བོད་རང་སྐྱོང་ལྗོངས་ཀྱི་2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན།

བོད་རང་སྐྱོང་ལྗོངས་ཀྱི་2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན།

——2020ལོའི་ཟླ་1ཚེས་7ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག

བོད་རང་སྐྱོང་ལྗོངས་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་། 

འཐུས་མི་རྣམ་པ།

རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་བཀའ་མངགས་ལྟར། ད་ལྟ་2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་འདི་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་གྲོས་ཞིབ་གནང་རྒྱུར་འབུལ་རྒྱུ་དང་སྦྲགས། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམ་པ་དང་ཟུར་ཞུགས་པ་རྣམ་པས་དགོངས་འཆར་འདོན་རོགས་གནང་།

གཅིག 2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ།

2019ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་ཡིན་ལ། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན། འདི་ལོ་ཚུན་དུ། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་བྱས་པ་དང་། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་གལ་ཆེའི་རྣམ་བཤད་དང་ཏང་གི་བོད་སྐྱོང་མཛད་ཇུས། ལྷག་པར་དུ“2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”ཀྱི་རྟེན་འབྲེལ་འཕྲིན་ཡིག་བཅས་ཀྱི་དགོངས་དོན་ལག་བསྟར་བྱས་པ། ཕྱོགས་ཡོངས་ནས་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་། ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་། ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་དོན་འཁྱོལ་བྱས་ཏེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་སྤེལ་གཏོང་བ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་ངང་སྐུལ་སྤེལ་བཏང་ཁར། བརྟན་ཐོག་ཡར་འཕེལ་དང་། ཡར་འགྲོ་ཡག་བརྩོན། ཆད་སྐྱོན་སེལ་བ་བཅས་ཀྱི་ལས་དོན་གྱི་སྤྱིའི་དགོངས་གཞི་མཐའ་འཁྱོངས་ཀྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གྲོས་ཞིབ་གཏན་འཁེལ་གནང་བའི་དམིགས་ཚད་ལས་འགན་ཁག་གཞིར་བཟུང་། མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཙོ་རྐང་དུ་བྱེད་རྒྱུ་མཐའ་འཁྱོངས་དང་འཕེལ་རྒྱས་ཀྱི་བསམ་གཞི་གསར་པ་མཐའ་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་དང་། “སྲ་བརྟན་དང་། ཆེར་གཏོང་། མཐོར་འདེགས། ཤར་གཏོང”བཅས་ཀྱི་ཡིག་འབྲུ་བརྒྱད་ཀྱི་མཛད་ཕྱོགས་ལ་དམ་པོར་དམིགས་ཏེ“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ། “བརྟན་པོ་དྲུག”གི་ལས་དོན་ཕྱོགས་ཡོངས་ནས་ཡག་པོ་སྒྲུབ་པ། ནུས་ཤུགས་གཅིག་སྒྲིལ་གྱིས“ཐོན་ལས་ཆེན་པོ་བདུན”འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། འཕར་སྣོན་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་སེལ། བརྟན་ལྷིང་སྲུང་བ་བཅས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་པ་མ་ཟད། འབད་བརྩོན་ཆེར་སྐྱེད་དང་འབད་འབུངས་ཡར་བརྩོན་བྱས་པར་བརྟེན། འགག་སྒྲོལ་ཆེན་པོ་གསུམ་གྱི་ལས་དོན་ལ་འགག་རྩ་བཤངས་ཐུབ་པའི་འཕེལ་རྒྱས་བྱུང་བ་དང་། མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་བྱེད་རྒྱུ་ཟམ་མི་ཆད་པར་གཏིང་ཟབ་ཏུ་སོང་བ། སྒྱུར་བཅོས་སྒོ་དབྱེ་བྱེད་ཤུགས་ཆེ་རུ་སོང་བ། མི་དམངས་ཀྱི་འཚོ་བ་རྒྱུན་མཐུད་ལེགས་བཅོས་བྱུང་བ། སྤྱི་ཚོགས་དུས་བབ་ཞི་མཐུན་བརྟན་ལྷིང་བྱུང་བ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་གཙོ་བོའི་དམིགས་ཚད་སྔོན་དཔག་བཞིན་སྒྲུབ་ཐུབ་པ་བཅས་བྱུང་སྟེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད།

སྔོན་དཔག་རགས་ཙམ་བྱས་ན། 2019ལོར་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་1600ལས་བརྒལ་རྒྱུ་ཡིན་པ་དེ་དུས་མཚུངས་དང་བསྡུར་ན་9%འཕར་རྒྱུ་དང་། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དེ་དུས་མཚུངས་དང་བསྡུར་ན་7%འཕར་རྒྱུ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་ཟོག་སིལ་ཚོང་སྤྱི་འབོར་དེ་དུས་མཚུངས་དང་བསྡུར་ན་8%འཕར་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་དེ་དུས་མཚུངས་དང་བསྡུར་ན་10%དང་13%སོ་སོར་འཕར་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3%ནང་ཚུན་དུ་ཚོད་འཛིན་དང་གྲོང་ཁྱེར་གྲོང་རྡལ་གྱི་བརྟག་དཔྱད་བྱས་ཁོངས་ཀྱི་ལས་ཤོར་བསྡུར་ཚད་5%ཡས་མས་སུ་ཚོད་འཛིན་ཐུབ་པ་བྱེད་རྒྱུ། ཡུལ་མིའི་འཛད་སྤྱོད་ཀྱི་རིན་གོང་སྟོན་གྲངས་ཀྱི་འཕར་ཚད་དེ་2.5%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱེད་རྒྱུ་བཅས་རེད། ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་དང་། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སོགས་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོའི་འཕར་ཚད་དེ་མུ་མཐུད་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་བཟོ་ཡོད་པས་ལྗོངས་ཡོངས་ཀྱི་དཔལ་འབྱོར་མུ་མཐུད་ལུགས་མཐུན་གྱི་བར་མཚམས་སུ་འཁོར་རྒྱུག་ཐུབ་ནས“བརྟན་པོ་དང་། སྐྱོན་བྲལ། ལེགས་པ་བཅས་ཀྱི་ཕྱོགས་སུ”འཕེལ་རྒྱས་འགྲོ་བའི་འཕེལ་ངོ་ཐོན་ཡོད། གཙོ་བོ་གཤམ་གསལ་ཕྱོགས་དྲུག་ཐད་ཀྱི་ལས་དོན་སྤེལ་ཡོད་པ་སྟེ།

(གཅིག) འགག་སྒྲོལ་ཆེན་པོ་གསུམ་གྱི་ལས་དོན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་པ། ཕྱོགས་ཡོངས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་ལེགས་སྒྲུབ་བྱས་ཤིང་། གནད་འཕིགས་ཀྱི་མཛད་ཇུས་མཐའ་འཁྱོངས་ཀྱིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལག་བསྟར་ཇུས་གཞི(2018ལོ་ནས་2020ལོའི་བར)དང་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལེགས་སྒྲུབ་བྱེད་པའི་ལོ་གསུམ་ལས་འགུལ་གྱི་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ཡོད། ནོར་སྲིད་ཀྱི་ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་179.42གཅིག་གྱུར་འཆར་འགོད་ཀྱིས་སྒྲིལ་སྤྱོད་བྱས་ཏེ་རྫོང(ཆུས)ཁག་ལྷག་མ་19དང་མི་འབོར་དབུལ་པོ་ཁྲི་15ཡི་དབུལ་སྒྲོལ་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་བཏང་ཞིང་། ལོ་བཞིའི་ནང་རིམ་རྩིས་བྱས་ན་མི་འབོར་དབུལ་པོ་ཁྲི་62.8ཉུང་དུ་སོང་ཡོད། གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་ཁུལ(ས་ཚུགས)970ཚང་མ་ལས་མཇུག་འགྲིལ་ནས་མི་གྲངས་ཁྲི་26.3གནས་སྡོད་བྱས་ཟིན། ཁ་གསབ་རོགས་དངུལ་ཁྱོན་བསྡོམས་སྒོར་དུང་ཕྱུར་79.86བཀོད་སྒྲིག་བྱས་ཏེ་སྐྱེ་ཁམས་སྐྱོང་གསབ་ཀྱི་དབུལ་སྒྲོལ་ལས་གནས་ཁྲི་65.5བཀོད་སྒྲིག་བྱས་ཡོད། ཐོན་ལས་དབུལ་སྐྱོར་གྱི་རྣམ་གྲངས་ཁྱོན་བསྡོམས་2639ལག་བསྟར་བྱེད་པར་རིམ་རྩིས་བྱས་ན་མ་འཇོག་སྒོར་དུང་ཕྱུར་367བྱས་ཡོད། ཁ་གཏད་བོད་སྐྱོར་གྱི་རོགས་ལས་དབུལ་སྐྱོར་དང་སྤྱི་ཚོགས་ཀྱི་དབུལ་སྐྱོར་གཏིང་ཟབ་སྤེལ་ནས་རྣམ་གྲངས་ཁག་247ལ་གྲོས་དན་བཞག་པ་དང་མ་དངུལ་སྒོར་དུང་ཕྱུར་155གནད་སྨིན་བྱུང་ཡོད། བདེ་ཐང་དབུལ་སྐྱོར་ཡོངས་སུ་ཁྱབ་པ་བྱས་ཤིང་། ནད་ཆེན་དང་། གཅོང་ནད། ནད་གཞི་ཚབས་ཆེན་བཅས་ཕོག་མཁན་མི་གྲངས་23000ལས་བརྒལ་བར་སྨན་བཅོས་བྱས་པ་དང་སྨན་བཅོས་བྱེད་ཚད་99%ལས་བརྒལ་ཡོད། དབུལ་པོའི་ཁྱིམ་ཚང་གི་འགན་བབས་སློབ་གསོའི་དུས་མཚམས་ཀྱི་ཕྲུ་གུ་སློབ་ཤོར་སློབ་བཤོལ་གྱི་གནད་དོན་དང་། ཡིག་ཚགས་དང་གཱ་བཟོས་པའི་མང་ཚོགས་དབུལ་པོའི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་ཐུབ་ཡོད། ཀྲུང་དབྱང་གིས་ཆེད་དོན་སྐོར་ཞིབ་བྱས་ནས་ཚུར་ལན་བྱས་པ་ཕྱོགས་4དང་རིགས་12ཀྱི་བཅོས་སྒྲིག་ལས་འགན་ཁག་34རྩ་བའི་ཆར་ལེགས་འགྲུབ་ཟིན་ཡོད། “བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་རྒྱུ”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱས་པ་དང་། ས་ཁད་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གནས་སྤོས་ཚོད་ལྟའི་ལས་གཞི་ཏན་ཏིག་ངང་སྤེལ་ཏེ། སྲིན་འབུ་རིར་དུས་ཁག་དང་པོའི་དུད་ཚང་957གྱི་མི་གྲངས་4058གནས་སྡོད་བྱས་ཟིན་པ་དང་། ཆབ་མདོའི་ས་ངན་ཁུལ་ཧྲིལ་པོ་གྲོང་ཁྱེར་བརྒལ་ཏེ་གནས་སྤོ་བྱས་པ་དུད་ཚང་1102ཀྱི་མི་གྲངས་6840ཟིན་ཡོད། བརྟན་ཐོག་གཟབ་ནན་དང་གོ་རིམ་ལྡན་པའི་ངང་ཉེན་ཁ་ཆེ་རིགས་འགོག་སེལ་བྱས་ཤིང་། སྲིད་གཞུང་གི་མངོན་མེད་བུ་ལོན་མང་དུ་མི་འགྲོ་བ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་སྲིད་གཞུང་གི་མངོན་མེད་བུ་ལོན་གསོག་འབོར་སྒོར་དུང་ཕྱུར་120.8མེད་པ་བཟོ་གང་ཐུབ་བྱས་ཤིང་། ཉེན་ཁའི་རིམ་པ་དེ་རྒྱལ་ཁབ་ཀྱིས་ལྗང་མདོག་རིམ་པར་ཞིབ་དཔྱད་གཏན་འཁེལ་བྱས་ཡོད། དངོས་གཞིའི་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུ་དེ་གནས་བབ་གལ་ཆེ་ཤོས་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་དངོས་གཞིའི་དཔལ་འབྱོར་ཐད་རྨོངས་ཚོད་ཀྱིས་དངུལ་བུན་འཐེན་བཅད་བྱེད་རིགས་མཐའ་གཅིག་ཏུ་སྔོན་འགོག་བྱས་པ་དང་། “ཕྱེད་ལུས”ལས་གྲྭ་མ་ཆགས་སྔོན་འགོག་མཐའ་གཅིག་ཏུ་བྱས་ཡོད། སྔོན་རྩིས་ལས་རྗེས་ལ་དོ་དམ་བྱེད་རྒྱུ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སྲིད་གཞུང་གིས་ཞབས་ཞུ་ཉོ་བའི་རྣམ་གྲངས་ཁག་324ཚད་ལྡན་བཟོས་ཡོད། མངོན་མེད་བུ་ལོན་གྱི་ཉེན་ཁ་འགོག་སེལ་བྱེད་རྒྱུའི་ལག་བསྟར་ཇུས་གཞི་བརྟན་པོའི་ངང་སྐུལ་སྤེལ་ཧུར་ཐག་གཏོང་བ་དང་། མངོན་མེད་བུ་ལོན་གྱི་འགན་འདེད་བྱ་ཐབས་དོན་འཁྱོལ་ནན་པོ་བྱས་ནས་མངོན་མེད་བུ་ལོན་གྱི་ཉེན་ཁར་རྒྱུན་རྣམ་ཅན་གྱི་ལྟ་ཞིབ་ཚད་ལེན་བྱེད་རྒྱུར་ཤུགས་སྣོན་བརྒྱབ་ཡོད། ལྗོངས་ཡོངས་ཀྱི་དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས་ཀྱི་ཉེན་བུན་བྱུང་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་དམའ་བ་ཡོད་པ་དང་། དངུལ་རྩའི་ཉེན་ཁར་འགོག་ཟོན་ཚོད་འཛིན་ནུས་ལྡན་ཐུབ་པར་བརྟེན་ཁུལ་ཁོངས་རང་བཞིན་དང་རྒྱུད་ཁོངས་རང་བཞིན་གྱི་དངུལ་རྩའི་ཉེན་ཁའི་དོན་རྐྱེན་ཐོན་མེད། སྦགས་བཙོག་འགོག་བཅོས་ཀྱི་ལས་དོན་ལ་ཏན་ཏིག་ངང་སྐུལ་སྤེལ་བཏང་ཡོད། ཕྱོགས་ཡོངས་ནས་བོད་ཀྱི་གནམ་སྔོན་པོ་དང་། ཆུ་དྭངས་མ། ས་གཙང་མ་བཅས་སྲུང་སྐྱོབ་ཡག་པོ་བྱས་པ་དང་། བོད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་རྣམས་སྲུང་སྐྱོབ་དང་འཛུགས་སྐྱོང་བྱེད་པའི་འཆར་འགོད་རྒྱུན་མཐུད་ལག་བསྟར་བྱས་ཤིང་། དེའི་ཐད་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་117དོན་འཁྱོལ་བྱས་ཡོད། རང་བྱུང་སྲུང་སྐྱོབ་ཁུལ་གྱི་འཕེལ་རྒྱས་འཆར་འགོད་དང་། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་བྱེད་པའི་འཆར་འགོད། གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་སྐྱེ་ཁམས་སླར་གསོའི་ལས་གཞིའི་འཆར་འགོད་བཅས་བཟོ་སྒྲིག་བྱེད་འགོ་བཙུགས་ཡོད། རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ལ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ནས་ཆུ་དཔོན་དང་མཚོ་དཔོན་གྱི་ལམ་ལུགས་ཁྱབ་གདལ་གཏོང་བ། ཆུ་དང་མཚེའུ་ཡི“བཙོག་བཞི་གཙང་སེལ”གྱི་ཆེད་དོན་ལས་འགུལ་སྤེལ་བ། “བཅོས་སྒྲིག་གསུམ་དང་མཐོར་འདེགས་གསུམ”གྱི་ལས་འགུལ་སྤེལ་བ་བཅས་བྱས་ཡོད། ནགས་བཟོ་སྔོ་སྒྱུར་མུའུ་ཁྲི་130.69བྱས་པ་དང་། དུད་ཚང་ཁྲི་10.47དང་གྲོང་ཚོ་1079ལ་སྐྱེ་ཤིང་ཡོད་པ་བྱས་ཏེ་རྫོང(ཆུས)74ལ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་དབྱེ་མཚམས་གཅོད་རྒྱུ་ལེགས་འགྲུབ་བྱུང་ཡོད། རྫོང་གྲོང་གི་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་གཙང་བཟོ་བྱེད་ཚད་93%ལས་བརྒལ་བ་དང་བཙོག་ཆུ་གཙང་གསིང་བཟོ་ཚད་65%ལས་བརྒལ་ཡོད། ལྷ་ས་དང་གཞིས་རྩེར་འཚོ་བའི་གད་སྙིགས་རིགས་དབྱེ་ཚོད་ལྟ་བྱེད་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། ཚད་ལྡན་མིན་པའི་གད་སྙིགས་འཇོག་ས་ཚང་མ་ལེབ་བཤེར་བཅོས་སྒྲིག་བྱས་ཟིན་ཡོད། ཆུའི་ཁོར་ཡུག་གི་སྤུས་ཀའི་དམིགས་ཚད་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་ཞིང་། ལྗོངས་ཡོངས་ཀྱི་གཙང་ཆུ་དང་མཚོ་མཚེའུ་གཙོ་བོའི་ཆུ་སྤུས་བཟང་འཁྱོངས་ཐུབ་པ་དང་། ས་གནས་རིམ་པའི་གྲོང་ཁྱེར་གྱི་མཁའ་རླུང་བཟང་འཁྱོངས་ཐུབ་པའི་ཉིན་གྲངས་གྱི་བསྡུར་ཚད་99%ལས་བརྒལ་ཡོད། ཀྲུང་དབྱང་གིས་ཁོར་ཡུག་སྲུང་སྐྱོབ་ཐད་ལྟ་ཞིབ་བྱས་ནས་ལན་སྤྲོད་བྱས་པའི་བཅོས་སྒྲིག་ལས་འགན་ཁག་45དང་ཞིབ་ཕྲའི་བཅོས་སྒྲིག་བྱ་ཐབས་ཁག་179ལ་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བཏང་ཡོད། རྒྱལ་ཁབ་ས་ཆ་བརྟག་ཞིབ་ཐེངས་གསུམ་པ་གཞི་རྩའི་ཆར་ལེགས་གྲུབ་བྱུང་བ་དང་། སྦགས་བཙོག་འབྱུང་གཞིར་ཡོངས་བཤེར་ཐེངས་གཉིས་པ་བྱེད་རྒྱུར་བདེ་བླག་ངང་སྐུལ་སྤེལ་བཏང་ཡོད།

