ཀྲུང་གོ་བོད་ཀྱི་དྲ་བ།

བོད་རང་སྐྱོང་ལྗོངས་ཀྱི“འཆལ་སེལ་ལོག་རྡུང”ལས་དོན་གྱི་ཐེར་འདོན་བྱ་དགའི་བྱ་ཐབས།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2020-04-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

《བོད་རང་སྐྱོང་ལྗོངས“འཆལ་སེལ་ལོག་རྡུང”ལས་དོན་གྱི་ཐེར་འདོན་བྱ་དགའི་བྱ་ཐབས》པར་འགྲེམ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ།

ས་ཁུལ་དང་གྲོང་ཁྱེར་ཁག་གི“འཆལ་སེལ་ལོག་རྡུང”ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་། ནོར་སྲིད་ཅུད། གསར་འགྱུར་དཔེ་སྐྲུན་ཅུད། པར་དབང་ཅུད་བཅས་ལ།

རྒྱ་ཆེའི་མི་དམངས་མང་ཚོགས“འཆལ་སེལ་ལོག་རྡུང”ལས་དོན་ནང་ཞུགས་པའི་ཧུར་སེམས་སྐོང་འཐེན་བྱས་ཏེ་པར་དབང་བཙན་གནོད་དང་རྐུ་འཕྲོག་སོགས་བྱས་པའི་ཁྲིམས་འགལ་དཔེ་སྐྲུན་དངོས་པོ་བཟོ་བ་དང་འཚོང་བའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ནུས་ལྡན་བཏང་ནས་དཔེ་སྐྲུན་དངོས་པོའི་ཁྲོམ་ར་དང་དྲ་བའི་རིག་གནས་ཁོར་ཡུག་གཙང་སེལ་བྱ་ཆེད། རྒྱལ་ཡོངས“འཆལ་སེལ་ལོག་རྡུང”ལས་དོན་ཚོགས་ཆུང་གཞུང་ལས་ཁང་དང་། ནོར་སྲིད་པུའུ། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཧྲུའུ། རྒྱལ་ཁབ་པར་དབང་ཅུད་བཅས་ཚན་པ་བཞིས་མཉམ་འབྲེལ་ཐོག་གཤམ་སྤྲོད་བྱས་པའི《“འཆལ་སེལ་ལོག་རྡུང”ལས་དོན་གྱི་ཐེར་འདོན་བྱ་དགའི་བྱ་ཐབས་པར་འགྲེམ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》(འཆལ་སེལ་ལོག་རྡུང་གཞུང་ལས་ཁང་མཉམ་འབྲེལ2019ལོའི་ཡིག་ཨང6པ)ཡི་དགོངས་དོན་གཞིར་བཟུང་། བོད་ལྗོངས་ཀྱི་དོན་དངོས་དང་བསྟུན་ནས་བོད་རང་སྐྱོང་ལྗོངས“འཆལ་སེལ་ལོག་རྡུང”ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་། བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་། བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་ཅུད། བོད་རང་སྐྱོང་ལྗོངས་པར་དབང་ཅུད་བཅས་ཀྱིས་མཉམ་འབྲེལ་ཐོག་སྤྱི་ལོ་2000ལོའི་ཟླ་4པར་འགྲེམ་སྤེལ་བྱས་པའི《“འཆལ་བཟོ”“འཆལ་འཚོང”དང་པར་དབང་བཙན་གནོད་དང་རྐུ་འཕྲོག དེ་མིན་ཁྲིམས་འགལ་པར་སྐྲུན་བྱ་སྤྱོད་ཐེར་འདོན་གྱི་བྱས་རྗེས་འཇོག་མཁན་ལ་བྱ་དགའ་སྤྲོད་ཐབས》ལ་བཟོ་བཅོས་བརྒྱབ་ཡོད། ད་ལྟ་གསར་དུ་བཟོ་བཅོས་བརྒྱབ་པའི《བོད་རང་སྐྱོང་ལྗོངས་ཀྱི“འཆལ་སེལ་ལོག་རྡུང”ལས་དོན་གྱི་ཐེར་འདོན་བྱ་དགའི་བྱ་ཐབས》པར་འགྲེམ་བྱ་རྒྱུ་ཡིན་པས་འབྲེལ་ཡོད་བླང་བྱ་གཞིར་བཟུང་ལག་བསྟར་དོན་འཁྱོལ་བྱ་ཆེད་ཆེད་དུ་བརྡ་ཐོ་འདི་བཏང་།

བོད་རང་སྐྱོང་ལྗོངས“འཆལ་སེལ་ལོག་རྡུང”ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་།

བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་།

བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་ཅུའུ།

བོད་རང་སྐྱོང་ལྗོངས་པར་དབང་ཅུའུ་བཅས་ཀྱིས།

ས་བཅད་དང་པོ། སྤྱི་དོན།

དོན་ཚན་དང་པོ། “འཆལ་སེལ་ལོག་རྡུང”གི་འབྲེལ་ཡོད་ཁྲིམས་འགལ་བྱ་སྤྱོད(གཤམ་འོག་ཏུ“འབྲེལ་ཡོད་ཁྲིམས་འགལ་བྱ་སྤྱོད”ཅེས་སུ་བསྐུང་རྒྱུ་ཡིན)ཐེར་འདོན་གྱི་བྱས་རྗེས་འཇོག་མཁན་ལ་བྱ་དགའ་སྤྲོད་རྒྱུ་དང་ལྗོངས་ཡོངས་ཀྱི“འཆལ་སེལ་ལོག་རྡུང”གི་ཐེར་འདོན་བྱ་དགའི་ལམ་ལུགས་ཚད་ལྡན་བཟོས་ཏེ“འཆལ་སེལ་ལོག་རྡུང”གི་ལས་དོན་གཏིང་ཟབ་སྤེལ་ཆེད། རྒྱལ་ཡོངས“འཆལ་སེལ་ལོག་རྡུང”ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་། ནོར་སྲིད་པུའུ། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཧྲུའུ། རྒྱལ་ཁབ་པར་དབང་ཅུད་བཅས་ཚན་པ་བཞིས་མཉམ་འབྲེལ་ཐོག་པར་འགྲེམ་བྱས་པའི《“འཆལ་སེལ་ལོག་རྡུང”ལས་དོན་གྱི་ཐེར་འདོན་བྱ་དགའི་བྱ་ཐབས》དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་དང་སྒྲིག་སྲོལ་ལམ་ལུགས་གཞིར་བཟུང་བྱ་ཐབས་འདི་གཏན་འཁེལ་བྱས་པ་ཡིན།

དོན་ཚན་གཉིས་པ། བྱ་ཐབས་འདི་ལྗོངས་ཡོངས་ཀྱི་རིམ་ཁག“འཆལ་སེལ་ལོག་རྡུང”ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང(གཤམ་འོག་ཏུ“འཆལ་སེལ་ལོག་རྡུང”ཚན་པ་ཞེས་སུ་བསྐུང་རྒྱུ་ཡིན)གིས་ཡིག་ཐོག་དང་།  ངོ་བཅར།  ཁ་པར།  གློག་རྡུལ་ཡི་གེ མཉམ་འབྲེལ་དྲ་རྒྱ་བཅས་དང་དེ་མིན་རྣམ་པའི་ཐོག་ནས“འཆལ་སེལ་ལོག་རྡུང”དང་འབྲེལ་ཡོད་ཀྱི་ཁྲིམས་འགལ་བྱ་སྤྱོད་ཐེར་འདོན་བྱས་པའི་རིགས་ལ་དངོས་ར་གསལ་འཕྲོད་བྱུང་བ་མ་ཟད་ཁྲིམས་བཞིན་ཐག་གཅོད་བྱས་རྗེས་གཏན་འབེབས་ལྟར་ཐེར་འདོན་གྱི་བྱས་རྗེས་འཇོག་མཁན་ལ་བྱ་དགའ་སྤྲོད་རྒྱུ།

