སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་མཇུག་སྒྲིལ་ཚོགས་འདུའི་ཐོག་གི་གསུང་བཤད།

སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་མཇུག་སྒྲིལ་ཚོགས་འདུའི་ཐོག་གི་གསུང་བཤད།

(2020ལོའི་ཟླ་1ཚེས་10ཉིན)

ཏིང་ཡེ་ཤན།


ཨུ་ཡོན་རྣམ་པ་དང་བློ་མཐུན་རྣམ་པ།

སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་དེ་ལྗོངས་ཏང་ཨུད་ཀྱི་སྲ་བརྟན་འགོ་ཁྲིད་འོག་དང་། ཚོགས་འདུའི་གནས་སྐབས་ཏང་ཨུད་ཀྱི་ཐད་ཀའི་འགོ་ཁྲིད་འོག ལྷན་རྒྱས་ཀྱིས་ཐུན་མོང་ཐོག་འབད་བརྩོན་གནང་བ་བརྒྱུད་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེཌ་གྲུབ་བྱུང་ནས་རྒྱལ་ཁའི་ངང་མཇུག་སྒྲིལ་བ་རེད། ཐེངས་འདིའི་ཚོགས་འདུ་ནི་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ། ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ། ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་ལག་བསྟར་བྱེད་པའི་འགག་རྩའི་དུས་སུ་སྐོང་ཚོགས་བྱས་པའི་གལ་འགངས་ཆེ་བའི་ཚོགས་འདུ་ཞིག་ཡིན། ཚོགས་འདུའི་རིང་ཧྲུའུ་ཅི་ཝུའུ་དབྱིང་ཅེ་སོགས་རང་སྐྱོང་ལྗོངས་ཀྱི་དབུ་ཁྲིད་རྣམ་པ་འགོ་ཚུགས་ཚོགས་འདུར་ཕེབས་པ་དང་། རིཌ་ཁོངས་ཁག་གི་ཚོགས་ཆུང་ནང་ཕེབས་ནས་ཨུ་ཡོན་ཚོར་གཟིགས་པ། ཨུ་ཡོན་རྣམ་པ་དང་ལྷན་དུ་རང་ལྗོངས་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་དོན་ཆེན་ལ་གྲོས་མོལ་གནང་བ་བཅས་ཀྱི་ཐོག་ནས་ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་སྲིད་གྲོས་ཨུ་ཡོན་ཚོར་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད། ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་མཆོག་གིས་ཚོགས་འདུ་སྐོང་ཚོགས་གནང་བར་ཚད་མཐོའི་མཐོང་ཆེན་གནང་བ་དང་། ཚོགས་འདུའི་བརྒྱུད་རིམ་ཡོངས་ལ་ཚད་མཐོའི་ཐུགས་ཁུར་དང་མཛུབ་སྟོན་ཞིབ་ཚགས་གནང་ཡོད།

ཉིན་ལྔའི་ནང་། ཨུ་ཡོན་ཚང་མས་ཏང་ཀྲུང་དབྱང་དང་། རྒྱལ་ཡོངས་སྲིད་གྲོས། ལྗོངས་ཏང་ཨུད་བཅས་ཀྱི་ཚོགས་འདུ་དང་ཡིག་ཆ་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ནན་ཏན་ངང་སློབ་སྦྱོང་ལག་བསྟར་བྱས་པ་དང་། ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཞིང་ལས་རིགས་ཁོངས་ཀྱི་ཨུ་ཡོན་ལ་གཟིགས་པ་དང་མཉམ་དུ་གྲོས་མོལ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱས་ཏེ། ཆབ་སྲིད་ཀྱི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་ཚད་མཐོའི་ཆབ་སྲིད་ཀྱི་འགན་སེམས་ལ་བརྟེན་ནས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་དོན་སྤེལ་ཚུལ་གྱི་སྙན་སྒྲོན་ལ་གྲོས་ཞིབ་ནན་ཏན་བྱས་པ་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་། འཆར་གཞིའི་སྙན་སྒྲོན། ནོར་སྲིད་སྙན་སྒྲོན། “ཁང་གཉིས”ཀྱི་སྙན་སྒྲོན་བཅས་ལ་གྲོས་བསྡུར་གཏིང་ཟབ་བྱས་པ། ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་གནད་དོན་ཁག་ལ་གཞིགས་ཏེ་གྲོས་མོལ་སྲིད་གླེང་གཏིང་ཟབ་དང་དངོས་སྒྲུབ་ཇུས་འདོན་བྱས་པར་གྲུབ་འབྲས་གལ་ཆེན་ཐོབ་ཡོད། ཐེངས་འདིའི་ཚོགས་འདུའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོཌ་རིང་ལུགས་ཀྱི་ལམ་ལུཌ་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་དམ་པོར་དམིཌ་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་དང་། དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་ཀྱི་ལས་ཀར“ཤུགས་སྣོན་རྒྱག་པ”དང“ལེགས་སུ་གཏོང་རྒྱུར”དམིགས་པ། དམངས་གཙོ་དར་སྤེལ་ཤུཌ་ཆེན་དང་རྒྱ་ཁྱབ་ངང་ངོས་འཛིན་གཅིག་སྒྲིལ་བཅས་བྱས་པ་དེ་ནི་ཐོག་མའི་བསམ་འདུན་དང་འགན་འཁྲི་མ་བརྗེད་པར་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱས་པའི་ཚོགས་ཆེན་ཞིག་ཡིན་པ་དང་། རྒྱ་ཆེའི་ཨུ་ཡོན་རྣམ་པས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་བརྩེ་བ་ཟབ་མོ་མངོན་པ་དང་། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ཁྱད་འཕཌ་རང་བཞིན་ལེགས་པར་མངོན་པ། བོད་ལྗོངས་ཀྱི་དམངས་གཙོ་ཆབ་སྲིད་བྱ་གཞག་གི་གསོན་ཤུགས་གང་ལེཌ་མཚོན་ཡོད།

ཨུ་ཡོན་རྣམ་པ། ད་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་མཇུག་སྒྲིལ་བའི་ལོ་ཞིག་ཡིན། ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་ཁག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུཌ་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བའི་གཙོ་རྟེན་ལ་བརྩི་བ་དང་། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་ལ་ཞབས་ཞུ་དང་མངོན་འགྱུར་བྱ་རྒྱུ་དེ་ལས་དོན་གྱི་གཙོ་རྐང་ལ་བརྩི་བ། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་དང་རྒྱ་ཁྱབ་ངང་ངོས་འཛིན་གཅིག་སྒྲིལ་བྱ་རྒྱུ་དེ་ལྟེ་བའི་ལྷུ་ཚིགས་སུ་བརྩི་བ། མཐུན་སྒྲིལ་དང་དམངས་གཙོའི་གཙོ་དོན་གཉིས་མཐའ་འཁྱོངས་བྱེད་པ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ། ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ། ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ། ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ། ངོས་འཛིན་གཅིག་སྒྲིལ་དང་སེམས་ནུས་གཅིག་སྒྲིལ་གང་ལེགས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱིས་མི་དམངས་སྲིད་གྲོས་ཀྱི་ལས་ཀར་བཏོན་པའི་བླང་བྱ་དོན་འཁྱོལ་བྱེད་པ་དང་། ཕྱོགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་སྡུད་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཐུབ་པ་བྱེད་པ། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་རྒྱུ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོཌ་བསྐྲུན་ཐུབ་པ་བྱ་རྒྱུ། སྤྱི་ཚོགས་བརྟན་ལྷིང་རྒྱུན་འཁྱོངས་དང་རྒྱལ་ཁབ་ཀྱི་བདེ་འཇཌ་སྲུང་སྐྱོང་བྱ་རྒྱུ་བཅས་གཙོ་གནད་ལས་འགན་གསུམ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ལྟེ་བར་དམིཌ་པ་དང་སྤྱི་ཡོངས་ལ་ཞབས་ཞུ་བྱས་ཐོག་འབད་བརྩོན་ཆེན་པོས་བོད་ལྗོངས་སྲིད་གྲོས་བྱ་གཞག་གི་རྣམ་པ་གསར་པ་གཏོད་དགོས།

ང་ཚོས་སྔ་ཕྱི་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་དགོས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་ཐོག་གི་ཁྱད་ཆོས་ཆེ་ཤོས་ཤིག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་ཤིག་ཀྱང་ཡིན། མི་དམངས་སྲིད་གྲོས་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བཀོད་སྒྲིག་ཅིག་ཡིན་པ་དང་། སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ལམ་ལུགས་ཀྱི་བཀོད་སྒྲིག་མཐའ་འཁྱོངས་བྱེད་པའི་རྩ་བའི་འགན་ལེན་ཞིག་ཡིན་ཞིང་། ངེས་པར་དུ་དོན་འཁྱོལ་མཐར་ཕྱིན་པ་དང་དམ་འཛིན་ལྷོད་མེད་བྱེད་དགོས་པ་དང་། ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་སྲིད་གྲོས་ཀྱི་ལས་དོན་ཚང་མའི་ཁྲོད་དོན་འཁྱོལ་བྱེད་པ་དང་ཏང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ཐད་བཏོན་པའི་བླང་བྱ་ཁག་དོན་འཁྱོལ་ཏན་ཏིག་བྱེད་དགོས། ཆབ་སྲིད་ཀྱི་ངེས་ཤུགས་ཆེ་རུ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ལས་དོན་ཁག་ལ་སྤྱི་འདོམས་བྱེད་པའི་སྤྱིའི་རྩ་འཛིན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་ཕྱོགས་སྡོམ་ཚོགས་ཆེན་གྱི་དགོངས་དོན་དང་། ལྷག་དོན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་རྒྱུ”དེ་སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཡུན་གཏན་གྱི་ཞིབ་འཇུག་བྱ་གཞི་དང་ཏང་ཡོན་ཨུ་ཡོན་དང་སྲིད་གྲོས་ལས་བྱེད་པའི་ཚེ་གང་གི་ཞིབ་འཇུག་བྱ་གཞིར་བརྩིས་ཏེ། སྔ་ཕྱི་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཏང་གི་སྔོན་ཐོན་རང་བཞིན་ལ་ཉམས་རྒུད་དང་དྭངས་གཙང་རང་བཞིན་ལ་གནོད་པའི་རྒྱུ་རྐྱེན་མཐའ་དག་མཐའ་གཅིག་ཏུ་སེལ་བ་དང་། ཏང་གི་ལུས་ཐོག་ཏུ་གནས་པའི་ངན་སྐྲན་མཐའ་དག་མཐའ་གཅིག་ཏུ་འགོག་པ། ཐོག་མའི་བསམ་འདུན་དང་འགན་འཁྲིར་རྒྱབ་འགལ་དང་ཏང་གི་རྩ་བར་གཡོ་འགུལ་གཏོང་བའི་ཉེན་ཁ་མཐའ་དག་མཐའ་གཅིག་ཏུ་འགོག་ཟོན་བྱས་ཏེ་ཏང་གི་རང་ངོས་གསར་བརྗེ་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་དགོས། ལྷག་བསམ་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་ཀྱི་གཤིས་རྒྱུད་ལ་བཞུན་བརྡར་བྱས་ཏེ་ཕུགས་ཕན་ལམ་སྲོལ་ཆགས་པ་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ་དང་། སྔ་ཕྱི་བར་གསུམ་དུ་འགྲོ་ལམ་དང་། དར་ཆ། ཁ་ཕྱོགས་བཅས་ཀྱི་ཐད་བློ་མོས་དང་། གོམ་སྟབས། བྱ་སྤྱོད་གཅིག་གྱུར་ཡོང་བ་བྱས་ཏེ་དུས་ནམ་ཡང་ཏང་དང་བསམ་བློ་དང་ཁ་ཕྱོགས་བྱ་སྤྱོད་བཅས་གཅིག་གྱུར་ཡོང་བ་བྱེད་དགོས། ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་ལ་གཞི་ཚུགས་ཏེ་སྲིད་གྲོས་ཏང་ཙུའུ་ཡིས་སྲིད་གྲོས་ལས་དོན་ཁྲོད་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་དོ་དམ། དོན་འཁྱོལ་འགན་ལེན་བཅས་བྱེད་པའི་འགོ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས་པ་དང་། སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་ལས་ཀའི་སྤྱིའི་ལས་འགན་འཁུར་དགོས་པ། བསམ་གཞི་དང་བྱ་ཐབས་གསར་གཏོད། གཞུང་ལུགས་དང་ལག་ལེན་ཟུང་འབྲེལ། རྒྱུན་འཛིན་དང་འཕེལ་རྒྱས་མཉམ་འདྲེས་བཅས་བྱ་རྒྱུ་མཐའ་འཁྱོངས། བསམ་བློ་དང་ཆབ་སྲིད་འཛུགས་སྐྱོང་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ། སྲིད་གྲོས་ཏང་གི་རྩ་འཛུཌ་འཛུགས་སྐྱོང་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ། སྲིད་གྲོས་ཁྱབ་ཁོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་ཟམ་མི་ཆད་པར་སྐུལ་སྤེལ་གཏོང་བ། ཏང་འཛུགས་སྐྱོང་གིས་འགན་སྒྲུབ་ལ་སྣེ་ཁྲིད་བྱེད་པའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་བ། ཏང་རྩ་འཛུགས་ཏང་ཡོན་ཨུ་ཡོན་ཡོངས་ལ་ཁྱབ་པ་དང་། ཏང་གི་ལས་དོན་སྲིད་གྲོས་ཨུ་ཡོན་ཡོངས་ལ་ཁྱབ་རྒྱུ་མངོན་འགྱུར་ཡོང་བ་བྱེད་དགོས། ལམ་ལུགས་ཀྱི་འདུ་ཤེས་ལ་ཤུགས་སྣོན་རྒྱག་དགོས། གཅིག་ནས་རང་ལྗོངས་ཀྱི་སྲིད་གྲོས་ལས་ཀའི་ལམ་ལུགས་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་གྲོས་མོལ་གྱི་ནང་དོན་དང་གྲོས་མོལ་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གྲོས་མོལ་གྱི་རིག་གནས་སྐྱེད་སྲིང་བྱེད་པ་དང་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་སྔར་བས་དོན་ལ་སྨིན་པ་དང་ཚུགས་ཐུབ་པ་བྱེད་དགོས་པ་དང་། གཉིས་ནས་ལམ་ལུགས་ཀྱི་འདུ་ཤེས་དང་སྒྲིག་སྲོལ་གྱི་འདུ་ཤེས་བརྟན་པོ་བཙུགས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མ་ལག་ལ་སྲུང་བརྩི་དང་ལག་བསྟར་ཡག་པོ་བྱེད་པ་དང་། དགོངས་སྐོར་སྙན་ཞུ་སོཌ་ཀྱི་ལམ་ལུགས་ནན་པོ་བཟོས་ནས་བསྲུང་བྱའི་སྒྲིག་ཡིག་ཡོད་པ་དང་། ལམ་སྲོལ་བསྲུང་རྒྱུ་ཡོད་པ། ལམ་ལུགས་བརྟེན་རྒྱུ་ཡོད་པ་བཅས་བྱས་ཏེ་ལམ་ལུགས་ལམ་སྲོལ་གྱི་ཐོག་ནས་ཏང་གིས་སྲིད་གྲོས་ལས་ཀར་ཕྱོཌ་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་གྱིས་སྲིད་གྲོས་འདི་བཞིན་སྔ་ཕྱི་བར་གསུམ་དུ་ཏང་གི་འགོ་ཁྲིད་འོག་མཐུན་སྒྲིལ་དང་དམངས་གཙོའི་དར་ཆ་མཐོན་པོར་བསྒྲེངས་ཏེ་གསར་གཏོད་ལྡན་པའི་སྒོ་ནས་ལས་དོན་ཁག་བསྒྲུབ་རྒྱུར་འགན་ལེན་བྱེད་དགོས།

ང་ཚོས་འགན་སྒྲུབ་ཀྱི“ལྟེ་བའི་ལྷུ་ཚིགས”ལ་དམ་པོར་དམིགས་ཏེ་སེམས་ཤུགས་དང་སྟོབས་ཤུགས་གཅིག་ཏུ་སྒྲིལ་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་སྲིད་གྲོས་ཀྱིས“བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་དང་རྒྱ་ཁྱབ་ངང་ངོས་འཛིན་གཅིག་སྒྲིལ་ཡོང་བ་བྱ་རྒྱུ་དེ་ལྟེ་བའི་ལྷུ་ཚིགས་སུ་བརྩིས་ནས་མཐུན་སྒྲིལ་དང་དམངས་གཙོའི་གཙོ་དོན་གཉིས་མཐའ་འཁྱོངས་བྱེད་དགོས་པ་དང་། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་སྟེ་དེ་བས་ངོས་འཛིན་གཅིག་སྒྲིལ་ཡོང་བ་བྱེད་དགོས”ཞེས་ནན་གསུངས་གནང་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་ནང་དོན་ཟབ་མོར་གོ་བ་གཏིང་ཟབ་བླངས་ཏེ་མི་དམངས་སྲིད་གྲོས་འདི་ཉིད་ཆེས་ཡོངས་ཁྱབ་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ཤིག་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་ལ། མཐུན་སྒྲིལ་ཆེ་མོ་དང་མཉམ་འབྲེལ་ཆེ་མོ་མཐའ་འཁྱོངས་ཀྱིས་སྐོང་འཐེན་བྱེད་ཐུབ་པའི་མཐུན་རྐྱེན་མཐའ་དག་སྐོང་འཐེན་དང་། ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་ཀར་དམིགས་ཏེ་སྔར་ལས་ལྷག་པའི་སྒོ་ནས་མི་སེམས་གཅིག་སྒྲིལ་དང་། ངོས་འཛིན་གཅིག་སྒྲིལ། བློ་གྲོས་གཅིག་སྒྲིལ། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱེད་དགོས། སློབ་སྦྱོང་བྱེད་སྐབས་ཐུན་མོང་གི་ཤེས་རྟོགས་ལ་བརྟེན་ནས་ཐུན་མོང་གི་ངོས་འཛིན་ཐོབ་པ་བྱེད་དགོས། སྲིད་གྲོས་ཨུ་ཡོན་གྱིས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་ཤེས་རྒྱ་ཆེ་རུ་བཏང་ཚེ། གཞི་ནས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་དེ་བས་ཤུགས་སྣོན་རྒྱག་ཐུབ་པ་དང་དེ་བས་རྒྱ་ཁྱབ་ངང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་ཐུབ། རང་སྐྱོང་ལྗོངས་སྲིད་གྲོས་དབུ་བརྙེས་སྐབས་ཐོག་མར་བཙུགས་པ་ནི་སློབ་སྦྱོང་ཨུ་ཡོན་ལྷན་ཁང་རེད། ང་ཚོས་བོད་ལྗོངས་སྲིད་གྲོས་ཀྱི་སློབ་སྦྱོང་ལ་དགའ་བའི་སྲོལ་བཟང་དར་སྤེལ་བཏང