ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱང་གི་x

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཧ་སྲས་སྤྲིན་ཆར།    སྤེལ་དུས། : 2017-07-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

སྐུ་བསོད་ཆེ་བའི་རྒྱང་རིང་གི་མི་ཞིག

རྒྱང་ཐག་རིང་ཐུང་གཅིག་འདྲ་མིན་ཡང

སེམས་ནང་ལ་ཟིན་པའི་སྙིང་གཏམ་གྱི་གོ་ཆ

ཕན་ཚུན་ལ་གླེང་བའི་གཏམ་རྒྱུད་མི་འདྲ


སེམས་ཀྱི་སྐད་ཆ

ཤོག་དཀར་གྱི་ངོས་སུ་ག་ལེར་བྲིས་ཀྱང

སུ་ཞིག་གི་ཁྱོད་ཀྱི་སྙིང་སྟོབས་ཀློག་ཐབས་འདུག

འདི་ནས་ཁྱོད་ཀྱི་ཕྱི་ནང་གི་གཏམ་རྒྱུད་ཤེས


དགོད་གཏམ་ལ་སུན་སྣང་སྐྱེ་སྲིད་ལ

ངུ་ལ་གཏམ་ལ་སྤྲོ་སྣང་ཡོད་སྲིད

རྒྱང་རིང་གི་x

ཁྱོད་ཡིན་སྲིད་དམ་ཁྱོད་མིན་སྲིད


ལོ་རྒྱུས་ཀྱི་རྒྱབ་ལྗོངས་མེད་ལ

སུ་ཞིག་གིས་ཊཱིཀྐ་བྱས་ནས་ཁྱོད་ཀྱི་རྒྱབ་ལྗོངས་འབྲི་སྲིད

མེ་ལོང་མེད་པའི་གཞུང་ཆེན་པོ་ཞིག་ཀློག་ཐུབ

སྐད་ཆ་དྲང་མོ་དྲང་མོ་བརྗོད་མཁན་གྱི་ན་གཞོན་སུ་ཞིག་ཡོད


སྙན་ངག་ལ་ཕྱི་ནང་མེད་སྲིད་དམ

སྙན་ངག་ཀློག་མཁན་དང་འབྲི་ཤེས་མཁན་ནི་ཁྱོད་ཡིན་ནམ

གང་ནས་བལྟས་ན་ཁྱོད་ཀྱི་རྣམ་ཤེས་ལ་ས་བོན་ཡོད་སྲིད

རྒྱང་ཐག་མི་རིང་ཟེར་ལ་རྒྱང་མཐོང་གིས་ཟིན་མི་ནུས


གློག་འོད་ཀྱི་སྣེ་སྐུད་རེ་རེ

རྒྱང་རིང་ནས་ཁྱོད་ཀྱི་སྒེའུ་ཁུང་གི་གཡོལ་བ་བརྒྱུད་ནས་ཡོང

ཕ་ཡུལ་དྲན་པ་ཡིན་ནམ

ནང་གཏམ་སོགས་གོ་འདོད་པའི་ཡིན


རྒྱང་རིང་གི་x

ཁྱེད་ཉིད་ཀློག་འདོད

ཁྱེད་ཀྱི་འདས་མ་ད་གསུམ་སུ་ཞིག་གིས་གསལ་བོ་ཤེས

རྒྱང་རིང་གིx

 (X རྟགས་འདི་ནི་ཕྲན་གྱི་སྐོང་ཡིག་ཅིག་ཡིན་པས་ཀློག་པ་པོ་རྣམས་ཀྱིས་ཅི་ཞིག་ཡིན་སོགས་མི་འདྲི་བར་མཁྱེན།)

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།