(གཉིས) དམངས་འཚོ་འགན་སྲུང་བྱེད་རྒྱུ་སྲ་བརྟན་དང་ཤུགས་ཆེར་བཏང་བ། དམངས་འཚོའི་དམིགས་ཚད་ཆེན་པོ་གསུམ་ལེགས་འགྲུབ་བྱེད་རྒྱུ་ཧ་ཅང་ཡག་པོ་བྱུང་ཡོད། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་ཡོང་འབབ་འཕར་སྣོན་མགྱོགས་ཙམ་བྱུང་ཞིང་། སྔོན་དཔག་ལྟར་ན་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་10%དང་13%སོ་སོ་འཕར་རྒྱུ་ཡིན་པ་དང་། ལོ་ཧྲིལ་པོར་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་རྒྱུན་འཁྱོངས་ཐུབ་བཟོ་ཡོད། ལས་ཞུགས་ཀྱི་གནས་བབ་རྒྱུན་མཐུད་བརྟན་པོ་ཡོད་པ་དང་། སྔོན་དཔག་ལྟར་ན་ལྗོངས་ཡོངས་སུ་ལོ་འདི་གའི་སློབ་ཆེན་གྱི་སློབ་ཐོན་སློབ་མ་22972ལས་ཞུགས་ཐུབ་རྒྱུ་དང་ལས་ཞུགས་ཐུབ་ཚད་98.1%ཟིན་རྒྱུ་ཡིན་ཞིང་། དེའི་ནང་བོད་ཀྱི་ཐེམ་ཁོངས་ཡིན་པའི་སློབ་ཆེན་ཐོན་པའི་སློབ་མ་1730ལྗོངས་ཕྱིར་ལས་ཞུགས་ཐུབ་རྒྱུ་རེད། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་མི་གྲངས་ཁྲི་57.1ཁ་སྒྱུར་ལས་ཞུགས་ཐུབ་རྒྱུ་དང་། ཁ་སྒྱུར་ལས་ཞུགས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་34.8ཟིན་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ལས་ཞུགས་མི་གྲངས་ཁྲི་5.2མང་དུ་འགྲོ་རྒྱུ་བཅས་ལོ་འཁོར་གྱི་དམིགས་ཚད་ལས་འགན་ཚད་བརྒལ་ལེགས་གྲུབ་ཡོང་རྒྱུ་རེད། མིག་སྔར“གཉིས་གཏོད”ཀྱི་གཞི་རྟེན་ཁྱོན་ཁག་131ཡོད་པ་དེ་དུས་མཚུངས་དང་བསྡུར་ན་77%འཕར་བ་དང་། དེའི་ནང་ཞུགས་སྡོད་བྱེད་མཁན་ཁེ་ལས་ཁག་2129ཡོད་པར་ལས་ཞུགས་པ་ཁྲི་1.54བསྡུ་སྤྱོད་བྱས་ཤིང་། དེའི་ནང་སློབ་ཆེན་གྱི་སློབ་མ་4880ཡོད་པ་རེད། ཟོག་གོང་བརྟན་སྙོམས་ཚོད་འཛིན་ཐུབ་ཡོད། རང་འགུལ་ངང་དམངས་འཚོའི་ཐད་ཀྱི་གླེང་ཆ་ཆེ་རིགས་ལ་ལན་གསལ་པོ་ཡོད་པ་བྱས་ཤིང་། ཕག་ཤ་ཏུན་4500གྲབས་གསོག་བྱས་པ་དང་ཁྲོམ་རའི་ཐོག་ཏུན་1200འགྲེམས་གཏོང་བྱས་ཡོད། སྔོན་དཔག་ལྟར་ན་ལོ་ཧྲིལ་པོར་ཡུལ་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས་ཀྱི་འཕར་ཚད་དེ་2.5%ནང་ཚུན་དུ་ཚོད་འཛིན་ཐུབ་རྒྱུ་ཡིན་པས་རྒྱལ་ཡོངས་ཀྱི་འཕར་ཚད་དམའ་ཤོས་ཀྱི་ཞིང་ལྗོངས་གྲོང་ཁྱེར་གྲས་སུ་གཏོགས་ཡོད། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། “100%ལྔ”ཡི་སློབ་གསོའི་དམིགས་ཚད་ཡོངས་སུ་མངོན་གྱུར་ཐུབ་ཡོད། བུ་བཅོལ་ཁང་62དང་། འགན་བབས་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭ་208 མཐོ་རིམ་སློབ་འབྲིང་15 ལས་རིགས་སློབ་གྲྭ་2བཅས་གསར་སྐྲུན་དང་རྒྱས་སྐྲུན་བྱས་ཡོད། འགན་བབས་སློབ་གསོའི་སློབ་གྲྭ་འཛུགས་སྐྲུན་བྱེད་པའི་ཚད་གཞི་དང་། དགེ་རྒན་གྱི་སྒྲིག་གྲངས། སློབ་མའི་ཆ་སྙོམས་སྤྱི་སྤྱོད་གྲོན་དངུལ་གྱི་གཞི་རྩའི་བཅད་གྲངས། གཞི་རྩའི་སྒྲིག་ཆས་བགོ་སྒྲིག་གི་ཚད་གཞི་བཅས“གཅིག་གྱུར་བཞི”ཁྱབ་སྤེལ་བྱས་ཏེ“གྲོན་གཉིས་རྩ་ཆག”དང“འགན་ལེན་གསུམ”གྱི་སྲིད་ཇུས་གྲོང་ཁྱེར་དང་གྲོང་གསེབ་ཡོངས་ལ་ཁྱབ་ཡོད། “མཐོ་བ་གཉིས”ཀྱི་འཕེལ་རྒྱས་ཀྱི་ལས་འགུལ་འཆར་གཞི་དང“1+X”ཡི་ལས་རིགས་རྩལ་ནུས་རིམ་པའི་ལག་ཁྱེར་ཚོད་ལྟ་བྱེད་སའི་ཚན་པའི་ལས་དོན་ཧུར་ཐག་སྤེལ་ནས་མཐོ་འབྲིང་ལས་རིགས་སློབ་མ་གསར་པ་ཁྱོན་མི་གྲངས་16148བསྡུ་འཇུག་བྱས་ཡོད། ཀྲུང(བོད)ལུགས་སྨན་པའི་མཆོག་རམས་པའི་ཚན་ཞིབ་སྐོར་སྐྱོད་ས་ཚུགས་བསྐྲུན་རྒྱུར་ཆོག་མཆན་ཐོབ་ཡོད། གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་རིམ་གསུམ་སྨན་ཁང(འཕྲོད་བསྟེན་ཁང)196བསྐྲུན་རྒྱུ་ལག་བསྟར་ཇེ་མགྱོགས་སུ་བཏང་ཡོད། སྨན་བཅོས་མཉམ་ལས་ཚོགས་པ་འཛུགས་སྐྱོང་བྱས་ནས་རིམ་དབྱེའི་ནད་བརྟག་སྨན་བཅོས་ལམ་ལུགས་ཁྱབ་སྤེལ་བཏང་སྟེ་རྒྱུན་ཐོན་གྱི“ནད་ཆུང”རིགས་རྫོང་དང་ཆུས་སུ་སྨན་བཅོས་བྱེད་པ་དང་། “ནད་འབྲིང”གི་རིགས་2208ས་གནས་དང་གྲོང་ཁྱེར་དུ་སྨན་བཅོས་བྱེད་པ། “ནད་ཆེན”གྱི་རིགས་367རང་སྐྱོང་ལྗོངས་སུ་སྨན་བཅོས་ཐུབ་པ་བཅས་བྱས་ཡོད། མི་ཐེངས་ཁྲི་9ལ“སྐྲན་ནད་གཉིས”ཀྱི་སྒྲུག་བཤེར་བྱས་ཟིན་པ་དང་། ཁྱོན་ཐུམ་འབུའི་ནད་ཕོག་མཁན་5017ལ་གཤགས་བཅོས་བྱས་པ། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་པུའུ་ཡིས་མཉམ་སྐྲུན་བྱས་པའི་ཐུམ་འབུའི་ནད་རིགས་འགོག་བཅོས་ཀྱི་གཙོ་གནད་ཉམས་ཞིབ་ཁང་དང་པོ་རེ་ཞུ་ལམ་ལྷོངས་བྱུང་ཡོད། སློབ་གསོ་དང་སྨན་བཅོས་ཀྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ཏན་ཏིག་ངང་སྐུལ་སྤེལ་བཏང་ཞིང་། ལྗོངས་དང་། གྲོང་ཁྱེར། རྫོང་བཅས་ཀྱི་སྨན་བཅོས་ཤེས་ལྡན་པ་183དང་སློབ་གསོའི་ཤེས་ལྡན་པ་81ཤང་དང་གྲོང་རྡལ་དུ་སྨན་སྐྱོར་དང་སློབ་སྐྱོར་བྱེད་པར་བཏང་ཡོད། བཟའ་བཅའ་དང་སྨན་རྫས་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་ཞིང་། འཐེན་བཤེར་གྱི་ཚད་གཞི་ལོན་ཚད་97.6%དང་99.2%སོ་སོ་ཟིན་ཡོད། ནོར་སྲིད་ནས་ཚན་རྩལ་ཐད་མ་དངུལ་སྒོར་དུང་ཕྱུར་10ཡན་བཏང་ཞིང་། 2019ལོར་རང་སྐྱོང་ལྗོངས་ཀྱི་གཙོ་གནད་ཚན་རྩལ་འཆར་གཞིའི་རྣམ་གྲངས་100བཀོད་སྒྲིག་བྱས་པ་དང་། རྒྱལ་ནང་དུ་གོ་ཆོད་པའི་གསར་གཏོད་ཁེ་བེད་ཁག་600ཟིན་པ་མ་ཟད། ཚན་རྩལ་གསར་གཏོད་ལ་བརྟེན་ནས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད། ཚན་རྩལ་ཆེད་མངག་པ་10519དང“ཁུལ་གསུམ”གྱི་ཚན་རྩལ་ཤེས་ལྡན་པ་1200གཞི་རིམ་གྱི་འཐབ་ས་དང་པོར་ཚན་རྩལ་ཞབས་ཞུ་སྒྲུབ་པར་བདམས་གཏོང་བྱས་པ་དང་། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཉིས་པར་སྐུལ་སྤེལ་གཏོང་རྒྱུ་ལམ་ལྷོངས་བྱུང་ཡོད། “རིག་དཔལ་དར་བའི་བོད་ལྗོངས”ཞེས་པའི་བྱེད་སྒོ་འདྲ་མིན་རིགས་ཐེངས་ཁྲི་2ལྷག་ཙམ་སྤེལ་བ་དང་། སྤྱི་པའི་རིག་གནས་ཞབས་ཞུའི་སྒྲིག་བཀོད་རིན་མེད་ཐོག་སྒོ་མོ་འབྱེད་པའི་དུས་ཚོད་གཟའ་འཁོར་རེར་ཆུ་ཚོད་40ལས་བརྒལ་བ། དམངས་ཕན་གྱི་འཁྲབ་སྟོན་འདྲ་མིན་རིགས་ཐེངས་5558བྱས་ཤིང་། རླུང་འཕྲིན་དང་བརྙན་འཕྲིན་ཕྱོགས་བསྡུས་མི་མགོར་ཁྱབ་ཚད་98.07%དང་98.61%སོ་སོ་ཟིན་ཡོད། མཐའ་མཚམས་ས་ཁུལ་གྱི་རིག་དངོས་སྲུང་སྐྱོབ་འཆར་འགོད་དང་གསར་བརྗེའི་རིག་དངོས་སྲུང་སྐྱོབ་འཆར་འགོད་བཟོ་སྒྲིག་ལེགས་འགྲུབ་བྱུང་བ་དང་། ཤིང་ཏ་ལའི་ལོ་མའི་དཔེ་ཆ་སོགས་ཕོ་བྲང་པོ་ཏ་ལའི་གནའ་གཞུང་ལ་སྲུང་སྐྱོབ་དང་བེད་སྤྱོད་ནུས་ལྡན་ཐུབ་ཡོད། བོད་ལྗོངས་རང་བྱུང་ཚན་རིག་དངོས་མང་བཤམས་སྟོན་ཁང་དང“ལམ་གཉིས”སྙིང་སྟོབས་ཀྱི་དྲན་གསོ་ཁང་ལ་དུས་ཁག་དྲུག་པའི་རྒྱལ་ཡོངས་ཀྱི་མི་རིགས་ཡར་ཐོན་སློབ་གསོའི་རྟེན་གཞིའི་མིང་བཏགས་ཡོད། ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་རྐང་འཁོར་གྱི་མཐར་ཟད་འགྲན་བསྡུར་སྐབས་གཉིས་པ་སོགས་འགྲན་བསྡུར་ཆེ་གྲས་དང་། རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་གཅིག་པ། རྒྱལ་ཡོངས་ཀྱི་གཞོན་ནུའི་ལུས་རྩལ་འགྲན་ཚོགས་སྐབས་གཉིས་པ། རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་པ་བཅས་གཉེར་རྒྱུ་ལེགས་འགྲུབ་བྱུང་ནས་རང་ལྗོངས་ལ་ཁྱོན་གསེར་གྱི་རྟགས་མ་དང་བྱ་དགའ་རིམ་པ་དང་པོ་35ཐོབ་པས་ལོ་རྒྱུས་རང་བཞིན་གྱི་འགག་སྒྲོལ་བྱུང་ཡོད། སྤྱི་ཚོགས་འགན་སྲུང་བྱེད་རྒྱུ་ཟམ་མི་ཆད་པར་བརྟན་དུ་སོང་ཞིང་། “གཅིག་སྡུད་གཉིས”ཀྱི་ལས་དོན་རྒྱུན་མཐུད་གཏིང་ཟབ་ངང་སྤེལ་བ་དང་། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་སྲུང་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་རོགས་སྐྱོབ་ཁ་གསབ་རོགས་དངུལ་སོགས་ཀྱི་ཚད་གཞི་སྔར་བས་མཐོ་རུ་བཏང་བ། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་ཀྱི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་11.1དང་དབང་སྐྱོན་མི་སྣའི་ཁ་གསབ་ཁག་གཉིས་རང་སྐྱོང་ལྗོངས་རིམ་པ་ནས་མ་དངུལ་སྒོར་དུང་ཕྱུར་1.12གཤམ་སྤྲོད་བྱས་ཡོད། སྔོན་དཔག་ལྟར་ན་མི་ཐེངས་ཁྲི་658རྒན་གསོ་དང་སྨན་བཅོས་སོགས་སྤྱི་ཚོགས་ཀྱི་འགན་བཅོལ་འདྲ་མིན་རིགས་ནང་ཞུགས་རྒྱུ་ཡིན་པས་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་གི་མ་ལག་རྩ་བའི་ཆར་འཛུགས་ཐུབ་རྒྱུ་རེད། འགན་སྲུང་རང་བཞིན་གྱི་བདེ་འཁོད་ལས་གཞིའི་ཚང་སྒྲིག་སྡོད་ཁང་ཁྲི་3.9བརྒྱབ་ཟིན་པ་དང་། གྲོང་གསེབ་ཀྱི་དུད་ཚང་ཁྲི་4.4ཡི་ཉེན་ཆེའི་ཁང་པ་བསྒྱུར་བཟོ་བྱས་ཟིན་ཡོད། མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་མཉམ་སྐྲུན་མཉམ་སྤྱོད་བྱེད་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་བཏང་བ་དང་། དམག་དམངས་མཉམ་འདྲེས་ངང་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཡོད། སྲིད་ཇུས་རང་བཞིན་གྱི་བཀར་འཇུག་འབྲུ་རིགས་ལ་གཙང་བཤེར་ཆེ་མོ་བྱེད་པའི་ལས་དོན་བདེ་བླག་ངང་ལེགས་འགྲུབ་ཟིན་ཡོད།

(གསུམ) ཐོན་ལས་ཀྱི་སྒུལ་ནུས་ལ་རྒྱུན་མཐུད་ནས་ཤུགས་སྣོན་བརྒྱབ་པ། “ཐོན་ལས་ཆེན་པོ་བདུན”འཛུགས་སྐྲུན་བྱེད་རྒྱུ་ཕྱོགས་ཡོངས་ནས་མགྱོགས་སུ་བཏང་ཡོད། ས་མཐོའི་སྐྱེ་དངོས་ཐོན་ལས་ལ་བརྟན་པོའི་ངང་སྐུལ་སྤེལ་བཏང་བ་དང་། ཞིང་འབྲོག་ལས་ཀྱི་ཐོན་འབབ་ལེགས་པོ་བྱུང་ཞིང་། སྔོན་དཔག་ལྟར་ན། འབྲུ་རིགས་ཐོན་འབོར་ཏུན་ཁྲི་105ཟིན་རྒྱུ་དང་། ཕྱུགས་ཟོག་ལག་ཡོད་མགོ་གྲངས་ཁྲི་1764དང་བཤས་གཏོང་མགོ་གྲངས་ཁྲི་583ཟིན་རྒྱུ། ཤ་རིགས་ཐོན་འབོར་ཏུན་ཁྲི་34.8དང་དཀར་ཆུའི་ཐོན་འབོར་ཏུན་ཁྲི་55.3ཟིན་རྒྱུ། འབྲི་གཡག་མགོ་གྲངས་ཁྲི་7ཡི་ཤ་ཤེད་རྒྱས་པ་བྱེད་རྒྱུའི་ལས་འགན་ལེགས་འགྲུབ་ཐུབ་རྒྱུ་བཅས་རེད། ནས་ཀྱི་ཐོན་འབོར་ཏུན་ཁྲི་80ཡན་ཟིན་པ་དེའི་ནང་ཕྲ་བའི་བཟོ་སྣོན་ཏུན་ཁྲི་11.1ཟིན་ཡོད། སྔོན་དཔག་ལྟར་ན། རང་སྐྱོང་ལྗོངས་རིམ་པའི་ཞིང་འབྲོག་ལས་ཐོན་ལས་ཅན་དུ་འགྱུར་བའི་སྣེ་འདྲེན་ཁེ་ལས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་44.05ཟིན་རྒྱུ་ཡིན་པ་དེ་དུས་མཚུངས་དང་བསྡུར་ན་15.5%འཕར་རྒྱུ་རེད། བོད་ལུགས་གསོ་རིག་དང་དེའི་སྨན་རྒྱུ་ཚད་གཞི་ཅན་དུ་འགྱུར་བའི་ཞིབ་འཇུག་རྣམ་གྲངས་ཁག་36ལག་བསྟར་བྱས་པ་དང་། བོད་ལུགས་གསོ་རིག་ཀྱི་ཐ་སྙད་ཚད་གཞི(བོད་ཡིག་པར་མ)རྩོམ་འབྲི་བྱེད་པའི་ལས་དོན་ལེགས་འགྲུབ་བྱས་ཡོད། འབྱུང་འཕྲོད་བཟོ་ལས་ལ་གཅིག་སྡུད་ཐོག་ནས་སྐུལ་སྤེལ་བཏང་ཞིང་། སྔོན་དཔག་ལྟར་ན་ཨར་འདམ་ཐོན་འབོར་ཏུན་ཁྲི་1090ཟིན་རྒྱུ་ཡིན་པ་དེ་དུས་མཚུངས་དང་བསྡུར་ན་19.4%འཕར་རྒྱུ་དང་། ཟངས་ཐོན་འབོར་ཏུན་ཁྲི་9.3ཟིན་རྒྱུ་ཡིན་པ་དེ་དུས་མཚུངས་དང་བསྡུར་ན་4.2%འཕར་རྒྱུ། ཀྲུང་ལུགས་སྦྱོར་སྨན་ཐོན་འབོར་ཏུན་2800ཟིན་རྒྱུ་ཡིན་པ་དེ་དུས་མཚུངས་དང་བསྡུར་ན་11.5%འཕར་རྒྱུ་བཅས་རེད། ནུས་རྒྱུ་གཙང་མའི་ཐོན་ལས་ལ་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་ཞིང་། ལྗོངས་ཡོངས་སུ་གློག་ཤུགས་ཀྱི་གློག་འདོན་འཕྲུལ་ཤུགས་སྤྱི་འབོར་སྟོང་ཝ་ཁྲི་358.7ཟིན་པ་དེ་དུས་མཚུངས་དང་བསྡུར་ན་8%འཕར་ཡོད་པ་དང་། གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར་88.6ཟིན་པ་དེ་དུས་མཚུངས་དང་བསྡུར་ན་23.7%འཕར་ཡོད་པའི་ནང་ཕྱིར་ཁྲིད་གློག་འབོར་སྟོང་ཝ་ཆུ་ཚོད་དུང་ཕྱུར་17ལས་བརྒལ་བ་དང་འཕར་ཚད་90%ལས་བརྒལ་ཡོད། ཡུལ་སྐོར་རིག་གནས་ཐོན་ལས་ལ་བརྟན་པོའི་ངང་སྐུལ་སྤེལ་བཏང་ཞིང་། སྔོན་དཔག་ལྟར་ན་ལྗོངས་ཡོངས་སུ་རྒྱལ་ཕྱི་རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་4000ལ་སྣེ་ལེན་ཞུ་རྒྱུ་ཡིན་པ་དེ་19%འཕར་རྒྱུ་དང་ཡུལ་སྐོར་གྱི་ཡོང་འབབ་ཁྱོན་སྒོར་དུང་ཕྱུར་560ཟིན་རྒྱུ་ཡིན་པ་དེ་14%འཕར་རྒྱུ་རེད། “རིག་གནས་བློ་གསར་བོད་ལྗོངས”ཞེས་པའི་ཁུལ་ཁོངས་ཀྱི་སྤྱི་སྤྱོད་གྲགས་རྟགས་ལ“རྒྱུད་གཅིག་ལམ་གཅིག”གིས་འབོད་སྐུལ་བྱས་པའི་རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་ཀྱི་གསར་གཏོད་གྲགས་རྟགས་ཡག་ཤོས་ཀྱི་བྱ་དགའ་དང་རིག་གནས་གསར་གཏོད་ཐོན་རྫས་ཀྱི་གྲགས་རྟགས་བྱ་དགའ་ཐོབ་ཡོད། སྔོན་དཔག་ལྟར་ན་རིག་གནས་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་53ཟིན་རྒྱུ་ཡིན་པ་དེ་15%འཕར་རྒྱུ་རེད། དེང་རབས་ཞབས་ཞུའི་ལས་རིགས་མཉམ་དུ་སྐུལ་སྤེལ་བཏང་ཡོད། ལུས་སྦྱོང་སྤྲོ་གསེང་དང་། བདེ་ཐང་རྒན་གསོ། སློབ་གསོ་སྦྱོང་བརྡར་སོགས་ཁྱབ་ཁོངས་ཀྱི་ཞབས་ཞུ་མཁོ་འདོན་དང་ཞབས་ཞུའི་སྤུས་ཚད་གཉིས་ཀ་ལེཌ་སུ་འགྲོ་བ་མངོན་ཡོད། སྔོན་དཔག་ལྟར་ན་དངུལ་རྩའི་ལས་ཁུངས་ཀྱི་རང་དངུལ་དང་ཕྱི་དངུལ་གྱི་བཅོལ་དངུལ་དང་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་5180དང་དུང་ཕྱུར་4780སོ་སོ་ཟིན་རྒྱུ་ཡིན་ཞིང་། དེ་གཉིས་ཀ་5%འཕར་རྒྱུ་དང་། ཁེ་ལས་ཆུང་ཕྲན་དང་། “ཞིང་གསུམ” གནད་འཕིགས་དབུལ་སྐྱོར་སོགས་ཀྱི་ཁྱབ་ཁོངས་ལ་དངུལ་བུན་གཏོང་བའི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་འགྲོ་རྒྱུ་རེད། ལོ་ཧྲིལ་པོར་རྐང་དངུལ་ཀ་པའི་ཁྲོམ་འགྲེམས་ཀུང་སི་2མང་དུ་སོང་བ་དང་། ཐད་ཀའི་མ་དངུལ་བསྡུ་རྒྱུག་སྒོར་དུང་ཕྱུར་75.71མང་དུ་སོང་བའི་ནང་རྐང་དབང་གི་མ་དངུལ་བསྡུ་རྒྱུག་སྒོར་དུང་ཕྱུར་15.44ཟིན་ཡོད། བདག་ཐོབ་ས་ཆའི་ཐོན་རྫས་ཀྱི“དྲུག་སྤེལ”ལས་དོན་ལ་སྐུལ་སྤེལ་གཏིང་ཟབ་བཏང་ཞིང་། སྔོན་དཔག་ལྟར་ན་ཕྱིར་འཚོང་བྱས་འབོར་སྒོར་དུང་ཕྱུར་54ཟིན་རྒྱུ་རེད། མཐོ་གསར་གྲངས་འཛིན་ཐོན་ལས་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བཏང་ཞིང་། ལྷ་ས་གྲོང་ཁྱེར་དེ་ཉིད་རྒྱལ་ཁབ་རིམ་པའི་རང་ལྗོངས་ཀྱི་གསར་གཏོད་གྲོང་ཁྱེར་དང་པོར་ཆོག་མཆན་ཐོབ་པ་དང་། ཉིང་ཁྲི་དེ་ཉིད་རྒྱལ་ཁབ་ཀྱི་ཞིང་ལས་ཚན་རྩལ་གླིང་ཁུལ་དུ་ཆོག་མཆན་ཐོབ་ནས་བསྐྲུན་རྒྱུ་གྲ་སྒྲིག་བྱེད་བཞིན་ཡོད། ཨཱ་ལི་པཱ་པཱ་ཚོགས་པ་དང་མཉམ་ལས་བྱེད་རྒྱ་ཆེ་རུ་བཏང་ནས་གྲངས་འཛིན་དཔལ་འབྱོར་གྱི་དཔེ་སྟོན་སྡེ་གླིང་བཏོད་ཡོད། མཁའ་ལམ་སོགས་ཁེ་ལས་3རྒྱལ་ཁབ་ཀྱི་མཐོ་གསར་ཁེ་ལས་སུ་འཛུགས་གཏོད་བྱས་པ་དང་། རང་ལྗོངས་ལ་མཐོ་གསར་ལག་རྩལ་ཁེ་ལས་69ཟིན་ཡོད་ཅིང་། དེ“ལོ་ལྔ་ཚན་བཅུ་གསུམ་པའི”ཁེ་ལས་29ཡི་དམིགས་ཚད་ལས་བརྒལ་བ་དང་། ལྗོངས་ཡོངས་སུ་ཚན་རྩལ་རྣམ་པའི་ཁེ་ལས་འབྲིང་ཆུང་116ཟིན་པ་དེ་དུས་མཚུངས་དང་བསྡུར་ན་59%འཕར་ཡོད། མཐའ་མཚམས་ཉོ་ཚོང་གི་ཟོག་འདྲེན་ཐོན་ལས་སྐྱོན་བྲལ་ངང་སྐུལ་སྤེལ་བཏང་ཞིང་། ལོ་ཧྲིལ་པོར་ཕྱིར་གཏོང་ནང་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་45ལས་བརྒལ་བའི་ནང་མཐའ་མིའི་ཚོང་འབྲེལ་གྱི་ཉོ་ཚོང་121%འཕར་ཡོད། མྱུར་སྐྱེལ་ཞབས་ཞུའི་ལས་སྒོ་སྤེལ་འབོར་ཁྲི་885.3ཟིན་པ་དེ་དུས་མཚུངས་དང་བསྡུར་ན་22%འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་སྦྲག་སྲིད་ལས་སྒོའི་འབབ་དངུལ་སྒོར་དུང་ཕྱུར་4.58ཟིན་པ་དེ་དུས་མཚུངས་དང་བསྡུར་ན་8.8%འཕར་ཡོད།