་སྟེ་སྲིད་གྲོས་ཀྱི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་དང་རྒྱུན་ཨུད་ཚོགས་འདུ་སོགས་འཆར་ཅན་གྱི་ཚོགས་འདུ་གལ་ཆེན་དང་། འགན་སྒྲུབ་བྱེད་སྒོའི་ཁྲོད་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པའི་ཉམས་མྱོང་མཐའ་འཁྱོངས་བྱེད་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱེད་པའི་བཞུགས་མོལ་ཚོགས་འདུའི་ལམ་ལུགས་བཙུགས་ནས་དུས་ཐོག་ཏུ་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གསར་ཤོས་སློབ་སྦྱོང་བྱེད་པ་དང་། བསམ་བློ་གསར་པ་དང་གཞུང་ལུགས་གསར་པ། དེ་བཞིན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ། ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ། ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ། ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལ་སློབ་སྦྱོང་ཞིབ་བསྡུར་བྱས་པའི་གྲུབ་འབྲས་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ། གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱ་རྒྱུའི་ཐད་མུ་མཐུད་ཤུགས་རྒྱག་པ། ཐོས་བསམ་སྤྱོད་གསུམ་འབྲེལ་མཐུད་དང་ཤེས་དད་སྤྱོད་གསུམ་གཅིག་གྱུར་བྱས་ཏེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་པོ་འཛུགས་དགོས། དྲིལ་བསྒྲགས་ཀྱི་ཁྲོད་ཐུན་མོང་གི་འབད་བརྩོན་ལ་བརྟེན་ནས་ཐུན་མོང་གི་ངོས་འཛིན་གྲུབ་པ་བྱེད་དགོས། སྲིད་གྲོས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། བསམ་བློ་དྲིལ་བསྒྲགས་དང་སྲིད་ཇུས་དྲིལ་བསྒྲགས། ལས་དོན་དྲིལ་བསྒྲགས། དེ་བཞིན་རང་ངོས་ཀྱི་གསར་འགྱུར་དྲིལ་བསྒྲགས་བཅས་ལ་ཤུགས་སྣོན་རྒྱག་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད། ང་ཚོས་གཏན་འཁེལ་ཟིན་པའི་སྲིད་གྲོས་ཏང་ཙུའུ་ཡི་ཁོངས་མིས་ཏང་ཕྱིའི་ཀྲུའུ་ཞི་སྐུ་གཞོན་ལ་འབྲེལ་བ་བྱེད་པ་དང་། ཏང་ཡོན་ཨུ་ཡོན་གྱིས་ཏང་ཕྱིའི་ཨུ་ཡོན་ལ་འབྲེལ་བ་བྱེད་པ། ཆེད་དོན་ཨུ་ཡོན་ལྷན་ཁང་གིས་རིཌ་ཁོངས་ལ་འབྲེལ་བ་བྱེད་པ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་བྱས་ཏེ། འབྲེལ་གཏུག་འཚམས་འདྲིའི་ཁྲོད་གཞི་རིམ་ལ་ཟབ་སྐྱོད་དང་། རིགས་ཁོངས་མང་ཚོགས་ཁྲོད་ཟབ་སྐྱོད། ངོ་ཐུགས་གདོང་འཕྲད་དང་སེམས་མཐུན་སྤེལ་རེས། སྲིད་ཇུས་དྲིལ་བསྒྲགས་དང་དོགས་གཞི་གསེད་བཀྲོལ། བསམ་བློ་སྤེལ་རེས། ལྟ་བ་བརྗེ་རེས། འགལ་ཟླ་སེལ་བ། མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། སྲིད་གྲོས་འགོ་ཁྲིད་ཀྱིས་གཅིག་སྡུད་ངང་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་ཆེད་དོན་ལས་ཀའི་ལམ་སྲོལ་འཚོལ་ཞིབ་བྱས་ནས་བཙུགས་ཏེ་ཚོགས་འདུ་གལ་ཆེན་དང་བྱེད་སྒོ་གལ་ཆེན་སོགས་ཀྱི་དུས་སྐབས་དང་བསྟུན་ནས་དུས་ཁག་བགོས་ཏེ་སྒྲོག་འགྲེལ་བྱེད་པ་དང་། ཚན་རིག་གི་རིགས་པའི་གཞུང་ལུགས་དང་བྱེད་ཕྱོགས་སྲིད་ཇུས་སྒྲོག་འགྲེལ་ཤུགས་ཆེན་བྱས་ནས་མི་རིགས་ཁག་དང་ལས་རིགས་ཁག་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ལག་གདང་སྦྲེལ་ནས་ཐུན་མོང་ཐོག་རླབས་ཆེན་གྱི་བྱ་གཞག་གཏོད་དགོས། འགན་སྒྲུབ་ཁྲོད་བྱ་བ་མཉམ་སྒྲུབ་བྱས་ཏེ་ཐུན་མོང་གི་ངོས་འཛིན་ཐུབ་པ་བྱེད་དགོས། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་གུང་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས། བོད་ཞི་བས་བཅིངས་འགྲོལ་བཏང་བའི་ལོ་རྒྱུས། དེ་བཞིན་ཏང་གིས་བོད་སྐྱོང་བྱེད་ཕྱོཌ་བཅས་ལ་ངོས་འཛིན་དང་ཁོང་དུ་ཆུད་རྒྱུ་གཏིང་ཟབ་ཏུ་གཏོང་དགོས་པ་དང་། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་དང་བོད་ལྗོངས་སྲིད་གྲོས་ལས་དོན་གྱི་དམིགས་བསལ་རང་བཞིན་ལ་ངོས་འཛིན་དང་ཁོང་དུ་ཆུད་རྒྱུ་གཏིང་ཟབ་ཏུ་བཏང་སྟེ་གཞུང་ལུཌ་ཐད་ནས་གནད་དོན་ཐག་གཅོད་བྱེད་པའི་དྲིས་ལན་འཚོལ་དགོས་པ་དང་། གཞུང་ལུཌ་ཤེས་པ་དང་གནས་ལུགས་འཚོལ་བ། དངོས་དོན་རྟོགས་པ་བཅས་བྱས་ནས་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་གལ་ཆེན་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་གོ་བ་གནད་སྨིན་ལེན་པ་དང་དོན་འཁྱོལ་ཐུབ་པ་བྱས་ཏེ། བསམ་བློ་དང་། ནུས་པ། བྱ་སྤྱོད་བཅས་གསུམ་ཏང་གི་བཀོད་སྒྲིག་བླང་བྱ་དང་བོད་ལྗོངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་གྲུབ་འབྲས་དེ་རྒྱལ་ཁབ་བཅོས་སྐྱོང་གི་ནུས་པར་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས།

ང་ཚོས་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་འགན་འཁྲི་ཕྲག་ཏུ་ཁུར་ནས་ཕན་འབྲས་དངོས་ཐོན་རྒྱུ་བརྩོན་ལེན་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དམངས་གཙོའི་གྲོས་མོལ་ནི་ཏང་གི་འགོ་ཁྲིད་མངོན་འགྱུར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ཀྱི་དམིགས་བསལ་རྣམ་པ་དང་ཐུན་མིན་གྱི་ལེགས་ཆ་ཞིག་ཡིན”ཞེས་གསུངས་གནང་ཡོད། ང་ཚོས་མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཡར་བརྩོན་བྱ་རྒྱུ་ཕན་ཚུན་འབྲེལ་མཐུད་དང་ཇུས་འདོན་སྲིད་སྐྱོང་དང་ངོས་འཛིན་གཅིག་སྒྲིལ་བྱ་རྒྱུ་ཕྱོགས་གཉིས་ནས་ཤུགས་བརྒྱབ་སྟེ་ཏང་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། སྣེ་ཁྲིད་ཁྲིད་སྟོན་བྱེད་པའི་ཐབས་ཇུས་མང་ཙམ་འདོན་དགོས། བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་ཨུ་ཡོན་ཡོངས་དང་རིགས་ཁོངས་མང་ཚོགས་ཀྱི་ཁྲོད་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ་བཅས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ་དང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་དང་མཐའ་འཁྱོངས་བྱ་རྒྱུ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་། ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་གལ་ཆེན་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལ་དམིགས་ཏེ་ཏང་གི་འགོ་ཁྲིད་དང་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་འགན་སྒྲུབ་བྱ་རྒྱུ་གཉིས་གཅིག་གྱུར་དམ་ཟབ་ཡོང་བ་མཐའ་འཁྱོངས་བྱེད་དགོས་ཤིང་། ཕྱོགས་གཉིས་ནས་ཤུགས་སྣོན་རྒྱག་རྒྱུའི་ལས་ཀའི་ཁྲིད་ཕྱོགས་དམ་སྲུང་གིས་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ་གཞི་རིམ་དང་རིགས་ཁོངས་མང་ཚོགས་ཁྲོད་ཟབ་འཇུག་གིས་དཀའ་ངལ་སེལ་རོགས་དང་། དོགས་གནད་གསལ་འགྲེལ། བློ་ཁ་མཐུན་སྦྱོར་བཅས་བྱེད་དགོས། གྲོགས་པོ་རྒྱ་ཆེར་བསྒྲིགས་ཏེ་བསམ་ཚུལ་མི་འདྲ་བར་བརྩི་འཇོག་དང་ཁོག་ཡངས་ཀྱིས་གྲོས་མོལ་ཁྲོད་རྒྱ་ཁྱབ་ངང་ངོས་འཛིན་གཅིག་སྒྲིལ་དང་། མཉམ་ལས་མཐུན་སྒྲིལ་ལ་སྐུལ་འདེད། མི་དམངས་དམངས་གཙོ་ལག་བསྟར་བཅས་བྱེད་དགོས། སྤྱོད་གོ་ཆོད་པའི་ཐབས་ཇུས་མང་ཙམ་འདོན་དགོས། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་འགན་ལ་དམིགས་པ་དང་། རང་ལྗོངས་ཀྱི་འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད་བཅས་དོན་ཆེན་གསུམ་དང“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱེད་པ། ལྷག་པར་དུ་རང་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་འཕྲད་པའི་མངོན་གསལ་དོད་པའི་འགལ་ཟླ་དང་ལམ་ལུགས་ལམ་སྲོལ་གྱི་ཟོམ་སྐྱོན་བཅས་ལ་དམིགས་ཏེ་གྲོས་མོལ་སྲིད་གླེང་བྱེད་པའི་ཁྲོད་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་བྱེད་པའི་གཞི་མཐུན་ས་དང་། ཤུགས་རྒྱག་ས། དོན་ལ་འབབ་ས་བཅས་འཚོལ་ཐུབ་པ་བྱས་ནས་རྒྱ་ཁྱབ་ཐོག་དམངས་ཀྱི་བསམ་ཚུལ་བསྡུ་ལེན་དང་། ཐབས་ཇུས་ལེགས་པོ་འདོན་པ། ངོས་འཛིན་གཅིག་སྒྲིལ་ཡོང་བ་བྱེད་དགོས། གྲུབ་འབྲས་དོན་སྨིན་དང་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་དགོས་ཤིང་། གྲོས་གཞི་དང་ཚོགས་ཆེན་གྱི་གཏམ་བཤད། ཡུལ་བབ་དམངས་འདུན་གྱི་ཆ་འཕྲིན་སོགས་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད་བརྟག་ཞིབ་གྲུབ་འབྲས་མངོན་པ་དང་བརྟག་ཞིབ་གྲུབ་འབྲས་ཀྱི་ཕྱོགས་བསྡུས་བཀོལ་སྤྱོད་བྱེད་ནུས་ལ་ཤུགས་སྣོན་རྒྱག་དགོས་པ། ཇུས་འདོན་སྲིད་སྐྱོང་དེ་ཡང“ཅི་ཞིག་སྒྲུབ་པ”དང་“ཇི་ཙམ་སྒྲུབ་པ”ནས“ཕན་འབྲས་གང་ཞིག་ཐོན་པར”སྐུལ་འདེད་བཏང་ནས“ཆེད་དོན”གྱི་ཁྱད་ཆོས་དང“ཆེད་དོན”གྱི་སྤུས་ཚད། “ཆེད་དོན”གྱི་ཆུ་ཚད་བཅས་དེ་བས་ལེགས་པའི་སྒོ་ནས་མངོན་པར་བྱེད་དགོས། བསམ་སྤྱོད་མཐུན་པའི་ནུས་པ་མང་ཙམ་འདོན་དགོས། རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་གྱི་ནང་ཁོངས་གྲུབ་ཚུལ་དང་། ཕྱི་ཡི་ཁོར་ཡུག འགན་འཁྲིའི་ལས་འགན་བཅས་ཀྱི་འགྱུར་ལྡོག་གསར་པར་གཞིས་ཚུགས་ནས་ལྗོངས་སྲིད་གྲོས་ཀྱི་རྩ་འཛུགས་འགན་ལེན་དང་། ཨུ་ཡོན་གྲུབ་ཚུལ། ལས་ཀ་བྱ་ཡུལ། ལས་ཀའི་འགན་འཁྲི། གཙོ་གནད་ལས་དོན་བཅས་ཀྱི་དམིགས་བསལ་རང་བཞིན་ཁོང་དུ་གཏིང་ཟབ་ཆུད་པ་དང་། སྲིད་གྲོས་གྲོས་མོལ་འགན་སྒྲུབ་ཀྱི་གཞི་རྟེན་ལས་སྟེགས་རྒྱུན་མཐུད་ངང་རྒྱ་སྐྱེད་དང་ཕུན་སུམ་ཚོགས་སུ་གཏོང་བ། རིགས་ཁོངས་ཁག་གི་མང་ཚོགས་གོ་རིམ་ལྡན་པའི་སྒོ་ནས་ཆབ་སྲིད་ནང་ཐེ་ཞུགས་བྱེད་པའི་ལམ་བུ་ཤར་གཏོང་ཐུབ་པ་བྱེད་པ། ནུས་ཤུགས་ཡོད་རྒུས་བློ་ཁ་ཕྱོགས་མིན་དང་སྟོབས་ཤུགས་མང་ཉུང་གི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་པ་བཅས་ཀྱི་ཐོག་ནས་གནད་དོན་ཡོད་ཚེ་གྲོས་བསྡུར་མང་ཙམ་དང་། གནད་དོན་འཕྲད་ཚེ་གྲོས་མོལ་མང་ཙམ། ལས་དོན་སྒྲུབ་སྐབས་གྲོས་མོལ་མང་ཙམ་བཅས་བྱེད་དགོས། གཅིག་མཐུན་རང་བཞིན་དང་སྣ་མང་རང་བཞིན་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱས་ནས་མཐུན་སྒྲིལ་གྱི་འབྲེལ་ཐག་རིང་དུ་གཏོང་བ་དང་འབྲེལ་མཐུད་ཀྱི་རྟེན་གཞི་གསར་གཏོད་བྱས་ཐོག་མཐུན་པ་ཡོང་ཐབས་དང་། མི་མཐུན་པ་སོར་འཇོག