ཀྲུང་གོ་བོད་ཀྱི་དྲ་བ།

ནད་ཁང་།

  རྩོམ་པ་པོ། : དབལ་ངར་གྱིས་བརྩམས།   སྤེལ་དུས། : 2017-06-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

        སེམས་ཤིན་ཏུ་འཁྱག
        ཟད་བཞིན་པའི་མར་མེ་དེ
        རླུང་ཐོན་པར་ཧ་ཅང་འཛེམ
        མཚན་གུང་དེར
        དབུགས་རྒྱུ་ཆད་ལ་ཉེ་བའི་དུས
        སེམས་པ་འདི་རྒྱུ་འབྲས་ལ་བཅར་ཏེ
        གཞས་གཏོང་འདོད་པ་དེ
        ཁ་དོག་དཀར་པོ་ཁོ་ན་རེད
        ཕ་ཡུལ་གྱི་ནམ་མཁའ་དང་རྩྭ་ཐང་བརྗེད་དེ
        ནད་ཁང་གི་ཁ་དོག་ལ་སེམས་པ་བརླན
                         2017/4/20

རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།