(བཞི)རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་བ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་ཇུས་གཞིའི་ནང་འཁོད་རྣམ་གྲངས་ཁག་197ནང་ནས་རྣམ་གྲངས་ཁག་69བསྐྲུན་ཟིན་པ་དང་། རྣམ་གྲངས་ཁག་105སྐྲུན་མུས་ཡིན་པ། སྔོན་གྲབས་ལས་དོན་སྤེལ་བཞིན་པའི་རྣམ་གྲངས་ཁག་23ཡོད། གཙོ་ཆེའི་རྣམ་གྲངས་སྒྲུབ་ཚད་བདེ་བླག་བྱུང་ཞིང་། གཙོ་གནད་གཞུང་ལམ་གྱི་རྣམ་གྲངས་ཁག་29དང་། མཐའ་སྲུང་གཞུང་ལམ་གྱི་རྣམ་གྲངས་ཁག་34 གྲོང་གསེབ་གཞུང་ལམ་གྱི་རྣམ་གྲངས་1288བཅས་ལག་བསྟར་བྱས་པ་དང་། རྫོང(ཆུས)74ལ་སྣུམ་ནག་གཞུང་ལམ་ཡོངས་སུ་བཏིང་ཟིན་པ་དང་། ཤང་དང་གྲོང་རྡལ་དང་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད་86%དང་60%སོ་སོ་ཟིན་ཞིང་། རྒྱལ་ལམ་318ཀྱི་ལྷ་ས་ནས་གཞིས་རྩེའི་གནམ་ཐང་དུམ་མཚམས་བར་གྱི་གཞུང་ལམ་སྐྲུན་མགྱོགས་སུ་བཏང་བ། ལྷ་ཉིང་ལྕགས་ལམ་ཁྱོན་བསྡོམས་སྤྱི་ལེ་109.65བཏིང་ཟིན་པ། ཁྲོན་བོད་ལྕགས་ལམ་ཉིང་ཁྲི་ནས་ཆབ་མདོའི་དུམ་མཚམས(བོད་ཀྱི་ས་མཚམས)བར་གྱི་ཞིབ་འཇུག་བྱས་འཐུས་ཀྱི་ཇུས་གཞི་སྔར་བས་ཞིབ་ཚགས་སུ་བཏང་ཡོད། “3+1”གནམ་ཐང་གི་ཚན་རིག་དང་མཐུན་པའི་ཚོད་ལྟའི་ལས་གྲྭའི་ལས་འགོ་བཙུགས་ཤིང་། ཉིང་ཁྲི་གནམ་ཐང་འཕུར་སྐྱོད་ཁུལ་གྱི་མཉམ་གཤིབ་བཤུད་ལམ་གྱི་འཛུགས་སྐྲུན་ལས་གྲྭར་གང་མགྱོགས་སྐུལ་སྤེལ་བཏང་ཡོད། ཝ་ཐོག་དང་གསེར་ཟམ་གྱི་ཆུ་ཤུགས་གློག་ཁང་ནས་སྔ་རྗེས་སུ་གློག་གཏོང་འགོ་བཙུགས་པ་དང་། དྭགས་པོ་དང་སོལ་བ་ལུང་སོགས་ཆུ་ཤུགས་གློག་ཁང་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བཏང་བ། མངའ་རིས་དང་བོད་དབུས་རྒྱུད་ཀྱི་གློག་དྲ་སྦྲེལ་མཐུད་བྱེད་པའི་ལས་གྲྭ་དང་གོར་ལྷ་སྣུམ་འདྲེན་སྦུག་ལམ་སྐྲུན་འགོ་བཙུགས་ཡོད། ལ་ལྷོའི་ཆུ་བེད་ལྟེ་གནས་ཀྱི་ཆུ་རྐ་བརྒྱབ་ནས་ཆུ་བསགས་པ་དང་། ཕུ་མདོའི་ཆུ་བེད་ལྟེ་གནས་ཀྱི་ཆུ་འདྲེན་ཕུག་ལམ་ལ་ཆུ་དངོས་སུ་བཏང་ཐུབ་པ་བྱུང་བ། རྫོང་ཐང་ཁའི་ཆུ་བེད་ལྟེ་གནས་ཀྱི་ལས་གྲྭར་ཞིབ་འཇུག་བྱས་འཐུས་ཀྱི་མཆན་འགོད་ཆ་རྐྱེན་འཛོམས་ཡོད་པ། སུ་ལུ་དཀར་གོང་གི་ཆུ་བེད་ལྟེ་གནས་ལས་གྲྭའི་སྔོན་གྲབས་ལས་དོན་ལ་སྐུལ་སྤེལ་ཇེ་མགྱོགས་སུ་བཏང་ཡོད། གྲོང་ཁྱེར་གྲོང་རྡལ་ཅན་གྱི་ཚོད་ལྟ་བྱེད་གནས་7དང་ཁྱད་ལྡན་གྲོང་ཁྱེར་དང་གྲོང་རྡལ་ཆུང་གྲས་ཀྱི་དཔེ་སྟོན་བྱེད་གནས་26བསྐྲུན་རྒྱུར་སྐུལ་སྤེལ་བརྟན་པོ་བཏང་ཡོད། “དམངས་འཚོ་ཆེན་པོ་གསུམ”གྱི་རྣམ་གྲངས་ལས་འགོ་བཙུགས་ཤིང་། དམག་མིའི་ཟ་འབྲུ་མཁོ་འདོན་དང་རྨང་གཞིའི་སྒྲིག་བཀོད་བརྟན་པོའི་ངང་སྐུལ་སྤེལ་བཏང་བ་དང་། མཐའ་མཚམས་ས་ཁུལ་གྱི་འབྱོར་འབྲིང་གྲོང་ཚོ་624ཚང་མ་སྐྲུན་འགོ་བཙུགས་ཤིང་། 153ལས་མཇུག་འགྲིལ་ཡོད། བོད་སྐྱོར་རྣམ་གྲངས་ཀྱི་མ་དངུལ་སྒོར་དུང་ཕྱུར་42.14གནད་སྨིན་ཐུབ་པ་དང་། ཚོང་དང་མ་རྩ་འདྲེན་འགུགས་ཀྱི་རྣམ་གྲངས་ཐད་མ་འཇོག་སྒོར་དུང་ཕྱུར་360ལེགས་གྲུབ་བྱུང་བ་དེས་ལོ་འཁོར་འཆར་གཞིའི་120%བཟུང་ཡོད། གསང་སྤྱོད་གསར་བརྗེ་བྱེད་རྒྱུར་སྐུལ་སྤེལ་གཏིང་ཟབ་བཏང་ཞིང་། གསང་སྤྱོད་ཁག་1778བསྐྲུན་ཟིན་པ་དེས་བསྡུར་ཚད་98.7%བཟུང་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”གཞི་རྩའི་བསམ་གཞི་དང་། འཕེལ་རྒྱས་ཀྱི་དམིགས་ཚད། གལ་ཆེའི་སྲིད་ཇུས་དང་གལ་ཆེའི་རྣམ་གྲངས་བཅས་ལ་ཞིབ་འཇུག་གཏིང་ཟབ་བྱས་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་སྒྲིག་གི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་སྤེལ་བཏང་བར་བརྟེན་འཆར་འགོད་རྣམ་གྲངས་ཀྱི་ཇུས་གཞི་ཐོག་མའི་ཆར་གྲུབ་ཡོད།

(ལྔ)འཕེལ་རྒྱས་ཀྱི་གཙོ་རྒྱུར་འདེགས་སྐྱོར་ནུས་ལྡན་བྱས་པ། ཀྲུང་དབྱང་གི་མ་འཇོག་གནད་སྨིན་ཡག་ཙམ་བྱུང་ཡོད། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མ་འཇོག་སྒོར་དུང་ཕྱུར་2932གནད་སྨིན་ཐུབ་པ་དེས་འཆར་འགོད་མ་འཇོག་གི་77%བཟུང་བ་དང་། དེའི་ནང་ཀྲུང་དབྱང་སྲིད་གཞུང་གི་མ་འཇོག་སྒོར་དུང་ཕྱུར་2499དོན་འཁྱོལ་བྱས་པ་དེས་དམིགས་ཚད་ལས་འགན་སྒོར་དུང་ཕྱུར་2674ཡི་93.5%བཟུང་ཡོད་པ་དང་། ཀྲུང་དབྱང་སྔོན་རྩིས་ནང་གི་མ་འཇོག་སྒོར་དུང་ཕྱུར་1191དོན་འཁྱོལ་བྱས་པ་དེས་མ་དངུལ་དམིགས་ཚད་ལས་འགན་སྒོར་དུང་ཕྱུར་1235ཡི་96.4%བཟུང་ཡོད། དུས་མཚུངས། འཆར་འགོད་ཕུད་པའི་ཀྲུང་དབྱང་སྲིད་གཞུང་གི་མ་དངུལ་སྒོར་དུང་ཕྱུར་102དོན་འཁྱོལ་བྱས་ཡོད། ཁྲོམ་རའི་གསོན་ཤུགས་རྒྱུན་མཐུད་ངང་འཕེལ་ཡོད་ཅིང་། སྔོན་དཔག་ལྟར་ན་ལྗོངས་ཡོངས་སུ་དངོས་ཟོག་འཁོར་རྒྱུག་བྱས་འབོར་དུས་མཚུངས་དང་བསྡུར་ན་10%ཡས་མས་འཕར་རྒྱུ་ཡིན་པ་དང་། གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར་88.6དང་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར་85.7ཟིན་རྒྱུ་ཡིན་པ་དེ་དུས་མཚུངས་དང་བསྡུར་ན་23.7%དང་12.2%སོ་སོ་འཕར་རྒྱུ་དང་། གློག་འཕྲིན་ལས་སྒོའི་སྤྱི་འབོར་སྒོར་དུང་ཕྱུར་275ཟིན་རྒྱུ་ཡིན་པ་དེ་དུས་མཚུངས་དང་བསྡུར་ན་145%འཕར་རྒྱུ་རེད། ལྗོངས་ཡོངས་སུ་ཁྲོམ་ར་གཉེར་མཁན་འདྲ་མིན་རིགས་ཀྱི་ཐེམ་དུད་ཁྲི་32.26ཟིན་པ་དེ་དུས་མཚུངས་དང་བསྡུར་ན་20.2%འཕར་བ་དང་དེའི་ནང་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་དེ་དུས་མཚུངས་དང་བསྡུར་ན་62.3%འཕར་ཡོད། ཁྲོམ་ར་གཉེར་མཁན་གྱི་ཐེམ་དུད་ཁྲི་7.15མང་དུ་སོང་ནས་ཐོ་འགོད་མ་རྩ་སྒོར་དུང་ཕྱུར་1.47ཟིན་ཡོད། སྔོན་དཔག་ལྟར་ན་རང་སྐྱོང་ལྗོངས་སྲིད་གཞུང་གཞུང་རྒྱུ་ཨུ་ལྷན་ནས་མ་དངུལ་བཏང་བའི་ཁེ་ལས་ལ་མ་རྩ་ཁེ་གཙང་སྒོར་དུང་ཕྱུར་229.39བྱུང་བཟོ་ཡོད་པ་དེ་དུས་མཚུངས་དང་བསྡུར་ན་13.1%འཕར་རྒྱུ་དང་། ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་102.53བྱུང་བཟོ་ཡོད་པ་དེ་དུས་མཚུངས་དང་བསྡུར་ན་21.5%འཕར་རྒྱུ། ཁེ་གཙང་བསྡོམས་འབོར་སྒོར་དུང་ཕྱུར་17.51བྱུང་བཟོ་ཡོད་པ་དེ་དུས་མཚུངས་དང་བསྡུར་ན་14.5%འཕར་རྒྱུ་རེད། བདེ་འཇགས་ངང་ཐོན་སྐྱེད་བྱེད་རྒྱུ་རྒྱུན་མཐུད་བརྟན་པོ་བྱུང་ཡོད་ཅིང་། 2018ལོར་ཞིང་ཆེན་རིམ་པའི་སྲིད་གཞུང་གི་བདེ་འཇགས་ཐོན་སྐྱེད་ཀྱི་ཞིབ་དཔྱད་ཁྲོད་ཕུལ་བྱུང་གི་རིམ་པར་དཔྱད་འདེམས་བྱས་ཡོད། གོ་ཆོད་པའི་འཕྲལ་རྐྱེན་ཐག་གཅོད་ཀྱི་བྱ་ཐབས་འདྲ་མིན་རིགས་ཧུར་ཐག་སྤྱད་ཅིང་། 2019ལོར་ལྕགས་ལམ་དང་། དམངས་སྤྱོད་མཁའ་འགྲུལ། ཆུ་ཐོག་འགྲིམ་འགྲུལ། དེ་བཞིན་ཞིང་ལས་འཕྲུལ་ཆས་སོགས་ཀྱི་གཙོ་གནད་ལས་རིགས(ཁྱབ་ཁོངས)སུ་མི་སྣ་ཤི་བའི་བྱུར་རྐྱེན་ཐོན་མེད་པ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་གནས་བབ་རྒྱུན་མཐུད་བཟང་པོ་བྱུང་ནས་བྱུར་རྐྱེན་ཆེ་རིགས་དང་དེ་ལས་ཚབས་ཆེ་བ་ཐོན་མེད། མེ་སྐྱོན་འགོག་གསོད་ཀྱི་ལས་དོན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དཔྱད་ཞིབ་བྱས་ཏེ་ཐོག་མར“ཕུལ་བྱུང”ཞིང་ཆེན་དུ་དཔྱད་འདེམས་བྱས་ཡོད།

(དྲུག)སྒྱུར་བཅོས་སྒོ་དབྱེ་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་བྱེད་རྒྱུ་དེ་དང་ས་གནས་ཀྱིས་འཁུར་ལེན་བྱེད་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་རང་སྐྱོང་ལྗོངས་རིམ་པའི་རེ་ཞུའི་རིགས་ཀྱི་སྲིད་འཛིན་དབང་ཆའི་དོན་གནད་དྲ་ཐོག་ནས་གཉེར་སྒྲུབ་ཐུབ་ཚད་98%ཡན་ཟིན་པ་དང་། གྲོང་ཁྱེར་དང་རྫོང་རིམ་པའི་རེ་ཞུའི་རིགས་ཀྱི་སྲིད་འཛིན་དབང་ཆའི་དོན་གནད་དྲ་ཐོག་ནས་གཉེར་སྒྲུབ་ཐུབ་ཚད་82%ཡན་ཟིན་ཡོད། ཁེ་ལས་ཀྱིས་ལས་སྒོ་གཉེར་བའི་དུས་ཚོད་ལས་ཀའི་ཉིན་གྲངས་5ལ་ཐུང་དུ་བཏང་ཞིང་། ཁེ་ལས་ཀྱི་ཡིད་རྟོན་ལ་ལྟ་སྡོམ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་པ་དང་། ཁྲོམ་ར་གཉེར་མཁན་གྱི་ཆ་འཕྲིན་ཁྲི་42.5ཁྲིམས་བཞིན་འགུལ་རྣམ་གྱིས་ཡོངས་བསྒྲགས་བྱས་ཡོད། ལས་གྲྭའི་ཞིབ་མཆན་འགོད་པའི་དུས་འཁོར་དེ་ཉིན་283ནས་ཉིན་100ཡི་ནང་ཚུན་ལ་ཐུང་དུ་བཏང་ཞིང་། ཐུང་དུ་གཏོང་ཚད་64.7%ཟིན་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བཏོན་པའི་ཉིན་120ཡི་དམིགས་ཚད་ལས་ཉིན་20ཐུང་དུ་སོང་ཡོད། སྔོན་དཔག་ལྟར་ན་ལོ་ཧྲིལ་པོར་ཁྲལ་རིན་གཉིས་གཅོག་བྱེད་རྒྱུ་སྒོར་དུང་ཕྱུར་47.1ཟིན་རྒྱུ་དང་། དཔྱ་ཁྲལ་འདྲ་མིན་རིགས་སྒོར་དུང་ཕྱུར་201རྩ་ཆག་དང་ཆག་ཡང་གཏོང་ཐུབ་རྒྱུ་རེད། རང་སྐྱོང་ལྗོངས་རིམ་པའི་ཁེ་ལས་དང་འབྲེལ་བ་ཡོད་པའི་གླ་རིན་བསྡུ་བའི་རྣམ་གྲངས་ཚང་མ་མེད་པ་བཟོས་པ་དང་། གྲོང་མི་དང་སྤྱིར་བཏང་གི་བཟོ་ཚོང་ལས་རིགས་ཀྱི་གློག་རིན་10%མར་བཅག་ཡོད། གྲོང་ཚོའི(གྲོང་ལྷན)དངུལ་དངོས་གཙང་བཤེར་བྱེད་པའི་ལས་འགན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱས་ཡོད། “1+6”གི་སྒྱུར་བཅོས་ཚོད་ལྟ་བྱེད་ཁུལ་5ལ་དུས་མཇུག་གི་ཚོད་སྐོར་བྱས་ཟིན་པ་དང་། 2ལ་དུས་དཀྱིལ་གྱི་ཚོད་སྐོར་བྱས་ཟིན། ཆུ་ཤུར་རྫོང་གི་གྲོང་གསེབ་ཀྱི་སྒྱུར་བཅོས་ཚོད་ལྟའི་ཁུལ་གྱི་སྒྱུར་བཅོས་རྒྱ་ཆེར་གཏོང་རྒྱུའི་ལས་འགན་ལ་སྐུལ་སྤེལ་བཏང་བ་དང་། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་གཏོང་རྒྱུ་གཉིས་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལམ་སྲོལ་སོགས་སྒྱུར་བཅོས་ཚོད་ལྟའི་ལས་འགན་ཁག་3ཚོད་ཞིབ་བྱས་ཡོད། གྲོང་གསེབ་ཀྱི་ས་ཞིང(རྨོ་ཞིང)འགན་གཙང་གཉེར་སྐྱོང་བྱེད་དབང་ལ་དོ་དམ་བྱེད་པའི་ཆ་འཕྲིན་རྒྱུད་ཁོངས་བསྐྲུན་རྒྱུར་སྐུལ་སྤེལ་ཧུར་ཐག་བཏང་ཡོད། 《སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གཏོད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་འགའ་ཞིག》ལག་བསྟར་བྱེད་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་བཟོ་འབེབས་བྱས་པ་དང་། ཕྱི་ཕྱོགས་དང་ནང་ཁུལ་དུ་གསར་སྤེལ་སྒོ་དབྱེ་བྱེད་པའི་འཆར་འགོད(2018ལོ་ནས་2025ལོ་བར)དང་བོད་ཀྱིས་ལྷོ་ཨེ་ཤེ་ཡར་ཕྱོགས་ཏེ་སྒོ་མོ་འབྱེད་པའི་བགྲོད་ལམ་གལ་ཆེན་འཛུགས་སྐྲུན་བྱེད་པའི་འཆར་འགོད་བཟོ་སྒྲིག་བྱས་ནས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཡོད། “2019ལོའི་ཀྲུང་གོའི་བོད་ལྗོངས་འཕེལ་རྒྱས་གླེང་སྟེགས”གཉེར་རྒྱུ་ལེགས་འགྲུབ་བྱུང་བ་དང་། ཀྲུང་གོའི་བོད་ལྗོངས་དང་ནེ་པ་ལའི་དབར་གྱི་དཔལ་འབྱོར་ཚོང་དོན་མཐུན་སྦྱོར་ཚོགས་འདུ་ཐེངས་དགུ་པ་འཚོག་རྒྱུ་ལེགས་འགྲུབ་བྱུང་ཡོད། འགྲམ་འགག་སྒོའི་ཟོག་འདྲེན་བྱེད་ནུས་སླར་གསོ་བྱས་པ་དང་། ལྷ་སའི་ཕྱོགས་བསྡུས་ཁྲལ་མེད་ཁུལ་རེ་ཞུ་ཧུར་ཐག་བྱས་པ། སྐྱིད་རོང་གི་མཐའ་མཚམས་དཔལ་འབྱོར་མཉམ་ལས་ཁུལ་བསྐྲུན་རྒྱུའི་གྲ་སྒྲིག་ལས་དོན་གང་མགྱོགས་སྤེལ་ཡོད།

