《འཛམ་གླིང་ལོ་རྒྱུས་ཀུན་གསལ་མེ་ལོང》(དེབ1~50)ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།

རིག་གནས་ལོ་རྒྱུས་ཀུན་འདུས་དེབ་བརྒྱ་མ།

《འཛམ་གླིང་ལོ་རྒྱུས་ཀུན་གསལ་མེ་ལོང》(དེབ1~50)ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།

再现世界历史(宣传页) 拷贝.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  རྒྱལ་ཁབ་ཀྱི “ལོ་ལྔའི་འཆར་གཞི་ཐེངས་བཅུ་གསུམ་པའི” གལ་ཆེའི་པར་སྐྲུན་འཆར་འགོད་ལས་གཞི་དང་རྒྱལ་ཁབ་པར་སྐྲུན་ཐེབས་རྩའི་རོགས་དངུལ་ལས་གཞི《འཛམ་གླིང་ལོ་རྒྱུས་ཀུན་གསལ་མེ་ལོང》(དེབ1~50)ཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཉེ་ཆར་པར་སྐྲུན་འགྲེམས་སྤེལ་བྱས།

དཔེ་ཚོགས་འདི་ནི་རྒྱལ་ཁབ་ཕྱི་ནང་གི་འཛམ་གླིང་ལོ་རྒྱུས་ཀྱི་དཔྱད་འབྲས་རྣམས་སྡུད་ལེན་བྱས་པའི་རྨང་གཞིའི་སྟེང་། འཛམ་གླིང་ལོ་རྒྱུས་འཕེལ་རིམ་ཁྲོད་དུ་བྱུང་བའི་སྣ་མང་ཕུན་སུམ་ཚོགས་པའི་ཡིག་རིས་རྒྱུ་ཆ་སྣ་ཚོགས་དཔེ་དེབ་ཀྱི་གཟབ་ནན་རང་བཞིན་དང་དུས་དེབ་ཀྱི་གྲུང་ཤ་དོད་པོའི་རྣམ་པ་གཉིས་གང་ལེགས་ཀྱིས་ཟུང་འབྲེལ་བགྱིས་ནས་བསྒྲིགས་པའི་དཔེ་ཚོགས་ཤིག་ཡིན། དཔེ་ཚོགས་འདི་ལས་ཁ་གསལ་ཞིང་དོན་དྲིལ་བའི་ཡི་གེ་ལ་རིན་ཐང་ཆེ་བའི་པར་རིས་ཆིག་ཁྲི་ལས་བརྒལ་བས་སྤྲས་ཏེ། ཡི་གེ་མ་བྱུང་སྔོན་གྱི་དུས་སྐབས་ནས་དུས་རབས་ཉེར་གཅིག་པའི་བར་གྱི་རྒྱལ་ཁབ་སོ་སོའི་ལོ་རྒྱུས་དོན་ཆེན་རྣམས་ཕྱོགས་ཡོངས་ཀྱི་སྒོ་ནས་མངོན་པར་བརྗོད་ཡོད། བརྗོད་བྱའི་ཆ་ནས་རྒྱལ་ཁབ་སོ་སོའི་ཆབ་སྲིད་དང་དམག་དོན། དཔལ་འབྱོར། རིག་གནས། ཚན་རིག ཁྲིམས་ལུགས། ཆོས་ལུགས། མི་རིགས། སྒྱུ་རྩལ། མཚན་ཉིད་རིག་པ་སོགས་དང་འབྲེལ་བའི་ལོ་རྒྱུས་དོན་ཆེན་དང་མི་སྣ་གྲགས་ཅན། སྒྱུ་རྩལ་བརྩམས་ཆོས། མི་སེར་ཕལ་བའི་འཚོ་ཚིས་སོགས་འདུ་ཞིང་།  བརྗོད་དོན་གཙོ་བོ་མཚོན་པའི་རྨང་གཞིའི་སྟེང་།     “ཆེད་བསྒྲིགས་ལེ་ཚནདང་། “དུས་རབས་ཀྱི་རྒྱབ་ལྗོངས།“ལོ་རྒྱུས་དོན་ཆེན།”དོན་ཆེན་གནད་བསྡུས།”ལོ་རྒྱུས་མི་སྣ།”“སྒྱུ་རྩལ་གྱི་ཉིང་བཅུད།”“སྔོན་བྱུང་བསྐྱར་སྟོན”སོགས་ལེ་ཚན་དུ་མ་བཀོད་སྒྲིག་བྱས་ཏེ། ལོ་ངོ་ཆིག་ཁྲིའི་ལོ་རྒྱུས་སྟེང་གི་བརྗེད་ཐབས་བྲལ་བའི་རླབས་ཆེན་གྱི་དུས་སྐབས་རེ་རེ་གསོན་ཉམས་ལྡན་པའི་སྒོ་ནས་ཀློག་པ་པོ་རྣམས་ཀྱི་སྤྱན་སྔར་བསྟར་ཡོད་པས་ན། འདི་ནི་སྣ་མང་ཕུན་སུམ་ཚོགས་པའི་འཛམ་གླིང་ལོ་རྒྱུས་ཀུན་འདུས་ཆེན་མོ་ཞིག་ཡིན་ནོ། །  

རྒྱུས་ལོན་བྱུང་བ་ལྟར་ན། དཔེ་ཚོགས་འདིའི་མ་ཕྱི་ནི་ནང་ལོགས་དང་ཐའེ་ཝན་གྱི་མཁས་པ་བརྒྱ་ཕྲག་ལྷག་གིས་ལོ་ངོ་བཅུའི་རིང་ལ་དཀའ་བ་སྤྱད་དེ་བརྩམས་པ་ཡིན་ཞིང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ལོ་ཙཱ་དང་རྩོམ་རིག་གསར་རྩོམ་གྱི་ལས་སུ་ཞུགས་པའི་བོད་ཀྱི་ལོ་ཙཱ་བ་དང་རྩོམ་པ་པོ་ལྔ་བཅུ་ལྷག་གདན་འདྲེན་ཞུས་ཏེ་ཆེད་དུ་སྒྲིག་སྒྱུར་བྱས་པ་རེད། དཔེ་ཚོགས་འདི་ལ་ཁྱོན་བསྡོམས་དེབ་བརྒྱ་ཡོད་ཅིང་། ཐེངས་འདིར་དེབ་དང་པོ་ནས་ལྔ་བཅུ་བར་པར་སྐྲུན་འགྲེམས་སྤེལ་བྱས་པ་ཡིན་ལ། འཕྲོ་མའི་དེབ་ལྔ་བཅུ་ནི་སང་ལོར་པར་སྐྲུན་འགྲེམས་སྤེལ་བྱ་འཆར་འདུག་གོ །

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།