《གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་གཡུང་དྲུང་ཐེག་པ་ཆེན་པོའི་མདོ》དངོས་སུ་པར་བསྐྲུན་འགྲེམ་སྤེལ་བྱས།

十万鲁经.jpeg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་ཆར་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་ཀྱིས་བསྒྲིགས་པའི《གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་གཡུང་དྲུང་ཐེག་པ་ཆེན་པོའི་མདོ》ཞེས་པ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེལ་སྤེལ་བྱས།

《གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་གཡུང་དྲུང་ཐེག་པ་ཆེན་པོའི་མདོ》ཞེས་པའི་གཞུང་ཆེན་པོ་འདི་ཉིད་ནི་རྣམ་མཁྱེན་སྟོན་པ་གཤེན་རབ་མི་བོའི་བཀའ་རུ་གཏོགས་ཤིང་། སྔ་རབས་བོན་གྱི་དཔེ་རྙིང་རྩ་ཆེན་ཞིག་ཡིན། ལོ་རྒྱུས་སྟེང་དུ་དཔེ་རྙིང་འདི་ལ་ལག་བྲིས་མ་དང་ཤིང་པར་མའི་པར་གཞི་མང་པོ་བྱུང་མྱོང་། ང་ཚོས་རྩོམ་སྒྲིག་ཞུ་དག་བྱེད་དུས་དགའ་ལྡན་ཕུན་ཚོགས་གླིང་གི་ཤིང་པར་དང་སྡེ་དགེ་ཤིང་པར། རྒྱལ་རོང་ཆུ་ཆེན་ཤིང་པར། སྣང་ཞིག་ལག་བྲིས་མ་སོགས་ལ་བསྡུར་ཏེ་དག་སེལ་གང་ཐུབ་བྱས་པས། མིག་སྔར་པར་གཞི་ཆེས་དག་ཤོས་དེ་ཆགས་ཡོད། དཔེ་རྙིང་འདི་ལ་ཡིག་ཚང་རིན་ཐང་དང་རིག་གཞུང་རིན་ཐང་། ཉར་ཚགས་རིན་ཐང་ཆེན་པོ་ལྡན་ནོ། །

《གཙང་མ་ཀླུ་འབུམ་དཀར་ནག་ཁྲ་གསུམ་གཡུང་དྲུང་ཐེག་པ་ཆེན་པོའི་མདོ》པར་དུ་བསྐྲུན་པས། ལོ་རྒྱུས་སྟེང་ཐེངས་དང་པོར་ལྕགས་པར་མ་དཔེ་སྐྲུན་བྱས་པ་ཡིན་པར་མ་ཟད། བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་ཡོང་བར་དོན་སྙིང་ཆེན་པོ་ལྡན་པར་བྱས་སོ། །དཔེ་རྙིང་འདི་བོད་ཀྱི་གྲུབ་མཐའ་སོ་སོར་ཁྱབ་རྒྱ་ཆེ་ཞིང་སྤྱོད་སྒོ་ཡངས་པས། བོད་ཡུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན་སོགས་ལ་ནུས་པ་མི་དམན་པ་ཐོབ་བོ། །

རྩོམ་སྒྲིག་པ། འབུམ་པ་རྒྱལ།

དཔྱད་མཆན 0 ཡོད།