སྤྱི་ཡོངས་ནས་བལྟས་ཚེ། 2019ལོའི་རང་ལྗོངས་ཀྱི་དཔལ་འབྱོར་གྱི་དམིགས་ཚད་གཙོ་བོའི་འཕར་ཚད་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད་ཅིང་། གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ཐུག་ས་ནི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་སྤྱི་ཁྱབ་ཧྲུའུ་ཅིས་ཡང་དག་པའི་དབུ་ཁྲིད་གནང་བ་དང་། རྩ་བ་ཐུག་ས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་གལ་ཆེའི་རྣམ་བཤད་ཀྱིས་ཚན་རིག་དང་མཐུན་པའི་ཁྲིད་སྟོན་གནང་བ་ཡིན་པ་མ་ཟད། དེ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བྱམས་བརྩེའི་ཐུགས་ཁུར་གནང་བ་དང་རྒྱལ་ཡོངས་མི་དམངས་ཀྱིས་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བའི་འབྲས་བུ་ཡིན་པ་དང་། ལྗོངས་ཏང་ཨུད་ཀྱིས་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་། མི་དམངས་འཐུས་ཚོགས་ཀྱིས་ལྟ་སྐུལ་ནུས་ལྡན། སྲིད་གཞུང་གིས་སྐུལ་སྤེལ་ཤུགས་ཆེ། སྲིད་གྲོས་ཀྱིས་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བཅས་གནང་བའི་འབྲས་བུ་ཡིན་ལ། རིམ་ཁག་སྡེ་ཚན་ཁག་གིས“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་དང་རང་འགུལ་ངང་འབད་འབུངས་ལས་སྒྲུབ་བྱེད་རྒྱུ་མཐའ་འཁྱོངས་བྱས་པའི་འབྲས་བུ་དང་། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་ཧུར་ཐག་འབད་ཐག་བྱས་པའི་འབྲས་བུའང་ཡིན། 2019ལོའི་དཔལ་འབྱོར་ལས་དོན་གྱི་དམིགས་ཚད་གཙོ་བོ་ཁག་ཡོངས་སུ་ལེགས་འགྲུབ་བྱས་ཏེ། 2020ལོར“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་བདེ་བླག་ངང་མཇུག་བསྡུ་རྒྱུ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུར་སྲ་ཞིང་བརྟན་པའི་རྨང་གཞི་བཏིང་ཡོད།

གཉིས། 2020ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་དུས་བབ།

(གཅིག) མིག་སྔར་འཕྲད་པའི་གོང་འཕེལ་གྱི་དུས་བབ། 2020ལོ་ནི“འགག་སྒྲོལ་ཆེན་པོ་གསུམ་གྱི་ལས་དོན”ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུའི་མཐའ་མའི་རྒྱལ་ཁ་ལེན་པའི་ལོ་ཞིག་དང་། “ལོ་ལྔ་ཚན་བཅུ་གསུམ་པ”མཇུག་བསྡུ་བ་དང“ལོ་ལྔ་ཚན་བཅུ་བཞི་པ”འཆར་འགོད་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ། ཕྱོགས་ཡོངས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། རང་ལྗོངས་འདི་ཉིད་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་སྐུལ་སྤེལ་གཏོང་བའི་གལ་ཆེའི་ལོ་ཞིག་ཀྱང་ཡིན་པས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་གོ་སྐབས་ཐོབ་ཡོད་ལ་འགྲན་སློང་ཡང་འཕྲད་ཡོད། དཔལ་འབྱོར་བརྟན་པོའི་ཐོག་ནས་ཡག་ཏུ་འགྲོ་བ་དང་ཡུན་རིང་ཡག་པོའི་ཕྱོགས་སུ་འགྲོ་བའི་རྩ་བའི་འཕེལ་ཕྱོཌ་འགྱུར་བ་སོང་མེད་ཅིང་། སྤྱིའི་ཆ་ནས་གོ་སྐབས་དེ་འགྲན་སློང་ལས་ཆེ་བ་ཡོད།

—— གོ་སྐབས་ཐད་གཙོ་བོ་ཕྱོགས་བཞིའི་ཐད་ཀྱི་ལེགས་ཆ་ལྡན་ཡོད། གཅིག་ནི་དམིགས་བསལ་གྱི་ཆབ་སྲིད་ཀྱི་ལེགས་ཆ་ལྡན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དོན་དངོས་ལ་གཞི་ཚུགས་པ་དང་ཕུགས་རྒྱང་ལ་དམིགས་ཏེ་བོད་ཀྱི་ལས་དོན་གྱི་ཁ་ཕྱོགས་གཏན་འཁེལ་དང་ཇུས་འགོད་ཞིབ་ཚགས་བྱས་ནས་གལ་ཆེའི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་བྱས་ཤིང་། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་བོད་ཀྱི་ལས་དོན་གྱི་གལ་ཆེའི་འཐབ་ཇུས་ཀྱི་གནས་བབ་སྔར་བྱུང་མྱོང་མེད་པའི་མཐོ་ཚད་ཐོག་མཐོར་འདེགས་བྱས་པ་དང་། ཀྲུང་དབྱང་ངོས་ནས་བོད་ཀྱི་ལས་དོན་དང་རེས་འཁོར་གསར་པའི་བོད་སྐྱོར་ལས་དོན་ལ་ཚད་གཞི་མཐོ་པོའི་སྒོ་ནས་སྐུལ་སྤེལ་བཏང་བར་བརྟེན་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་པ་མ་ཟད། སྒུལ་ཤུགས་ཀྱང་ཆེན་པོ་སྦྱིན་ཡོད། གཉིས་ནི་གཟིགས་སྐྱོང་སྲིད་ཇུས་ཀྱི་ལེགས་ཆ་ལྡན་ཡོད། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གཏན་འཁེལ་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རབ་དང་རིམ་པས་བོད་ཀྱི་གོང་འཕེལ་དང་བརྟན་ལྷིང་ལ་སྐུལ་མ་གཏོང་རྒྱུར་འགན་སྲུང་སྟོབས་ལྡན་བྱས་ཤིང་། རེས་འཁོར་གསར་པའི་ནུབ་རྒྱུད་ཐོན་འབྱེད་ཆེན་པོ་བྱེད་པ་དེས་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གང་མགྱོགས་གཏོང་རྒྱུར་སྐུལ་འདེད་ཤུགས་ཆེ་ཐེབས་ངེས་རེད། 2019ལོའི་ཟླ་10ཚེས་12ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནེ་པ་ལར་རྒྱལ་དོན་འཚམས་འདྲི་གནང་བ་དེས་རང་ལྗོངས་འདི་ཉིད“རྒྱུད་གཅིག་ལམ་གཅིག”ནང་ཞུགས་རྒྱུ་དང་ལྷོ་ཨེ་ཤེ་ཡར་ཕྱོགས་པའི་བགྲོད་ལམ་ཆེ་མོ་འཛུགས་སྐྲུན་ཡག་པོ་བྱེད་རྒྱུར་ལོ་རྒྱུས་ཀྱི་གོ་སྐབས་ཆེན་པོ་བྱུང་ཡོད། གསུམ་ནི་གོང་འཕེལ་གྱི་རྨང་གཞིའི་ལེགས་ཆ་ལྡན་ཡོད། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་ལྗོངས་ཀྱི་དཔལ་འབྱོར་གོང་འཕེལ་མྱུར་པོ་བྱུང་བ་དང་། དམངས་འཚོ་ལེགས་བཅོས་ཆེན་པོ་བྱུང་བ། མི་རིགས་མཐུན་སྒྲིལ་དང་འཆམ་མཐུན་ཡིན་པ། སྤྱི་ཚོགས་ཀྱི་དུས་བབ་བརྟན་ལྷིང་ཡིན་པ། དཔལ་འབྱོར་འཁོར་སྐྱོད་བྱེད་པའི་ནང་གནས་ཀྱི་བརྟན་ཚུགས་རང་བཞིན་དང་། མཐུན་སྦྱོར་རང་བཞིན། རྒྱུན་སྲིང་རང་བཞིན་བཅས་མངོན་གསལ་དོད་པོས་ཆེ་རུ་སོང་བ། འདེགས་སྐྱོར་དཔལ་འབྱོར་དེ་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ཕྱོགས་སུ་སྐྱོད་པའི་ཕན་ལྡན་ཆ་རྐྱེན་རྒྱུན་ཆད་མེད་པར་མང་པོ་གསོག་ཐུབ་ཡོད་པ། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་དད་སེམས་བརྟན་པ་དང་ངར་ཤུགས་ཆེན་པོ་ལྡན་པ་བཅས་ཡིན། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། དཔལ་འབྱོར་གོང་འཕེལ་གཏོང་རྒྱུ་དང་། དམངས་འཚོ་དང་བདེ་རྩ། གསར་གཏོད་ཀྱིས་སྐུལ་སྤེལ་གཏོང་རྒྱུ། སྣོད་བཅུད་ཤེས་དཔལ་ལྡན་པ་བཅས་རིགས་ཆེ་བ་4ཡི་འཆར་འགོད་དམིགས་ཚད་ཁག་38ལེགས་གྲུབ་བྱས་ཚུལ་ཡག་པོ་བྱུང་ཞིང་། ས་གནས་ཐོན་སྐྱེད་སྤྱིའི་རིན་ཐང་གི་འཕར་ཚད་དེ་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་ཀྱི་ཨང་གསུམ་པ་ཡན་དུ་བརྟན་འཁྱོངས་ཐུབ་པ་དང་། གཙོ་བོའི་དཔལ་འབྱོར་གྱི་དམིགས་ཚད་འཕར་ཚད་ཚང་མ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པས་གོང་འཕེལ་གྱི་རྨང་གཞི་སྲ་ཞིང་བརྟན་པ་བཏིང་ཡོད། བཞི་ནི་རྗེས་ཐོན་གཏིང་ཤུགས་ཀྱི་ལེགས་ཆ་ལྡན་ཡོད། རང་ལྗོངས་འདི་ཉིད་གོང་འཕེལ་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པའི་ས་ཁུལ་ཞིག་གི་ངོས་ནས་གོང་འཕེལ་ཁྲོད་དཔལ་འབྱོར་གྲུབ་ཆ་གོང་འཕེལ་འགྲོ་བའི་ཆ་རྐྱེན་ད་དུང་འཛོམས་མེད་པ་དང་། ཐོན་ལས་གོང་འཕེལ་གཏོང་བའི་སྒུལ་ཤུགས་མི་འདང་བ། རང་རྟེན་གསར་གཏོད་བྱེད་ནུས་ཞན་པ་སོགས་ཀྱི་གནད་དོན་ལྷག་ཡོད་མོད། ཡིན་ནའང་རྗེས་ཐོན་ས་ཁུལ་ཞིག་གི་ངོས་ནས་ཐུན་མོང་མ་ཡིན་པའི་སྲིད་ཇུས་དང་། ཐོན་ཁུངས། ས་བབ་སོགས་ཀྱི་ལེགས་ཆ་ལྡན་ཡོད་པས། ཡུལ་སྐོར་རིག་གནས་དང་། ནུས་རྒྱུ་གཙང་མ། དཔལ་འབྱོར་ཚོང་དོན་མཉམ་ལས་སོགས་ཀྱི་ཁྱབ་ཁོངས་གསར་སྤེལ་དང་སྒོ་མོ་འབྱེད་པའི་གཏིང་ཤུགས་ཆེ་བ་དང་། ངལ་རྩོལ་ནུས་ཤུགས་ལྷག་མ་མང་བ། སྤྱི་ཡོངས་ཀྱི་བྱང་ཚད་མཐོར་འདེགས་གོང་འཕེལ་གཏོང་ཤེད་ཆེ་ཙམ་ཡོད་པ་བཅས་ཡིན།

—— འགྲན་སློང་ཐད་གཙོ་བོ་ཕྱོགས་བཞིའི་ཐད་ཀྱི་གནད་དོན་གནས་ཡོད། གཅིག་ནི་གོང་འཕེལ་གྱི་འགུལ་ནུས་བརྗེ་སྒྱུར་བྱེད་རྒྱུ་དགོས་གལ་ཆེ་བ། འདི་ལོ་ཚུན་དུ། རྒྱལ་ཁབ་ཀྱིས་སྲིད་གཞུང་གི་བུ་ལོན་ནམ་ཡང་ན་མངོན་མེད་བུ་ལོན་ལ་ཚོད་འཛིན་བྱེད་རྒྱུ་ནན་དུ་གཏོང་བ་དང་། ཟམ་སྒྲོལ་དངུལ་བུན་དང་PSLཡི་དངུལ་བུན་སོགས་ཀྱི་སྲིད་ཇུས་དམ་དུ་གཏོང་བ། དེ་བཞིན“ཁ་གསབ་ཁག་གཉིས”ཀྱི་སྲིད་ཇུས་ལེགས་སྒྲིག་བཅས་བྱས་པ་བརྒྱུད། དངུལ་རྩའི་འགྱོགས་མདའི་རྒྱབ་སྐུལ་ལ་བརྟེན་ནས་རྣམ་གྲངས་འཛུགས་སྐྲུན་ལ་མ་འཇོག་བྱེད་རྒྱུ་དཀའ་ཁག་ཆེ་རུ་སོང་བ་དང་། གཏན་འཇགས་རྒྱུ་ནོར་ཐད་མ་འཇོག་འཕར་ཚད་རྒྱུན་མཐུད་ནས་འགོར་དུ་སོང་བས་དཔལ་འབྱོར་འཕར་ཚད་ལ་སྐུལ་ཁྲིད་བྱེད་ནུས་ཞན་ཙམ་དུ་སོང་ཡོད། གཉིས་ནི་ཐོན་ལས་གོང་འཕེལ་གཏོང་རྒྱུར་ཤུགས་རྒྱག་རྒྱུ་དགོས་གལ་ཆེ་བ། ལོ་རྒྱུས་ཐོག་གི་གོང་འཕེལ་དང་། རང་བྱུང་ཁོར་ཡུག ཐོན་ཁུངས་ཀྱི་ལྷན་ནུས་སོགས་ཀྱི་ཤུགས་རྐྱེན་ཐེབས་པར་བརྟེན། རང་ལྗོངས་ཀྱི་ཐོན་ལས་གོང་འཕེལ་གཏོང་རྒྱུ་སྤྱིའི་ཆར་རྗེས་སུ་ལུས་ཤིང་། བཟོ་ལས་ཀྱི་འཕར་ཐང་དེ་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་ནང་8%ཡས་མས་ཙམ་ལས་བཟུང་གི་མེད་པ་དང་། ཞིང་འབྲོག་ཁུལ་གྱི་ཐོན་ལས“ཆུང་བ་དང་། ཁ་ཐོར། ཉམས་ཞན”བཅས་ཡིན་པ་དང་ངོ་བོ་གཅིག་ཅན་གྱི་གོང་འཕེལ་སོགས་ཀྱི་གནད་དོན་སྔར་བཞིན་ཚད་མི་འདྲ་བའི་ཐོག་ལ་གནས་བཞིན་ཡོད། གསུམ་ནི་ཚོང་གཉེར་གྱི་ཁོར་ཡུག་ལེགས་སུ་གཏོང་རྒྱུ་དགོས་གལ་ཆེ་བ། ཞིབ་མཆན་འགོད་དཀའ་བ་དང་ཞིབ་མཆན་འགོད་འགོར་བའི་གནད་དོན་སྔར་བཞིན་གནས་ཡོད་ཅིང་། སྡེ་ཚན་ཁག་གཅིག་གིས་དངོས་གཞིའི་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་འགག་གནད་དང་། སེམས་ནད། དཀའ་གནད་བཅས་རང་འགུལ་ངང་སེལ་རྒྱུའི་བསམ་བློ་ཤུགས་ཆེན་པོ་མེད་པ་དང་། དངུལ་རྩས་དངོས་གཞིའི་དཔལ་འབྱོར་ལ་རྒྱབ་སྐྱོར་དང་ཞབས་ཞུ་སྒྲུབ་ནུས་སྔར་བས་ཆེ་རུ་གཏོང་དགོས་པ། བཞི་ནི་སྤྱི་པའི་ཞབས་ཞུ་སྒྲུབ་ནུས་ཆེ་རུ་གཏོང་རྒྱུ་དགོས་གལ་ཆེ་བ། ལས་ཞུགས་ལ་སྐུལ་འདེད་གཏོང་རྒྱུའི་ཐད། སློབ་མ་དང་ཁྱིམ་བདག་གི་ལས་ཞུགས་ལྟ་བ་བརྗེ་སྒྱུར་བྱེད་རྒྱུའི་ཐད་ད་དུང་རྒྱུན་མཐུད་ཤུགས་རྒྱག་དགོས་པ་དང་། སློབ་ཆེན་ཐོན་པའི་སློབ་མ་རྒྱུན་ཆད་མེད་པར་མང་དུ་འགྲོ་བའི་ཁར་ལོ་ལྟར་རིམ་གསོག་ཐེབས་པས་རང་ལྗོངས་ཀྱི་ལས་ཞུགས་གནོན་ཤུགས་རྒྱུན་མཐུད་ཆེ་རུ་སོང་ཡོད། ཞིང་འབྲོག་པའི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་རྒྱུའི་ཐད། ཁ་སྒྱུར་རང་བཞིན་གྱི་ཡོང་འབབ་དེ་ཚད་མཐོ་ཤོས་ལ་བཅར་གྲབས་ཡོད་པས་ཚད་གཞི་མཐོ་རུ་དང་ཁྱབ་རྒྱ་ཆེ་རུ་གཏོང་བའི་བར་སྟོང་རིམ་པས་ཆུང་དུ་སོང་བ་དང་། ཞིང་འབྲོག་པའི་ཡོང་འབབ་རྒྱུན་མཐུད་འཕར་སྣོན་ཡོང་རྒྱུའི་གནོན་ཤུགས་ཆེ་ཙམ་ཡོད། སློབ་གསོ་དང་སྨན་བཅོས་སོགས་ཀྱི་ཐོན་ཁུངས་ཞིང་འབྲོག་ཁུལ་དུ་སྣུར་སྲིང་དང་གཤམ་གཏོང་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་དགོས་པ་བཅས་ཡིན།

(གཉིས)སྤྱིའི་བླང་བྱ་དང་གོང་འཕེལ་གྱི་དམིགས་ཚད།

—— 2020ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་སྤྱིའི་བླང་བྱ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། དེ་བཞིན་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ། ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས། དེ་བཞིན་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་གལ་ཆེའི་རྣམ་བཤད་བཅས་ལག་བསྟར་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ཤིང་། གསར་གཏོད་དང་། མཐུན་སྦྱོར། འབྱུང་འཕྲོད། སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་གོང་འཕེལ་གྱི་བསམ་གཞི་གསར་པ་རྒྱུན་འཁྱོངས་བྱེད་པ་དང་། བརྟན་ཐོག་ཡར་འཕེལ་དང་། ཡག་ཐོག་ལེགས་བརྩོན། ཞན་ཆ་སེལ་བ་བཅས་ཀྱི་ལས་ཀའི་སྤྱིའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་བསྒྱུར་བཅོས་གཙོ་རྐང་དུ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་ཡོང་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་བོད་ཀྱི་ལས་དོན་སྐོར་གྱི་ཀྲུང་དབྱང་གི་གལ་ཆེའི་ཚོགས་འདུ་བསུ་ཞིང་ཞབས་ཞུ་བསྒྲུབ་རྒྱུ་དང་སློབ་སྦྱོང་ལག་བསྟར་བྱེད་རྒྱུ་གཙོ་གནད་དུ་བཟུང་ཐོག ཕྱོགས་ཡོངས་ནས“བརྟན་པོ་དྲུག”གི་ལས་དོན་ཡག་པོ་བསྒྲུབས་པའི་ཁར། “སྲ་བརྟན་དང་། ཆེར་གཏོང་། མཐོར་འདེགས། ཤར་གཏོང”བཅས་ཀྱི་ཡིག་འབྲུ་བརྒྱད་ཀྱི་མཛད་ཕྱོགས་དོན་འཁྱོལ་བྱེད་པ་དང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ། སྤུས་ཚད་མཐོ་བའི་ངང་དཔལ་འབྱོར་གོང་འཕེལ་ཡོང་རྒྱུར་སྐུལ་འདེད་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ་བཅས་བྱས་ཏེ། འཕར་སྣོན་བརྟན་པོ་དང་། བསྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་སེལ། བརྟན་ལྷིང་སྲུང་བ་བཅས་བྱེད་རྒྱུར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་སྤེལ་བཏང་ནས་དཔལ་འབྱོར་འཁོར་རྒྱུག་བྱེད་རྒྱུ་དེ་ལུགས་མཐུན་གྱི་བར་མཚམས་སུ་བརྟན་འཁྱོངས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་རྒྱུ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཐུགས་གྲ་ལེགས་འགྲིག་ངང་མཇུག་བསྡུ་ཐུབ་པའི་འགན་ལེན་བྱེད་རྒྱུ།

