ཀྲུང་གོ་གུང་ཁྲན་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྲོལ་ཡིག(སྨད་ཆ)

ལེའུ་བཞི་པ། ཏང་ཕྱིའི་ཤེས་ལྡན་པའི་ལས་དོན།

དོན་ཚན་བཅུ་བདུན་པ། རྒྱལ་ཁབ་ཀྱི་ལས་ཁུངས་དང་རྒྱལ་གཉེར་ཁེ་ལས་དང་བྱ་གཞག་སྡེ་ཁག་ནང་གི་ཏང་ཕྱིའི་ཤེས་ལྡན་པའི་ལས་དོན་སྤེལ་ཡུལ་གཙོ་བོ་ནི། མཐོ་རིམ་གྱི་གོ་གནས་ཡོད་པའི་ཏང་ཕྱིའི་ཤེས་ལྡན་པ་དང་། རིག་གཞུང་གི་སྣེ་ཁྲིད་པ། ལས་སྒོའི་རྐང་འཛིན་པ་གལ་ཆེན་ཁྲོད་ཀྱི་ཏང་ཕྱིའི་ཤེས་ལྡན་པ། རྒྱལ་ཁབ་ཀྱི་ལས་ཁུངས་དང་། མཐོ་རིམ་སློབ་གྲྭ། ཚན་རིག་ཞིབ་འཇུག་ཁང་། རྒྱལ་གཉེར་ཁེ་ལས་ཆེ་འབྲིང་བཅས་ཀྱི་འབྲིང་རིམ་ཡན་གྱི་མགོ་ཁྲིད་ཀྱི་གོ་གནས་ཡོད་པའི་ཏང་ཕྱིའི་ཤེས་ལྡན་པ་དང་། གྲུབ་འབྲས་ལྡན་ལ་བག་ཆགས་ཀྱང་བཞག་ཡོད་པའི་ཏང་ཕྱིའི་ཤེས་ལྡན་པ་གཞན་དག་བཅས་ཡིན།

རྒྱལ་ཁབ་ལས་ཁུངས་དང་རྒྱལ་གཉེར་ཁེ་ལས་དང་བྱ་གཞག་སྡེ་ཁག་གི་ཏང་ཙུའུ་(ཏང་ཨུ)ཡིས་ཁྱབ་ཁོངས་དེ་ག་དང་སྡེ་ཁག་དེ་གའི་ཏང་ཕྱིའི་ཤེས་ལྡན་པའི་བྱ་བའི་འགན་འཁུར་དགོས་པ་དང་། བསམ་བློའི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ནུས་པ་འདོན་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་པ། ཏང་ཕྱིའི་ཤེས་ལྡན་པ་འཐབ་ཕྱོགས་གཅིག་གྱུར་བྱ་བ་དང་བྱེད་སྒོར་ཞུགས་པར་རྩ་འཛུགས་བྱེད་དགོས། 

དོན་ཚན་བཅོ་བརྒྱད་པ། རྒྱ་ཁྱབ་ཏུ་མཐུན་སྒྲིལ་དང་། སྤྲོ་སེམས་ཆེན་པོས་ཞབས་ཞུ། ཧུར་ཐག་གིས་ཁྲིད་སྟོན། ནུས་པ་འདོན་སྤེལ་བྱེད་པའི་བྱེད་ཐབས་བཅས་རྒྱུན་འཁྱོངས་བྱས་ནས། ཕྱི་རྒྱལ་དུ་འགྲོ་བ་དང་རྒྱལ་ནང་དུ་ལོག་པའི་ཕྱི་འགྲིམ་སློབ་མའི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ལེགས་པར་བསྒྲུབ་དགོས།

ཡོ་རོབ་དང་མེ་གླིང་སློབ་ཚོགས(ཀྲུང་གོའི་ཕྱི་འགྲིམ་སློབ་མའི་མཐུན་འབྲེལ་ལྷན་ཚོགས)ནི་ཏང་གིས་ཕྱི་འགྲིམ་སློབ་མ་དང་འབྲེལ་བ་བྱེད་པའི་འབྲེལ་ཟམ་ལྟ་བུ་ཡིན་པས། ཕྱི་འགྲིམ་སློབ་མའི་ལས་དོན་ལེགས་པར་སྒྲུབ་པར་རམ་འདེགས་བྱེད་པ་དང་། ཕྱི་འགྲིམ་སློབ་མའི་ཁྱིམ་གཞིས་བཅས་ལ་ཟེར། ཞིང་ཆེན་(རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར)སོ་སོ་དང་། ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར། ཞིང་ཆེན་ལྟེ་གནས་གྲོང་ཁྱེར་བཅས་ཀྱིས་ཕྱི་འགྲིམ་སློབ་མ་རྩ་འཛུགས་འཛུགས་བྱེད་དགོས། ཕྱི་འགྲིམ་སློབ་མ་ཅུང་གཅིག་བསྡུས་ཡིན་པའི་གྲོང་ཁྱེར་དང་མཐོ་རིམ་སློབ་གྲྭ། ཚན་རིག་ཞིབ་འཇུག་ཁང་སོགས་ཀྱི་སྡེ་ཁག་གཞན་དག་གིས་ཕྱི་འགྲིམ་སློབ་མའི་རྩ་འཛུགས་བཙུགས་ཆོག

དོན་ཚན་བཅུ་དགུ་པ། ཞིང་ཆེན་རིམ་པ(རང་སྐྱོང་ལྗོངས་དང་། ཐད་གཏོགས་གྲོང་ཁྱེར)དང་། ཞིང་ཆེན་རིམ་པ་གཞོན་པའི་གྲོང་ཁྱེར། ཞིང་ཆེན་ལྟེ་གནས་གྲོང་ཁྱེར་བཅས་ཀྱིས་ཏང་ཕྱིའི་ཤེས་ལྡན་པའི་མཐུན་འབྲེལ་ལྷན་ཚོགས་བཙུགས་ནས། ཏང་ཕྱིའི་ཤེས་ལྡན་པའི་བསམ་བློ་དང་ཆབ་སྲིད་ཁྲིད་སྟོན་གྱི་ལས་དོན་ལེགས་པར་བསྒྲུབ་དགོས།

འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་ཏང་ཕྱིའི་ཤེས་ལྡན་མི་སྣའི་མཐུན་འབྲེལ་ལྷན་ཚོགས་ལ་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་དགོས།

ལེའུ་ལྔ་པ། མི་རིགས་ལས་དོན།

དོན་ཚན་ཉི་ཤུ་པ། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་ལམ་བུའི་ཐོག་བསྐྱོད་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱེད་པ་དང་། མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས། ཏང་གི་མི་རིགས་སྲིད་ཇུས་ཕྱོགས་ཡོངས་ནས་ལག་བསྟར། མི་རིགས་ས་ཁོངས་ཀྱི་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་ཚང་དུ་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ། མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་། བསམ་བློ་བརྗེ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་ནས་མི་རིགས་སོ་སོས་ཐུན་མོང་སྒོས་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་ཡར་རྒྱས་གོང་འཕེལ་ཡོང་བ་མངོན་འགྱུར་བྱེད་དགོས།

དོན་ཚན་ཉེར་གཅིག་པ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་དམངས་འཚོ་ལེགས་སུ་གཏོང་བར་དམིགས་ནས། མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། རྒྱུན་མི་ཆད་པར་མི་རིགས་སོ་སོའི་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་དགོས། མི་རིགས་སོ་སོའི་རིག་གནས་རྒྱུན་འཛིན་སྲུང་སྐྱོང་དང་གསར་གཏོད་མཉམ་བསྲེས་བྱེད་པར་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཕྱོགས་ཡོངས་ནས་ཁྱབ་སྤེལ་གཏོང་བ། གྲངས་ཉུང་མི་རིགས་སོ་སོའི་སྐད་ཡིག་སློབ་སྦྱོང་དང་བེད་སྤྱོད་བྱེད་པར་བརྩི་འཇོག་དང་རྒྱབ་སྐྱོར་བཅས་བྱེད་དགོས། མི་རིགས་ས་ཁུལ་གྱི་མི་རིགས་སོ་སོའི་ལས་བྱེད་པ་གསོ་སྐྱོང་པར་ཤུགས་སྣོན་དང་། གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་འདེམས་བསྐོ་དང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ནས། ཧུར་ཐག་གིས་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ཤེས་ལྡན་མི་སྣགསོ་སྐྱོང་བྱེད་དགོས།

དོན་ཚན་ཉེར་གཉིས་པ། མར་ཁེ་སི་རིང་ལུགས་ཀྱི་མེས་རྒྱལ་གྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་། ཏང་གི་མི་རིགས་གཞུང་ལུགས་དང་སྲིད་ཇུས་སློབ་སྦྱོང་། དྲིལ་བསྒྲགས། མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་འཛུགས་བཅས་བྱས་ཏེ། མི་རིགས་སོ་སོའི་མང་ཚོགས་ཀྱིས་རླབས་ཆེ་བའི་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་གཏོང་དགོས།