དོན་ཚན་གསུམ་པ། རིམ་ཁག“འཆལ་སེལ་ལོག་རྡུང”ཚན་པས་ཁུངས་སྣེ་མཁོ་འདོན་བྱས་པ་མ་ཟད།“འཆལ་སེལ་ལོག་རྡུང”ཚན་པའི་མིང་སྦྱར་སྒྲུབ་སྐུལ་གྱི་གྱོད་ཁོངས་སུ་བཅུག་པར་བྱས་རྗེས་འཇོག་མཁན་ལ་བྱ་ཐབས་འདི་གཞིར་བཟུང་བྱ་དགའ་སྤྲོད་རྒྱུ།

ས་བཅད་གཉིས་པ། ཐེར་འདོན་བྱ་དགའི་ཁྱབ་ཁོངས་དང་ཚད་གཞི།

དོན་ཚན་བཞི་པ། གཤམ་གསལ་ཁྲིམས་འགལ་བྱ་སྤྱོད་རིགས་ཐེར་འདོན་བྱས་ན་བྱ་ཐབས་འདིའི་བྱ་དགའ་སྤྲོད་ཁོངས་སུ་གཏོགས་ཡོད།

(གཅིག) གཤམ་གསལ་གྱི་བཀག་སྡོམ་ནང་དོན་ལྡན་པའི་དཔེ་སྐྲུན་དངོས་པོ(དྲ་ཐོག་གི་དཔེ་སྐྲུན་དངོས་པོ་ཚུད་ཡོད)པར་བསྐྲུན་དང་། སྒྲིག་བཟོ། པར་འདེབས། འདྲ་བཟོ། འགྲེམ་སྤེལ། བརྒྱུད་སྤེལ། སྐུར་སྐྱེལ། གསོག་འདྲེན་བཅས་བྱེད་པའི་བྱ་སྤྱོད་ནི།

1. ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ལ་སྐུར་འདེབས་འཕྱ་སྨོད་བྱེད་པ་དང་། ཏང་གི་འགོ་ཁྲིད་ཁས་ལེན་མི་བྱེད་པ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་དང་མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་ལ་སྐུར་འདེབས་བྱེད་པ་སོགས་རྩ་ཁྲིམས་ནང་གཏན་འཁེལ་ཟིན་པའི་གཞི་རྩའི་རྩ་དོན་ལ་ངོ་རྒོལ་བྱེད་པའི་བྱ་སྤྱོད།

2. “བོད་ཁུལ་ཆེན་མོ”དང“ཚད་མཐོའི་རང་སྐྱོང”“དབུ་མའི་ལམ”སོགས་འུད་སྒྲོག་བྱས་ནས་རྒྱལ་ཁབ་གཅིག་གྱུར་དང་བདག་དབང་། མངའ་ཁོངས་ཆ་ཚང་བཅས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད།

3.རྒྱལ་ཁབ་ཀྱི་གསང་བ་ཕྱིར་གྱར་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་འཚེ་གཏོང་བ་དང་ཡང་ན་རྒྱལ་ཁབ་ཀྱི་གཟི་བརྗིད་དང་ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད།

4. གཏུམ་སྤྱོད་འཇིགས་སྐུལ་དང་ལྡན་པའི་རིགས་སྒྲིག་བཟོ་དང་། བརྒྱུད་སྤེལ། འུད་སྒྲོག་བཅས་བྱས་ནས་ཆོས་དད་མི་འདྲ་བ་དང་གྲུབ་མཐའ་མི་འདྲ་བའི་དད་ལྡན་མང་ཚོགས་ཕན་ཚུན་དགྲར་འཛིན་དང་ཁ་གཏད་དུ་ལངས་པ། གདོང་གཏུག་སོགས་ཆོས་ལུགས་ཀྱི་ལོག་ཐལ་བསམ་ངན་སྐྱེ་རུ་འཇུག་པ་སོགས་མི་རིགས་ཀྱི་འཁོན་འཛིན་དང་མི་རིགས་མཐོང་ཆུང་གི་ངན་སྐུལ་རྒྱག་པ་དང་། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ། ཡང་ན་མི་རིགས་ཀྱི་ཡུལ་སྲོལ་གོམས་འདྲིས་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད།

5.ཆོས་ལོག་དང་རྨོངས་དད་རིགས་འུད་སྒྲོག་བྱེད་པའི་བྱ་སྤྱོད།

6.སྤྱི་ཚོགས་ཀྱི་སྒྲིག་ལམ་ཟང་ཟིང་བཟོ་བ་དང་སྤྱི་ཚོགས་ཀྱི་བརྟན་ལྷིང་ལ་གཏོར་བཤིག་གཏོང་བའི་བྱ་སྤྱོད།

7.རྒྱན་འཛུགས་དང་གཏུམ་སྤྱོད་རིགས་འུད་སྒྲོག་བྱེད་པ་དང་ཡང་ན་ཉེས་གསོག་རིགས་ངན་སྐུལ་བྱེད་པའི་བྱ་སྤྱོད།

8.མི་གཞན་ལ་ཐུབ་ཚོད་དང་སྐུར་འདེབས་བྱེད་པ་དང་མི་གཞན་གྱི་ཁྲིམས་མཐུན་ཁེ་དབང་ལ་བཙན་གནོད་བྱེད་པའི་བྱ་སྤྱོད།

9.སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་ཡང་ན་མི་རིགས་ཀྱི་ཕུལ་བྱུང་རིག་གནས་སྲོལ་རྒྱུན་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད།

10. ཀྲུང་དབྱང་གི་བོད་སྐྱོང་ཐབས་ཇུས་དང་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་ལ་སྐུར་འདེབས་བྱེད་པ་སོགས་ཁྲིམས་ལུགས་དང་སྲིད་འཛིན་ཁྲིམས་སྲོལ། རྒྱལ་ཁབ་ཀྱི་གཏན་འབེབས་བཅས་ནང་བཀག་སྡོམ་བྱས་པའི་ནང་དོན་སྤེལ་བའི་བྱ་སྤྱོད།

(གཉིས) ཆགས་སྲེད་དང་འབྲེལ་བའི་དཔེ་སྐྲུན་དངོས་པོ(དྲ་ཐོག་གི་དཔེ་སྐྲུན་དངོས་པོ་ཚུད་ཡོད)དང་པར་འདེབས་དངོས་པོ། འབྲེལ་ཡོད་ཆ་འཕྲིན་བཅས་པར་བསྐྲུན་དང་། སྒྲིག་བཟོ། པར་འདེབས། འདྲ་བཟོ། འགྲེམ་སྤེལ། བརྒྱུད་སྤེལ། སྐུར་སྐྱེལ། གསོག་འདྲེན་བཅས་བྱེད་པའི་བྱ་སྤྱོད།

(གསུམ) རྩོམ་དབང་ལྡན་པའི་མི་སྣའི་ཆོག་མཆན་མེད་པར་དེའི་ཡི་གེ་དང་། རོལ་དབྱངས། གློག་བརྙན། བརྙན་འཕྲིན། བརྙན་ཕབ་བརྩམ་བྱ། རྩིས་འཁོར་མཉེན་ཆས། དེ་མིན་བརྩམ་བྱ་བཅས་འགྲེམ་སྤེལ་བྱས་པ་མ་ཟད་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད།