—— 2020ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་སྔོན་དཔག་གི་དམིགས་ཚད་གཙོ་བོ། ལྗོངས་ཡོངས་ཀྱི་ས་གནས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་9%ཡས་མས་འཕར་བ་བྱེད་རྒྱུ་དང། ས་གནས་ནོར་སྲིད་ཀྱི་ཡོང་འབབ་3%ཡས་མས་འཕར་བ་བྱེད་རྒྱུ། སྤྱི་ཚོགས་འཛད་སྤྱོད་ཀྱི་སིལ་ཚོང་སྤྱི་འབོར་10%འཕར་བ་བྱེད་རྒྱུ། གྲོང་ཁྱེར་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་དེ་ཁག་སོ་སོར་10%དང་13%འཕར་བ་བྱེད་རྒྱུ། གྲོང་མིའི་འཛད་སྤྱོད་རིན་ཐང་གི་འཕར་ཚད་3.5%ཡས་མས་སུ་ཚོད་འཛིན་ཐུབ་པ་བྱེད་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3.6%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱེད་རྒྱུ། གྲོང་ཁྱེར་གྲོང་རྡལ་གྱི་བརྟག་དཔྱད་བྱས་ཁོངས་ཀྱི་ལས་ཤོར་བསྡུར་ཚད་5.5%ནང་ཚུན་དུ་ཚོད་འཛིན་ཐུབ་པ་བྱེད་རྒྱུ། ནུས་རྒྱུ་ཟད་གྲོན་དང་། ཐཱན་འབུད་གཏོང་བྱེད་ཚད། སྦགས་བཙོག་ཉུང་དུ་གཏོང་ཚད་བཅས་རྒྱལ་ཁབ་ཀྱི་གཏན་འབེབས་བྱེད་ཁོངས་ནང་ཚོད་འཛིན་ཐུབ་པ་བྱེད་རྒྱུ། ས་གནས་རིམ་པའི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་བཟང་འཁྱོངས་ཐུབ་པའི་ཉིན་གྲངས་ཀྱི་བསྡུར་ཚད་དེ་98%ཡན་ཟིན་ཐུབ་པ་བྱེད་རྒྱུ་བཅས་ཡིན། གོང་གསལ་དམིགས་ཚད་དེ་དག་ཐོག་ནས་གོང་འཕེལ་གྱི་བསམ་གཞི་གསར་པ་ལག་བསྟར་བྱས་ཏེ་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་བླང་བྱ་མཚོན་པ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱེད་རྒྱུ་དང་། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་བསྡུ་རྒྱུ། དེ་བཞིན“ལོ་ལྔ་ཚན་བཅུ་བཞི་པ”དང་ཐ་ན་ཕྱིས་འབྱུང་དུས་སྐབས་དེ་བས་རིང་བ་ཞིག་བཅས་དང་ཕན་ཚུན་འབྲེལ་མཐུད་ཡོང་བ་བྱས་ནས་མིག་སྔའི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་ལེགས་ཆ་ལྡན་པའི་ཆ་རྐྱེན་དང་དཀའ་གནད། ལྷག་པར་དུ་རྒྱལ་ཡོངས་ཀྱི་དཔལ་འབྱོར་འཕར་ཚད་ཆག་པའི་གནོན་ཤུགས་ཆེ་རུ་སོང་བའི་དོན་དངོས་ཀྱི་གནས་ཚུལ་ལ་བསམ་གཞིག་གང་ལེགས་བྱས་ཏེ་སྐབས་བསྟུན་གྱིས་སྔོན་སྒྲིག་ཕྲ་སྙོམས་བྱེད་རྒྱུ་དང་། དཔལ་འབྱོར་འཁོར་རྒྱུག་བྱེད་རྒྱུ་དེ་ལུགས་མཐུན་གྱི་བར་མཚམས་སུ་བརྟན་འཁྱོངས་ཡོང་བ་བྱེད་རྒྱུའི་ཐོག་མའི་དམིགས་སར་གཞིགས་ཏེ་དཔལ་འབྱོར་གོང་འཕེལ་ཡོང་རེ་དང་མངོན་གྱུར་ཐུབ་རེར་བསམ་གཞིག་བྱས་ཡོད་ལ། འབད་འབུངས་ཧུར་སྐྱེད་དང་ལས་རྗེས་ཧུར་ཐག་བཞག་སྟེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་གོང་འཕེལ་ལ་མུ་མཐུད་སྐུལ་སྤེལ་བཏང་ཐོག གོང་འཕེལ་དོ་མི་མཉམ་པ་དང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཏེ་རང་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བ་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བའི་དགོས་མཁོ་དེ་བས་ཡག་པོ་སྐོང་ཐུབ་པ་བྱེད་རྒྱུའི་ནན་བཤད་ཀྱང་བྱས་ཡོད།

གསུམ། 2020ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་ཕྱོགས་ཀྱི་ལས་འགན་གཙོ་བོ་དང་བྱ་ཐབས།

2020ལོའི་དཔལ་འབྱོར་ལས་དོན་ནི་བླང་བྱ་མཐོ་བ་དང་དཀའ་ངལ་ཆེ་བ། ལས་འགན་ལྕི་བ་བཅས་ཡིན། 2020ལོའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དམིགས་ཚད་ཁག་མངོན་གྱུར་ཡོང་བ་བྱེད་དགོས་ན་བརྟན་ལྷིང་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གཞི་ཆེའི་སྲིད་ཇུས་བརྟན་པོ་དགོས་པ་དང་། གཞི་ཆུང་གི་སྲིད་ཇུས་བབ་བསྟུན་དགོས་པ། སྤྱི་ཚོགས་ཀྱི་སྲིད་ཇུས་ཐ་སྐྱོང་བྱེད་ཐུབ་དགོས་པ་བཅས་ཀྱི་སྲིད་ཇུས་གཞི་སྒྲོམ་མཐའ་འཁྱོངས་བྱེད་པ། གནད་དོན་འཛིན་ཕྱོགས་དང་། དམིགས་ཚད་འཛིན་ཕྱོགས། མཇུག་འབྲས་འཛིན་ཕྱོགས་བཅས་མཐའ་འཁྱོངས་བྱས་ཏེ་མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་ལ་སྒྱུར་བཅོས་གཏིང་ཟབ་བྱེད་རྒྱུར་རྒྱུན་སྲིང་ངང་ཤུགས་རྒྱག་རྒྱུ་དང་། དཔལ་འབྱོར་དེ་གྲངས་འབོར་ལུགས་མཐུན་ངང་འཕར་བ་དང་སྤུས་ཚད་བརྟན་པོའི་ངང་འཕར་བ་བྱས་ཏེ་མུ་མཐུད་གཙོ་གནད་དམ་འཛིན་དང་། ཆད་སྐྱོན་སེལ་བ། ཞན་ཆ་ལེགས་གསབ་བཅས་ཀྱི་ཐོག་ནས་གཤམ་གསལ་ཕྱོགས་བཅུའི་ཐད་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཤུགས་རྒྱག་དགོས།

(གཅིག) ཏང་གིས་དཔལ་འབྱོར་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་སྤུས་ཚད་མཐོ་བའི་གོང་འཕེལ་ལ་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། དེ་བཞིན“སྤྱི་ཡོངས་གཉིས”ཁོང་དུ་ཆུད་པ།“ངེས་པར་དུ་བཞི”མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་བློ་བརྟན་འགྱུར་མེད་ངང་ཏང་གི་འགོ་ཁྲིད་འོག དཔལ་འབྱོར་གྱི་ལས་དོན་ཏན་ཏིག་ངང་དམ་འཛིན་ཡག་པོ་བྱས་ཏེ་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་ཀའི་བཀོད་སྒྲིག་ཐོག་གཅིག་མཐུན་ཡོང་བ་བྱེད་རྒྱུ་དང་། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱས་ནས་འཐབ་ཇུས་ཀྱི་ངེས་གནས་བརྟན་འཁྱོངས་ཀྱིས་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་རྒྱུ་དང་། ཐོན་ལས་ཆེན་པོ་བདུན་གོང་འཕེལ་གཏོང་རྒྱུར་དམིགས་ཏེ་འཕར་སྣོན་བརྟན་པོ་དང་། སྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁར་འགོག་སེལ། བརྟན་ལྷིང་སྲུང་བ་བཅས་ཀྱི་ལས་དོན་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཐོག ཏང་གིས་དཔལ་འབྱོར་ལས་དོན་ལ་འགོ་ཁྲིད་བྱེད་པའི་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་གི་ཕན་འབྲས་སུ་འགྱུར་བ་བྱེད་རྒྱུ་དང་། གཞི་ཆེའི་དཔལ་འབྱོར་འཁོར་སྐྱོད་ལ་དབྱེ་ཞིབ་དང་ལེགས་སྒྲིག་བྱེད་པར་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་གཞི་ཆེའི་སྟངས་འཛིན་གྱི་རྒྱང་ལྟའི་རང་བཞིན་དང་། དམིགས་སའི་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་ཤུགས་ཆེར་ནུས་ལྡན་བཏང་ཁར། སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ཕྱོགས་ཡོངས་ནས་ཡག་པོ་བསྒྲུབས་ཏེ་དཔལ་འབྱོར་འཁོར་རྒྱུག་བྱེད་རྒྱུ་དེ་ལུགས་མཐུན་གྱི་བར་མཚམས་སུ་འགན་ལེན་ཐུབ་པ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་བར་རྒྱུན་མཐུད་སྐུལ་སྤེལ་གཏོང་རྒྱུ།

(གཉིས) གོང་འཕེལ་གྱི་བསམ་གཞི་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་བླང་བྱ་དོན་འཁྱོལ་བྱེད་རྒྱུ། དུས་རབས་གསར་པའི་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལངས་ཤིང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུ་དེ་དུས་མཚམས་གསར་པ་ཞིག་ཏུ་སླེབས་ཡོད། ངེས་པར་དུ་མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་རིགས་པའི་གཞུང་ལུགས་ལ་བརྟེན་ནས་རང་ལྗོངས་ཀྱི་འགལ་བ་གཙོ་བོ་དང་དམིགས་བསལ་འགལ་བར་སྟངས་འཛིན་བྱས་ཏེ་གོང་འཕེལ་གྱི་བསམ་གཞི་གསར་པ་དམ་འཛིན་ནན་པོ་བྱེད་རྒྱུ་དང་། གསར་གཏོད་དང་། མཐུན་སྦྱོར་། འབྱུང་འཕྲོད། སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་གོང་འཕེལ་གཏོང་ཕྱོགས་མཐའ་འཁྱོངས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གྱི་ཕྱི་རོལ་ཡུལ་གྱི་ཆོས་ཉིད་ལ་བརྩི་འཇོག་བྱས་ཐོག རྒྱལ་ཁབ་ཀྱི་ཚད་གཞིར་ཚད་འཛིན་རྒྱུ་དང་སྤུས་ཚད་མཐོ་བའི་གོང་འཕེལ་གཏོང་རྒྱུ་ཕྱོགས་ཁྲིད་དུ་བྱས་ནས་དམིགས་ཚད་ལ་དཔྱད་ཞིབ་དང་གདེང་འཇོག་བྱེད་པའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་མ་ཟད། དམིགས་ཚད་མ་ལག་གི་འཐབ་ཇུས་རང་བཞིན་དང་། རྩ་འཛིན་རང་བཞིན། ཁྲིད་སྟོན་རང་བཞིན་བཅས་འདོན་སྤེལ་གང་ལེགས་བྱས་ཁར། དཔལ་འབྱོར་བཅོས་སྐྱོང་བྱེད་ཐབས་ཆ་ཚང་བའི་སྒོ་ནས་ལེགས་སུ་གཏོང་རྒྱུ་དང་། དམིགས་ཚད་མང་པོའི་ཁྲོད་ནས་འགྱུར་ལྡན་དོ་སྙོམས་ཡོང་ཐབས་བྱེད་རྒྱུ། གོང་འཕེལ་གྱི་བསམ་བློ་ལེགས་སྒྱུར་དང་། གོང་འཕེལ་གྱི་བསམ་གཞི་ཇུས་འགོད། གོང་འཕེལ་གྱི་ཤུགས་རྒྱག་སར་དམ་འཛིན་བཅས་བྱས་ཏེ་བློ་རྩེ་གཅིག་སྒྲིམ་གྱིས་དོ་མི་མཉམ་པ་དང་གོང་འཕེལ་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་གོང་འཕེལ་ཡོང་བ་བྱེད་རྒྱུ།

(གསུམ) “འགག་སྒྲོལ་ཆེན་པོ་གསུམ”གྱི་ལས་དོན་མཐའ་གཅིག་ཏུ་ཡག་པོ་བསྒྲུབས་ནས་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ཆད་སྐྱོན་སེལ་རྒྱུ། གནད་འཕིགས་དབུལ་སྒྲོལ་ཐད་ཀྱི་གྲུབ་འབྲས་དེ་བས་སྲ་བརྟན་དུ་གཏོང་རྒྱུ། གང་ཐུབ་ཅི་ཐུབ་དང་། འཁོས་དཔག་ལས་སྒྲུབ། གྲོན་ཆུང་གཙོར་བཟུང་བཅས་བྱེད་རྒྱུ་མུ་མཐུད་མཐའ་འཁྱོངས་བྱས་ཏེ། གཡང་རྩེའི་སྟེང་གི་ཡས་སྒྲོན་ལས། ལག་པ་ཚ་དུས་སྐམ་པ་བཟང་ཞེས་པ་ལྟར་གནད་འཕིགས་ངོས་བཟུང་དང་། ཐོན་ལས་ཀྱི་འདེགས་སྐྱོར། སྲིད་ཇུས་ཀྱི་སྐུལ་ལྕག ལས་ཞུགས་སྔོན་ཐོབ། བོད་སྐྱོར་རོགས་འདེགས། སྤྱི་ཚོགས་འགན་སྲུང་ཐ་སྐྱོང་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཤུགས་རྒྱག་རྒྱུ་དང་། བློ་སྐྱོར་དང་རིག་སྐྱོར་བྱེད་རྒྱུའི་ཐད་དེ་བས་ཤུགས་ཆེན་པོ་རྒྱག་རྒྱུ། གྲོང་གསེབ་དར་རྒྱས་གཏོང་བའི་ཐབས་ཇུས་དང་འབྲེལ་མཐུད་ནུས་ལྡན་བྱས་ཏེ“དམངས་ཕན་གྱི་བྱ་ཐབས་ཁག་བཅུ”ལག་བསྟར་བྱེད་རྒྱུ། གནས་སྤོས་དབུལ་སྐྱོར་བྱེད་ཡུལ་གྱི་སྤྱི་ཚོགས་ཀྱི་དོ་དམ་དང་། སྦྱོང་བརྡར་དང་ལས་ཞུགས། ཐོན་ལས་ཚང་སྒྲིག གཞི་རྩའི་སྤྱི་པའི་ཞབས་ཞུ་བཅས་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། རྒྱལ་ཁབ་ནས་དབུལ་སྒྲོལ་འགག་སྒྲོལ་ཐད་ཡོངས་བཤེར་བྱེད་པར་གཞོགས་འདེགས་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུ། བལྟོས་བཅས་ཀྱི་དབུལ་པོ་སེལ་རྒྱུའི་ཕུགས་ཕན་ལམ་སྲོལ་བཟོ་བ་དང་། ལྟ་ཞིབ་ཚད་ལེན་གྱི་སྔོན་བརྡ་གཏོང་ལམ་ཚགས་ཚུད་དུ་བཏང་སྟེ། དབུལ་ལོག་མི་སྣ་དང་གསར་ཐོན་དབུལ་པོའི་མི་སྣའི་རིགས་དུས་ཐོག་ཏུ་དབུལ་སྐྱོར་བྱེད་ཁོངས་ནང་བཅུག་ནས་འབྱོར་འབྲིང་ལམ་བུའི་ཐོག་དབུལ་པོའི་མང་ཚོགས་གཅིག་ཀྱང་མ་ལུས་པ་བྱེད་རྒྱུ། སྦགས་བཙོག་འགོག་བཅོས་བྱེད་པའི་ཐད་དུས་མཚམས་རང་བཞིན་གྱི་དམིགས་ཚད་མངོན་གྱུར་ཐུབ་པའི་འགན་ལེན་བྱེད་རྒྱུ། རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ཀྱི་སྐྱེ་ཁམས་རྒྱུད་ཁོངས་སྲུང་སྐྱོབ་དང་ཁོར་ཡུག་སྦགས་བཙོག་མཉམ་དུ་བཅོས་སྐྱོང་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་སྐྱེ་ཁམས་སྐྱོང་གསབ་ཀྱི་ལམ་ལུགས་བཙུགས་ཐོག “ཨེ་ཤེ་ཡའི་ཆུ་གསོག་མཐོ་ལྕོག”ལ་སྲུང་སྐྱོབ་ཏན་ཏིག་བྱེད་རྒྱུ། “གཙང་གཉིས་ཆུ་བཞིའི”ཁུལ་གྱི་ནགས་བཟོ་སྔོ་སྒྱུར་དང་། གཙོ་གནད་ཁུལ་ཁོངས་ཀྱི་སྐྱེ་ཁམས་སྤྱི་ཕན་ནགས་གླིང་འཛུགས་སྐྲུན། བྱེ་སྐྱོན་འགོག་བཅོས། རྨོ་སྐྱུར་ནགས་བཟོ་དང་རྩྭ་འདེབས་སོགས་རྒྱལ་ཁབ་ཀྱི་ས་ཆ་སྔོ་ལྗང་ཅན་དུ་བསྒྱུར་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུ། ནགས་ཚལ་དང་། རྩྭ་ཐང་། གཤེར་ས། བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རི་སྐྱེས་རྩི་ཤིང་སོགས་ཀྱི་ཐོན་ཁུངས་ལ་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། རང་བྱུང་སྲུང་སྐྱོབ་ཁུལ་འཛུགས་སྐྲུན་དང་སྲུང་སྐྱོབ་བྱེད་པ་དང་གནོད་འཚེ་འགོག་སྡོམ་བྱེད་ཤུགས་ཆེ་རུ་གཏོང་བ། སྐྱེ་ཁམས་རྒྱུད་ཁོངས་ཀྱི་སྣ་མང་རང་བཞིན་དང་བརྟན་ཚུགས་རང་བཞིན་ཤུགས་ཆེར་གཏོང་བ་བཅས་བྱེད་རྒྱུ། ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་དཀྱིལ་རྒྱུད་དང་། སེང་གེ་ཁ་འབབ་རྒྱུག་ཁུལ་གྱི་དཀྱིལ་རྒྱུད། འབྲི་ཆུ་རྒྱུག་ཁུལ་གྱི་བོད་ལྗོངས་དུམ་མཚམས་སོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོའི་ལས་གཞི་ཆེ་གྲས་ཁག་གཅིག་ལག་བསྟར་བྱེད་རྒྱུར་སྐུལ་འདེད་བཏང་སྟེ། ས་མཐོའི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་རྒྱུ། ཉེན་ཁ་སེལ་རྒྱུའི་ཐད་རྒྱུད་ཁོངས་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་པའི་འགན་ལེན་བྱེད་རྒྱུ། སྲིད་གཞུང་གི་བུ་ལོན་མུ་མཐུད་གཙང་བཤེར་དང་ལེབ་བཤེར་བྱས་ཏེ། ས་གནས་སྲིད་གཞུང་གི་མངོན་མེད་བུ་ལོན་འཕར་འབོར་མང་དུ་འགྲོ་རིགས་བཀག་འགོག་མཐའ་གཅིག་ཏུ་བྱེད་རྒྱུ་དང་། མངོན་མེད་བུ་ལོན་གྱི་གསོག་འབོར་བརྟན་པོའི་ངང་སེལ་གང་ཐུབ་བྱས་ཐོག སྲིད་གཞུང་གི་བུ་ལོན་ཉེན་ཁའི་ཉེན་བརྡ་གཏོང་ལམ་དང་། འཕྲལ་བསྟུན་ཐག་གཅོད་བྱེད་ལམ། འབྲེལ་ཡོད་བྱ་དགའ་ཆད་གཅོད་བྱེད་ལམ་བཅས་འཛུགས་རྒྱུ། སྲིད་གཞུང་གི་བུ་ལོན་ཉེན་ཁར་འགྱུར་ལྡན་ལྟ་ཞིབ་ཚད་ལེན་བྱེད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཉེན་ཁར་འཕྲལ་བསྟུན་ཐག་གཅོད་བྱེད་པའི་མ་ལག་འཛུགས་པ་དང་ཚགས་ཚུད་དུ་གཏོང་བ། ཡིད་རྟོན་ཉམས་ཞིབ་ཀྱི་རྒྱུད་ཁོངས་འཛུགས་སྐྱོང་བྱེད་རྒྱུ་ཚགས་ཚུད་དུ་གཏོང་བ་བཅས་བྱས་ནས་འདྲེན་འཇུག་རང་བཞིན་གྱི་ཉེན་ཁ་ནན་འགོག་གིས་སྤྱི་ཁོག་གི་བསམ་གཞིའི་ཐོག་ནས་ཞིབ་ཕྲའི་དོན་དག་ལ་ཁ་གཏད་བཅག་སྟེ། ཁུལ་ཁོངས་རང་བཞིན་དང་རྒྱུད་ཁོངས་རང་བཞིན་གྱི་བུ་ལོན་ཉེན་ཁ་མི་ཐོན་པའི་མཐའ་ཚད་བརྟན་སྲུང་བྱེད་རྒྱུ། ཁག་ཐེག་བྱེད་ལམ་འཐུས་སྒོ་ཚང་དུ་གཏོང་བ་དང་རང་སྐྱོང་ལྗོངས་རིམ་པའི་ཁག་ཐེག་ཀུང་སི་བསྐྱར་འཛུགས་སྒྲིལ་བཅོས་བྱས་ནས་དངོས་གཞིའི་དཔལ་འབྱོར་གོང་འཕེལ་དང་གཙོ་གནད་ཁྱབ་ཁོངས་ཀྱི་འཛུགས་སྐྲུན་ལ་ནོར་སྲིད་དང་དངུལ་རྩས་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་རྨོངས་ཚོད་ཀྱིས་དངུལ་བུན་འཐེན་བཅད་བྱེད་རིགས་དང“ཕྱེད་ལུས”ལས་གྲྭ་ཆགས་རིགས་སྔོན་འགོག་བྱེད་རྒྱུ།