འདྲ་མཉམ། མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། མི་རིགས་ལ་མཐོང་ཆུང་བྱེད་པའི་རྣམ་པ་མཐའ་དག་ལ་ངོ་རྒོལ། རྒྱ་རིགས་ཆེན་པོའི་རིང་ལུགས་དང་ས་གནས་མི་རིགས་རིང་ལུགས་ལ་ངོ་རྒོལ་བཅས་བྱེད་དགོས། གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ལ་བརྩི་འཇོག་དང་། གྲངས་ཉུང་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་། མི་རིགས་ཀྱི་ལས་དོན་ཁྲིམས་ལྟར་བཅོས་སྐྱོང་དང་། མི་རིགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཡོད་པའི་འགལ་བ་དང་རྩོད་གཞི་ཐག་གཅོད་འོས་འཚམ་བྱེད་དགོས། གྲོང་ཁྱེར་གྱི་མི་རིགས་ལས་དོན་ལེགས་པར་བསྒྲུབ་དགོས།

སིམ་འཛུལ་དང་མགོ་རྟིང་སློག་པ། གཏོར་བཤིག་བཅས་ཀྱི་བྱེད་སྒོ་དང་། གཏུམ་སྤྱོད་འཇིགས་སྐུལ་གྱི་བྱེད་སྒོ། མི་རིགས་ཁ་བྲལ་གྱི་བྱེད་སྒོ། ཆོས་ལུགས་ཀྱི་ཐལ་དྲག་པའི་བྱེད་སྒོ་བཅས་སྣ་ཚོགས་ལ་སྔོན་འགོག་དང་རྡུང་རྡེག་བཏང་ནས། རྒྱལ་ཁབ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་བརླིང་བཅས་ལ་སྲུང་སྐྱོང་བྱེད་དགོས།

ལེའུ་དྲུག་པ། ཆོས་ལུགས་ལས་དོན།

དོན་ཚན་ཉེར་གསུམ་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆོས་ལུགས་ཀྱི་རིགས་པའི་གཞུང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས། “སྣེ་ཁྲིད་པའི”རྣམ་འགྱུར་ཐོག་ནས་ཆོས་ལུགས་ལ་ལྟ་སྟངས་འཛིན་པ་བཅས་བྱས་ཏེ་ཁྲིམས་མཐུན་སྲུང་སྐྱོང་དང་། ཁྲིམས་འགལ་བཀག་སྡོམ། ཐལ་དྲག་པར་བཀག་སྡོམ། སིམ་འཛུལ་ལ་སྔོན་འགོག ཉེས་གསོག་ལ་རྡུང་རྡེག་གཏོང་བ་བཅས་བྱས་ཏེ། དགེ་མཚན་ལྡན་ཞིང་བདེ་འཇགས་ཀྱི་ཆོས་ལུགས་འབྲེལ་བ་འཛུགས་དགོས།

དོན་ཚན་ཉེར་བཞི་པ། ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་མཐའ་འཁྱོངས་བྱེད་དགོས་པ་སྟེ། ཕྱོགས་ཡོངས་ནས་ཏང་གི་ཆོས་དད་རང་མོས་ཀྱི་སྲིད་ཇུས་ལག་བསྟར་དང་། ཁྲིམས་ལྟར་ཆོས་ལུགས་ལས་དོན་ལ་དོ་དམ། རང་ཚུགས་རང་བདག་དང་རང་གཉེར་གྱི་རྩ་དོན་མཐའ་འཁྱོངས་བྱེད་པ་བཅས་ཀྱི་སྟེང་ནས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་མཐུན་པོ་ཡོང་བར་ཧུར་ཐག་གིས་ཁྲིད་སྟོན་བྱེད་དགོས།

སྤྱི་དམངས་ཀྱི་ཆོས་ལུགས་དད་རང་མོས་དང་ཆོས་ལུགས་ལ་མི་དད་མི་པའི་རང་དབང་ལ་བརྩི་འཇོག་དང་སྲུང་སྐྱོང་བྱ་དགོས། ཆོས་སྲིད་སོ་སོར་འབྱེད་པ་རྒྱུན་འཁྱོངས་བྱེད་དགོས།

      ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་། བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྟེན་ནས་ཆོས་ལུགས་ལས་དོན་ལ་དོ་དམ་ཚད་ལྡན་དང་ཆོས་ལུགས་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་ཀྱི་འབྲེལ་བ་སྣ་ཚོགས་སྙོམས་སྒྲིག་བྱེད་མཁས་པ། ཁྲིམས་སྐྱོང་བསམ་བློ་དང་ཁྲིམས་སྐྱོང་བྱེད་ཐབས་ལ་བརྟེན་ནས་ཆོས་ལུགས་ཁྱབ་ཁོངས་ཀྱི་འགལ་བ་དང་གནད་དོན་འོས་འཚམ་གྱིས་ཐག་གཅོད་བྱེད་པ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་དབང་གྲགས་རང་རྟོགས་ཀྱིས་སྲུང་སྐྱོང་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བཅས་བྱས་ཏེ། བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འབེབས་བྱས་པའི་ཁྱབ་ཁོངས་ནང་བྱེད་སྒོ་སྤེལ་དགོས།

     ཕྱི་རྒྱལ་གྱི་སྟོབས་ཤུགས་ཀྱིས་རང་རྒྱལ་གྱི་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་ལས་དོན་ལ་ཐེ་གཏོགས་དང་བཀོད་སྒྲིག་བྱེད་པར་སྔོན་འགོག་བྱེད་དགོས། མངའ་ཁོངས་ཕྱི་ནས་ཆོས་ལུགས་བེད་སྤྱད་དེ་སིམ་འཛུལ་བྱེད་པར་དོགས་ཟོན་དང་བཀག་འགོག་བྱེད་པ། ཆོས་ལུགས་ལས་རིགས་ཀྱིས་རང་བཙན་རང་བདག་དང་། འདྲ་མཉམ་འཆམ་མཐུན། ཕན་ཚུན་བརྩི་འཇོག་བཅས་བྱེད་པའི་རྨང་གཞིའི་སྟེང་ཕྱི་ཕྱོགས་འགྲོ་འོང་སྤེལ་བར་རྒྱབ་སྐྱོར་དང་སྐུལ་འདེད་གཏོང་དགོས།

     སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བར་བརྟེན་ནས་ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ལ་ཁྲིད་སྟོན་དང་སློབ་གསོ་གཏོང་བ་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣས་ཆོས་ལུགས་ཀྱི་བསྟན་དོན་ལ་དེང་རབས་ཀྲུང་གོའི་འཕེལ་རྒྱས་ཡར་ཐོན་གྱི་བླང་བྱ་དང་ཀྲུང་ཧྭའི་ཕུལ་བྱུང་རིག་གནས་དང་འཚམ་པའི་འགྲེལ་བཤད་རྒྱག་པར་རྒྱབ་སྐྱོར་དང་ཁྲིད་སྟོན་བྱེད་པ། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་རླབས་ཆེ་བའི་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭའི་རིག་གནས། ཀྲུང་གོ་གུང་ཁྲན་ཏང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བཅས་ལ་མོས་སེམས་འཆང་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཆོས་ལུགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ་ཆོས་ལུགས་ཀྱི་དགེ་མཚན་མེད་པའི་ནུས་པ་བཀག་འགོག་བྱེད་དགོས།

དོན་ཚན་ཉེར་ལྔ་པ། ཆབ་སྲིད་ཐད་མཐུན་སྒྲིལ་མཉམ་ལས་དང་དད་མོས་ཐད་ཕན་ཚུན་བརྩི་འཇོག་བྱེད་པ་རྒྱུན་འཁྱོངས་དང་། ཆོས་ལུགས་ཚོགས་པས་རང་ངོས་འཛུགས་སྐྱོང་དང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པར་རྒྱབ་སྐྱོར་བྱས་ཏེ། ཏང་དང་ཆོས་ལུགས་ལས་རིགས་བར་གྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།

གུང་ཁྲན་ཏང་ཡོན་གྱིས་དད་ལྡན་མང་ཚོགས་ལ་མཐུན་སྒྲིལ་བྱེད་དགོས་པ་ལས་ཆོས་ལུགས་ལ་དད་པ་བྱེད་མི་རུང་།

དོན་ཚན་ཉེར་དྲུག་པ། གཞི་རིམ་གྱི་ཆོས་ལུགས་ལས་དོན་ལ་ཤུགས་བསྣན་ནས། རྫོང(གྲོང་ཁྱེར་དང་ཆུས། ཆི)ཤང(གྲོང་རྡལ། སྲང་ལམ)གྲོང་ཚོའི(སྡེ་ཁུལ)རིམ་པ་གསུམ་གྱི་ཆོས་ལུགས་ལས་དོན་གྱི་དྲ་རྒྱ་དང་ཤང(གྲོང་རྡལ་དང་ཁྲོམ་གཞུང)གྲོང་ཚོ)རིམ་གཉིས་ཀྱི་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། རིམ་པ་དབྱེ་ནས་འགན་འཁུར་དགོས་པ་དང་ཁོངས་གཏོགས་དོ་དམ་དང་འགན་འཁྲི་བདའ་འདེད་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། ཆོས་ལུགས་ལས་དོན་གྱི་ལས་འགན་ལྕི་བའི་ཤང(གྲོང་རྡལ་དང་ཁྲོམ་གཞུང)དུ་ཏང་ཨུ་ལ་མགོ་ཁྲིད་ལས་བྱེད་པས་ཆོས་ལུགས་ལས་དོན་ལ་ལས་བགོས་འགན་གཉེར་བྱེད་པ་དང་ཆེད་གཉཆར་མི་སྣ་གཏན་འཁེལ་བྱས་ནས་འགན་འཁུར་དུ་འཇུག་དགོས།

     ལེའུ་བདུན་པ། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་ཁྱབ་ཁོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན།

དོན་ཚན་ཉེར་བདུན་པ། སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། སྤྱི་ལ་དབང་བ་མི་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་དུ་སྤེལ་བའི་སྐོར་གྱི་ཏང་གི་བྱེད་ཕྱོགས་དང་སྲིད་ཇུས་གཏན་འབེབས་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ། སྲིད་ཚོང་ཉེ་གཙང་གི་འབྲེལ་བ་འཛུགས་པར་སྐུལ་འདེད་བཏང་ནས། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་དུ་འཕེལ་བར་ཕན་པའི་སྲིད་ཇུས་ཀྱི་ཁོར་ཡུག་དང་། ཁྲིམས་སྐྱོང་གི་ཁོར་ཡུག ཚོང་རའི་ཁོར་ཡུག སྤྱི་ཚོགས་ཀྱི་ཁོར་ཡུག་བཅས་ཆགས་པར་བྱེད་དགོས། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་ཁེ་ལས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པར་ཁྲིད་སྟོན་བྱེད་དགོས།

དོན་ཚན་ཉེར་བརྒྱད་པ། ཡིད་ཆེས་དང་མཐུན་སྒྲིལ། ཞབས་ཞུ། ཁྲིད་སྟོན། སློབ་གསོ་བཅས་ཀྱི་བྱེད་ཕྱོགས་སྒོ་ཕྱོགས་ཡོངས་ནས་ལག་བསྟར་དང་། ཕུགས་བསམ་དང་ཡིད་ཆེས་སྐོར་གྱི་སློབ་གསོ་གཏིང་ཟབ་ཏུ་གཏོང་བ། སྤྱི་ལ་དབང་བ་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གཉེར་སྐྱོང་བྱེད་མཁན་རྣམས་ལ་རྒྱལ་གཅེས་དང་། ལས་བཀུར། གསར་གཏོད། ཁྲིམས་སྲུང་། ཡིད་རྟོན། བྱས་རྗེས་འཇོག་པ་བཅས་ཀྱི་ཁྲིད་སྟོན་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་འཛུགས་སྐྲུན་བྱེད་མཁན་ཚད་ལྡན་ཞིག་བྱེད་དགོས།

སྲིད་གཞུང་དང་ཁེ་ལས་འབྲེལ་མཐུད་གྲོས་མོལ་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གཉེར་སྐྱོང་བྱེད་མཁན་མི་སྣའི་རེ་འདུན་ལ་རྒྱུས་ལོན་བྱས་ཏེ། དེས་ཁྲིམས་བཀོད་གོ་རིམ་ལྟར་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པར་རོགས་རམ་བྱེད་དགོས། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣས་གོ་རིམ་ལྡན་པའི་སྒོ་ནས་ཆབ་སྲིད་ལ་ཞུགས་པའི་ཤར་བགྲོད་ལམ་བཟོས་ནས་ཆབ་སྲིད་ལ་ཞུགས་པའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བར་ཁྲིད་སྟོན་བྱེད་དགོས།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཚོང་ཚོགས་རྩ་འཛུགས་སྐྱེད་སྲིང་དང་འཕེལ་རྒྱས་བཏང་ནས། འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ཚོང་ཚོགས་ཀྱི་རྩ་འཛུགས་ནུས་ལྡན་ངང་ཁྱབ་པར་སྐུལ་འདེད་གཏོང་དགོས། 

དོན་ཚན་ཉེར་དགུ་པ། བཟོ་ཚོང་མཉམ་འབྲེལ་ཚོགས་པ་ནི་ཏང་གིས་མགོ་ཁྲིད་བྱེད་པའི་དམངས་གཉེར་ཁེ་ལས་དང་དམངས་གཉེར་དཔལ་འབྱོར་མི་སྣ་གཙོ་བོར་བྱས་ཤིང་། དེར་འཐབ་ཕྱོགས་གཅིག་གྱུར་གྱི་རང་བཞིན་དང་། དཔལ་འབྱོར་གྱི་རང་བཞིན། དམངས་ཁྲོད་ཀྱི་རང་བཞིན་བཅས་གཅིག་གྱུར་དམ་ཚགས་ཀྱི་གཞི་རྩའི་ཁྱད་ཆོས་ལྡན་པའི་མི་དམངས་ཚོགས་པ་དང་ཚོང་ཚོགས་ཀྱི་རྩ་འཛུགས་ཤིག་ཡིན། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་བདེ་འཇགས་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། སྤྱི་ལ་དབང་བ་མ་ཡིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གཉེར་སྐྱོང་བྱེད་མཁན་མི་སྣ་བདེ་འཇགས་ངང་འཚར་ལོངས་འབྱུང་བར་དམིགས་ནས། འགན་འཁྲི་ལག་བསྟར་དང་ནུས་པ་འདོན་སྤེལ་བྱེད་དགོས།

བཟོ་ཚོང་མཉམ་འབྲེལ་ཆབ་སྲིད་གྲོས་མོལ་ཁྲོད་ཞུགས་པ་དང་། སྲིད་ཞུགས་གྲོས་མོལ། དམངས་གཙོ་ལྟ་སྐུལ་བཅས་བྱེད་པའི་ཞིབ་ཕྲའི་ནང་དོན་དང་རྣམ་པ་དོན་ཚན་འདིའི་ལེའུ་གསུམ་པར་འབྲེལ་བ་ཡོད་པའི་གཏན་འབེབས་གཞིར་བཟུང་ནས་ལག་བསྟར་བྱེད་དགོས། 

བཟོ་ཚོང་མཉམ་འབྲེལ་གྱིས་ཁོངས་གཏོགས་ཚོང་ཚོགས་ཀྱི་ལས་སྒོ་གཉེར་བའི་ལས་ཁུངས་གཙོ་བོའི་འགན་འཁྲི་སྒྲུབ་པ་དང་། ཚོགས་མིར་བསམ་བློ་ཆབ་སྲིད་ཀྱི་ལས་དོན་དང་། སློབ་གསོའི་གསོ་སྦྱོང་སྤེལ་བ།  ཚོང་ཚོགས་ཁོངས་གཏོགས་ཀྱི་འགན་འཁུར་པ་གཙོ་བོར་རྟོག་ཞིབ་བཤེར་ཞིབ་དཔྱད་བྱེད་པ། བཟོ་ཚོང་མཉམ་འབྲེལ་གྱིས་དམངས་གཉེར་ཁེ་ལས་དང་ཁེ་གཉེར་དཔལ་འབྱོར་མི་སྣ་གཞན་དག་གཙ་བོ་ཡིན་པའི་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ལ་འབྲེག་གཏུག་དང་། ཁྲིད་སྟོན། ཞབས་ཞུ་བཅས་བསྒྲུབ་པར་ཤུགས་སྣོན་དགོས། 

དོན་ཚན་སུམ་ཅུ་པ། འཐབ་ཕྱོགས་གཅིག་གྱུར་པུའུ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་རིམ་པ་གཅིག་མཚུངས་ཀྱི་ཏང་ཨུའི་བཀོད་སྒྲིག་ལྟར། དམངས་གཉེར་ཁེ་ལས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ནང་ཞུགས་པ། བཟོ་ཚོང་མཉམ་འབྲེལ་ཚོགས་པའི་ཏང་ཙུའུ་ཡིས་ཁོངས་ཁོངས་ཚོགས་མིའི་ཁེ་ལས་ཀྱི་ཏང་རྩ་འཛུགས་ལེགས་སྐྱོང་བྱེད་པའི་བྱ་བར་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས།

བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཏང་ཙུའུ་ཡིས་ཁོངས་གཏོགས་ཚོང་ཚོགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བྱེད་པོའི་འགན་འཁྲི་ལག་བསྟར་བྱེད་དགོས

