ཐུབ་བསྟན་ཕུན་ཚོགས་ཀྱིས་བོད་ཡིག་ཚིག་གཏེར་རྒྱ་མཚོའི་ཁྱད་ཆོས་གླེང་བ།

《བོད་ཡིག་ཚིག་གཏེར་རྒྱ་མཚོ》(དག་བཅོས་མ)ཡི་ཁྱད་ཆོས་འགའ།

1.jpg

དང་པོ།《བོད་ཡིག་ཚིག་གཏེར་རྒྱ་མཚོ》དེ་མིག་སྔའི་བོད་ཡིག་ཚིག་མཛོད་ཆེ་ཤོས་དེ་ཆགས་ཡོད་པ་སྟེ། ཚིག་མཛོད་འདི་རུ་མིང་ཚིག་ཁྲི་བརྒྱ་ལྷག་ཙམ་འདུས་ཡོད།

གཉིས་པ། དེབ་ཀྱི་སྒྲིག་སྟངས་དེ་གཞན་དང་མི་འདྲ་བར། ས་སྐྱ་བསོད་ནམས་རྩེ་མོ་ཡི་《ཡི་གེའི་བཀླག་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ》དང་ཞེ་ཆེན་རྒྱལ་ཚབ་ཀྱི་《བློ་གསལ་མགུལ་རྒྱན》གྱི་གོ་རིམ་ལྟར་བྱས་ནས་བསྒྲིགས་ཡོད་པས། གོ་རིམ་ལྡན་ཞིང་བཀླག་བདེ་བའི་ཁྱད་ཆོས་ཡོད།

གསུམ་པ། བསྡུ་སྒྲིག་བྱེད་སྟངས་སྐོར་ལ་སྔོན་གྱི་ཐ་སྙད་ཀྱི་གཞིར་བཞག་ཐོག་གསར་བྱུང་གི་ཐ་སྙད་མང་པོ་ཞིག་ཁ་སྣོན་བྱས་ཡོད་པར་མ་ཟད། དེ་དག་ལུང་པ་གང་གི་སྐད་ཡིན་པ་དང་ཅི་ལྟར་བེད་སྤྱོད་བྱེད་བཞིན་ཡོད་པའི་སྐོར་ལའང་འགྲེལ་བཤད་བརྒྱབ་ཡོད་པ།

བཞི་བ། ཡི་གེ་སྤྱི་དང་མིང་སྤྱི་བརྡ་དུ་མ་ལ་འཇུག་པ་དག་རེ་རེ་བཞིན་ཨང་ཀི་བརྒྱབ་ནས་གོ་རིམ་བཞིན་འགྲེལ་བཤད་བརྒྱབ་ཡོད་དེ། དཔེར་ན། ཡི་གེ་ཁ་ཤས་ལ་ཡི་གེ་གཅིག་ལ་སྒྲ་གདངས་མི་འདྲ་བ་གཉིས་ཀྱིས་འདོན་ཆོག་པ་ནང་བཞིན། དེ་དག་ལ་རྒྱལ་སྤྱིའི་སྒྲ་གདངས་ཀྱིས་འདོན་སྟངས་དང་པོ་དང་འདོན་སྟངས་གཉིས་པ་ཞེས་འགྲེལ་བཤད་བརྒྱབ་ཡོད་པ།

ལྔ་བ། ཚིག་མཛོད་ཀྱི་མཇུག་ཏུ་རེའུ་མིག་མང་པོ་ཞིག་བཀོད་ཡོད་དེ། དཔེར་ན། བོད་ཀྱི་ལོ་རྒྱུས་ལོ་ངོ་སྟོང་ཕྲག་དྲུག་གི་རེའུ་མིག་དང་། བོད་ཀྱི་རྒྱལ་པོ་གཉའ་ཁྲི་བཙན་པོ་ནས་ཞི་བའི་བཅིངས་འགྲོལ་བར་གྱི་རྒྱལ་རབས་རིམ་བྱོན་གྱི་རེའུ་མིག བོད་རྒྱ་དབྱིན་གསུམ་གྱི་ཤན་སྦྱར་བྱས་པའི་འཛམ་གླིང་གི་རྒྱལ་ཁབ་དག་གི་མིང་དང་མི་གྲངས། རྒྱལ་ས་བཅས་ཀྱི་རེའུ་མིག  དེ་མིན་འཇལ་གཤོར་འདེགས་གསུམ་སྟེ་སྲོལ་རྒྱུན་གྱི་བོད་ཡིག་གི་ཐ་སྙད་མང་པོར་རྒྱ་བོད་ཤན་སྦྱར་བྱས་ཡོད་པར་མ་ཟད། བོད་ཡིག་གི་ལས་ཚིག་དུས་གསུམ་སྤྱི་དང་། བྱེ་བྲག  ཐོར་བུ་གསུམ་ལ་བརྒྱད་བརྒྱ་དགུ་བཅུ་ཐམ་པ་དེར་རེའུ་མིག་བཀོད་ཡོད། དེང་སང་གི་སློབ་གྲྭ་ཆེན་མོ་ཡི་ཆེད་སྤྱོད་ཀྱི་ཐ་སྙད་བརྒྱ་དང་དགུ་བཅུ་ལྷག་ལ་རྒྱ་བོད་དབྱིན་གསུམ་གྱི་ཤན་སྦྱར་བྱས་ནས་བཀོད་ཡོད། 

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།