(བཞི) འཆར་འགོད་བཟོ་སྒྲིག་དང་འབྲེལ་མཐུད་བྱེད་པའི་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབས་ནས་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་བཀོད་ཁྱབ་ཇུས་འགོད་བྱེད་རྒྱུ། “ལས་བརྩོན་བདེ་འཁོད་དང་། འགན་སྲུང་ནུས་ལྡན། ཁྱིམ་གཞིས་མཛེས་པ། མི་རིགས་མཐུན་སྒྲིལ། ཤེས་དཔལ་ཞི་མཐུན”བཅས་ཀྱི་གོང་འཕེལ་གྱི་དམིགས་ཚད་ལ་གཞིགས་ཏེ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ནང་བཏོན་པའི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུའི་དམིགས་ཚད་ཁག་དང་ལྟ་བསྡུར་བྱས་ཏེ། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་བྱས་ཚུལ་ལ་ཕྱོགས་ཡོངས་ནས་དབྱེ་གསེད་བྱས་ཐོག འཆར་འགོད་ལག་བསྟར་བྱེད་པའི་ཁྲོད་ལྷག་བསྡད་པའི་གནད་དོན་ལ་ཞིབ་འཇུག་དབྱེ་ཞིབ་ཀྱིས་ལེགས་བཅོས་བྱེད་རྒྱུའི་གྲོས་འཆར་བཏོན་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་སྒྲིག་བྱེད་རྒྱུར་གལ་ཆེའི་དཔྱད་གཞི་མཁོ་འདོན་བྱེད་རྒྱུ། གལ་ཆེའི་གོ་སྐབས་དམ་འཛིན་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བཟོ་སྒྲིག་བྱེད་པ་དང་། ཐུན་མོང་ཐོག་འཆར་འགོད་འདྲ་མིན་རིགས་ཞིབ་འཇུག་དང་བཟོ་སྒྲིག་བྱེད་པར་སྐུལ་འདེད་བཏང་སྟེ་གཞི་རྩའི་བསམ་གཞི་དང་། གོང་འཕེལ་གྱི་དམིགས་ཚད། གཙོ་གནད་ལས་འགན་བཅས་ཞིབ་འཇུག་གཏན་འཁེལ་ཏན་ཏིག་བྱས་ཏེ་ཀྲུང་དབྱང་ནས་གལ་ཆེའི་སྲིད་ཇུས་དང་གལ་ཆེའི་རྣམ་གྲངས་ལ་རྒྱབ་སྐྱོར་གནང་རོགས་ཞུ་བ་དང་། རྒྱལ་ཁབ་ཀྱི་རྒྱབ་སྐྱོར་དེ་བས་ཆེ་བ་རག་ཐབས་བྱས་ནས་ཕྱིས་འབྱུང་དུས་སྐབས་ཤིག་རིང་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་རྒྱུར་ཇུས་འགོད་དང་བཀོད་སྒྲིག་ཡག་པོ་བྱེད་རྒྱུ། 2020ལོའི་ལོ་སྟོད་དུ་མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་སྤྱིའི་འཆར་འགོད་ལག་བསྟར་བྱེད་འགོ་འཛུགས་ཐུབ་པ་བྱས་ནས་མཐའ་མཚམས་ས་ཁུལ་གྱི་འགྲིམ་འགྲུལ་དང་། ནུས་རྒྱུ། ཆུ་བེད། འཕྲིན་གཏོང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གང་མགྱོགས་བྱེད་རྒྱུར་སྐུལ་སྤེལ་བཏང་སྟེ་དམག་དམངས་མཉམ་འདྲེས་ངང་གོང་འཕེལ་ཡོང་བར་སྐུལ་འདེད་དེ་བས་ཡག་པོ་གཏོང་རྒྱུ་དང་། མཐའ་སྲུང་མཐའ་བརྟན་གྱི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་ཏན་ཏིག་གཏོང་རྒྱུ།

(ལྔ) དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱས་ཏེ། སྤུས་ཚད་མཐོ་བའི་གོང་འཕེལ་གྱི་འབྲས་བུ་མཉམ་སྤྱོད་བྱེད་རྒྱུ། དམངས་འཚོ་ལེགས་བཅོས་དང་མི་སེམས་གཅིག་སྒྲིལ་བྱེད་པའི་ཐོག་མའི་དམིགས་ས་དང་དོན་ལ་བབས་ས་དེ་ཁོང་དུ་བརྟན་པོ་ཆུད་པ་བྱེད་རྒྱུ་ཡིན་ཞིང་། སྲིད་གཞུང་གི་ནུས་པ་འདོན་སྤེལ་གྱིས་གཞི་རྩ་བསྲུངས་ཏེ། ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ལ་དོ་སྣང་བྱེད་དགོས་ལ། ཁྲོམ་རས་མཁོ་འདོན་བྱས་པའི་སྟབས་བསྟུན་རང་བཞིན་གྱི་ལེགས་ཆ་ཡང་འདོན་སྤེལ་གང་ལེགས་བྱས་ནས་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་དེ་བས་གཅིག་གྱུར་ཡག་པོ་ཡོང་བ་བྱེད་དགོས། སློབ་གསོ་སྔོན་དུ་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། དུས་ཁག་གསུམ་པའི་སློབ་ཞུགས་གོང་གི་སྐད་གཉིས་སློབ་གསོའི་བྱ་འགུལ་འཆར་གཞིར་སྐུལ་སྤེལ་ཏན་ཏིག་བཏང་ཐོག ན་འདྲེས་སློབ་ཞུགས་ཐུབ་ཚད་85%ཟིན་པའི་འགན་ལེན་བྱེད་རྒྱུ། འགན་བབས་སློབ་གསོ་དོ་སྙོམས་གོང་འཕེལ་གཏོང་བའི་ལས་གཞི་ལག་བསྟར་བྱས་ནས། རྫོང་ཁོངས་ཀྱི་འགན་བབས་སློབ་གསོ་དོ་སྙོམས་གོང་འཕེལ་གཏོང་རྒྱུའི་ཐད་རྒྱལ་ཁབ་ཀྱི་ཚོད་སྐོར་དང་ཁས་ལེན་ཐོབ་པ་བྱེད་རྒྱུ། མཐོ་རིམ་སློབ་འབྲིང་དཀྱུས་མ་དང་འབྲིང་རིམ་ལས་རིགས་སློབ་གསོ་མཐུན་སྦྱོར་ངང་གོང་འཕེལ་གཏོང་རྒྱུར་གཅིག་གྱུར་འཆར་འགོད་བྱས་ཏེ། བོད་ལྗོངས་སློབ་ཆེན་གྱི“རྩེ་གྲ་གཉིས”གཏོད་རྒྱུ་གཏིང་ཟབ་ཏུ་གཏོང་རྒྱུ། སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་མ་ལག་ཚགས་ཚུད་དུ་བཏང་ནས་བདེ་ཐང་གི་ཀྲུང་གོའི་ལས་འགུལ་སྤེལ་རྒྱུར་སྐུལ་འདེད་ཤུགས་ཆེ་བཏང་ནས“བདེ་ཐང་འཐུང་ཇ”ཁྱབ་གདལ་ཧུར་ཐག་གཏོང་རྒྱུ། རིམ་དབྱེའི་ནད་བརྟག་སྨན་བཅོས་དང་རྫོང་ཁོངས་ཕྱོགས་བསྡུས་སྨན་བཅོས་བྱེད་ལམ་བསྒྱུར་བཅོས་དང་། རྫོང་ཁོངས་སྨན་བཅོས་འཕྲོད་བསྟེན་གཅིག་མཐུན་ཚོགས་པ་འཛུགས་རྒྱུ་གཏིང་ཟབ་ཏུ་གཏོང་རྒྱུ། གཞི་རིམ་གྱི་སྐོར་སྐྱོད་ནད་བརྟག་སྨན་བཅོས་བྱེད་ཁོངས་དེ་ཤང་གྲོང་ཡོངས་ལ་ཁྱབ་ཆེར་གཏོང་རྒྱུ། བུད་མེད་དང་། ཕྲུ་གུ། རྒན་རྒོན་བཅས་དང་དམིགས་བསལ་ལས་རིགས་སོགས་གཙོ་གནད་མི་ཚོགས་ལ་དམིགས་ཏེ། གྲོང་གསེབ་ཀྱི་སྨན་དོན་པར་སྦྱོང་བརྡར་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་ནས“བློ་རིག་གི་སྨན་བཅོས”གོང་འཕེལ་ཤུགས་ཆེ་བཏང་ཐོག མི་དམངས་ཀྱི་བདེ་ཐང་ལ་འགན་སྲུང་དེ་བས་ཡག་པོ་བྱེད་རྒྱུ། ཐུམ་འབུའི་ནད་ལ་ཕྱོགས་བསྡུས་འགོག་བཅོས་བྱེད་པའི་ཉམས་མྱོང་ཕྱོགས་བསྡོམས་བྱས་ཏེ། ཚབས་ཆེའི་རིམས་ནད་ལ་ཕྱོགས་བསྡུས་སྔོན་འགོག་ཚོད་འཛིན་བྱེད་པའི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་རྒྱུ། ཚན་ཞིབ་ལས་ཁུངས་སྒྲིལ་བཅོས་བྱས་ཏེ། བོད་ལུགས་གསོ་རིག་གོང་འཕེལ་ཤུགས་ཆེ་གཏོང་བའི་སྲིད་ཇུས་ཞིབ་འཇུག་བྱེད་རྒྱུ། གཞིས་རྩེ་དང་། ལྷོ་ཁ། ཆབ་མདོ་བཅས་ལ་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་གཏོད་པར་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་རྒྱུ། རིག་གནས་ལ་བརྟེན་ནས་དམངས་ཕན་ཡོང་བར་རྒྱུན་མཐུད་སྐུལ་སྤེལ་གཏོང་རྒྱུ་ཡིན་ཞིང་། གཞི་རིམ་གྱི་དཔེ་མཛོད་ཁང་དང་ཤིན་ཧྭ་དཔེ་ཚོང་ཁང་སོགས་སྤྱི་པའི་རིག་གནས་སྒྲིག་བཀོད་ཁྱབ་ཚད་ཆེ་རུ་གཏོང་བ་དང་། སྤུས་ལེགས་བརྩམ་བྱ་གསར་རྩོམ་དང་། འཁྲབ་སྟོན། ཁྱབ་གདལ་བཅས་བྱེད་ཤུགས་ཆེ་རུ་གཏོང་བ། ཕུལ་བྱུང་གྲངས་འཛིན་རིག་གནས་ཀྱི་ཐོན་ཁུངས་སྒྱུར་བཟོ་བརྒྱུད་སྐྱེལ་བྱེད་ཤུགས་ཆེ་རུ་གཏོང་བ། ཤིང་ཏ་ལའི་ལོ་མའི་དཔེ་ཆ་སོགས་ཕོ་བྲང་པོ་ཏ་ལའི་གནའ་གཞུང་ཚད་ལྡན་ཡིག་ཆ་དང་གསར་བརྗེའི་རྗེས་ཤུལ་གྱི་ཐོན་ཁུངས་སྲུང་སྐྱོབ་དང་བེད་སྤྱོད་ཡག་པོ་བཅས་བྱེད་རྒྱུ། བོད་རང་སྐྱོང་ལྗོངས་སྨན་ཁང་དང་། བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་གྱི་སློབ་ཁུལ་གསར་པ། བོད་ལྗོངས་ལག་རྩལ་པའི་སློབ་གླིང་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ། ལྗོངས་ཡོངས་ཀྱི་རྐང་རྩེད་སྤོ་ལོའི་ལེགས་སྐྱེས་འགྲན་བསྡུར་དང་། ཧི་མ་ལ་ཡ་བརྒལ་བ། རི་ཐང་ཕྱི་རོལ་གྱི་ལུས་རྩལ་འགྲན་ཚོགས། ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་སོགས་ལུས་རྩལ་འགྲན་བསྡུར་ཡག་པོ་གཉེར་རྒྱུ། “མཉམ་སྦྲེལ་དྲ་རྒྱ་+”ཡོ་བྱད་གསར་པ་བེད་སྤྱོད་ཡག་པོ་བྱས་ཏེ། བློ་རིག་སློབ་གསོ་དང་། བློ་རིག་སྨན་བཅོས། བློ་རིག་རླུང་འཕྲིན་བརྙན་འཕྲིན་སོགས་འཛུགས་སྐྱོང་བྱེད་པའི་ལས་དོན་ལ་སྐུལ་སྤེལ་བཏང་སྟེ་རང་ལྗོངས་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ཚད་གཞིའི་མ་ལག་ཞིབ་འཇུག་བཟོ་འབེབས་བྱེད་རྒྱུ། ལྷ་སའི་དུས་བསྟུན་ལྟ་དཔྱད་ཚད་ལེན་ས་ཚུགས་དང་ནག་ཆུའི་དུས་བསྟུན་ས་ཚིགས་ཀྱི་རྒྱལ་ཁབ་ཀྱི་གཙོ་ཆེའི་ཚན་རྩལ་ཆེད་དོན་རྨང་གཞིའི་སྒྲིག་བཀོད་ཀྱི་ལས་འགན་དོན་འཁྱོལ་བྱེད་རྒྱུ། བོད་ལྗོངས་གནམ་དཔྱད་ཁང་དང་། བོད་ལྗོངས་ཚན་རྩལ་གསར་གཏོད་གླིང་། ཐེན་ཏི་ཧྲེན་ས་མཐོའི་ཚན་རིག་དང་རིག་གནས་ཁྱད་ལྡན་གྲོང་རྡལ་ཆུང་གྲས་བཅས་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་རྒྱུ། རྒྱལ་ཁབ་ཀྱི་རྣམ་གསར་གྲོང་ཁྱེར་གྲོང་རྡལ་ཅན་གྱི་ཚོད་ལྟའི་འཛུགས་སྐྲུན་གཏིང་ཟབ་བྱེད་རྒྱུ་དང་། གྲོང་ཁྱེར་གྲོང་རྡལ་གྱི་གྲོང་ཁུལ་རྙིང་པ་དང་སྡེ་ཁུལ་སྒྱུར་བཟོ་བྱེད་རྒྱུར་སྐུལ་སྤེལ་གཏིང་ཟབ་བཏང་སྟེ་འཚོ་བའི་གད་སྙིགས་རིགས་དབྱེ་བྱེད་པའི་དར་སྲོལ་གསར་པ་ཁྱབ་སྤེལ་ཧུར་ཐག་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ། གྲོང་ཁྱེར་གོང་འཕེལ་དང་ཞིང་འབྲོག་ཁུལ་གྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ཀྱི་སྤྱིའི་འཆར་འགོད་དང་ཆེད་གཉེར་འཆར་འགོད་ཁག་དོན་འཁྱོལ་ཡག་པོ་བྱེད་པ། གྲོང་གསེབ་ཀྱི་ཡུལ་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་བྱེད་པའི་ལོ་གསུམ་བྱ་འགུལ་གྱི་ཇུས་གཞི་ལག་བསྟར་ཡག་པོ་བྱེད་པ། ཞིང་དུད་ཀྱི་གསང་སྤྱོད་སྒྱུར་བཅོས་ལ་མུ་མཐུད་སྐུལ་འདེད་གཏོང་བ་བཅས་བྱེད་རྒྱུ། གྲོང་གསེབ་ཀྱི་གསར་ཐོན་ཉེན་ཆེའི་ཁང་པ་སྒྱུར་བཟོ་ཡག་པོ་བྱེད་པ་དང་། འབྲོག་མཚེར་སྦྲ་གུར་གྱི་གནས་སྐྱིད་ལས་གཞི་སྤེལ་འགོ་འཛུགས་པ། གོམས་སྲོལ་བསྒྱུར་རྒྱུའི་དྲིལ་བསྒྲགས་སློབ་གསོ་དང་ཁྲིད་སྟོན་ཡག་པོ་བཅས་བྱས་ནས་གནས་སྤོས་མང་ཚོགས་རྣམས“ཁང་པ་ཡག་པོའི་ནང་སྡོད་རྒྱུ་ཡོད་པ་དང་། གོམས་གཤིས་ཡག་པོ་འཇགས་པ། འཚོ་བ་སྐྱིད་པོ་སྐྱེལ་ཐུབ་པ”བཅས་ཀྱི་འགན་ལེན་ཐུབ་པ་བྱེད་རྒྱུ། དམངས་ཡོངས་འགན་བཅོལ་ནང་ཞུགས་པའི་འཆར་གཞི་སྒྲིག་འཛུགས་དང་ལག་བསྟར་རྒྱུན་མཐུད་གཏིང་ཟབ་བྱས་ནས་སྤྱི་ཚོགས་འགན་སྲུང་གི་ཐ་སྐྱོང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་རྒྱུ། རྒན་གསོ་ལས་ཁུངས་ཀྱི་དོ་དམ་ཞབས་ཞུ་ཚད་གཞི་ཅན་དང་། ཚན་རིག་ཅན། ཚད་ལྡན་ཅན་བཅས་ཀྱི་ཕྱོགས་སུ་སྒྱུར་རྒྱུར་སྐུལ་སྤེལ་གཏོང་རྒྱུ། རིན་གོང་ལ་ལྟ་ཞིབ་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མཁོ་འདོན་འགན་སྲུང་དང་རིན་གོང་བརྟན་ཚུགས་ཐུབ་པའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་སྟེ། ཤ་རིགས་དང་སྔོ་ཚལ་སོགས་བཟའ་བཅའ་འདང་ངེས་མཁོ་འདོན་ཐུབ་པའི་འགན་ལེན་བྱེད་རྒྱུ། “ཞིང་གསུམ”གྱི་འགན་བཅོལ་ཁྱབ་རྒྱ་ཆེ་རུ་བཏང་ནས་གྲོང་གསེབ་དར་རྒྱས་གཏོང་བར་རམ་འདེགས་བྱེད་རྒྱུ།