ལེའུ་བརྒྱད་པ། སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན།

དོན་ཚན་སོ་གཅིག་པ། སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་ཁྲོད་གཙོ་བོ། དམངས་གཉེར་ཁེ་ལས་དང་ཕྱི་ཚོང་མ་དངུལ་འཇོག་པའི་ཁེ་ལས་ཀྱི་དོ་དམ་ལག་རྩལ་མི་སྣ། མཚམས་སྦྱོར་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ལས་ཞུགས་མི་སྣ་བཅས་ཡོད། རང་དབང་ལས་རིགས་གཉེར་མཁན། སྨྱན་སྦྱོར་གསར་པའི་ལས་གཉེར་མི་སྣ་སོགས་འདུ།

དོན་ཚན་སོ་གཉིས་པ། ཡིད་ཆེས་བརྩི་བཀུར་དང་། མཐུན་སྒྲིལ་ཁྲིད་སྟོན། རྩ་འཛུགས། ནུས་པ་འདོན་སྤེལ་བཅས་བྱེད་པའི་བསམ་ཕྱོགས་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་ཅན་དང་དྲ་རྒྱ་ཅན་གྱི་བྱ་ཐབས་སྤྱད་ནས་ལག་ལེན་དང་གསར་གཏོད་རྟེན་གཞི་དང་མཐུན་འབྲེལ་རྩ་འཛུགས་སོགས་ཀྱི་རྣམ་པ་བརྒྱུད་རིགས་དབྱེ་ཚོགས་དབྱེའི་ཐབས་ཇུས་འདོན་པ་དང་། བསམ་བློའི་ཁྲིད་སྟོན་ལ་ཤུགས་སྣོན། ཆབ་སྲིད་ཀྱི་ཐུན་མོང་ངོས་འཛིན་ཆགས་པ་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་བྱ་གཞག་ཁྲོད་ཀྱི་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་ནུས་པ་གལ་ཆེན་འདོན་སྤེལ་བྱེད་དགོས།

དོན་ཚན་སོ་གསུམ་པ། སྤྱི་ཚོགས་ཀྱི་རིམ་གྲས་གསར་པ་དང་འབྲེལ་བ་དམ་ཟབ་ཡོད་པའི་ཏང་སྲིད་སྡེ་ཁག་དང་། མང་ཚོགས་ཚོགས་པ། སྤྱི་ཚོགས་ཀྱི་རྩ་འཛུགས་སོགས་ཀྱིས་འགན་ནུས་འདོན་སྤེལ་དང་། བྱ་བའི་ནང་རྐྱེན་འཐུས་ཚང་། མཐུན་སྦྱོར་དང་གཞོགས་འདེགས་དམ་ཟབ་བཅས་བྱས་ཏེ། ཐུན་མོང་སྒོས་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལེགས་པར་བསྒྲུབ་དགོས།

སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣ་གནས་སའི་སྲང་ལམ་དང་། སྡེ་ཁུལ། འདུས་ཁུལ། ཁེ་ལས་སོགས་ཀྱི་ཏང་རྩ་འཛུགས་ཀྱིས་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱས་ཏེ། སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་དེ་བྱ་བའི་འགན་འཁྲི་གལ་ཆེན་དུ་འཇོག་པ་དང་། འབུར་ཐོན་གྱི་གནད་དོན་ཞིབ་འཇུག་དང་ཐག་གཅོད་བྱེད་དགོས།

ལེའུ་དགུ་པ། ཤང་ཀང་དང་། ཨའོ་མོན། ཐའེ་ཝན་བཅས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན།

དོན་ཚན་སོ་བཞི་པ། ཤང་ཀང་དང་ཨའོ་མོན་གཉིས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ལས་འགན་གཙོ་བོ་ནི། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”དང་། “ཤང་ཀང་གིས་ཤང་ཀང་སྐྱོང་བ།” “ཨའོ་མོན་གྱིས་ཨའོ་མོན་སྐྱོང་བ།” ཚད་མཐོའི་རང་སྐྱོང་བྱེད་པ་བཅས་ཀྱི་བྱེད་ཕྱོགས་ཕྱོགས་ཡོངས་དང་གནད་ལ་འཁེལ་བར་ལག་ལེན་མཐར་ཕྱིན་བྱེད་པ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་ལམ་ལུགས་མ་ལག་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། ནན་ཏན་གྱིས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་གཞིར་བཟུང་ནས་ལས་དོན་བསྒྲུབ་པ། དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་བཀོད་འདོམས་དང་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་དོན་སྐྱོང་བར་རྒྱབ་སྐྱོར་བྱེད་པ། ཤང་ཀང་དང་ཨའོ་མོན་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་ཀྱི་ཁྲོད་མཉམ་འདྲེས་ཐུབ་པར་རྒྱབ་སྐྱོར་བྱེད་པ། རྒྱལ་གཅེས་ཤང་ཀང་ལ་གཅེས་པ་དང་། རྒྱལ་གཅེས་དང་ཨའོ་མོན་ལ་གཅེས་བའི་སྟོབས་ཤུགས་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བ། སྤུན་ཟླ་ཤང་ཀང་དང་། སྤུན་ཟླ་ཨའོ་མོན་གྱི་རྒྱལ་ཁབ་ཀྱི་འདུ་ཤེས་འཛིན་ཤུགས་དང་རྒྱལ་གཅེས་བྱེད་པའི་འདུ་ཤེས་མཐོ་རུ་གཏོང་བ། རྒྱལ་ཁབ་ཀྱི་བདག་དབང་བདེ་འཇགས་ངང་འཕེལ་རྒྱས་གཏོང་བའི་ཁེ་ཕན་སྲུང་སྐྱོང་བྱེད་པ། ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་དང་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱེད་པ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་ལག་ལེན་བརྟན་འཇགས་ངང་ཡུན་རིང་འཕེལ་རྒྱས་ཡོང་བར་འགན་ལེན་བྱེད་དགོས། 

དོན་ཚན་སོ་ལྔ་པ། ཐའེ་ཝན་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་ལས་འགན་གཙོ་བོ་ནི། ཏང་ཀྲུང་དབྱང་གིས་ཐའེ་ཝན་ལས་དོན་གྱི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་ལག་བསྟར་དང་། ཀྲུང་གོ་གཅིག་གི་རྩ་དོན་མཐའ་འཁྱོངས་བྱེད་པ། རྒྱལ་ཁབ་ཕྱི་ནང་གི་སྤུན་ཟླ་ཐའེ་ཝན་དང་རྒྱ་ཁྱབ་ངང་མཐུན་སྒྲིལ་བྱེད་པ། ཐའེ་ཝན་གྱི་རྒྱལ་གཅེས་གཅིག་གྱུར་གྱི་སྟོབས་ཤུགས་འཕེལ་རྒྱས་དང་རྒྱ་བསྐྱེད་པ། “ཐའེ་ཝན་རང་བཙན”གྱི་ཁ་བྲལ་བྱ་སྤྱོད་ལ་ངོ་རྒོལ་བྱེད་པ། མེས་རྒྱལ་ཞི་བའི་གཅིག་གྱུར་གྱི་འཕེལ་རིམ་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས། བློ་གཅིག་སེམས་གཅིག་གིས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་ཡོང་བ་བྱེད་དགོས། 

དོན་ཚན་སོ་དྲུག་པ། དམངས་གཙོའི་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣར་རྒྱབ་སྐྱོར་དང་། འབྲེལ་ཡོད་མི་དམངས་ཚོགས་པ་དང་སྤྱི་ཚོགས་ཚོགས་པར་ཁྲིད་སྟོན། ཤང་ཀང་དང་ཨའོ་མོན། ཐའེ་ཝན་གསུམ་གྱི་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཁྲོད་ནུས་པ་འདོན་སྤེལ་བཅས་བྱེད་དགོས།

ལེའུ་བཅུ་པ། ཕྱི་རྒྱལ་གྱི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་དང་ཕྱིར་སྡོད་རང་མིའི་ལས་དོན།

དོན་ཚན་སོ་བདུན་པ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་བསྣན་ནས་ཕྱིར་སྡོད་རང་མི་དང་ཕྱི་འགྲིམ་སློབ་མ་སོགས་ཀྱིས་མེས་རྒྱལ་ལ་དགའ་ཞེན་དང་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་རྒྱུས་ལོན་དང་ཁས་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཀྲུང་ཧྭའི་ཕུལ་བྱུང་རིག་གནས་རྒྱུན་འཛིན་དང་དར་སྤེལ་བཏང་ནས། ཀྲུང་ཕྱིའི་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བ། ཕྱིར་སྡོད་རང་མི་རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ནང་ཞུགས་པ། མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ནང་ཞུགས་པ། “ཐའེ་ཝན་རང་བཙན”སོགས་ཀྱི་སྟོབས་ཤུགས་བཀག་འགོག་བྱས་ནས། རྒྱལ་ཁབ་ཀྱི་ལྟེ་བའི་ཁེ་ཕན་སྲུང་སྐྱོང་བྱེད་པ། ཀྲུང་ཕྱིའི་མཛའ་བརྩེའི་འབྲེལ་ཟམ་གྱི་ནུས་པ་འདོན་སྤེལ་བྱས་ནས། རྒྱལ་སྤྱིའི་ཁོར་ཡུག་བཟང་པོ་འཛུགས་སྐྲུན་བྱེད་དགོས། 

