ཚངས་དབྱངས་རྒྱ་མཚོ།

མགོ་ལོག་སྨྱུག་དཀར།

རེ་བའི་མིག་ཟུང་ནང་ནས་ལང་ཚོ་རྫོགས།།

ལྷ་སའི་གྲོང་དུ་མགུར་གླུའི་ང་རོ་བཏོད།།
དེ་ལ་ཆུང་འདྲིས་དགྱེས་པའི་འཛུམ་ཆུང་བཞད།།
ཚངས་དབྱངས་རྒྱ་མཚོ་དུས་ཀྱི་མཆོད་སྡོང་ཡིན།།       

ལྷ་མོའི་ལུང་བསྟན་བརྩེགས་པའི་བམ་ཁ་ནས།།
དམར་བོའི་ལྷ་ཁང་ནང་དུ་འོ་མ་འཁྱིལ།།       
གཞས་ཆུང་ནང་ནས་སོར་གདུབ་གད་ལ་ལྷུང་།།         

ཚངས་དབྱངས་རྒྱ་མཚོ་ལ་གཞས་རིང་མོ་ཞིག།

མ་རྨིས་རྨི་ལམ་ལྷན་དུ་སོ་ཚིས་རྙེད།།
སྡེ་སྲིད་རེ་བའི་ཁྲོད་ནས་ལྡིང་སྐོར་བྱེད།།
ལྷ་སའི་གྲོང་ན་བྱམས་པའི་ཡིག་ཆུང་ཡོད།།
ཚངས་དབྱངས་རྒྱ་མཚོ་ལོ་རྒྱུས་གསར་བ་ཞིག།

མཚལ་ཐམ་ཆུ་ལ་ཤོར་བའི་ནང་མོ་ནས།།
འཚོ་བའི་མེ་ཏོག་གཞན་དུ་བྱོལ་ལ་བརྩམས།།           

མི་རབས་གསར་བ་དག་ལ་འདང་རྒྱག་ཅིག།         

ཚངས་དབྱངས་རྒྱ་མཚོ་སྙིང་སྟོབས་རྡོག་པོ་ཞིག།

2016.1.23

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།