མཆོད་མཇལ་འདྲ་སྟེ་མཆོད་མཇལ་མིན།

ཤོ་ཤར་ཨ་ཡུ་རཱ་ཛས།  

ཅལ་འདྲོགས་ཁྱུ་ལ་འགྲིག་པའི་མཆོད་མཇལ་གཅིག།
ཚང་ཁས་སྒེར་སེམས་ངོམས་པའི་དད་པ་གཉིས།།
མཆོད་མཇལ་འདྲ་སྟེ་མཆོད་མཇལ་མིན།།
དངུལ་གྱིས་དད་པ་མཚོན་པའི་མཆོད་མཇལ་གཅིག།
ཡུལ་བསྐོར་ལྟད་མོར་དམིགས་པའི་དད་པ་གཉིས།།
མཆོད་མཇལ་འདྲ་སྟེ་མཆོད་མཇལ་མིན།།
སྐྱབས་ཡུལ་དད་ཡུལ་མི་ཤེས་མཆོད་མཇལ་གཅིག།
སངས་རྒྱས་ལྷ་འདྲེ་མི་དབྱེ་དད་པ་གཉིས།།
མཆོད་མཇལ་འདྲ་སྟེ་མཆོད་མཇལ་མིན།།
བྱིན་རླབས་སྒེར་ལ་ཐོབ་འདོད་མཆོད་མཇལ་གཅིག།
མེས་པོའི་ལོ་རྒྱུས་མི་ཤེས་དད་པ་གཉིས།།
མཆོད་མཇལ་འདྲ་སྟེ་མཆོད་མཇལ་མིན།།

མཁས་དབང་དགེ་འདུན་ཆོས་འཕེལ་གྱི་རྩོམ་གཤིས་ལ་ལད་མོའི་ཚུལ་དུ།

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།