(བཞི) མི་གཞན་དང་འབྲེལ་ཡོད་ཁེ་ལས་དང་ལས་ཁུངས་ལ་པར་དབང་ཡོད་པའི་དཔེ་སྐྲུན་དངོས་པོ་རང་དགར་པར་འདེབས་དང་། འདྲ་བཟོ། པར་སྐྲུན། ཡང་ན་སྐུར་སྐྱེལ་དང་གསོག་འདྲེན་འབོར་ཆེན་བྱེད་པའི་བྱ་སྤྱོད།

(ལྔ) ཆོག་མཆན་མེད་པར་རང་དགར་དཔེ་སྐྲུན་ཚན་པ་བཙུཌ་པ་དང་ཡང་ན་རང་དགར་དཔེ་སྐྲུན་དངོས་པོ་པར་སྐྲུན་དང་པར་འདེབས་དང་ཡང་ན་འདྲ་བཟོ་དང་འགྲེམ་སྤེལ་གྱི་ལས་སྒོ་གཉེར་བ། རང་དགར་ནང་ཁོངས་དཔྱད་གཞིའི་རང་བཞིན་གྱི་དཔེ་སྐྲུན་དངོས་པོ་རྩོམ་སྒྲིག་པར་འདེབས་དང་བརྒྱུད་སྤེལ་བྱེད་པའི་བྱ་སྤྱོད།

(དྲུག) དཔེ་སྐྲུན་ཚན་པ་དང་ཡང་ན་ཚགས་པར་དང་དུས་དེབ་ཀྱི་མིང་རྫུན་བཟོ་བྱས་ནས་དཔེ་སྐྲུན་དངོས་པོ་དཔེ་སྐྲུན་དང་དྲ་ཚུགས་བཙུགས་པའི་བྱ་སྤྱོད།

(བདུན) ཁྲིམས་འགལ་ངང་བོད་རང་བཙན་ཟེར་བའི་ངོ་རྒོལ་འུད་སྒྲོག་དངོས་པོ་རྒྱལ་ནང་དུ་ཁུར་ཡོང་བ་དང་བསྐུར་བ་སོགས་རང་དགར་ཕྱི་རྒྱལ་གྱི་དཔེ་སྐྲུན་དངོས་པོ་པར་འདེབས་དང་ཡང་ན་འདྲ་བཟོ་དང་འགྲེམ་སྤེལ་བྱེད་པ་དང་། ཁྲིམས་འགལ་ངང་ཕྱི་རྒྱལ་གྱི་དཔེ་སྐྲུན་དངོས་པོ་ནང་འདྲེན་དང་། བཀག་སྡོམ་གྱི་ནང་དོན་ལྡན་པ་དང་ཡང་ན་མི་སྒེར་གྱི་སྤྱོད་གྲངས་ལས་བརྒལ་བའི་ཕྱི་རྒྱལ་གྱི་དཔེ་སྐྲུན་དངོས་པོ་ཁྲིམས་འགལ་ངང་ཁུར་ཡོང་བའི་བྱ་སྤྱོད།

(བརྒྱད) དཔེ་རྟགས་དང་དུས་དེབ་ཨང་རྟགས། པར་རྟགས། དེ་བཞིན་འབྲེལ་ཡོད་ཆོག་འཐུས་ལག་ཁྱེར་བཅས་ཉོ་ཚོང་བྱེད་པའི་བྱ་སྤྱོད།

(དགུ) ཆགས་སྲེད་དང་འབྲེལ་བའི་དྲ་ཚུགས་དང་། སྤྱོད་སྣེ། དེ་མིན་དྲ་ཐོག་ཆགས་སྲེད་དང་འབྲེལ་བའི་ཆ་འཕྲིན་དང་། དྲ་ཐོག་སྤྱི་འབྲེལ་སྟེགས་བུ་དང་། སྐབས་འཕྲལ་གྱི་འཕྲིན་སྤེལ་ཡོ་བྱད། དྲ་ཐོག་གསོག་འཇོག་དང་གསོག་འཇོག་སྦྲེལ་རྟ་སོགས་བེད་སྤྱད་པའི་ཐོག་ནས་ཆགས་སྲེད་དང་འབྲེལ་བའི་ཆ་འཕྲིན་སྒྲིག་བཟོ་དང་། འདྲ་བཟོ། པར་སྐྲུན། ཕྱིར་ཚོང་། བརྒྱུད་སྤེལ་བཅས་བྱེད་པའི་བྱ་སྤྱོད།

(བཅུ) ནར་མ་སོན་མཁན་གྱི་ལུས་སེམས་བདེ་ཐང་ལ་གནོད་པའི་གཏུམ་སྤྱོད་དང་། དམར་གསོད། འཇིཌ་སྐུལ། རྒྱན་འཛུགས་བཅས་ཀྱི་དཔེ་སྐྲུན་དངོས་པོ་དང་། དྲ་ཐོག་དཔེ་སྐྲུན་དངོས་པོ། པར་འདེབས་དངོས་པོ། དེ་མིན་འབྲེལ་ཡོད་ཆ་འཕྲིན་བཅས་སྒྲིག་བཟོ་དང་། འདྲ་བཟོ། པར་སྐྲུན། ཕྱིར་ཚོང་། བརྒྱུད་སྤེལ་བཅས་བྱེད་པའི་བྱ་སྤྱོད།

(བཅུ་གཅིག) སྤྱི་ཚོགས་ཀྱི་ཀུན་སྤྱོད་དང་། སྤྱི་ཆིངས་སྲོལ་བཟང་ལ་གནོད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་རྒྱབ་འགལ་གྱི་ནང་དོན་ཐ་ཤལ་རིགས་ཀྱི་དཔེ་སྐྲུན་དངོས་པོ(དྲ་ཐོག་དཔེ་སྐྲུན་དངོས་པོ)དང་འབྲེལ་ཡོད་ཆ་འཕྲིན་སྒྲིག་བཟོ་དང་། འདྲ་བཟོ། པར་སྐྲུན། ཕྱིར་ཚོང་། བརྒྱུད་སྤེལ་བཅས་བྱེད་པའི་བྱ་སྤྱོད།

(བཅུ་གཉིས) དཔེ་སྐྲུན་དངོས་པོ(དྲ་ཐོག་དཔེ་སྐྲུན་དངོས་པོ)དང་པར་འདེབས་དངོས་པོའི་ནང་དོན་གྱིས་རྐྱེན་པས་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་སྲིད་པ་དང་ཡང་ན་སྤྱི་ཚོགས་བརྟན་ལྷིང་མེད་པ་བཟོ་བའི་རྒྱུ་རྐྱེན་སློང་བའི་ཁུངས་སྣེ།

(བཅུ་གསུམ) ཚགས་པར་དང་དུས་དེབ་རྫུན་མ་དང་། གསར་འགོད་པའི་ས་ཚིགས་རྫུན་མ། གསར་འགོད་པ་རྫུན་མ། དེ་བཞིན་གསར་འགྱུར་རྫུན་མ་བཟོ་བ་དང་བརྒྱུད་སྤེལ་བཅས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་དང་། མཉམ་འབྲེལ་དྲ་རྒྱའི་ཐོག་གི་གསར་འགྱུར་སྨྱན་སྦྱོར་རྫུན་མ་དང་། གསར་འགྱུར་དྲ་ཚུགས་རྫུན་མ། གསར་འགྱུར་གྱི་གསར་འགོད་པ་རྫུན་མ་བཅས་ཀྱིས་གླེང་ཕྱོགས་ལྟ་སྐུལ་གྱི་མིང་ཐོག་ནས་ཁ་བསླུས་རྒྱག་པའི་བྱ་སྤྱོད།