(དྲུག) “བརྟན་པོ་དྲུག”གི་ལས་དོན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་སྒུལ་ནུས་ཆེ་རུ་གཏོང་རྒྱུ། མཐའ་ཚད་སྲུང་རྒྱུ་དང་ལས་ཞུགས་བརྟན་ཚུགས་ཐུབ་པ་བྱེད་རྒྱུ་དེ་མངོན་ཆེའི་གནས་བབ་ཐོག་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཐོན་ལས་དང་། ཁེ་ལས། ལས་ཞུགས་བཅས་གསུམ་མཉམ་འགུལ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ། ལས་ཞུགས་ཀྱི་ལྟ་བ་སྔར་བས་བརྗེ་སྒྱུར་བྱེད་རྒྱུར་ཁྲིད་སྟོན་གྱིས་ལས་རིགས་ལག་རྩལ་དང་རྩལ་ནུས་སྦྱོང་བརྡར་སྤྲོས་ཤུགས་ཆེ་རུ་བཏང་ནས་ལས་ཞུགས་ཀྱི་སྤྱི་འབོར་བརྟན་ཚུགས་དང་། ལས་ཞུགས་ཀྱི་གྲུབ་ཆ་ལེགས་བཅོས། ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་ཐུབ་པ་བཅས་བྱས་ཐོག ཞིང་འབྲོག་པ་གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་བྱེད་རྒྱུ་དེ་དང་ཐག་ཉེ་སྟབས་བདེ་དང་། རང་ས་རང་ཡུལ་དང་ཁ་མི་བྲལ་བ། ལས་ཀ་བྱེད་ཤེས་པ་དང་བྱེད་མཁས་པ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་སློབ་ཆེན་ཐོན་པའི་སློབ་མ་དང་། ཞིང་པ་ལས་མི། དམག་ལོག་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་ཡག་པོ་བསྒྲུབས་ཏེ། ལས་ཞུགས་པ་གཅིག་ཀྱང་མེད་པའི་ཁྱིམ་ཚང་ལ་འགྱུར་ལྡན་གྱིས་ལས་ཞུགས་ཐུབ་པ་བཟོ་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི་5མང་དུ་འགྲོ་བ་བྱེད་པ། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལྷག་མ་མི་གྲངས་ཁྲི་60ཁ་སྒྱུར་བྱེད་པ་བཅས་ཀྱི་དམིགས་ཚད་མངོན་གྱུར་ཐུབ་པའི་འགན་ལེན་བྱེད་རྒྱུ། འཕར་སྣོན་བརྟན་པོ་ཡོང་བ་དང་ནུས་ལྡན་གྱི་མ་འཇོག་རྒྱུན་མཐུད་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཀྲུང་དབྱང་སྲིད་གཞུང་གི་མ་འཇོག་རག་ཐབས་གང་ཐུབ་བྱེད་པ་དང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུད་ལ་སྙན་སེང་སྦྲེལ་མཐུད་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་2020ལོར་ཀྲུང་དབྱང་སྲིད་གཞུང་གི་མ་འཇོག་སྒོར་དུང་ཕྱུར་600ཡན་དོན་འཁྱོལ་ཡོང་ཐབས་བྱེད་རྒྱུ། འགྲིམ་འགྲུལ་དང་། ཆུ་བེད། ནུས་རྒྱུ། སྤྱི་ཚོགས་དམངས་འཚོ། གྲོང་གསེབ་དར་རྒྱས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་རྨང་གཞིའི་སྒྲིག་བཀོད་ཀྱི་ཆད་སྐྱོན་སྔར་བས་སེལ་ཐུབ་པ་བྱེད་རྒྱུ། “མ་དངུལ་དང་གཙོ་རྒྱུ་དེ་རྣམ་གྲངས་ལ་བསྟུན་པའི་རྩ་དོན”གཞིར་བཟུང་། རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་ལ་སྐུལ་སྤེལ་ཇེ་མགྱོགས་སུ་གཏོང་རྒྱུ་དང་། གཙོ་གནད་ལས་གྲྭའི་རྣམ་གྲངས་དེ་ནོར་སྲིད་རང་བཞིན་གྱི་འཛུགས་སྐྲུན་མ་དངུལ་དང་། ཆེད་དམིགས་བུན་ལོར། དངུལ་ཁང་གི་དངུལ་བུན། སྤྱི་ཚོགས་ཀྱི་མ་རྩ་སོགས་དང་ཆ་སྒྲིག་ཐུབ་རྒྱུར་ཤུགས་སྣོན་རྒྱག་རྒྱུ། ས་ཆ་བེད་སྤྱོད་དང་ནུས་རྒྱུ་ཟད་གྲོན་གྱི་སྤྱི་འབོར་ཚོད་འཛིན་བྱེད་པ་སོགས་ཀྱི་དམིགས་ཚད་དེ་གཙོ་གནད་རྣམ་གྲངས་ཐོག་འཕར་གཟིགས་བྱེད་རྒྱུ། ལྷ་ས་ནས་གཞིས་རྩེའི་གནམ་ཐང་བར་གྱི་རིམ་མཐོའི་གཞུང་ལམ་དང་། མངའ་རིས་དང་བོད་དབུས་གློག་དྲ་སྦྲེལ་མཐུད་ལས་གྲྭ གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་རིམ་སྤོར། ས་ཁད་མཐོ་བའི་སྲིན་བུ་རིའི་གནས་སྤོ་ས་ཚིགས་སོགས་ཀྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་རྒྱུ་དང་། ཁྲོན་བོད་ལྕགས་ལམ་དང་། རྫོང་ཐང་ཁ་ཆུ་བེད་ལྟེ་གནས། “3+1”གནམ་ཐང་སོགས་ཀྱི་གཙོ་གནད་རྣམ་གྲངས་སྐྲུན་འགོ་འཛུགས་རྒྱུ། གཞིས་རྩེ་ནས་མངའ་རིས་བར་གྱི་ལྕགས་ལམ་དང་ཡིད་འོང་མཚེའུ་སོགས་རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་ལ་སྐུལ་སྤེལ་ཇེ་མགྱོགས་གཏོང་བ་བཅས་བྱས་ནས་རྣམ་གྲངས་འཛུགས་སྐྲུན་བར་མ་ཆད་པའི་འགན་ལེན་བྱེད་རྒྱུ། སྐབས་ལྔ་པའི་བོད་ལྗོངས་འགྲེམས་ཚོགས་ཀྱི་གྲ་སྒྲིག་ལས་དོན་ཡག་པོ་བྱས་ནས་མ་རྩ་འདྲེན་འགུགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། “བརྒྱུད་རིམ་ཧྲིལ་པོའི་ཚབ་གཉེར་དང་ཆེད་སྒྲུབ་ཞབས་ཞུའི”ལམ་སྲོལ་ཁྱབ་སྤེལ་ཤུགས་ཆེ་བཏང་སྟེ། བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་གྱི་ཚོང་དང་མ་རྩ་འདྲེན་འགུཌ་བྱེད་པའི་ལས་སྟེགས་ཀྱི་ལེཌ་ཆ་འདོན་སྤེལ་གང་ལེཌ་བྱས་ནས་ཚོང་དང་མ་རྩ་འདྲེན་འགུགས་ཀྱི་རྣམ་གྲངས་ལ་མ་འཇོག་བྱེད་ཚད་སྒོར་དུང་ཕྱུར་500ལེཌ་གྲུབ་ཡོང་ཐབས་བྱེད་རྒྱུ། ཡིད་ཆེས་ཆེར་སྐྱེད་དང་རང་འགུལ་ཐོག་ཁྲོམ་རའི་སྔོན་དཔག་བརྟན་ཚུཌ་ཐུབ་པ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། 《ཚོང་གཉེར་ཁོར་ཡུག་ལེཌ་སུ་གཏོང་རྒྱུའི་སྲོལ་ཡིག》ལག་བསྟར་དང་དོན་འཁྱོལ་ཡག་པོ་བྱས་ཏེ། ཁྲོམ་ར་གཉེར་མཁན་འདྲ་མིན་རིཌ་ཀྱིས་མ་འཇོག་ལས་གཉེར་བྱེད་པར་བརྟན་ཚུཌ་དང་། དྲང་གཞག དྭངས་གསལ། སྔོན་དཔག་ཐུབ་པ་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་བཏོད་ནས་ཁེ་ལས་ཀྱི་མ་གནས་ཆག་གང་ཐུབ་བྱེད་རྒྱུ། སྤྱི་དབང་མིན་པའི་ལམ་ལུཌ་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུར་སྐུལ་མ་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱས་ཏེ། སྤྱི་ཚོགས་ཀྱི་དྲང་ཕྱོགས་ཀྱི་སྐུལ་མ་དང་ཁྲོམ་ར་དྲག་རྒྱལ་ཞན་འཇིག་ཡོང་བར་སྐུལ་འདེད་བཏང་སྟེ། གཞི་ཆུང་གི་གཙོ་རྐང་གསོན་ཤུགས་འཕེལ་ཐུབ་པ་བྱས་ཐོག གཅིག་གྱུར་སྒོ་དབྱེ་དང་འགྲན་རྩོད་རིམ་ལྡན་གྱི་དེང་རབས་ཁྲོམ་རའི་མ་ལག་གང་མགྱོགས་འཛུཌ་ཐུབ་པ་བྱེད་རྒྱུ། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། དངུལ་རྩ་དང་། ཕྱི་ཕྱོགས་ཚོང་དོན། ཕྱི་རྒྱལ་གྱི་མ་རྩ་སོཌ་བརྟན་པོ་ཡོང་ཐབས་བྱེད་པའི་ལས་དོན་ཁག་ནུས་ཤུཌ་ཡོད་རྒུས་ཡག་པོ་བསྒྲུབ་རྒྱུ།

(བདུན) ཐོན་ལས་ཆེན་པོ་བདུན་གོང་འཕེལ་ཇེ་མགྱོགས་སུ་བཏང་སྟེ། སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ཆུ་ཚད་མཐོ་རུ་གཏོང་རྒྱུ། ས་མཐོའི་སྐྱེ་དངོས་ཐོན་ལས་ཀྱི་སྤུས་འབྲས་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ། ལོ་ཧྲིལ་པོར་འབྲུ་རིགས་ཐོན་འབོར་ཏུན་ཁྲི་100ཡན་མུ་མཐུད་བརྟན་འཁྱོངས་ཐུབ་པ་བྱེད་རྒྱུ་ཡིན་ཞིང་། དེའི་ནང་། ནས་ཀྱི་ཐོན་འབོར་ཏུན་ཁྲི་80ཡན་བརྟན་འཁྱོངས་ཐུབ་པ་དང་། ཤ་དང་དཀར་ཆུའི་ཐོན་འབོར་ཏུན་ཁྲི་100ཟིན་པ་དང་སྔོ་ཚལ་ཐོན་འབོར་ཏུན་ཁྲི་100ཟིན་པ། ལྗོངས་ཡོངས་ཀྱི་ཞིང་ལས་ཐོན་རྫས་བཟོ་སྣོན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་16%འཕར་བ་བཅས་བྱེད་རྒྱུ། འབྱུང་འཕྲོད་ཐོན་ལས་གོང་འཕེལ་ཤུགས་ཆེན་བཏང་སྟེ་སྤུས་ཚད་མཐོ་བའི་འབྱུང་འཕྲོད་ཀྱི་གྲགས་རྟགས་ཁག་གཅིག་གཏོད་རྒྱུ། བོད་ཀྱི་རོང་ཁུལ་དཔལ་འབྱོར་འཛུགས་སྐྲུན་བྱེད་རྒྱུར་བརྟན་པོའི་ངང་སྐུལ་སྤེལ་གཏོང་རྒྱུ། ནས་དང་། འབྲི་གཡག བཞོན་མ། བོད་ལུག སྔོ་ཚལ། བོད་ཕག བོད་བྱ། ཇ། རྒུན་འབྲུམ། བོད་ལུགས་གསོ་རིག་སོགས་ས་མཐོའི་ཁྱད་ལྡན་སྐྱེ་དངོས་ཐོན་ལས་རྟེན་གཞི་བཅུ་གཏོད་པ་དང་། ནགས་ལས་དང་རྩྭ་ཐང་ཐོན་ལས་གོང་འཕེལ་གཏོང་རྒྱུར་འཚོལ་ཞིབ་ཧུར་ཐག་བྱེད་རྒྱུ། བོད་ལུགས་གསོ་རིག་གི་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། ཡུལ་སྐོར་དང་རིག་གནས་ཐོན་ལས་ཀྱི་ཁུལ་ཁོངས་ཡོངས་སུ་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་དང་། ཡུལ་སྐོར་དང་རིག་གནས་མཉམ་འདྲེས་ཟབ་མོ་ཡོང་ཤུགས་ཆེ་རུ་བཏང་སྟེ།“ས་གོ་ལའི་གླིང་སྣེ་གསུམ་པའི”གྲགས་རྟགས་ཀྱི་བག་ཆགས་འཇོག་ཤུགས་བརྟན་པོ་དང་ཆེ་རུ་བཏང་ནས་ལོ་ཧྲིལ་པོར་བོད་དུ་ཡུལ་སྐོར་ལ་ཡོང་མཁན་མི་ཐེངས་ཁྲི་4700ལས་བརྒལ་བ་དང་ཡུལ་སྐོར་གྱི་ཡོང་འབབ་སྒོར་དུང་ཕྱུར་600ལས་བརྒལ་བ་བྱེད་རྒྱུ་དང་། “རིག་གཏོད་བོད་ལྗོངས”གྲགས་རྟགས་ཀྱི་འདེགས་སྐྱོར་ལ་བརྟེན་པའི་རིག་གནས་ཐོན་ལས་རྒྱ་སྟོབས་ཆེ་རུ་བཏང་ནས་རིག་གནས་དང་དེ་འབྲེལ་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་60ཡན་ཟིན་པ་དང་15%འཕར་ཐུབ་པ་བྱེད་རྒྱུ། འབྱུང་འཕྲོད་བཟོ་ལས་གཞི་ཁྱོན་ལྡན་པའི་ངང་གོང་འཕེལ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་10%ཡན་འཕར་ཐུབ་པའི་འགན་ལེན་བྱེད་རྒྱུ། ལོ་ཧྲིལ་པོར་ཀྲུང་ལུགས་སྨན་རྫས་ཐོན་འབོར་ཏུན་3000ཟིན་པ་དང་། 7%འཕར་ཐུབ་པ་དང་། ཨར་འདམ་ཏུན་ཁྲི་1200ཟིན་པ་དང་། 10%འཕར་ཐུབ་པ། ཟངས་ཀྱི་ཐོན་འབོར་ཏུན་ཁྲི་10.2ཟིན་པ་དང་། 9%འཕར་ཐུབ་པ་བཅས་བྱེད་རྒྱུ། ས་གནས་དེ་གའི་ཨར་སྐྲུན་ཁེ་ལས་འཕེལ་རྒྱས་འགྲོ་བར་སྐུལ་མ་བཏང་ནས་འབྱུང་འཕྲོད་ཨར་རྒྱུའི་ལས་རིགས་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། ནུས་རྒྱུ་གཙང་མའི་ཐོན་ལས་རྒྱ་སྟོབས་ཆེ་བའི་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། གཙོ་གནད་གཙང་པོ་རྒྱུག་ཁུལ་གྱི་ཕྱོགས་བསྡུས་འཆར་འགོད་བཟོ་སྒྲིག་དང་ཞིབ་མཆན་འགོད་རྒྱུ་ཇེ་མགྱོགས་སུ་བཏང་སྟེ་རྩ་ལ་དང་ལྷ་ཁང་གི་ཆུ་ཤུགས་གློག་ཁང་ལས་འགོ་འཛུགས་རྒྱུ་དང་། སོལ་བ་ལུང་དང་། ཡེར་པ་ཐང་། འབའ་ཐང་སོགས་ཆུ་ཤུགས་གློག་ཁང་གི་རྣམ་གྲངས་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་རྫོང(ཆུས)74དང་ཤང་གྲོང་རྡལ་གཙོ་བོར་གློག་དྲ་ཨ་མ་ཁྱབ་ཐུབ་པ་བྱེད་རྒྱུ། རྫ་ཆུ་དང་འབྲི་ཆུའི་སྟོད་རྒྱུད་དུ་སྟོང་ཝ་ཁྲི་སྟོང་ཕྲག་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་གཉིས་འཛུགས་སྐྲུན་བྱེད་འགོ་བཙུགས་ཏེ། 2020ལོར་བསྐྲུན་ཚར་བ་དང་སྐྲུན་མུས་ཀྱི་གློག་འདོན་ཤུགས་སྟོང་ཝ་ཁྲི་1000ལས་བརྒལ་ཐུབ་པ་དང་བོད་གློག་ཕྱིར་གཏོང་གི་གཞི་ཁྱོན་ལ་འགག་སྒྲོལ་གསར་པ་ཡོང་ཐུབ་པའི་འགན་ལེན་བྱེད་རྒྱུ། དེང་རབས་ཞབས་ཞུའི་ལས་རིགས་ནུས་ཆོད་ཆེ་བའི་ངང་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། ལུས་སྦྱོང་སྤྲོ་གསེང་དང་། བདེ་ཐང་རྒན་གསོ། སློབ་གསོ་སྦྱོང་བརྡར་སོགས་ཁྱབ་ཁོངས་ཀྱི་ཞབས་ཞུ་སྒྲུབ་ཚད་དང་ཞབས་ཞུའི་སྤུས་ཚད་གཉིས་ཀ་མཐོ་རུ་འགྲོ་ཐུབ་པ་བྱེད་རྒྱུ། དངུལ་རྩ་རྒྱུན་མཐུད་སྐྱོན་བྲལ་ངང་གོང་འཕེལ་ཡོང་བར་མུ་མཐུད་སྐུལ་སྤེལ་བཏང་སྟེ་དངུལ་རྩའི་ལས་ཁུངས་ཀྱི་རང་དངུལ་དང་ཕྱི་དངུལ་གྱི་དངུལ་བུན་5%ཡན་འཕར་བ་བྱེད་རྒྱུ། མཐོ་གསར་གྲངས་འཛིན་ཐོན་ལས་གསར་གཏོད་ཀྱིས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། དྲ་རྒྱའི་སྟོབས་ཆེན་རྒྱལ་ཁབ་བསྐྲུན་རྒྱུའི་བྱ་འགུལ་འཆར་གཞིར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་སྤེལ་གཏོང་བ་དང་། ལྷ་སའི་མཐོ་གསར་ཁུལ་གྱི་གྲངས་འཛིན་ཐོན་ལས་དཔེ་སྟོན་ཁུལ་གྱི་སྐུལ་ཁྲིད་ཕན་འབྲས་འདོན་སྤེལ་གང་ལེགས་བྱས་ཏེ། མཐོ་གསར་ལག་རྩལ་གྱི་ཁེ་ལས་70ཟིན་ཐུབ་པ་བྱེད་རྒྱུ། ལྷ་ས་དེ་ཉིད་རྒྱལ་ཁབ་ཀྱི་ཤེས་རིག་གྲོང་ཁྱེར་གྱི་ཚོད་ལྟ་བྱེད་གནས་དང་གློག་རྡུལ་ཚོང་དོན་གྱི་དཔེ་སྟོན་གྲོང་ཁྱེར་དུ་གཏོད་རྒྱུར་སྐུལ་འདེད་གཏོང་བ་དང་། གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་སྤེལ་བའི་ཕྱོགས་བསྡུས་དཔེ་སྟོན་རྣམ་གྲངས་ལག་བསྟར་ཤུགས་ཆེན་བྱས་ནས་ཞིང་འབྲོག་ཁུལ་ལ་གློག་རྡུལ་ཚོང་དོན་གྱི་ཞབས་ཞུ་ཡོངས་སུ་ཁྱབ་ཐུབ་པ་བྱེད་རྒྱུ། མཐའ་མཚམས་ཀྱི་ཟོག་འདྲེན་ཐོན་ལས་སྒོ་དབྱེའི་ཐོག་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞིང་། འགག་སྒོའི་ཁྱབ་བཀོད་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། འགྲམ་དང་། སྐྱིད་རོང་། ལྷ་ས་མཁའ་འགྲུལ་སོགས་ཀྱི་འགག་སྒོའི་འདོན་འཇུག་ནུས་པ་མུ་མཐུད་བརྟན་དུ་བཏང་སྟེ། ཕྱིར་གཏོང་ནང་འདྲེན་བྱས་འབོར་སྒོར་དུང་ཕྱུར་50ཡན་བརྟན་འཁྱོངས་ཐུབ་པ་བྱེད་རྒྱུ། མུ་འབྲེལ་ཚོང་གཉེར་དང་ཟོག་འདྲེན་མངགས་སྐྱེལ། དམིགས་འཁྲོལ་ཚོང་གཉེར་སོགས་དེང་རབས་ཀྱི་འཁོར་རྒྱུག་བྱེད་སྟངས་འཛུགས་སྤེལ་ཧུར་ཐག་བྱས་ཏེ་ཟོག་འདྲེན་ཐོན་ལས་གོང་འཕེལ་གཏོང་རྒྱུའི་གཅུར་འགག་མེད་པ་བཟོས་ནས“ལྟེ་བ་གཅིག་དང་། རྟེན་གསུམ། ཁུལ་གསུམ། ལྟེ་གནས་བཞི”བཅས་ཀྱི་གོང་འཕེལ་གཏོང་རྣམ་གསར་པ་གཏོད་རྒྱུ།