དོན་ཚན་སོ་བརྒྱད་པ། ཕྱིར་སྡོད་རང་མིའི་ལས་དོན་གྱི་ལས་འགན་གཙོ་བོ་ནི་སྟོབས་ཤུགས་གཅིག་སྒྲིལ་དང་ཀྲུང་གོའི་ཕུགས་འདུན་མཉམ་དུ་ལོངས་སུ་སྤྱོད་པའི་བརྗོད་དོན་གཙོ་བོ་ཡིན་ལ། ཕྱིར་སྡོད་རང་མི་དང་། ཕྱིར་ལོག་རང་མི། ཕྱིར་སྡོད་རང་མིའི་ཁྱིམ་མི་བཅས་ཀྱི་འཐུས་མིའི་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་བ། ཕྱིར་སྡོད་རང་མིའི་སེམས་གོང་བུ་གཅིག་ཏུ་འགྲིལ་བར་བྱེད་པ། ཕྱིར་སྡོད་རང་མིའི་བློ་གྲོས་གཅིག་བསྡུས་དང་། སྟོབས་ཤུགས་འདོན་སྤེལ། ཁེ་ཕན་སྲུང་སྐྱོང་བཅས་བྱེད་དགོ། ཕྱིར་སྡོད་རང་མིར་ཞབས་འདེགས་ཞུ་བ། རྒྱལ་ནང་གི་ཕྱིར་སྡོད་རང་མི་དང་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་རང་མིའི་ལས་དོན་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། ཕྱིར་སྡོད་རང་མིའི་ལས་དོན་གྱི་ཐོན་ཁུངས་གསོ་སྐྱོང་ལ་ཤུགས་འདོན་པ། ཕྱིར་སྡོད་རང་མི་དང་ཕྱིར་ལོག་རང་མིར་ཁྲིད་སྟོན་བྱེད་པ། ཕྱིར་སྡོད་རང་མིའི་ཁྱིམ་མི་བཅས་ཀྱིས་མེས་རྒྱལ་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་བྱེད་པར་གཞོལ་བ། ཀྲུང་གོ་གཅིག་གྱུར་ཡོང་བར་སྲུང་སྐྱོང་དང་སྐུལ་སྤེལ་བྱེད་པ། ཀྲུང་གོའི་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་བྱེད་པ། ཀྲུང་གོའི་མི་དམངས་དང་འཛམ་གླིང་མི་དམངས་བར་གྱི་མཛའ་མཐུན་མཉམ་ལས་སྤེལ་རེས་ཇེ་ཟབ་ཏུ་གཏོང་བར་འབད་བརྩོན་བྱེད་པ། མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་དགོས།

ཕྱིར་སྡོད་རང་མིའི་ཡང་དག་ཁེ་དབང་དང་ཁེ་ཕན་སྲུང་སྐྱོང་དང་། ཕྱིར་སྡོད་རང་མིའི་འཚོ་གནས་དང་འཕེལ་རྒྱས་ལ་སེམས་ཁུར། འཆམ་མཐུན་ཕྱིར་སྡོད་རང་མིའི་ལས་དོན་ཁང་འཛུགས་སྐྲུན་བྱེད་པར་སྐུལ་འདེད་དང་། ཕྱིར་སྡོད་རང་མིས་རང་ཉིད་གནས་སའི་རྒྱལ་ཁབ་དེའི་བཅའ་ཁྲིམས་བརྩི་སྲུང་དང་། ས་གནས་ཀྱི་གོམས་སྲོལ་བརྩི་སྲུང་། སྔར་ལས་ལྷག་པར་སྤྱི་ཚོགས་གཙོ་བོའི་ཁྲོད་ཞུགས་པ།  རང་ཉིད་གནས་སའི་རྒྱལ་ཁབ་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་བློ་གྲོས་ཀྱི་བྱས་རྗེས་དང་ནུས་པ་འདོན་ཆེད། ཁྲིམ་སྲུང་བློ་དཀར་དང་། ཀུན་སྤྱོད་ཚད་ལྡན། སྤྱི་ཚོགས་ལ་དགའ་ཞེན། མཐུན་སྒྲིལ་འཆམ་མཐུན་གྱི་རྒྱལ་ཁབ་ཆེན་མོའི་ཕྱིར་སྡོད་རང་མིའི་སྣང་བརྙན་གང་ལེགས་ཀྱིས་མངོན་དུ་འཇུག་དགོས། 

ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་གཉེན་ཉེའི་ཁྲིམས་མཐུན་དབང་ཆ་དང་ཁེ་དབང་ལ་སྲུང་སྐྱོང་དང་། ཕྱིར་ལོག་རང་མི་དང་། ཕྱིར་སྡོད་རང་མིའི་གཉེན་ཉེའི་ཁྱད་ཆོས་ལ་འོས་འཚམ་གྱིས་ལྟ་རྟོག་བྱས་ནས། ཧུར་ཐག་གིས་ཁོ་ཚོ་དང་ཕྱི་རྒྱལ་བར་འབྲེལ་གཏུག་བྱེད་པའི་ལེགས་ཆ་དང་ནུས་པ་འདོན་སྤེལ་བྱེད་དགོས། 

ལེའུ་བཅུ་གཅིག་པ། ཏང་ཕྱིའི་འཐུས་ཚབ་མི་སྣའི་དཔུང་ཁག་འཛུགས་སྐྱོང་།

 དོན་ཚན་སོ་དགུ་པ། ཏང་ཕྱིའི་འཐུས་ཚབ་མི་སྣ་ནི་ཀྲུང་གོ་གུང་ཁྲན་ཏང་དང་མཐུན་སྒྲིལ་མཉམ་ལས་བྱེད་པ་དང་། ལེགས་སྐྱེས་ཆེན་པོ་འབུལ་བ། སྤྱི་ཚོགས་ཀྱི་ཤུགས་རྐྱེན་ངེས་ཅན་ལྡན་པ་བཅས་ཀྱི་མི་སྣར་ཟེར་ཞིང་། དེའི་ཚད་གཞི་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པ་དང་། བྱས་རྗེས་མངོན་གསལ་ཡིན་པ། མང་ཚོགས་ཀྱི་ཁས་ལེན་ཐོབ་པ་བཅས་ཡིན། 

དོན་ཚན་བཞི་བཅུ་པ། ཏང་ཕྱིའི་འཐུས་ཚབ་མི་སྣའི་གསར་རྙེད་གསོག་འཇོག་བྱེད་ཤུགས་ཆེ་རུ་གཏོང་བ། མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་གིས་ཏང་ཕྱིའི་འཐུས་ཚབ་མི་སྣ་གསོ་སྐྱོང་དང་གདམ་གསེས་བྱེད་པའི་རྟེན་གཞི་གལ་ཆེན་གྱི་ནུས་པ་འདོན་སྤེལ་བྱེད་པ་དང་། རྒྱལ་ཁབ་ཀྱི་ལས་ཁུངས་དང་། རྒྱལ་གཉེར་ཁེ་ལས་དང་བྱ་གཞག་སྡེ་ཁག དམངས་གཉེར་ཁེ་ལས་དང་དེ་བཞིན་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣ་དང་། ཕྱི་རྒྱལ་དུ་འགྲོ་བ། ཕྱིར་རྒྱལ་ནང་དུ་ལོག་པའི་ཕྱི་འགྲིམ་སློབ་མ་བཅས་ཀྱི་ཁྲོད་ནས་ཏང་ཕྱིའི་འཐུས་ཚབ་མི་སྣ་ཤེས་རྟོགས་ཐུབ་པར་དོ་སྣང་བྱེད་དགོས།

དོན་ཚན་ཞེ་གཅིག་པ། ཆབ་སྲིད་ཀྱི་གསོ་སྐྱོང་སྦྱོང་བརྡར་བྱེད་པ་གཙོ་བོར་བཟུང་ནས། ཏང་ཕྱིའི་འཐུས་ཚབ་མི་སྣར་རིགས་པའི་གཞུང་ལུགས་ཀྱི་གསོ་སྦྱོང་བྱེད་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གླིང་ནི་འཐབ་ཕྱོགས་གཅིག་གྱུར་གྱི་ཤེས་ལྡན་མི་སྣའི་སློབ་གསོ་གསོ་སྐྱོང་བྱེད་པའི་གཡུལ་ས་གཙོ་བོ་ཡིན་པའི་ནུས་པ་འདོན་སྤེལ་དང་། ཏང་གི་སློབ་གྲྭ་(སྲིད་འཛིན་སློབ་གླིང་)དང་ལས་བྱེད་པའི་སློབ་གླིང་གི་ནུས་པ་འདོན་སྤེལ་བྱེད་པར་མཐོང་ཆེན། མཐོ་རིམ་སློབ་གྲྭ་སོགས་གསོ་སྦྱོང་ཐོན་ཁུངས་ལུགས་མཐུན་གྱིས་བེད་སྤྱོད་བྱེད་དགོས།