(བཅུ་བཞི) གསར་འགྱུར་དཔེ་སྐྲུན་ཚན་པ་དང་ལས་དོན་པས་གསར་འགྱུར་དཔེ་སྐྲུན་གྱི་ལས་དོན་དང་འབྲེལ་བའི་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད།

(བཅོ་ལྔ) དྲ་ཐོག་སྟེགས་བུ་དང་འབྲེལ་ཡོད་ཐབས་ལམ་བེད་སྤྱད་དེ་རྒྱལ་ནང་ལ་དམིགས་ནས་བཀག་སྡོམ་ནང་དོན་དང་ལྡན་པའི་ཕྱི་རྒྱལ་གྱི་དཔེ་སྐྲུན་དངོས་པོ་དང་འབྲེལ་ཡོད་ཆ་འཕྲིན་ཚོང་འགྲེམ་དང་བརྒྱུད་སྤེལ་བྱེད་པའི་བྱ་སྤྱོད།

(བཅུ་དྲུག) དེ་མིན་འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་དང་རིག་གནས་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་བཟོ་སྲིད་པའི་འཆལ་ལོག་དང་འབྲེལ་བའི་གནད་དོན།

དོན་ཚན་ལྔ་པ། ཐེར་འདོན་བྱ་དགའ་སྤྲོད་པར་ད་དུང་གཤམ་གསལ་གྱི་ཆ་རྐྱེན་ཁག་ཚང་དགོས།

(གཅིག) ཁ་གསལ་བའི་ཐེར་འདོན་བྱ་ཡུལ་དང་དོན་དངོས། དེ་བཞིན་འབྲེལ་ཡོད་དཔང་རྟགས་བཅས་ཡོད་དགོས།

(གཉིས) ཐེར་འདོན་གྱི་ནང་དོན་ཐད་འབྲེལ་ཡོད“འཆལ་སེལ་ལོག་རྡུང”ཚན་པ་ནས་ཐེར་འདོན་བྱེད་མཁན་ཐོག་མ་དེ་ཡིན་པ་ཞིབ་བཤེར་གཏན་འཁེལ་བྱ་དགོས།

(གསུམ) ཐེར་འདོན་གྱི་ནང་དོན་ལ་དངོས་ར་གསལ་འཕྲོད་བྱུང་བ་མ་ཟད་ཁྲིམས་བཞིན་ཐག་གཅོད་བྱས་པ་ཡིན་དགོས།

དོན་ཚན་དྲུག་པ། གཤམ་གསལ་གནས་ཚུལ་གང་རུང་ཞིག་ནི་ཐེར་འདོན་བྱ་དགའ་སྤྲོད་ཁོངས་སུ་མི་གཏོཌ།

(གཅིག) “འཆལ་སེལ་ལོག་རྡུང”ཚན་པའི་ལས་དོན་པའི་ཐེར་འདོན།

(གཉིས) དག་ཞུའི་གྱོད་ཁོངས་སུ་གཏོགས་པའི་ཐེར་འདོན།

(གསུམ) པར་དབང་བཙན་གནོད་དང་རྐུ་འཕྲོག་སོགས་བྱ་སྤྱོད་ཀྱི་ཕན་གནོད་དང་ཐད་ཀར་འབྲེལ་བ་ཡོད་མཁན་དང་ཡང་ན་དེའི་མངགས་བཅོལ་ངོ་ཚབ་ཀྱི་ཐེར་འདོན།

(བཞི) དེ་མིན་ཁྲིམས་ལུགས་ཁྲིམས་སྲོལ་གཏན་འབེབས་དང་མི་འཚམ་པའི་གནས་ཚུལ།

དོན་ཚན་བདུན་པ། ཐེར་འདོན་བྱས་རྗེས་འཇོག་མཁན་ལ་བྱ་དགའ་སྤྲོད་རྒྱུའི་ཚད་གཞི་གཤམ་གསལ།

(གཅིག) སྤྱིར་བཏང་ཐེར་འདོན་བྱས་རྗེས་འཇོག་མཁན་གྱིས་ཁྲིམས་འགལ་གྱི་དཔེ་སྐྲུན་བྱ་སྤྱོད(དྲ་ཐོག་དང་དྲ་འོག་ཚུད་པ)ཐེར་འདོན་ཐད་འབྲེལ་ཡོད་དཔེ་སྐྲུན་དངོས་པོ(ནང་ཁུལ་དཔྱད་གཞིའི་རང་བཞིན་གྱི་དཔེ་སྐྲུན་དངོས་པོ་ཚུད་པ)དང་འབྲེལ་བའི་རིགས་ཀྱི་ཚོང་གཉེར་གྲངས་འབོར་གྱི་བརྒྱ་ཆ་གཉིས་ནང་ཚུན་གྱི་བྱ་དགའི་དངུལ་གཞིར་བཟུང་བྱ་དགའ(ཐེར་འདོན་རེའི་བྱ་དགའི་དངུལ་སྒོར་ཁྲི་60ནས་མི་བརྒལ་བ)སྤྲོད་རྒྱུ་དང་། ཚོང་གཉེར་གྲངས་འབོར(ཁྲིམས་འགལ་གྱི་ཐོབ་ཆ)དང་ཡང་ན་ཚོང་གཉེར་གྲངས་འབོར(ཁྲིམས་འགལ་གྱི་ཐོབ་ཆ)དངུལ་སྒོར་ལྔ་ཁྲི་ལས་མི་བརྒལ་བར་ཐེར་འདོན་གྱི་གནས་ཚུལ་གཞིར་བཟུང་བྱ་དགའི་དངུལ་སྒོར་1000ནས་5000བར་སྤྲོད་རྒྱུ།

(གཉིས) ཁྲིམས་འགལ་པར་སྐྲུན་བྱ་སྤྱོད་ཀྱི་ཐོན་སྐྱེད་དང་གཉེར་སྐྱོང་། སྐྱེལ་འདྲེན་སོགས་སྒྲིག་ཆས་རིགས་ཐེར་འདོན་ཐད་གྱོད་གཞི་རེའི་ཆད་པ་དང་གཞུང་བཞེས་བཏང་བའི་དངུལ་གྲངས་ཀྱི་བརྒྱ་ཆ་བཅུ་ནང་ཚུན་གཞིར་བཟུང་བྱ་དགའ་སྤྲོད་རྒྱུ་དང་། གལ་སྲིད་ཆད་པ་དང་གཞུང་བཞེས་ཀྱི་ཆ་རྐྱེན་མ་འཛོམས་ན་གཞུང་བཞེས་སྒྲིག་ཆས་ཁྲིམས་ལྟར་ཕམ་ཚོང་གི་ཐོབ་ཆའི་བརྒྱ་ཆ་ལྔ་ནང་ཚུན་གཞིར་བཟུར་བྱ་དགའ(གོང་གི་ཐེར་འདོན་རིགས་ཀྱི་བྱ་དགའི་དངུལ་སྤྱིར་ན་སྒོར་ཁྲི་ཚོ་60ནས་བརྒལ་མི་ཆོག་པ)སྤྲོད་རྒྱུ། ཞིབ་རྩིས་བརྒྱུད། བྱ་དགའི་དངུལ་སྒོར་1000ཟིན་མེད་པའི་རིགས་ལ་སྒོར་1000གི་ཚད་གཞི་ལྟར་བྱ་དགའི་དངུལ་སྤྲོད་རྒྱུ།

(གསུམ) ཁྲིམས་འགལ་འོད་སྡེར་ཐོན་སྐྱེད་སྒྲུབ་རིམ་གྱི་ཁྲིམས་འགལ་ངང་འོད་སྡེར་འདྲ་བཟོའི་རིགས་ཐེར་འདོན་བྱེད་མཁན་ལ་ཐོན་སྐྱེད་སྒྲུབ་རིམ་རེར་སྒོར་ཁྲི་ཚོ་10ནས་20བར་གྱི་ཚད་གཞི་གཞིར་བཟུར་བྱ་དགའ་སྤྲོད་རྒྱུ། ཚུལ་ལྡན་འོད་སྡེར་ཐོན་སྐྱེད་ཁེ་ལས་ཀྱིས་ཆོག་མཆན་མ་ཐོབ་པར་རང་དགར་འོད་སྡེར་འདྲ་བཟོ་བྱས་པའི་རིགས་ཐེར་འདོན་བྱེད་མཁན་ལ་དངུལ་སྒོར་ཆིག་ཁྲི་ནས་ཁྲི་ཚོ་10བར་གྱི་ཚད་གཞི་ལྟར་བྱ་དགའ་སྤྲོད་རྒྱུ། པར་དབང་རྐུ་འཕྲོག་གི་འོད་སྡེར་འདུས་གྲུབ་ཕབ་བཤུ་ཐོན་སྐྱེད་བྱེད་པའི་རིགས་ཐེར་འདོན་བྱེད་མཁན་ལ་དོན་ཚན་འདིའི་ནང་གསེས་གཉིས་པ་ལྟར་ལག་བསྟར་བྱེད་རྒྱུ།

(བཞི) ཆབ་སྲིད་ཀྱི་རང་བཞིན་ལྡན་ལ་བོད་དང་འབྲེལ་བའི་བཀག་སྡོམ་ནང་དོན་ལྡན་པའི་དཔེ་སྐྲུན་དངོས་པོ་དང་དྲིལ་བསྒྲགས་དངོས་པོ། གནོད་ཡོད་ཆ་འཕྲིན་རིགས་སྒྲིག་བཟོ་དང་འདྲ་བཟོ། པར་སྐྲུན། ལོག་ཚོང་། བརྒྱུད་སྤེལ་བཅས་ཀྱི་རིགས་ཐེར་འདོན་བྱས་ཅིང་ཐེར་འདོན་བྱེད་ཡུལ་ཁྲིམས་བཞིན་ཐག་གཅོད་བྱེད་པ་དང་ཡང་ན་གནོད་ཡོད་ཆ་འཕྲིན་བསུབས་རྗེས་ཐེར་འདོན་བྱེད་མཁན་ལ་བྱ་དགའི་དངུལ་སྒོར་1000སྤྲོད་རྒྱུ། སྲིད་འཛིན་ཆད་གཅོད་ཀྱི་གྱོད་གཞི་གྲུབ་པའི་རིགས་ཐེར་འདོན་བྱེད་མཁན་ལ་བྱ་དགའི་དངུལ་སྒོར་1000ནས་5000བར་སྤྲོད་རྒྱུ། ཉེས་དོན་གྱོད་གཞི་གྲུབ་པའི་རིགས་ཐེར་འདོན་བྱེད་མཁན་ལ་སྒོར་5000ནས་ཁྲི་གཅིག་བར་གྱི་བྱ་དགའ་སྤྲོད་རྒྱུ། ཚབས་ཆེའི་ཁྲིམས་འགལ་གྱོད་གཞིའི་ཁུངས་སྣེ་མཁོ་འདོན་བྱེད་ཅིང་དྲ་ཐོག་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་གཏོང་བའི་ཐད་ལེགས་སྐྱེས་ཆེས་མངོན་གསལ་དོད་པོ་ཕུལ་མཁན་ལ་ཐེར་འདོན་བྱེད་ཐེངས་རེར་བྱ་དགའི་དངུལ་སྒོར་ཉིས་ཁྲི་ནས་ལྔ་ཁྲིའི་བར་སྤྲོད་རྒྱུ།

(ལྔ) ཆགས་སྲེད་དང་དམར་གསོད་གཏུམ་སྤྱོད་སོགས་བཀག་སྡོམ་ནང་དོན་དང་སློབ་གྲྭའི་ནང་གི་ཐུབ་ཚོད་དང་རང་ཤི་རྒྱག་པ། རང་གིས་རང་ལ་མནར་གཅོད་གཏོང་བ། བྱིས་པར་མནར་གཅོད་གཏོང་བ་སོགས་ནར་མ་སོན་མཁན་གྱི་ལུས་སེམས་བདེ་ཐང་ལ་གནོད་འཚེ་གཏོང་བ་དང་། སྤྱི་ཚོགས་ཀྱི་ཀུན་སྤྱོད་ལ་གནོད་འཚེ་གཏོང་བའི་དྲ་ཚུགས་དང་སྤྱོད་སྣེ། དེ་བཞིན་དྲ་ཐོག་སྤྱི་འབྲེལ་སྟེགས་བུ། སྐབས་འཕྲལ་འཕྲིན་གཏོང་ཡོ་བྱད། དྲ་བའི་གསོག་ཉར་དང་གསོག་ཉར་སྦྲེལ་རྟ་སོགས་སྒྲིག་བཟོ་དང་འདྲ་བཟོ། པར་སྐྲུན། ལོག་ཚོང་། བརྒྱུད་སྤེལ་བཅས་བྱེད་པའི་རིགས་ཐེར་འདོན་བྱེད་ཅིང་ཐེར་འདོན་བྱེད་ཡུལ་ཁྲིམས་བཞིན་ཐག་གཅོད་བྱེད་པ་དང་ཡང་ན་གནོད་ཡོད་ཆ་འཕྲིན་བསུབས་རྗེས་ཐེར་འདོན་བྱེད་མཁན་ལ་བྱ་དགའི་དངུལ་སྒོར་1000སྤྲོད་རྒྱུ་དང་། སྲིད་འཛིན་ཆད་གཅོད་ཀྱི་གྱོད་གཞི་གྲུབ་པའི་རིགས་ཐེར་འདོན་བྱེད་མཁན་ལ་བྱ་དགའི་དངུལ་སྒོར་1000ནས་5000བར་སྤྲོད་རྒྱུ། ཉེས་དོན་གྱོད་གཞི་གྲུབ་པའི་རིགས་ཐེར་འདོན་བྱེད་མཁན་ལ་བྱ་དགའི་དངུལ་སྒོར་5000ནས་ཆིག་ཁྲི་བར་སྤྲོད་རྒྱུ། ཚབས་ཆེའི་གྱོད་གཞིའི་ཁུངས་སྣེ་མཁོ་འདོན་བྱེད་ཅིང་དྲ་ཐོག་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་གཏོང་བའི་ནང་ལེགས་སྐྱེས་གལ་ཆེན་ཕུལ་བའི་རིགས་ལ་ཐེར་འདོན་བྱེད་ཐེངས་རེར་བྱ་དགའི་དངུལ་སྒོར་ཉིས་ཁྲི་ནས་ལྔ་ཁྲིའི་བར་སྤྲོད་རྒྱུ།