(བརྒྱད) ཁུལ་ཁོངས་མཐུན་སྦྱོར་ངང་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་གོང་འཕེལ་གྱི་གཞི་རྟེན་སྟོབས་ཆེར་གཏོང་རྒྱུ། གྲོང་ཁྱེར་དང་ས་གནས་གཅིག་གྱུར་འཆར་འགོད་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་རྫོང(ཆུས)སྒྲོལ་མཉམ་ལས་ཀྱི་ལམ་སྲོལ་ཞིབ་འཇུག་འཚོལ་ཞིབ་བྱེད་པ་དང་། “སྡེ་གླིང་+སྣེ་འདྲེན་ཁེ་ལས་+མཉམ་ལས་ཁང་+ཞིང་འབྲོག་པ”བཅས་ཀྱི་གོང་འཕེལ་གཏོང་སྟངས་གསར་གཏོད་བྱས་ཏེ་སྣེ་འདྲེན་ཁེ་ལས་དེ་གཙོ་གནད་སྡེ་གླིང་དུ་གཅིག་སྡུད་བྱེད་རྒྱུར་རྒྱབ་སྐྱོར་དང་། ལྷག་པར་དུ་དཔལ་འབྱོར་གྱི་གཙོ་རྒྱུ་ཁ་ཐོར་ཡིན་པའི་ཐོན་ལས་རུབ་བསྡུས་བྱེད་ཚད་སྔར་བས་མཐོ་རུ་བཏང་སྟེ“རྒྱལ་ཁབ་རིམ་པའི་སྡེ་གླིང་གིས་གསར་གཏོད་སྣེ་འདྲེན་བྱེད་པ་དང་། རང་སྐྱོང་ལྗོངས་རིམ་པའི་སྡེ་གླིང་གིས་འདེགས་སྐྱོར་ནུས་ལྡན་བྱེད་པ། ས་གནས་གྲོང་ཁྱེར་རིམ་པའི་སྡེ་གླིང་ལ་ཁྱད་ཆོས་མི་འདྲ་བ་ལྡན་པ”བཅས་ཀྱི་ཐོན་ལས་སྡེ་གླིང་གི་མ་ལག་ནུས་ཤུགས་ཡོད་རྒུས་བཏོད་དེ། ས་ཕྱོགས་གང་སར་ཐོན་ལས་གཉེར་བའི་རིགས་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་འགྲན་རྩོད་བྱེད་ནུས་ལྡན་པའི་ཐོན་ལས་ཚོ་འདུས་ཤིག་ཆགས་པ་བྱས་ཐོག ལྗོངས་ཡོངས་ཀྱི་དཔལ་འབྱོར་གྲུབ་ཆ་ལེགས་སྒྱུར་རིམ་སྤོར་བྱེད་པར་སྐུལ་འདེད་གཏོང་རྒྱུ། “གཙང་གཅིག་ཆུ་གསུམ”ཁུལ་ཁོངས་ལེགས་བསྡུས་ངང་གོང་འཕེལ་ཡོང་བར་སྐུལ་འདེད་བཏང་སྟེ་ལྷ་སའི་ལྟེ་གནས་གྲོང་ཁྱེར་གྱི་འདེགས་སྐྱོར་དང་ཁྱབ་འགྱེད་ནུས་པ་ཆེ་རུ་བཏང་ནས་ལྷ་ས་དང་ལྷོ་ཁ་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་བ་དང་། ས་ཁད་ཧ་ཅང་མཐོ་བའི་ས་ཁུལ་གྱི་སྐྱེ་ཁམས་གནས་སྤོས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། ཆུ་ཚོད་3གྱི་དཔལ་འབྱོར་འཁོར་རྒྱ་ཆེ་རུ་བཏང་ནས་གོང་འཕེལ་གྱི་བར་མཐོངས་ལེགས་སུ་གཏོང་རྒྱུ། རྒྱལ་ཁབ་ནས་བཟོ་འདོན་བྱེད་རྩིས་ཡོད་པའི་མཐའ་མཚམས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་གོང་འཕེལ་ལ་རྒྱབ་སྐྱོར་བྱེད་རྒྱུའི་མཛུབ་ཁྲིད་བསམ་འཆར་ལག་བསྟར་དོན་འཁྱོལ་བྱས་ཏེ་མཐའ་མཚམས་ས་ཁུལ་གོང་འཕེལ་ཇེ་མགྱོགས་སུ་གཏོང་རྒྱུ། རང་བྱུང་སྲུང་སྐྱོབ་ཀྱི་ས་ཆ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག སྐྱེ་ཁམས་འཁྲུག་སླ་བ་དང་གཉོད་ཆུང་བའི་ས་ཁོངས་བཅས་ཀྱི་ཁྱབ་ཁོངས་ལེགས་སྒྱུར་བྱེད་རྒྱུ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་དང་། ཡུན་འཇགས་ཀྱི་གཞི་རྩའི་ས་ཞིང་། གྲོང་ཁྱེར་གྲོང་རྡལ་གྱི་གསར་སྤེལ་བྱེད་མཚམས་སོགས་ཀྱི་ཚོད་འཛིན་མཚམས་ཐིག་ཚན་རིག་དང་མཐུན་པའི་སྒོ་ནས་དབྱེ་བཅད་དང་སྦྲགས་དོན་འཁྱོལ་ནན་པོ་བྱས་ནས་རྒྱལ་ཁབ་ས་ཆའི་བར་མཐོངས་ཀྱི་སྤྱོད་སྒོ་བཀག་སྡོམ་ནུས་ལྡན་བྱེད་པར་ཤུགས་སྣོན་རྒྱག་རྒྱུ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་བསམ་གཞི་ཞིབ་འཇུག་བྱེད་རྒྱུ་དང་ཟུང་འབྲེལ་བྱས་ཏེ། ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་གནས)7གྱི་ཁུལ་ཁོངས་ཐོན་ལས་རོགས་ལས་རྣམ་པའི་གོང་འཕེལ་གཏོང་རྒྱུའི་འཆར་འགོད་བཟོ་འབེབས་བྱས་ཐོག ཐོན་སྐྱེད་དང་། བཟོ་སྣོན། ཞིབ་འཇུག་གསར་སྤེལ། ཕྱིར་ཚོང་སོགས་ཀྱི་འགག་རྩའི་ལྷུ་ཚིགས་ཀྱི་འབྲེལ་ལམ་ཡོངས་གཤོང་ཐུབ་པ་དང་། གསར་གཏོད་ཐོག་ནས་གོང་འཕེལ་གཏོང་བའི་འགུལ་ཤུགས་ཆེ་རུ་བཏང་སྟེ་ལེགས་ཆ་གསབ་རེས་དང་སྤུས་ཚད་མཐོ་བའི་གོང་འཕེལ་འགྲོ་བའི་ཁུལ་ཁོངས་དཔལ་འབྱོར་གྱི་ཁྱབ་ཚུལ་ཞིག་ཆགས་པ་བྱེད་རྒྱུ། ལས་ཞུགས་གསར་གཏོད་དང་། ཁྲལ་འབབ་གོང་འཇལ། ཐོན་རྫས་རིན་ཐང་དང་ཐོན་ནུས་བཅས་ཀྱི་དམིགས་ཚད་ཆེན་པོ་གསུམ་ལྟེ་བར་བྱས་པའི་སྐུལ་ལྕག་སྲིད་ཇུས་ཞིབ་འཇུག་བཟོ་འབེབས་བྱས་ནས་ཐོན་ལས་སྡེ་གླིང་ལ་དོ་དམ་དབང་ཆ་དང་རང་ཚུགས་དབང་ཆ་འོས་འཚམ་སྤྲད་ཐོག གསར་གཏོད་དང་། རྒྱུན་འཁོར། དཔེ་སྟོན་བཅས་ཀྱི་ནུས་པ་མངོན་ཆེར་བཟུང་སྟེ་ལྗོངས་ཕྱི་ནང་གི་ཞིབ་འཇུག་བྱེད་མཁན་གྱི་སྟོབས་ཤུགས་རྣམས་སྡེ་གླིང་གོང་འཕེལ་དང་ཐོན་ལས་འཛུཌ་སྐྲུན་ནང་ཞུཌ་རྒྱུར་ཁྲིད་སྟོན་བྱེད་རྒྱུ་དང་། ཐོན་ལས་སྡེ་གླིང་འདྲ་མིན་རིགས་ཀྱི་འགུལ་ཤུཌ་དང་གསོན་ཤུཌ་འཕེལ་བ་བྱས་ཏེ། དཔལ་འབྱོར་སྡེ་གླིང་འདྲ་མིན་རིཌ་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་200ཡན་ཟིན་ཐུབ་པའི་འགན་ལེན་བྱས་ཁར་ཐད་ཀར་ལས་ཞུགས་དང་གཞན་བརྒྱུད་ལས་ཞུཌ་མི་གྲངས་ཁྲི་10ཡན་བསྡུ་སྤྱོད་ཐུབ་པ་བྱེད་རྒྱུ།

(དགུ) སྒྱུར་བཅོས་སྒོ་དབྱེ་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་ནས་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་གསོན་ཤུགས་འཕེལ་བ་བྱེད་རྒྱུ། “སྲ་བརྟན་དང་། ཆེར་གཏོང་། མཐོར་འདེགས། ཤར་གཏོང་”བཅས་ཀྱི་ཡིག་འབྲུ་བརྒྱད་ཀྱི་མཛད་ཕྱོགས་མཐའ་འཁྱོངས་བྱས་ཏེ། གསར་གཏོད་ཀྱིས་སྐུལ་སྤེལ་གཏོང་བ་དང་སྒྱུར་བཅོས་སྒོ་དབྱེ་བྱེད་རྒྱུ་གཉིས་འཁོར་ཟུང་དུ་བྱས་ནས་ཚན་རྩལ་ཞིབ་འཇུག་གསར་སྤེལ་ཐད་གཏོང་སྒོ་མང་དུ་གཏོང་རྒྱུ་དང་། དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཀྱི་ཁེ་ལས་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། མ་རྩར་དོ་དམ་བྱེད་རྒྱུ་གཙོ་བོར་བྱས་ནས་གཞུང་ཁོངས་རྒྱུ་ནོར་དང་གཞུང་ཁོངས་ཁེ་ལས་བསྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་བ་དང་། ཏུང་ཧྲི་ལྷན་ཚོགས་ཀྱི་འགན་དབང་བསྒྱུར་བཅོས་ཀྱི་ཚོད་ལྟ་དང་གཞུང་ཁོངས་མ་རྩའི་མ་འཇོག་དང་ལས་གཉེར་ཀུང་སིའི་བསྒྱུར་བཅོས་ཀྱི་ཚོད་ལྟ་འཚོལ་ཞིབ་ཀྱིས་རང་སྐྱོང་ལྗོངས་ཀྱི་ཐོན་ལས་ཚོགས་པ་སྒྲིལ་བཅོས་དང་བསྐྱར་སྒྲིག་བྱེད་རྒྱུ་ཕྱོགས་ཡོངས་ནས་ཚར་བ་བྱེད་རྒྱུ། རིན་གོང་གྲུབ་ཐབས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། “གློད་སྡོམ་ཞབས་གསུམ”ལ་སྒྱུར་བཅོས་བྱེད་རྒྱུ་གཏིང་ཟབ་ཏུ་གཏོང་བ། “མཉམ་སྦྲེལ་དྲ་རྒྱ་+སྲིད་དོན་ཞབས་ཞུ”གཏིང་ཟབ་པའི་ཕྱོགས་སུ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རྟག་ཐོན་དོན་གནད་རིགས་ཀྱི་ལྷུ་ཚིགས་དང་རྒྱུ་ཆ་ཉུང་དུ་གཏོང་རྒྱུ་དང་། དུས་ཚད་ཐུང་དུ་གཏོང་རྒྱུར་རྒྱུན་མཐུད་སྐུལ་སྤེལ་བཏང་ནས་ལས་རིམ་བསྐྱར་བཟོ་བྱེད་རྒྱུ། ལས་གྲྭའི་རྣམ་གྲངས་ཀྱི་ཞིབ་མཆན་འགོད་ཁོངས་ཀྱི་ལམ་ལུགས་བསྒྱུར་བཅོས་ལ་མུ་མཐུད་སྐུལ་སྤེལ་བཏང་ནས་ཞིབ་མཆན་དུས་འཁོར་ཉིན་100ཡི་ནང་ཚུན་དུ་ཉུང་འཕྲི་བྱེད་རྒྱུ། གཏེར་དབང་འགྲན་རྩོད་རང་བཞིན་གྱི་ཚོང་བཤུག་གཏོང་བའི་ལམ་ལུགས་ལག་བསྟར་བྱས་ཏེ་ཐོན་ཁུངས་ཁོར་ཡུག་གི་ཐེག་ནུས་དང་གཞུང་ཁོངས་ས་ཆའི་བར་མཚམས་གསར་སྤེལ་བྱེད་པར་འཚམ་འཕྲོད་རང་བཞིན་གྱི་གདེང་འཇོག་བྱེད་རྒྱུར་སྐུལ་འདེད་བཏང་ནས་ཁུལ་ཁོངས་གོང་འཕེལ་གཏོང་བའི་ཆུ་ཚད་མཐོ་རུ་བཏང་ཐོག འཆར་མང་གཅིག་སྒྲིལ་དང་བརྟན་པོའི་ངང་ལག་བསྟར་བྱེད་པར་སྐུལ་སྤེལ་བཏང་སྟེ་གཅིག་གྱུར་གྱི་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐད་སྤྱོད་རྒྱུའི་ས་ཆའི་ཁྲོམ་ར་འཛུགས་པ་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐད་སྤྱོད་རྒྱུའི་ས་ཆ་སྣོན་འཕྲི་སྦྲེལ་མཐུད་བྱེད་རྒྱུར་སྐུལ་སྤེལ་གཏོང་རྒྱུ། གྲོང་གསེབ་བསྒྱུར་བཅོས་ཀྱི་རེས་འཁོར་གསར་པའི་ཚོད་ལྟའི་ལས་འགན་སྒྲུབ་འགོ་འཛུགས་པ་དང་། གྲོང་གསེབ་ཀྱི་ས་ཆའི་ཐོན་ཁུངས་ཕན་སྒྱུར་བྱས་ནས་གྲོང་གསེབ་ཀྱི་གཉེར་སྐྱོང་རང་བཞིན་གྱི་འཛུགས་སྐྲུན་ཐད་སྤྱོད་རྒྱུའི་ས་ཆ་ཁྲོམ་རར་ཞུགས་འཐུས་བྱེད་པར་སྐུལ་འདེད་གཏོང་རྒྱུ། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིའི་མིང་བབ་གཏན་འཁེལ་བྱེད་པའི་ལས་དོན་སྤེལ་ནས་གཉེར་སྐྱོང་རང་བཞིན་གྱི་རྒྱུ་ནོར་མ་རྐང་མཉམ་ལས་ལམ་ལུགས་བསྒྱུར་བཅོས་བྱེད་པར་སྐུལ་སྤེལ་གཏོང་རྒྱུ། གྲོང་གསེབ་ཀྱི་གློག་དྲའི་སྒྲིག་སྲོལ་བསྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། 2020ལོར་རྫོང(ཆུས)ལྷག་མ་66དེ“ཚབ་གཉེར”ནས“ཐད་གཉེར”དུ་བསྒྱུར་རྒྱུའི་སྒྱུར་བཅོས་ལས་དོན་གྱི་དམིགས་ཚད་མངོན་གྱུར་ཐུབ་པའི་འགན་ལེན་བྱེད་རྒྱུ། ཁེ་ལས་ཀྱི་ཞུགས་འཐུས་དང་ཕྱིར་འཐེན་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ། “འཁྲོལ་འཛིན་དང་ལག་ཁྱེར་ལོགས་དབྱེའི”ལས་དོན་སྔར་བས་གོ་རིམ་ལྡན་པའི་ངང་སྤེལ་ཏེ། “སྐབས་བསྟུན་གཉིས་དང་ཡོངས་བསྒྲགས་གཅིག”གི་ཐོག་ནས་ལྟ་འདོམས་བྱེད་ཐབས་ཡོངས་སུ་ཁྱབ་ཐུབ་པ་བྱེད་རྒྱུ། གཙོ་རྒྱུའི་ཁྲོམ་རའི་ལམ་ལུགས་འཛུཌ་རྒྱུར་སྐུལ་འདེད་བཏང་སྟེ། ལྗོངས་ཕྱིའི་རྒྱ་ཆེ་བའི་ཁྲོམ་ར་དང་འབྲེལ་མཐུད་ཧུར་ཐག་བྱས་ཐོག མཁོ་འདོན་ཕྱོཌ་དང་མཁོ་དགོས་ཕྱོགས་དབར་གྱི་མཐུད་འབྲེལ་བྱེད་གནས་དང་འགག་གནད་ཡག་པོ་འཚོལ་ཐུབ་པ་བྱས་ནས་མཁོ་དགོས་ཀྱི་གཏིང་ཤུཌ་སྔོག་འདོན་དང་ངར་སྐུལ་གཏིང་ཟབ་བྱེད་རྒྱུ། “གུང་གསེང་དཔལ་འབྱོར”གྱི་འཛད་སྤྱོད་གཏིང་ཤུགས་སྔོག་འདོན་བྱེད་པ་དང་། མཚན་དགུང་དཔལ་འབྱོར་སྐྱེད་སྲིང་བྱས་ཏེ། ནང་མཁོ་སྔར་བས་རྒྱ་ཆེར་བཏང་ནས་འཛད་སྤྱོད་ཀྱི་རྨང་གཞིའི་ནུས་པ་འདོན་སྤེལ་གང་ལེཌ་བྱེད་རྒྱུ། ནང་ཁུལ་དང་ཕྱི་ཕྱོཌ་ལ་སྒོ་མོ་དབྱེ་བ་དང་མཉམ་ལས་བྱེད་པའི་གོམ་སྟབས་ཇེ་མགྱོ གས་སུ་བཏང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ནེ་པ་ལར་འཚམས་འདྲི་གནང་སྐབས་ཀྱི་གལ་ཆེའི་གྲུབ་འབྲས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཐོག ཀྲུང་ནེ་མཉམ་འབྲེལ་གྱི་གསལ་བསྒྲགས་དང་འབྲེལ་བའི་ནང་དོན་རྣམས་གནད་འབྱོར་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ། མཐའ་སྐོར་གྱི་ཞིང་ལྗོངས་དང་བོད་སྐྱོར་ཞིང་ཆེན་གྲོང་ཁྱེར་དང་མཉམ་ལས་བྱེད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། “རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་ཞུགས་པ་དང་མཉམ་འདྲེས་ཧུར་ཐག་ཐུབ་པ་བྱས་ནས་རང་ལྗོངས་དང་ཨེ་ཤེ་ཡ་ལྷོ་མའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཉོ་འཚོང་མཐུན་སྦྱོར་མཉམ་ལས་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ཐོག སྤུ་ཧྲེང་འགག་སྒོའི་བྱེད་ནུས་ཆེ་རུ་མགྱོགས་མྱུར་གཏོང་བ་དང་། མཐའ་མཚམས་འགག་སྒོའི་བྱེད་ནུས་འདོན་སྤེལ་གང་ལེཌ་བྱས་ཏེ་སྔར་བས་ལྷག་པའི་སྒོ་ནས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་རྒྱུ་དང་འགག་སྒོ་གྲོལ་བའི་ལས་ཕྱོད་སྔར་བས་ཆེ་རུ་གཏོང་རྒྱུ།

(བཅུ) སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་འགན་ལེན་བྱས་ནས་སྤུས་ཚད་མཐོ་བའི་གོང་འཕེལ་གྱི་ཁོར་ཡུག་ལེགས་སུ་གཏོང་རྒྱུ། བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ། མཐའ་ཚད་འཛིན་སེམས་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་ཀྱི་འགལ་བ་གཙོ་བོ་དང་དམིགས་བསལ་འགལ་བའི“འགྱུར”དང“མི་འགྱུར”ལ་ཚན་རིག་དང་མཐུན་པའི་སྟངས་འཛིན་བྱེད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཁྲོད་ཀྱི་གཙོ་གནད་དང་། དཀའ་གནད། གླེང་ཆ་ཆེ་བ་བཅས་ཀྱི་གནད་དོན་ལ་དོ་ཁུར་ཟབ་མོ་བྱེད་པ། “གནས་གཅིག་འགན་གཉིས”ལག་བསྟར་ནན་ཏན་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་འགན་འཁྲི་སྔར་བས་ནན་དཀྲིས་བྱེད་པ། བརྟན་ལྷིང་སྲུང་སྐྱོང་གི་ལས་ཀའི་བྱ་ཐབས་རྒྱུན་མཐུད་དོན་འཁྱོལ་གཏིང་ཟབ་བྱེད་པ་བཅས་བྱས་ནས་སྤྱི་ཚོགས་ཀྱི་དུས་བབ་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བའི་འགན་ལེན་བྱེད་རྒྱུ། བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དང་། དོ་དམ་ལམ་ལུགས། དཔྱད་ཞིབ་ལམ་སྲོལ་བཅས་དོན་འཁྱོལ་བྱས་ཏེ། ལྟ་འདོམས་ཁྲིམས་སྒྱུར་ནན་པོ་བྱེད་པ་དང་། རྒྱ་ལམ་འགྲིམ་འགྲུལ་དང་། མེ་སྐྱོན་འགོག་གསོད། བཟའ་བཅའ་སྨན་རྫས། བཟོ་སྐྲུན་ཨར་ལས། མི་མང་འདུ་འཛོམས་བྱེད་ས་སོགས་ཀྱི་གཙོ་གནད་ལས་རིགས་ཀྱི་ཁྱབ་ཁོངས་སུ་བདེ་འཇགས་ལྟ་འདོམས་བྱེད་རྒྱུར་དམ་འཛིན་ཡག་པོ་བྱས་ནས་དམིགས་བསལ་ཚབས་ཆེའི་བདེ་འཇགས་ཀྱི་ལས་འཛོལ་མི་ཐོན་པ་བྱེད་རྒྱུ། རང་བྱུང་གནོད་འཚེ་འགོག་བཅོས་དང་འཕྲལ་བསྟུན་དོ་དམ་བྱེད་རྒྱུར་ཤུགས་སྣོན་རྒྱག་རྒྱུ། འཕྲལ་བསྟུན་ནུས་པ་དང་འཕྲལ་བསྟུན་མ་ལག་འཛུགས་ཤུགས་ཆེ་རུ་བཏང་སྟེ་རྒྱལ་ཁབ་ཀྱི་ས་མཐོ་ཡང་མཐོའི་བར་སྣང་གི་རོགས་སྐྱོབ་རྟེན་གཞི་དང་། དར་འཁྱགས་གངས་སྐྱོན་འགོག་བཅོས་དང་དེའི་ཞོར་འབྲེལ་ལས་གྲྭ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། གནམ་གཤིས་དང་། ཆུ་དཔྱད། ས་གཤིས། ས་ཡོམ། ནགས་རྩྭ། འཕྲོད་བསྟེན། རིམས་འགོག སྐྱེ་ཁམས་ཁོར་ཡུག་སོགས་ཀྱི་གནོད་འཚེའི་འདྲ་མིན་རིགས་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་རྒྱུ། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ལ་དོ་དམ་བྱེད་པའི་ལས་དོན་ཤུགས་ཆེར་སྤེལ་ཏེ་བཟའ་བཅའ་དང་སྨན་རྫས་ཀྱི་ཚད་གཞིའི་མ་ལག་དང་ཞིབ་བཤེར་ཞིབ་དཔྱད་ཀྱི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་མི་དམངས་ཀྱི་ལུས་ཁམས་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བྱེད་རྒྱུ།

འཐུས་མི་རྣམ་པ། འདི་ལོའི་དཔལ་འབྱོར་ལས་དོན་གྱི་ལས་འགན་ཧ་ཅང་ལྕི་བས་རིམ་ཁག་སྡེ་ཚན་ཁག་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཁར། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་། དེ་བཞིན་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ་བཅས་ཀྱི་བླང་བྱ་གཞིར་བཟུང་། ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་དང་། ཐེག་པ་ཁུར་ལེན་དང་ལས་རྗེས་འཇོག་ཕོད་པ་བྱས་ཏེ་བོད་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པར་སྐུལ་འདེད་གཏོང་རྒྱུའི་ཐད་ཤུགས་བརྒྱབ་ནས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་བརྟན་ལྷིང་དང་། སྐྱོན་བྲལ། ལེགས་པ་བཅས་ཀྱི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ། རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཐུགས་གྲ་ལེགས་འགྲིག་ངང་མཇུག་བསྡུ་ཐུབ་པའི་འགན་ལེན་བྱེད་དགོས། (ཚོགས་འདུ་གཉིས་ཀྱི་དྲུང་ཡིག་ཁྲུའུ་ནས་མཁོ་འདོན་བྱས་པ་གཞིར་བཟུང)

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། 

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།