ཏང་ཕྱིའི་འཐུས་ཚབ་མི་སྣའི་ལག་ལེན་སྦྱོང་བརྡར་ལ་ཤུགས་སྣོན་དང་ཏང་ཕྱིའི་ལས་བྱེད་པ་དག་ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་བརྗེ་རེས་ཀྱི་སྤྱིའི་བཀོད་སྒྲིག་ནང་འཇུག་དགོས།

དོན་ཚན་ཞེ་གཉིས་པ། རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་། མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན། མི་དམངས་འཐུས་མི་ཚོགས་ཆེན་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་དང་ཀྲུའུ་རེན་ཨུ་ཡོན་གཞོན་པ། དེ་བཞིན་ཨུ་ཡོན་བཅས་ཀྱི་ཁྲོད་དུ་ཏང་ཕྱིའི་འཐུས་ཚབ་མི་སྣའི་བསྡུར་ཚད་འོས་འཚམ་སྲུང་འཛིན་བྱེད་དགོས། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་རིམ་པ་ཁག་གི་ཀྲུའུ་རེན་གཞོན་པའི་ཁྲོད་ཏང་ཕྱིའི་འཐུས་ཚབ་མི་སྣའི་གྲངས་འབོར་འོས་འཚམ་ཡོད་དགོས།

རྒྱལ་ཡོངས་དང་ཞིང་ཆེན་རིམ་པའི་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲོད་དམངས་གཙོ་ཤོག་གི་ཁོངས་མི་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་ཆེད་བསྐོས་དྲུང་ཡིག་ཆེན་མོ་གཞོན་པའི་འགན་འཁུར་དགོས། 

འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་ལ་གྲོས་མོལ་བྱས་ནས། མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་ཁྲོད་ཀྱི་ཏང་ཕྱིའི་འོས་མི་འོས་སྦྱོར་དང་མིང་འདོན་པའི་འགན་འཁུར་དགོས།

དོན་ཚན་ཞེ་གསུམ་པ། ཞིང་ཆེན་དང་གྲོང་ཁྱེར་རིམ་པ་གཉིས་ཀྱི་སྲིད་གཞུང་གི་མགོ་ཁྲིད་ཚན་ཁག་ཁྲོད་ཏང་ཕྱིའི་ལས་བྱེད་པ་བཀོད་སྒྲིག་བྱེད་དགོས། རྫོང་རིམ་པའི་སྲིད་གཞུང་གི་མགོ་ཁྲིད་ལས་ཁུངས་ཁྲོད་དོན་དངོས་དང་བསྟུན་ནས་ཧུར་ཐག་གིས་ཏང་ཕྱིའི་ལས་བྱེད་པ་བཀོད་སྒྲིག་བྱེད་དགོས།

སྲིད་གཞུང་རིམ་པ་སོ་སོའི་སྡེ་ཁག་ལ་དམིགས་བསལ་གྱི་རེ་འདུན་ཡོད་པ་ཕུད། ཏང་ཕྱིའི་ལས་བྱེད་པས་མགོ་ཁྲིད་ཀྱི་ལས་འགན་འཁུར་བར་ཧུར་ཐག་གིས་བཀོད་སྒྲིག་བྱས་ཆོག་པ་དང་། སྲིད་འཛིན་ཁྲིམས་བསྟར་ལྟ་སྐུལ་དང་། མང་ཚོགས་ཀྱི་ཁེ་ཕན་དང་འབྲེལ་བ་དམ་ཟབ། ཤེས་ཡོན་ཅན་དང་ཆེད་ལས་ལག་རྩལ་རང་བཞིན་གྱི་ནུས་པ་ལྡན་པའི་སྡེ་ཁག་གཙོ་བོར་བཟུང་ནས་བཀོད་སྒྲིག་བྱེད་དགོས།

ཆ་རྐྱེན་དང་མཐུན་པའི་ཏང་ཕྱིའི་ལས་བྱེད་པས་སྲིད་གཞུང་སྡེ་ཁག་(ལས་ཁུངས)གི་སྲིད་འཛིན་གྱི་འགན་འཁྲི་འགན་ཁུར་ཆོག ཞིང་ཆེན་(རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་སོ་སོའི་སྲིད་གཞུང་གི་གྲུབ་ཆའི་སྡེ་ཁག་ནང་ཏང་ཕྱིའི་འགན་འཁུར་པ2ཡས་མས་བཀོད་སྒྲིག་བྱེད་དགོས།

 དོན་ཚན་ཞེ་བཞི་པ། ཏང་ཕྱིའི་འཐུས་ཚབ་མི་སྣས་སྲིད་གྲོས་རིམ་པ་སོ་སོའི་ནང་བསྡུར་ཚད་ཅུང་མང་བ་ཟིན་དགོས་ཤིང་། སྐབས་བརྗེའི་ཨུ་ཡོན་བརྒྱ་ཆ60ལས་མི་ཉུང་བར་བྱེད་པ་དང་། རྒྱུན་ལས་ཨུ་ཡོན་བརྒྱ་ཆ65ལས་མི་ཉུང་བར་བྱེད་པ། སྲིད་གྲོས་རིམ་པ་སོ་སོའི་མགོ་ཁྲིད་ཁྲོད་ཀྲུའུ་ཞི་གཞོན་པ་བརྒྱ་ཆ50(མི་རིགས་རང་སྐྱོང་ས་གནས་ཚུད་མེད།)ལས་མི་ཉུང་བར་བྱེད་དགོས། 

རྒྱལ་ཡོངས་སྲིད་གྲོས་དང་ཞིང་ཆེན་རིམ་པའི་སྲིད་གྲོས་ཁྲོད་དམངས་གཙོའི་ཏང་ཤོག་གི་ཁོངས་མིའམ་ཏང་ཤོག་གང་ལའང་མི་གཏོགས་པའི་མིས་ཆེད་བསྐོས་དྲུང་ཡིག་ཆེན་མོ་གཞོན་པའི་འགན་འཁུར་དགོས།

སྲོད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རེན་དང་། ཀྲུའུ་རེན་གཞོན་པ་དང་དེ་བཞིན་ཨུ་ཡོན་ཁྲོད་ཏང་ཕྱིའི་འཐུས་ཚབ་མི་སྣའི་བསྡུར་ཚད་འོས་འཚམ་ཡོད་དགོས།

 རིམ་པ་སོ་སོའི་སྲིད་གྲོས་ཨུ་ཡོན་གྱི་འོས་མི་འོས་སྦྱོར་བྱེད་པའི་ལས་དོན་ལ་རྒྱ་ཁྱབ་སྒོས་གྲོས་མོལ་བྱེད་པ་མཐའ་འཁྱོངས་བྱེད་དགོས་པ་དང་། ཏང་ནང་ཁུལ་དུ་རྩ་འཛུགས་སྡེ་ཁག་གིས་མིང་འདོན་དགོས་པ་དང་། ཏང་ཕྱིའི་མི་སྣ་ཡིན་ཕྱིན་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་མིང་འདོན་དགོས་ལ། དེའི་ཁྲོད་ཀྱི་དམངས་གཙོའི་ཏང་ཤོག་གི་ཁོངས་མི་དང་དམངས་གཉེར་དཔལ་འབྱོར་མི་སྣ་མིང་འདོན་མ་བྱས་སྔོན་དམངས་གཙོའི་ཏང་ཤོག་སོ་སོ་དང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་དང་གྲོས་མོལ་བྱེད་པ་བཅས་བྱས་ནས། མུ་མཐུད་དུ་མིང་འདོན་པའི་ཁོངས་གཏོགས་སོ་སོའི་སྲིད་གྲོས་ཨུ་ཡོན་གྱིས་སྲིད་གྲོས་ཏང་ཙུའུ་ཡི་བསམ་འཆར་ལ་ཉན་དགོས། གྲོས་འདོན་མིང་ཐོ་ནི་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་ཕྱོགས་བསྡུས་སྒོས་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་བསྡུ་ལེན་བྱས་རྗེས། རྩ་འཛུགས་སྡེ་ཁག་གིས་རིམ་པ་མཚུངས་བའི་ཏང་ཨུ་ལ་ཞིབ་བཤེར་གཏན་འབེབས་གནང་བར་ཞུ་འབུལ་དང་། དེ་རྗེས་《ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་སྒྲིག་ཡིག》ནང་གཏན་འབེབས་བྱས་པའི་གོ་རིམ་ལྟར་བསྒྲུབ་དགོས། 