(དྲུག) གསར་འགྱུར་ཁ་བསླུས་དང་གསར་འགྱུར་རྫུན་བཟོ། སྨྱན་སྦྱོར་རྫུན་མ། གསར་འགོད་ས་ཚིགས་རྫུན་མ། གསར་འགོད་པ་རྫུན་མ་བཅས་དང་། རང་དགར་དཔེ་སྐྲུན་ཚན་པ་རྫུན་མ་བཙུགས་པའི་རིགས་ཐེར་འདོན་བྱེད་མཁན་ལ་བྱ་དགའི་དངུལ་སྒོར་1000སྤྲོད་རྒྱུ། སྲིད་འཛིན་ཆད་གཅོད་གྱོད་གཞི་གྲུབ་པའི་རིགས་ཐེར་འདོན་བྱེད་མཁན་ལ་བྱ་དགའི་དངུལ་སྒོར་1000ནས་5000བར་སྤྲོད་རྒྱུ། ཉེས་དོན་གྱོད་གཞི་གྲུབ་པའི་རིགས་ཐེར་འདོན་བྱེད་མཁན་ལ་བྱ་དགའི་དངུལ་སྒོར་5000ནས་ཆིག་ཁྲི་བར་སྤྲོད་རྒྱུ།

(བདུན) དཔེ་རྟགས་དང་། དུས་དེབ་ཀྱི་ཨང་རྟགས། པར་རྟགས། ཆོག་འཐུས་ལག་ཁྱེར་སོགས་གསར་འགྱུར་དཔེ་སྐྲུན་ལས་ཀ་དང་འབྲེལ་བའི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་རིགས་ཐེར་འདོན་བྱེད་མཁན་ལ་དོན་ཚན་འདིའི་ནང་གསེས་དྲུག་པ་ལྟར་ལག་བསྟར་བྱ་རྒྱུ།

(བརྒྱད) རང་དགར་ཕྱི་རྒྱལ་གྱི་དཔེ་སྐྲུན་དངོས་པོ་པར་འདེབས་དང་ཡང་ན་འདྲ་བཟོ་བྱས་པ་དང་། ཕྱི་རྒྱལ་གྱི་དཔེ་སྐྲུན་དངོས་པོ་ཁྲིམས་འགལ་ངང་ནང་འདྲེན་བྱས་པ། བཀག་སྡོམ་གྱི་ནང་དོན་ལྡན་པའི་རིགས་ཁྲིམས་འགལ་ངང་འཁྱེར་ཡོང་བ། མི་སྒེར་གྱི་སྤྱོད་གྲངས་ལས་བརྒལ་བ་རྒྱལ་ཁོངས་སུ་འཁྱེར་ཡོང་བ་བཅས་ཀྱི་རིགས་ཐེར་འདོན་བྱེད་མཁན་དང་། དྲ་བའི་སྟེགས་བུ་དང་འབྲེལ་ཡོད་ཐབས་ལམ་སྤྱད་དེ་རྒྱལ་ཁོངས་ལ་དམིགས་ཏེ་བཀག་སྡོམ་གྱི་ནང་དོན་ལྡན་པའི་ཕྱི་རྒྱལ་གྱི་དཔེ་སྐྲུན་དངོས་པོ་དང་དེ་མིན་འབྲེལ་ཡོད་ཆ་འཕྲིན་བྲིན་འཚོང་དང་བརྒྱུད་བསྒྲགས་རིགས་ཐེར་འདོན་བྱེད་མཁན་ལ་བྱ་དགའི་དངུལ་སྒོར་1000སྤྲོད་རྒྱུ། སྲིད་འཛིན་ཆད་གཅོད་དང་ཉེས་དོན་གྱོད་གཞི་གྲུབ་པའི་རིགས་ཐེར་འདོན་བྱེད་མཁན་ལ་ཐེར་འདོན་བྱེད་ཐེངས་རེར་བྱ་དགའི་དངུལ་སྒོར་1000ནས་ཁྲི་1བར་སྤྲོད་རྒྱུ།

(དགུ) དཔེ་སྐྲུན་དངོས་པོ(དྲ་ཐོག་དཔེ་སྐྲུན་དངོས་པོ་ཚུད་ཡོད)དང་། པར་འདེབས་དངོས་པོ། དེ་བཞིན་འབྲེལ་ཡོད་ཆ་འཕྲིན་གྱི་ནང་དོན་ཐད་གནས་ཚུལ་ཡོད་པ་མ་ཟད། འདུ་ཤེས་འཛིན་སྟངས་ཀྱི་བདེ་འཇགས་ལ་ཤུགས་རྐྱེན་བཟོ་སྲིད་པའམ་སྤྱི་ཚོགས་ཟིང་ཆ་སློངས་རྐྱེན་དུ་འགྱུར་སྲིད་པའི་རིགས་ཐེར་འདོན་བྱས་པར་ཐེར་འདོན་བྱེད་མཁན་ལ་སྒོར་1000བྱ་དགའ་སྤྲོད་རྒྱུ་དང་། སྲིད་འཛིན་ཆད་པ་ཕོགས་པ་དང་ཉེས་དོན་གྱོད་གཞི་གྲུབ་རིགས་ལ་གྱོད་དོན་རེར་ཐེར་འདོན་བྱེད་མཁན་ལ་བྱ་དགའི་དངུལ་སྒོར་1000ནས་ཁྲི་1བར་སྤྲོད་རྒྱུ།

(བཅུ) འདུ་ཤེས་ཁྱབ་ཁོངས་ཀྱི་བདེ་འཇགས་དང་རིག་གནས་བདེ་འཇགས་ལ་ཤུགས་རྐྱེན་བཟོ་བའི་འཆལ་ལོག་གི་གནད་དོན་དང་ཁུངས་སྣེ་ཐེར་འདོན་བྱས་པ་མ་ཟད། ལས་དོན་འོས་འཚམ་ཐག་གཅོད་ཡོང་བར་གལ་ཆེའི་ནུས་པ་ཐོན་པ་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཡག་པོ་ཐོན་པར་ཐེར་འདོན་བྱེད་མཁན་ལ་བྱ་དགའི་དངུལ་སྒོར་1000ནས་ཁྲི་1བར་སྤྲོད་རྒྱུ།

(བཅུ་གཅིག) ཐེར་འདོན་བྱས་པའི་འབྲེལ་ཡོད་ཁྲིམས་འགལ་བྱེད་སྒོ་དེ་རྒྱལ་ཁབ་ཀྱི“འཆལ་སེལ་ལོག་རྡུང”ལས་དོན་ཚོགས་ཆུང་གཞུང་ལས་ཁང་ངམ་རང་སྐྱོང་ལྗོངས་ཀྱི“འཆལ་སེལ་ལོག་རྡུང”ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས་དམིགས་བཀར་གཉེར་སྒྲུབ་བྱེད་པའི་གྱོད་གཞིའི་ཁོངས་བཅུག་པ་དང་དེ་མིན་དམིཌ་བསལ་གལ་ཆེའི་ལེགས་སྐྱེས་འབུལ་མཁན་ལ་བྱ་དགའི་དངུལ་རང་སྐྱོང་ལྗོངས“འཆལ་སེལ་ལོག་རྡུང”ལས་དོན་འགོ་ཁྲིད་ཚོགས་ཆུང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་འོས་འཚམ་གྱིས་མཐོ་རུ་བཏང་ཆོག འོན་ཀྱང་མཐོ་ཤོས་ལ་བྱ་ཐབས་འདིའི་ནང་གཏན་འཁེལ་བྱས་པའི་ཚད་གཞི་མཐོ་ཤོས་ལས་འགལ་མི་ཆོག

