དབྱངས་གསལ་གྱི་ཕྲེང་བ།

སྦྲ་སྲས་གངས་བུ་འཛུམ་གྲོལ།

དབྱངས་གསལ་གྱི་ང་རོ

བརྡ་སྤྲོད་ཀྱི་དག་སྣང་གསལ་བོ

ཐ་སྙད་དང་ཡིག་ཚོགས་ཀྱི་ཚིག་གྲུབ་ནག་པོ

ཚོར་བའི་ངག་གི་དབྱངས་རྟ་གསོན་པོ

མི་བུ་ཀུན་གྱི་རྟོགས་པས་བརྡ་དག

དབྱངས་གསལ་གྱི་ཕྲེང་བ

མི་རིགས་ཀྱི་ཚེ་སྲོག་དམར་པོ

 

 དབྱངས་གསལ་གྱི་འོད་དང་གཟི་བྱིན

གཞན་ཕན་ལྷག་བསམ་གྱི་སྙིང་རྗེ

དྲང་བདེན་དང་གནས་ལུགས

གཤིས་འཇམ་དང་སྤྱོད་བཟང

ཉི་ཟླའི་འོད་སྣང་གི་ཡུལ་གྲུ

ཕ་སྐད་གཙང་མའི་དག་ཞིང

དད་ལྡན་གྱི་མི་རིགས

ཀ་མད་སོ་བཞིའི་བླ་སྲོག་དམར་པོ

 

 དབྱངས་ཀྱི་རོལ་མོ

གསལ་བཤད་གྱི་རབ་དཀྲོལ

ཁ་བའི་གཏམ་རྒྱུད

འཚོ་བའི་བདེ་སྡུག་གི་གསང་བ

ཚོར་བའི་སྙིང་གི་སྙན་ངག་དམར་པོ

དབྱངས་གསལ་གྱི་དར་དཀར་ཕྲ་མོ

མཛེས་སྡུག་གི་འཚོ་བའི་བདེ་སྐྱིད

 

 སྐད་དང་ཡི་གེ

མི་རིགས་ཀྱི་དར་རྒུད

གངས་རིའི་ཟུངས་ཁྲག

མི་རིགས་ཀྱི་ཚེ་སྲོག་གསོན་པོ

དབྱངས་གསལ   སྐད་དང་ཡི་གེ

མི་རིགས་ཤིག་གི་བླ་སྲོག

རྩོམ་སྒྲིག་པ། དོ་རྒྱ་དོན་གྲུབ་ཚེ་བརྟན།

དཔྱད་མཆན 0 ཡོད།