དོན་ཚན་ཞེ་ལྔ་པ། རིམ་པ་སོ་སོའི་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གི་མགོ་ཁྲིད་ཚན་ཁག་ཁྲོད་ཏང་ཕྱིའི་ལས་བྱེད་པ་བཀོད་སྒྲིག་བྱེད་དགོས།

མཐོ་རིམ་སློབ་གྲྭའི་མགོ་ཁྲིད་ཚན་ཁག་ཁྲོད་སྤྱིར་བཏང་ཏང་ཕྱིའི་ལས་བྱེད་པ་བཀོད་སྒྲིག་བྱེད་དགོས་པ་དང་། ཆ་རྐྱེན་འཛོམས་པའི་ཏང་ཕྱིའི་ལས་བྱེད་པས་སྲིད་འཛིན་མགོ་ཁྲིད་ཀྱི་འགན་ཁུར་ཆོག མང་ཚོགས་ཚོགས་པའི་རྩ་འཛུགས་དང་། ཚན་རིག་ཞིབ་འཇུག་ཁང་། རྒྱལ་གཉེར་ཁེ་ལས་བཅས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁྲོད་ཏང་ཕྱིའི་ལས་བྱེད་པ་འདེམས་བསྐོ་བྱེད་ཤུགས་ཆེ་རུ་གཏོང་དགོས།

ཚན་ཧྲི་ཁང་འཐབ་ཕྱོགས་གཅིག་གྱུར་གྱི་རང་བཞིན་དང་། བློ་འདྲིའི་རང་བཞིན། རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་འཐབ་ཕྱོགས་གཅིག་གྱུར་གྱི་རང་བཞིན་དང་གཟི་བརྗིད་མཚན་སྙན་གྱི་ངོ་བོ་མཐའ་འཁྱོངས་བྱེད་པ་དང་། ཏང་ཕྱིའི་ཚན་ཧྲི་དང་། ཏང་ཕྱིའི་མགོ་ཁྲིད70%ལས་མི་ཉུང་བ་བྱེད་དགོས། ཚན་ཧྲི་ཁང་དང་རིག་གནས་ལོ་རྒྱུས་ཞིབ་འཇུག་ཁང་གི་མགོ་ཁྲིད་ཚན་ཁག་ཁྲོད་ཏང་ཕྱིའི་འཐུས་ཚབ་མི་སྣ་བཀོད་སྒྲིག་བྱེད་དགོས།

ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་། ཁྲིམས་ཁང་། ཞིབ་དཔྱོད་ཁང་། སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་བཅས་ཀྱིས་ཏང་ཕྱིའི་འཐུས་ཚབ་མི་སྣ་གདན་དྲངས་ནས་ཆེད་བསྐོས་མི་སྣའི་འགན་འཁུར་དུ་འཇུག་དགོས། 

ཏང་ཕྱིའི་འཐུས་ཚབ་མི་སྣ་འོས་སྦྱོར་བྱས་ཏེ་འབྲེལ་ཡོད་སྤྱི་ཚོགས་ཚོགས་པའི་ནང་ལས་འགན་འཁུར་དུ་འཇུག་དགོས།

དོན་ཚན་ཞེ་དྲུག་པ། ཆ་རྐྱེན་དང་མཐུན་པའི་ཞིང་ཆེན་རིམ་པའི་དམངས་གཙོའི་ཏང་ཤོག་གི་ཀྲུའུ་རེན་ཨུ་ཡོན་དང་། བཟོ་ཚོང་མཉམ་འབྲེལ་ཚོགས་པའི་ཀྲུའུ་ཞི། ཏང་ཤོག་གང་ལའང་མ་གཏོགས་པའི་འཐུས་ཚབ་མི་སྣ་བཅས་སྤྱིར་བཏང་དུ་རིམ་པ་མཉམ་པའི་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་མགོ་ཁྲིད་ཚན་ཁག་ནང་ཞུགས་དགོས།

གནས་ཚུལ་དམིགས་བསལ་ཅན་ཕུད། མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་སྲིད་གྲོས་ཀྱི་མགོ་ཁྲིད་ཚན་ཁག་གི་ཁྲོད་ཏང་ཕྱིའི་འཐུས་ཚབ་མི་སྣས་རིམ་པ་མཚུངས་བའི་གོ་གནས་འཁུར་བའི་ཏང་ནང་གི་ལས་བྱེད་པ་དང་ཐོབ་ཐང་འདྲ་མཉམ་ལོངས་སུ་སྤྱོད་དགོས།

དོན་ཚན་ཞེ་བདུན་པ། རིམ་པ་སོ་སོའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འོས་མི་དང་རིམ་པ་སོ་སོའི་སྲིད་གྲོས་ཨུ་ཡོན་ཁྲོད་གྲངས་འབོར་འོས་འཚམ་གྱི་དམངས་གཉེར་དཔལ་འབྱོར་མི་སྣ་དང་སྤྱི་ཚོགས་ཀྱི་རིམ་གྲས་གསར་པའི་མི་སྣ་ཡོད་དགོས།

དམངས་གཉེར་ཁེ་ལས་ལ་མ་དངུལ་གཏོང་མཁན་གཙོ་བོ་ཡིན་པ་མ་ཟད་གཉེར་སྐྱོང་དོ་དམ་གཙོ་བོ་ཡིན་པའི་ལས་རིགས་གཉེར་མཁན། འོས་སྦྱོར་དང་བཀོད་སྒྲིག་བྱེད་སྐབས་དམངས་གཉེར་དཔལ་འབྱོར་གྱི་མི་སྣར་གཏན་འཁེལ་བྱེད་དགོས། མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་འོས་མི་དང་། སྲིད་གྲོས་ཨུ་ཡོན་དང་དེ་བཞིན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱི་མི་དམངས་ཚོགས་པ་དང་། སྤྱི་ཚོགས་རྩ་འཛུགས་ནང་འགན་འཁུར་བའི་དམངས་གཉེར་དཔལ་འབྱོར་མི་སྣ་འོས་སྦྱོར་བྱེད་སྐབས། ཕྱོགས་བསྡུས་གདེང་འཇོག་བྱེད་དགོས་པ་མ་ཟད། ཁེ་ལས་ཀྱི་ཏང་རྩ་འཛུགས་དང་དམངས་གཉེར་ཁེ་ལས་ཀྱི་ཏང་སྐྱོང་བྱ་བའི་སྒྲིག་གཞི་དང་། ས་གནས་བཟོ་ཚོགས་རྩ་འཛུགས་སོགས་འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་ཡང་བསྡུ་ལེན་བྱེད་དགོས།

དོན་ཚན་ཞེ་བརྒྱད་པ། ཏང་ཕྱིའི་འཐུས་ཚབ་མི་སྣར་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས' དེའི་ཆབ་སྲིད་ཀྱི་མཚོན་ཚུལ་དང་། བསམ་བློའི་གནས་ཚུལ། འགན་འཁྲི་སྒྲུབ་ཚུལ། སྤྱོད་གཙང་རང་གཅུན་བྱེད་ཚུལ། སྒེར་གྱི་དོན་དག་གལ་ཆེན་བཅས་ལ་འགྱུར་ལྡོག་བྱུང་ཚུལ་དང་། ལྷག་པར་དུ་རྩ་དོན་གྱི་གནད་དོན་གལ་ཆེན་སྟེང་གི་ཆབ་སྲིད་ཀྱི་ལངས་ཕྱོགས་དང་རྣམ་འགྱུར་སོགས་གཙོ་བོར་བཟུང་ནས་རྒྱུས་ལོན་བྱེད་དགོས།

འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་ཏང་ཕྱིའི་འཐུས་ཚབ་མི་སྣར་དོ་དམ་བྱེད་པའི་བྱ་བ་མཐུན་སྦྱོར་བྱེད་པར་སྣེ་ཁྲིད་པའི་འགན་འཁུར་དགོས། ཏང་ཨུའི་འབྲེལ་ཡོད་སྡེ་ཁག་དང་། མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། སྲིད་གྲོས་ཏང་ཙུའུ། ཏང་ཕྱིའི་འཐུས་ཚབ་མི་སྣ་ཡོད་སའི་སྡེ་ཁག་གི་ཏང་རྩ་འཛུགས་བཅས་ཀྱིས་རང་འགན་རང་འཁུར་དང་། རྒྱུན་ལྡན་གྱི་དོ་དམ་དཔྱད་ཞིབ་ལ་ཤུགས་སྣོན་དགོས། ཏང་ཕྱིའི་འཐུས་ཚབ་གནས་སའི་ཏང་ཤོག་དང་ཚོགས་པས་རང་གིས་རང་ལ་དོ་དམ་དང་། རང་གིས་རང་ལ་སློབ་གསོ། རང་གིས་རང་ལ་ལྟ་སྐུལ་བཅས་བྱེད་པའི་ནུས་པ་འདོན་སྤེལ་བྱེད་དགོས།