(བཅུ་གཉིས) མི་གཅིག་གིས་ཁྲིམས་འགལ་བྱ་སྤྱོད་རིགས་གཅིག“འཆལ་སེལ་ལོག་རྡུང”གི་ཚན་པ་མི་འདྲ་བར་ཐེར་འདོན་བྱས་ན་བྱ་དགའ་ཐེངས་གཅིག་ལས་མི་ཐོབ་པ་དང་མི་གཉིས་ཡན་གྱིས་ཁྲིམས་འགལ་བྱ་སྤྱོད་གཅིག་སྔ་རྗེས་སུ་ཐེར་འདོན་བྱས་ན་བྱ་དགའ་ཐེར་འདོན་བྱེད་མཁན་དང་པོ་དེར་སྤྲོད་པ། མི་གཉིས་ཡན་གྱིས་ཁྲིམས་འགལ་བྱ་སྤྱོད་གཅིག་མཉམ་དུ་ཐེར་འདོན་བྱས་ན་གཉེར་སྒྲུབ་བྱེད་ཡུལ་གྱི“འཆལ་སེལ་ལོག་རྡུང”ཚན་པས་བྱ་དགའི་དངུལ་གྲངས་གཏན་འཁེལ་བྱས་རྗེས་ཐེར་འདོན་བྱེད་མི་སོ་སོས་གྲོས་མོལ་བྱས་ནས་བགོ་བཤའ་རྒྱག་པ་དང་གྲོས་མོལ་མ་བྱུང་ན་བྱ་དགའི་དངུལ་ཆ་སྙོམས་བགོ་བཤའ་བརྒྱབ་དགོས།

ས་བཅད་གསུམ་པ། ཐེར་འདོན་བྱ་ཐབས།

དོན་ཚན་བརྒྱད་པ། མང་ཚོགས་ཀྱིས་ཡི་གེ་དང་ཁ་པར། བརྙན་སྐྱེལ། སྦྲགས་སྒམ་སོགས་ཀྱི་བྱ་ཐབས་བརྒྱུད“འཆལ་སེལ་ལོག་རྡུང”ཐེར་འདོན་བྱས་ཆོག

རང་སྐྱོང་ལྗོངས“འཆལ་སེལ་ལོག་རྡུང”ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་ཐེར་འདོན་བདག་ལེན་བྱ་ཐབས་ནི།

1. ཐེར་འདོན་བདག་སྤྲོད་བྱེད་གནས། བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ཅང་སུའུ་ལམ་སྒོ་རྟགས་དང་པོ་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་རིག་གནས་བདེ་འཇགས་ལྟ་འདོམས་ཁྲུའུ(རང་སྐྱོང་ལྗོངས“འཆལ་སེལ་ལོག་རྡུང”ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་)

2. ཐེར་འདོན་བདག་སྤྲོད་ཁ་པར། 0891—6177260

3. ཐེར་འདོན་བདག་སྤྲོད་བརྙན་སྐྱེལ།0891—6360785

4. ཐེར་འདོན་བདག་སྤྲོད་གློག་རྡུལ་ཡིག་སྒམ། xizang@shdf.gov.cn

ས་ཁུལ་དང་གྲོང་ཁྱེར་ཁག་དང་རྫོང་དང་ཆུས་ཁག་གི“འཆལ་སེལ་ལོག་རྡུང”ཚན་པས་ཀྱང་ཐེར་འདོན་བདག་སྤྲོད་བྱ་ཐབས་ཁྱབ་བསྒྲགས་བྱེད་དགོས།

ས་བཅད་བཞི་པ། ཐེར་འདོན་བྱ་དགའི་གོ་རིམ་དང་ལྟ་ཞིབ།

དོན་ཚན་དགུ་པ། བྱ་དགའ་སྤྲོད་མཁན་ཚན་པས་བརྟག་དཔྱད་བྱས་ནས་དངོས་བདེན་ཡིན་པ་དང་གྱོད་གཞིར་སྲིད་འཛིན་ཆད་པ་བཅད་པའམ་ཡང་ན་ཉེས་དོན་ཐོ་འགོད་བྱས་ཏེ་གནོད་འཚེ་ཡོད་པའི་ཆ་འཕྲིན་མེད་པ་བཟོས་རྗེས་ཀྱི་ལས་ཀའི་ཉིན་30ནང་ཚུན་དུ་བྱ་དགའ་སྤྲོད་ཐབས་ཀྱི་གཏན་འབེབས་དང་མཐུན་པའི་ཐེར་འདོན་བྱེད་མཁན་ལ་བྱ་དགའ་དང་ལེན་བྱེད་དགོས་མིན་དང་བྱ་དགའ་ལེན་པའི་གོ་རིམ་བརྡ་ཁྱབ་བྱེད་དགོས།

ཐེར་འདོན་བྱེད་མིས་བྱ་དགའ་ཐོབ་པའི་བརྡ་ཐོ་འབྱོར་རྗེས་ཀྱི་ལས་ཀའི་ཉིན་30ནང་ཐེར་འདོན་བྱ་དགའི་དངུལ་སྤྲོད་པའི་གོ་རིམ་ལྟར་སོ་སོ་རང་གིས་ཐེར་འདོན་བདག་སྤྲོད་བྱས་པའི་རེའུ་མིག་ཐོག་མིང་འགོད་པ་མ་ཟད་བདག་ལེན་བྱེད་པ་དང་ཡུལ་མིའི་ཐོབ་ཐང་ལག་ཁྱེར་རམ་གོ་ཆོད་ལག་ཁྱེར་གྱི་བསྐྱར་པར་མཁོ་འདོན་བྱེད་པའི་འགྲོ་ལུགས་གཉེར་དགོས། དུས་ཚོད་ཡོལ་ནས་བྱ་དགའི་དངུལ་མ་བླངས་ཚེ་རང་འགུལ་ངང་དོར་བར་བརྩི་རྒྱུ། བྱ་དགའི་དངུལ་སྤྲད་པའི་འབྲེལ་ཡོད་དཔྱད་གཞི་ཁག“འཆལ་སེལ་ལོག་རྡུང”གཞུང་ལས་ཁང་གིས་ཆེད་མངགས་མི་སྣ་གཏན་འཁེལ་བྱས་ནས་དོ་དམ་བྱེད་པ་མ་ཟད་གསང་བ་སྲུང་དགོས། ནོར་དོན་གྱིས་འགྲོ་ལུགས་ཁག་ཞིབ་རྩིས་སྐབས་འབྲེལ་ཡོད་ཞིབ་མཆན་རྩིས་ཞུའི་བསྐྱར་པར་དང་བྱ་དགའི་དངུལ་སྤྲད་པའི་དཔང་ཡིག་ཉར་ཚགས་བྱེད་དགོས།

དོན་ཚན་བཅུ་པ། ཐེར་འདོན་བྱེད་པའི་ཐད་བྱས་རྗེས་ཡོད་མཁན་ལ་བྱ་དགའི་དངུལ་དེ་ཐེར་འདོན་གཉེར་སྒྲུབ་བྱེད་མཁན“འཆལ་སེལ་ལོག་རྡུང”ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས་སྤྲོད་དགོས།

