ཤ་ཚ་བའི་གཏམ་ནི་བཤད་རན་རེད།

གཟིག་ནག(མཛོད་དགེ།)

འཇིག་རྟེན་གསར་བའི་མི་ཡི་རང་གཤིས་ནི།།

ཁ་ཕོ་ཅན་གྱི་གཏམ་ཞིག་དེ་ནས་བཤད།།

ཨ་གསར་ཆེ་བའི་སྐད་ཅིག་འདི་ནས་བཞག།

དུག་ལྔ་ཕོག་པའི་ནད་ལ་རང་ཚུགས་དབེན།།


འཇིག་རྟེན་གསར་བའི་མི་ཡི་རང་གཤིས་ནི།།

ཁ་ཕོ་ཅན་གྱི་གཏམ་ཞིག་དེ་ནས་བཤད།།

ཨ་གསར་ཆེ་བའི་སྐད་ཅིག་འདི་ནས་བཞག།

དུག་ལྔ་ཕོག་པའི་ནད་ལ་རང་ཚུགས་དབེན།།


བསམ་བློ་དེང་རབས་ཅན་ལ་ཕྱོགས་ཚུལ་ལབ།།

ཡིག་རྨོངས་སྡེ་བ་དེ་ལ་དགག་བཞག་མཛད།།

རི་སྡེ་ཞོ་ཆགས་འདྲ་བོ་དཀྲུགས་ཚུལ་བཤད།།

ངན་པ་བསླུ་བྲིད་ཅན་པོའི་ཚུལ་འདི་སྐྱོ།།


ཕ་གིའི་ཁྱིམ་ཚང་ཕྱུག་པོ་ཡིན་ཚུལ་གླེང་།།

ཚུར་གིའི་སྡེ་བར་མཛེས་མ་ཡོད་མེད་དྲིས།།

ཁྱིམ་ཚང་གན་ཚང་རྒྱུག་རྟ་ཡོད་རབས་བཤད།།

ན་གཞོན་ཕོ་མོའི་འཚོ་བ་ཨ་མཚར་ཆེ།།


ཀ་བ་གདུང་ལྕམ་མེད་པའི་རྡོ་ཁང་ནང་།།

ཨ་རག་སྨྱོ་འཐུང་བྱེད་པའི་ཅེ་སྤྱང་ཚོགས།།

ཁ་ནས་ལ་རྒྱ་ཟེར་བཞིན་དཔའ་ངར་ཆེ།།

ལ་རྒྱ་འཛིན་ཚུལ་འདི་འདྲའི་སྐྱོ་བ་ལ།།


རྨོངས་དད་ཅན་པོ་ལྷ་ཡི་གྲོང་ལ་འཁྱམས།།

སྨྲ་ལྕེ་ཅན་པོ་མི་ཚོགས་གྲལ་ན་མཁས།།

གཡོ་ཅན་ཝ་མོ་དུས་ཀྱི་ཀློང་ན་རྒྱལ།།

ད་ནི་དུས་ལོག་ཡིན་ནམ་འཕྱང་མོ་ཉུག།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།