནས་དག་བསུབ་རྒྱུ་རེད།

སེམས་གསེང་གི་སྒྲོམ་གཞི་འདི་གཏོར་ལ་ཁད།

མ་གཏོར།     མ་གཏོར།

གསང་བ་ཡི་ཐ་སྙད་དག་སྤུར་རྒྱུ་རེད།

 ༢༠༡༧/༦/༢༧

ལས་བྱ།

ཤོག་གུ་དཀར་པོ་འདི་ང་ཚོས་ལས་བྱ་འབྲི་སའི་གཞི་ཡིན།

ཁྱོད་ཀྱིས་ཆུ་ཐིགས་དང་ཁྲག་ཐིགས་ཀྱི་གནོད་པ་མ་བཟོ།

ང་ཚོས་དགེ་རྒན་ནི་བཙན་པོ་ཞིག་ཡིན་པར་མ་ཟད་སྡིགས་སྐྱ་ཞིག་ཀྱང་ཡིན།

ཨ་ལ་རྩེད་མོ་ཡིན།

ལས་བྱ་འབྲི་ཚར་དུས།

ཁྱོད་ཀྱི་ངོ་གདོང་ལ་སྐྱག་པ་ཡིས་ཞལ་བ་བྱེད་དང་།

ད་ལྟ་དང་མ་འོངས་པའི་གྲོགས་པོ་ཁྱོད་ལ་ཁོ་རང་དགའ་ཁོ་ཐག་ཡིན།

 ༢༠༡༧/༦/༢༧

 གནོད་རྐྱེན་བཟོ་བ།

ལྒང་ལི་འདི་མཚར་པོ་མཚར་པོ་ཞིག་རེད།

འགྲོ་ན་འདོད་དུས་བུད་སོང་ནས་ཕྱིར་ལ་མ་འོང་ཐལ།

དེས་ཉིན་ང་གང་སར་ཁོ་རང་བཙལ་དུ་འགྲོ་དུས།

དམྱལ་བ་བོ་དེ་ནི་སྡུག་རྒན་ཞིག་ཡིན་པས།

ཚོང་ཁང་སང་གི་ཚོང་རྫས་དང་བཅའ་ལག་མང་པོ་བཅག་འདུག

ངོ་མ་སྙིང་ལང་ས་ཞིག་རེད།

༢༠༡༧/༦/༢༧

 སོང་རྗེས།

ཁྱོད་རང་སོང་རྗེས་ངའི་ཉི་མ་ཟེར་བ་ཞིག་གཏད་ནས་མ་མཐོང་།

ཁ་དོག་དང་སྤྲིན་པ་ལ་འདྲེས་པའི་མི་ཚེ་ཡལ་པོ་ཞིག

རྒྱང་རིང་དང་ཡང་ན་ཐག་ཉེར་བསྡད་ཡོད་པའི་འཛིན་རྒྱུར་མ་ལོན།

སོང་ན་སོང་ཞིག     ཕྱིར་ལ་མ་འོང་།   

 ༢༠༡༧/༦/༢༧

 སྐྱག་རྫུན།

རྐང་རྗེས་ཤིག་གིས་ཁོ་ཡི་འགྲོ་ལམ་བཀག་སོང་།

མ་རེད་དེ་ནི་མི་ཞིག་ཡིན་པར་མ་ཟད་ཁོ་སོང་ཤུལ་གྱི་རྗེས་རེད།

ཡིན་ཡང་ཁོ་མི་ཞིག་ཡིན་ཏེ་དྲེད་མོང་དང་སྲོག་ཆགས་གཞན་ཞིག་མ་ཡིན་ན།

ང་ཡི་ཉོག་དྲ་ཅན་གྱིས་གཏམ་ཞིག་བླུག་རྒྱུ་སླ་མོ་འདྲ་རེད་འདུག

༢༠༡༧/༦/༢༧

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།