བསྟོད་པའི་མགྲིན་དབྱངས།

གཟའ་རབ་རྒྱས།


གོའུ་ཏམ་ཟས་གཙང་སྲས་ཀྱི་གདུང་འཚོབ་མཆོག།

ཞྭ་གསེར་ཅོད་པན་འཆང་བའི་བདག་ཉིད་ཆེ།།
བློ་བཟང་གྲགས་པའི་མཚན་འབར་ཙོང་ཁ་བས།།
སྐུ་གསུང་ཐུགས་ཀྱི་ཡོན་ཏན་གཙུག་གིས་མཆོད།།

གདོད་མའི་དུས་ནས་མངོན་པར་སངས་རྒྱས་ཀྱང་།།
མཐའ་མེད་འགྲོ་ལ་བརྩེ་བས་རྗེས་བཟུང་ནས།།
རྒྱལ་སྲས་ཚུལ་གྱིས་མདོ་སྨད་ཙོང་ཁའི་ཡུལ།།
མཚན་དཔེ་དཔལ་འབར་ཁྱེད་སྐུ་ལེགས་པར་འཁྲུངས།།

གཞོན་ནུ་ཉིད་ནས་རིག་པའི་དཔལ་འབར་བས།།
དཔྱོད་ལྡན་ཐར་ལམ་བགྲོད་པའི་ཐེམ་སྐས་མཆོག།
ཟླ་མེད་མདོ་བསྔགས་རིག་པའི་གཞུང་ལུགས་ཆེ།།
གསུང་འབུམ་བཅུ་ཕྲག་བདུན་གྱི་འོད་སྣང་གསལ།།

གངས་ལྗོངས་ཆོས་བྲལ་ཀླ་ཀློའི་དཔུང་བསྐྱེད་པས།།
ཁྱེད་ཐུགས་བརྩེ་བའི་འོད་ཀྱིས་སྤྱན་ཕྱེ་ནས།།
དམ་ཆོས་ལྷ་ཡི་མཐུ་དཔུང་ལེགས་བསྐྱེད་པས།།
གངས་ལྗོངས་རྨོངས་བའི་སྨག་ཆེན་འཇོམས་པ་དྲན།།

ལྟ་བ་དྲི་མེད་ཁྱེད་ཀྱི་རང་ལུགས་མཆོག།  
སྒོམ་པ་ཟབ་མོ་ལམ་གཉིས་རྣལ་འབྱོར་བརྟན།།
སྤྱོད་པ་ལེགས་པོ་རྒྱལ་སྲས་བཟང་བོ་བཞིན།།
ལྟ་སྒོམ་སྤྱོད་པ་དད་འདུན་སྟོང་གིས་མཆོད།།


                                                                               ཞེས་༡༠/༢༥ཉིན་ལ་ཡབ་༧རྗེ་བློ་བཟང་གྲགས་པའི་མཛད་པ་གསུམ་གྱི་ཡོན་ཏན་རྒྱ་མཚོ་ལས་ཐིག་པ་ཙམ་ཡིད་ལ་དྲན་ཁུལ་བྱས་ཏེ་བྲིས་པས་དགེ་འགྱུར་ཅིག།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།