དོན་ཚན་བཅུ་གཅིག ཐེར་འདོན་བྱེད་མཁན་གྱི་གསང་བ་ནན་པོ་སྲུང་དགོས། ཐེར་འདོན་བྱེད་མིས་མོས་མཐུན་མེད་པ་དང་འགན་གཙོ་བོ་འཁུར་མཁན་འགོ་ཁྲིད་ཀྱི་ཆོག་མཆན་མ་ཐོབ་པར་ཐེར་འདོན་བྱེད་མིའི་མིང་དང་སྐྱེ་ཁུངས། སྡོད་གནས་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱེད་མི་ཆོག དེ་ལས་འགལ་ཚེ་བཅའ་ཁྲིམས་དང་སྒྲིག་ཁྲིམས་ལྟར་འབྲེལ་ཡོད་ཚན་པ་དང་འགན་འཁུར་མི་སྣའི་འགན་འཁྲི་རྩད་གཅོད་བྱ་རྒྱུ།

ཚན་པ་དང་མི་སྒེར་གང་རུང་ཞིག་གིས་ཐེར་འདོན་བྱེད་མིར་རྡུང་རྡེག་དང་འཁོན་ལན་བྱེད་མི་ཆོག དེ་ལས་འགལ་ཚེ་བཅའ་ཁྲིམས་དང་སྒྲིག་ཁྲིམས་ལྟར་དེའི་འགན་འཁྲི་རྩད་གཅོད་བྱ་རྒྱུ།

དོན་ཚན་བཅུ་གཉིས་པ། གཞི་རིམ“འཆལ་སེལ་ལོག་རྡུང”དྲ་མིག་ལས་དོན་པ་དང་དང་བླངས་པ་སོགས་ཀྱིས་རང་ས་ཁོངས་ནང་གི“འཆལ་སེལ་ལོག་རྡུང”དང་འབྲེལ་བའི་ཁུངས་སྣེ་ཐེར་འདོན་བྱས་ཚེ། ཐེར་འདོན་བྱ་དགའ་སྤྲོད་པའི་ཁོངས་སུ་འཇུག་རྒྱུ་དང་ཞིབ་ཕྲའི་བླང་བྱ་དང་བྱ་དགའི་ཚད་གཞི་ས་ཁུལ་དང་གྲོང་ཁྱེར་ཁག་དང་རྫོང(ཆུས)“འཆལ་སེལ་ལོག་རྡུང”ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས་གཏན་འཁེལ་བཟོ་རྒྱུ།

དོན་ཚན་བཅུ་གསུམ་པ། ཁྲིམས་མིའམ་རྩ་འཛུགས་གཞན་གྱི་ཐེར་འདོན་ལ་བྱ་དགའ་སྤྲོད་ཐབས་འདི་ལག་བསྟར་བྱ་རྒྱུ། གལ་ཏེ་བྱ་ཐབས་འདིའི་དོན་ཚན་དྲུག་པའི་གཏན་འབེབས་ཁོངས་སུ་ཚུད་ན་བྱ་དགའ་སྤྲོད་རྒྱུ་མིན།

དོན་ཚན་བཅུ་བཞི་པ། རང་སྐྱོང་ལྗོངས་དང་ས་ཁུལ་དང་གྲོང་ཁྱེར་ཁག་དང་། རྫོང(ཆུས)ཁག་གིས་ཁག་སོ་སོར་འགྲོ་གྲོན་བཀོད་སྒྲིག་བྱས་ནས་ཐེར་འདོན་བྱེད་པའི་ཐད་ལེགས་སྐྱེས་འབུལ་མཁན་ལ་བྱ་དགའ་སྤྲོད་དགོས།  ས་ཁུལ་དང་གྲོང་ཁྱེར་དང་། རྫོང(ཆུས)གི“འཆལ་སེལ་ལོག་རྡུང”ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས། བྱ་ཐབས་འདིར་གཞིགས་ནས་ནོར་སྲིད་དང་འབྲེལ་ཡོད་ཚན་པ་དང་མཉམ་དུ་རང་ས་ཁུལ་གྱི་ཐེར་འདོན་བྱ་དགའི་བྱ་ཐབས་བཟོ་དགོས་པ་དང་། འབྲེལ་ཡོད་བྱ་ཐབས་རིམ་པ་གོང་མའི“འཆལ་སེལ་ལོག་རྡུང”གཞུང་ལས་ཁང་ལ་ཐོ་འགོད་བྱེད་དགོས།

དོན་ཚན་བཅོ་ལྔ་པ། རིམ་པ་ཁག་གི“འཆལ་སེལ་ལོག་རྡུང”ཚན་པས་ནོར་སྲིད་ཚན་པ་དང་མཉམ་དུ་བྱ་དགའི་དངུལ་བེད་སྤྱོད་གཏོང་སྟངས་གཏན་འཁེལ་བཟོས་ནས་ཆེད་མིས་འགན་ཁུར་བ་དང་ཆེད་དངུལ་ཆེད་སྤྱོད། ཆེད་དོན་རྩིས་ཁྲ་ཞིབ་རྩིས་བཅས་ཡོང་རྒྱུ་འགན་ལེན་བྱེད་དགོས། བྱ་དགའི་འགྲོ་གྲོན་བེད་སྤྱོད་བྱས་ཚུལ་རིམ་པ་གཅིག་མཚུངས་ཀྱི་ནོར་སྲིད་ཚན་པས་ལྟ་ཞིབ་བྱེད་རྒྱུར་འགན་ཁུར་དགོས་པ་དང་རྩིས་བཤེར་ཚན་པས་རྩིས་བཤེར་བྱེད་དགོས།

ས་བཅད་ལྔ་པ། ཟུར་བཀོད།

དོན་ཚན་བཅུ་དྲུག་པ། བྱ་ཐབས་འདི་བོད་རང་སྐྱོང་ལྗོངས“འཆལ་སེལ་ལོག་རྡུང”ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས་འགན་ཁུར་ཏེ་འགྲེལ་བཤད་བྱེད་རྒྱུ།

དོན་ཚན་བཅུ་བདུན་པ།  བྱ་ཐབས་འདི་2019ལོའི་ཟླ9ཚེས12ཉིན་ནས་ལག་བསྟར་བྱ་རྒྱུ། 2000ལོའི་ཟླ4ཚེས6ཉིན་བོད་རང་སྐྱོང་ལྗོངས“འཆལ་སེལ་ལོག་རྡུང”འགོ་ཁྲིད་ཚོགས་ཆུང་དང་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་། བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་། བོད་རང་སྐྱོང་ལྗོངས་དཔར་དབང་ཅུད། བོད་རང་སྐྱོང་ལྗོངས་གསར་འགྱུར་དཔེ་སྐྲུན་ཅུད་བཅས་ནས་མཉམ་འབྲེལ་ཐོག་འགྲེམ་བསྒྲགས་བྱས་པའི《འཆལ་བཟོ་འཆལ་འགྲེམས་དང་དཔར་དབང་ལ་བཙན་གནོད་བརྐུ་རྒྱག དེ་མིན་ཁྲིམས་འགལ་དཔེ་སྐྲུན་བྱེད་སྒོ་ཐེར་འདོན་བྱས་ནས་བྱས་རྗེས་འཇོག་མཁན་ལ་བྱ་དགའ་སྤྲོད་ཐབས》ཞེས་པ་དུས་མཚུངས་བརྩི་མེད་དུ་གཏོང་རྒྱུ།

(ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དྲིལ་བསྒྲགས་པུའུ་དང་བོད་རང་སྐྱོང་ལྗོངས“འཆལ་སེལ་ལོག་རྡུང”ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས་པར་འགྲེམས་བྱས་པ་གཞིར་བཟུང) 

རྩོམ་སྒྲིག་པ། : ཀླུ་མོ་མཚོ།