《སློབ་ཆེན་སློབ་མའི་ངེས་བཀླག་དཔེ་ཐོ》པར་སྐྲུན་འགྲེམ་སྤེལ་བྱས།

大学生必读书 拷贝(1).jpg

ཉེ་ལམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས《སློབ་ཆེན་སློབ་མའི་ངེས་བཀླག་དཔེ་ཐོ》པར་སྐྲུན་འགྲེམ་སྤེལ་བྱས།

དེབ་འདིའི་ནང་དུ་རྒྱལ་ཡོངས་ཀྱི་སློབ་ཆེན10ལྷག་གི་དགེ་རྒན་ཆེན་མོ23ཡིས་ཆེད་ལས་སོ་སོའི་དཔེ་ཐོ་འོས་སྦྱོར་གནང་བ་བཀོད་ཡོད་པར་མ་ཟད། ས་དགེ་བཀའ་རྙིང་ཇོ་ནང་གཡུང་དྲུང་བོན་དང་བཅས་པའི་གྲུབ་མཐའ་སོ་སོའི་གསུང་རབ་ཀྱི་དཔེ་ཐོ་དང་། ཧ་ཧྥུ་སློབ་ཆེན་དང་། པེ་ཅིན་སློབ་ཆེན། ཆིན་ཧྭ་སློབ་ཆེན་བཅས་ཀྱི་དཔེ་ཐོ་བཀོད་ཡོད་དོ། །

藏族大学必读经典书目(立体) 拷贝(1).jpg

ནང་དོན་ཐད་དུ་བོད་ཀྱི་ལོ་རྒྱུས་དང་ཚད་མ་རིག་པ། ནུབ་ཕྱོགས་མཚན་ཉིད་རིག་པ། སྐད་བརྡ་རིག་པ། རྩོམ་རིག  སློབ་གསོ་རིག་པ། བཅའ་ཁྲིམས་རིག་པ། དཔལ་འབྱོར་རིག་པ། བཟོ་རིག གསོ་རིག རྩིས་འཁོར་རིག་པ། དངོས་ལུགས་རིག་པ་སོགས་རིག་ཚན་སོ་སོའི་དཔེ་ཐོ་འོས་སྦྱོར་བྱས་ཡོད། དཔེ་ཐོ་འོས་སྦྱོར་གནང་མཁན་གྱི་དགེ་རྒན་ཆེན་མོ་དག་ནི་རིག་ཚན་དེའི་ཐད་ནས་གྲུབ་འབྲས་ཆེན་པོ་བླངས་ཤིང་སྤྱི་ཚོགས་སྟེང་སྐད་གྲགས་ཆེ་བ་རྐྱང་རྐྱང་ཡིན། ཁོང་ཚོས་དཔེ་ཐོ་འོས་སྦྱོར་བྱེད་དུས་དཔེ་ཆའི་ལོ་རྒྱུས་རྒྱབ་ལྗོངས་དང་རིག་གཞུང་རིན་ཐང་། དཔེ་ཀློག་བྱེད་དུས་མཉམ་འཇོག་དགོས་ས། པར་གཞི་བརྡ་འཕྲིན་སོགས་ལ་ཕྲ་ཞིང་ཞིབ་པར་ངོ་སྤྲོད་གནང་ཡོད་པས། ཚན་རིག་རིག་གནས་ཤེས་བྱ་ཁྱབ་གདལ་དུ་གཏོང་བ་དང་དམངས་ཡོངས་དཔེ་ཀློག་བྱ་འགུལ་སྤེལ་བར་ནུས་པ་གལ་ཆེན་འདོན་ཐུབ།

འདི་ནི་སློབ་ཆེན་སློབ་མ་དང་གྲྭ་བཙུན་ཤེས་ཡོན་པས་ངེས་པར་དུ་བཀླག་དགོས་པའི་དཔེ་དེབ་ཅིག་ཏུ་འཁུམས་སོ། །

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།