དོན་ཚན་ཞེ་དགུ་པ། ཏང་དང་ཏང་ཕྱིའི་འཐུས་ཚབ་མི་སྣས་ལས་དོན་མཉམ་སྒྲུབ་བྱེད་པ་ལེགས་པར་བསྒྲུབ་དགོས། གཅིག་གྱུར་མགོ་ཁྲིད་དང་སྒེར་གྱིས་ལས་བགོས་འགན་འཁུར་ཟུང་འབྲེལ་བྱེད་པ་མཐའ་འཁྱོངས་བྱས་ཏེ། ཏང་ཕྱིའི་ལས་བྱེད་པས་ལས་བགོས་འགན་གཉེར་བྱེད་པའི་བྱ་བར་སྲིད་འཛིན་དོ་དམ་ཐད་ཀྱི་བཀོད་འདོམས་དབང་ཆ་དང་། གནད་དོན་ཐག་གཅོད་བྱེད་པའི་ཐག་གཅོད་དབང་ཆ། མི་དོན་བསྐོ་འཐེན་ཐད་ཀྱི་གྲོས་གཞིའི་དབང་ཆ་བཅས་ལོངས་སུ་སྤྱོད་པར་འགན་ལེན་བྱེད་དགོས།

དོན་ཚན་ལྔ་བཅུ་པ། རིམ་པ་སོ་སོའི་ཏང་ཨུས་ཏང་ཕྱིའི་ཚབ་བྱེད་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུ་ནི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་གི་སྤྱིའི་འཆར་འགོད་ནང་བཅུག་ནས། ཕུལ་བྱུང་ན་གཞོན་ལས་བྱེད་པའི་དཔུང་ཁག་ཁག་ཁྲོད་ཏང་ཕྱིའི་ལས་བྱེད་པར་སྤྱི་འདོམས་དང་བསམ་གཞིག་བྱེད་དགོས།

རྩ་འཛུགས་སྡེ་ཁག་དང་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གི་མཉམ་སྒྲུབ་གཞོགས་སྒྲུག་གཞི་འཛུགས་པ་དང་འཐུས་ཚང་ཏུ་གཏོང་དགོས། ཏང་ཕྱིའི་ལས་བྱེད་པ་བསྐོ་འཐེན་དང་། སྐུལ་སློང་། བརྗེ་རེས་བྱེད་པར་འཕྲལ་འདོན་གྲོས་གཞི་དང་གྲོས་བསྡུར་མ་བྱས་སྔོན་ལ་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གི་བསམ་འཆར་བསྡུ་ལེན་བྱེད་དགོས།

ལེའུ་བཅུ་གཉིས་པ། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གི་རང་ངོས་འཛུགས་སྐྱོང་།

དོན་ཚན་ང་གཅིག་པ། ཏང་གི་ཆབ་སྲིད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བྱེད་པོའི་འགན་འཁྲི་འཁུར་དགོས་ཤིང་། འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པས་ཐོག་མའི་ཕུགས་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་སློབ་གསོ་དང་ཁྲིད་སྟོན་བྱེད་དགོས། “འདུ་ཤེས་བཞི”གཏིང་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་བགྲོད་ལམ་བཅས་ཀྱི་སྟེང་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་གཞི་གཅིག་མཐུན་ཡིན་པ་སྲུང་འཛིན་བྱེད་དགོས། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་བཅས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། ཏང་གི་འདོད་བློ་དང་འདོད་ཚུལ་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཕྱོགས་སོ་སོ་དང་གོ་རིམ་ཧྲིལ་བོ་ལག་ལེན་མཐར་ཕྱིན་བྱེད་པར་ཁག་ཐེག་བྱེད་དགོས།

དོན་ཚན་ང་གཉིས་པ། ཏང་གི་བསམ་བློ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་གྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་།ལག་ལེན་ལ་མཛུབ་ཁྲིད་བྱེད་པ།ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

དོན་ཚན་ང་གསུམ་པ། ཏང་གི་རྩ་འཛུགས་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར། དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས། ཡང་དག་པའི་མི་འདེམས་མི་སྤྱོད་ཀྱི་སྟོན་ཕྱོགས་འཛུགས་པ་དང་མཐའ་འཁྱོངས། ལས་བྱེད་པ་གསོ་སྐྱོང་དང་། སྤེལ་རེས། སྦྱོང་བརྡར་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་ཐད་བློ་བརྟན་འགྱུར་མེད་དང་ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་བཟང་བའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བཅས་བྱེད་དགོས།

དོན་ཚན་ང་བཞི་པ། ཏང་གི་སྤྱོད་ཚུལ་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “སྤྱོད་ཚུལ་བཞི་”མཐའ་གཅིག་ཏུ་ཡོ་བསྲང་བྱེད་པ། ཏང་གི་མང་ཚོགས་ལམ་ཕྱོགས་ལག་ལེན་དུ་བསྟར་བ། འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པའི་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པར་སློབ་གསོ་དང་ཁྲིད་སྟོན། ཏང་ཕྱིའི་མི་སྣ་དང་མཐུན་སྒྲིལ་གྱི་འབྲེལ་བ་འཛུགས་ཤུགས་ཆེ་རུ་གཏོང་བ། ཏང་ཕྱིའི་མི་སྣར་ལྷག་བསམ་ཟོལ་མེད་དང་། སེམས་འགུལ་ཐེབས་པ། གནས་ལུགས་སྲུང་བ། བདེན་པ་བདེན་ཐུབ་བཅས་བྱས་ཏེ་ལྷག་བསམ་རྣམ་དག་དང་། འདྲ་མཉམ། སྤྱོད་གཙང་བཅས་བྱེད་ཐུབ་པར་བྱེད་དགོས།

དོན་ཚན་ང་ལྔ་པ། ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་བསྣན་ནས། སྒྲིག་བཤེར་ལྟ་ཞིབ་ཀྱི་ལས་དོན་ལེགས་པར་སྒྲུབ་པ་དང་། འཐབ་ཕྱོགས་གཅིག་གྱུར་གྱི་ལས་བྱེད་པས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་གྱིས་སྲུང་བར་ལྟ་སྐུལ་དང་གཅུན་འདོམས་བཅས་བྱས་ཏེ། མགོ་མཇུག་བར་གསུམ་དུ་གུས་སྐྲག་ཤེས་པ་དང་། དོགས་ཟོན་ཡོད་པ། མཐའ་ཚད་སྲུང་བ་བཅས་བྱེད་ཐུབ་པ་བྱེད་དགོས།

ལེའུ་བཅུ་གསུམ་པ། འགན་ལེན་དང་ལྟ་སྐུལ།

དོན་ཚན་ང་དྲུག་པ། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བར་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་གཏན་འབེབས་དང་འཐུས་ཚང་དུ་བཏང་ནས་འགན་སྲུང་ལས་དོན་ལེགས་པར་བསྒྲུབ་དགོས།

དོན་ཚན་ང་བདུན་པ། འཐབ་ཕྱོགས་གཅིག་གྱུར་ལས་དོན་གྱི་སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་མི་སྒེར་ལ་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་གཟེངས་བསྟོད་དང་བྱ་དགའ་སྤྲོད་དགོས།

དོན་ཚན་ང་བརྒྱད་པ། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ་)ཡིས་ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱེད་པ་དང་། སྲོལ་ཡིག་འདི་ལག་བསྟར་བྱེད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་བསྣན་ནས། སྲོལ་ཡིག་འདི་ལག་བསྟར་བྱེད་ཚུལ་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་དམིགས་ཚད་དོ་དམ་དང་དཔྱད་ཞིབ་མ་ལག་ནང་འཇུག་པ་དང་། ཆབ་སྲིད་ཐད་སྐོར་གཟིགས་སྐོར་ཞིབ་དང་སྒྲིག་ཁྲིམས་ལག་བསྟར་གྱི་འགན་འཁྲི་རྩད་གཅོད་ཁྱབ་ཁོངས་ནང་འཇུག་དགོས།

དོན་ཚན་ང་དགུ་པ། སྲོལ་ཡིག་འདིའི་འབྲེལ་ཡོད་གཏན་འབེབས་དང་འགལ་ན། གནས་ཚུལ་ཚབས་ཆེ་ཆུང་དང་གནོད་འཚེའི་ཚབས་ཆེ་ཆུང་ལ་གཞིགས་ནས། འབྲེལ་ཡོད་ཏང་གི་རྩ་འཛུགས་དང་ཏང་གི་མགོ་ཁྲིད་ལས་བྱེད་པའི་འགན་འཁྲི་རྩད་གཅོད་བྱེད་དགོས།

ལེའུ་བཅུ་བཞི་པ། ཞར་བཀོད།

དོན་ཚན་དྲུག་བཅུ་པ། སྲོལ་ཡིག་འདི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡིས་གསལ་འགྲེལ་བྱེད་པར་འགན་འཁུར་དགོས།

དོན་ཚན་དྲུག་བཅུ་རེ་གཅིག་པ། སྲོལ་ཡིག་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་ལག་བསྟར་བྱེད་དགོས།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།