མཐུན་པ་གཅིག་བསྡུས་དང་མི་མཐུན་པ་སེལ་ཐབས་ཀྱི་མཐུན་སྒྲིལ་མཛའ་འབྲེལ་བྱེད་སྒོ་ནུས་ལྡན་ངང་སྤེལ་ནས་འབད་བརྩོན་ཆེན་པོས་མཐུན་ཆ་ཆེ་ཤོས་བཙལ་ཏེ་ཀུན་སེམས་གཅིག་ཏུ་སྒྲིལ་དགོས། མཐའ་སྐྱོང་བོད་བརྟན་གྱི་འགན་འཁྲི་མང་ཙམ་སྒྲུབ་དགོས། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ཏང་གི་བོད་སྐྱོང་ཐབས་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་དཔའ་མཛངས་རྟུལ་ཕོད་ཀྱིས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོར་འཁུར་དགོས་ཤིང་། མེས་རྒྱལ་གོང་བུ་གཅིག་གྱུར་ལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྩ་དོན་གྱི་གནད་དོན་གལ་ཆེན་ཐད་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། བྱ་སྤྱོད་བློ་ཐག་ཆོད་པོ་བཅས་ཀྱི་སྒོ་ནས་བླ་ན་མེད་པའི་རྒྱལ་ཁབ་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱ་རྒྱུའི་བརྩོན་ལེན་བྱེད་དགོས། ཨུ་ཡོན་སྒྲིག་འཛུགས་བྱས་ཏེ་སྤྱི་ཚོགས་ཀྱི་འགལ་ཟླ་གཙོ་བོ་དང་རང་ལྗོངས་ཀྱི་དམིགས་བསལ་འགལ་ཟླར་དམིགས་ནས་རང་རེའི་ཏང་གི་འགོ་ཁྲིད་འོག་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་བོད་ཀྱི་བསྒྱུར་བཅོས་འཕེལ་རྒྱས་ཀྱི་གཡུར་ཟའི་གྲུབ་འབྲས་དེ་བས་མང་བའི་སྒོ་ནས་མངོན་པར་བྱེད་པ་དང་། དཔའ་མཛངས་རྟུལ་ཕོད་ཀྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་ཐོག་མི་རིགས་ཆོས་ལུགས་རིགས་ཁོངས་ཀྱི་མི་སྣ་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཡོང་བ་བྱས་ནས་མི་རིགས་ཁག་དང་ལས་རིགས་ཁག་གི་སྣེ་ཁྲིད་དེ་ཐུན་མོང་ཐོག་ཡུན་རིང་བདེ་འཁོད་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། རྩ་སྲ་རྨང་བརྟན་གྱི་ལས་དོན་མང་ཙམ་སྒྲུབ་དགོས། “སྲིད་གྲོས་ལ་རྒྱུས་མངའ་ཡོད་པ་དང་། གྲོས་མོལ་བྱེད་ཤེས་པ། སྲིད་གླེང་བྱེད་མཁས་པ། སྒྲིག་ཁྲིམས་སྲུང་བ། སྒྲིག་སྲོལ་ལ་སྣང་ཆེན། ཀུན་སྤྱོད་གཙིགས་སུ་འཛིན་པ”བཅས་ཀྱི་བླང་བྱ་གཞིར་བཟུང་། ཨུ་ཡོན་གྱིས་སློབ་སྦྱོང་དང་གསོ་སྦྱོང་བྱེད་པའི་རྒྱུན་རྣམ་ཅན་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཨུ་ཡོན་གྱི་འགན་སྒྲུབ་དོ་དམ་ཞབས་ཞུར་མཐོང་ཆེན། ཨུ་ཡོན་གྱི་ནུས་པ་འཛུགས་སྐྱོང་ཟབ་གཏོང་། ཨུ་ཡོན་གྱི་འགན་འཁྲིའི་འདུ་ཤེས་ལ་རྒྱུན་མཐུད་ངང་ཤུགས་སྣོན། ཨུ་ཡོན་གྱི་འགན་སྒྲུབ་ངར་ཤུགས་རྒྱུན་མཐུད་ངང་སྐུལ་སློང་། ཨུ་ཡོན་གྱི་འགན་སྒྲུབ་ནུས་པ་རྒྱུན་མཐུད་ངང་ཆེར་གཏོང་བཅས་བྱས་ཏེ“མཚན་སྙན་ཨུ་ཡོན”ནས“འགན་འཁྲིའི་ཨུ་ཡོན”ལ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། དུས་སྐབས་གསར་པའི་ལས་བྱེད་པ་ཡག་པོའི་ཚད་གཞི་དང་། མི་རིགས་ས་ཁུལ་གྱི་ལས་བྱེད་པའི“དམིགས་བསལ་གསུམ”དང་། “ནན་པོ་དང་། དམ་པོ། འགུལ་བ”བཅས་ཀྱི་བླང་བྱ་གཞིར་བཟུང་། དཔེ་སྟོན་གྱི་ལས་ཁུངས་འཛུགས་པར་སྐུལ་འདེད་གཏོང་རྒྱུ་དེ་གཞི་རྟེན་དུ་བྱས་ནས་སློབ་གསོ་ནན་པོ་དང་། དོ་དམ་ནན་པོ། བླང་བྱ་ནན་པོ་བཅས་ཀྱི་ཐོག་ནས་འགན་སྒྲུབ་ཀྱི་འཇོན་ནུས་དང“ཞབས་ཞུ་ལྔ”ཡི་ནུས་པ་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་ནུས་ཤུགས་ཡོད་རྒུས“ཆབ་སྲིད་ལ་ཉམས་སད་ཐེག་ཐུབ་པ་དང་། འཇོན་ཐང་ཆེ་བ། སྤྱོད་ཚུལ་ལེགས་པ”བཅས་ཀྱི་ལས་ཁུངས་ཀྱི་ལས་བྱེད་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས། འབད་བརྩོན་ཆེན་པོས་མ་ལག་ཆ་ཚང་བ་དང་། ཚན་རིག་དང་མཐུན་པའི་ཚད་གཞི། བཀོལ་སྤྱོད་ནུས་ལྡན་གྱི་ལམ་ལུགས་མ་ལག་དང་ལས་ཀའི་ལམ་སྲོལ་ཞིག་ཆགས་པ་བྱས་ནས་ཆེད་དོན་ཨུ་ལྷན་གྱི་ལས་ཀར་ཆེད་དོན་དང་། གསར་པ། ཁྱད་ལྡན་བཅས་མངོན་པ་དང་རིགས་ཁོངས་ཀྱི་ལས་ཀའི་གསོན་ཤུགས་འཕེལ་བ་དང་། དོན་དངོས་ཡིན་པ། སྟོབས་ཤུགས་ལྡན་པ་བཅས་ཡོང་རྒྱུར་སྐུལ་འདེད་གཏོང་དགོས། ས་ཁུལ་དང་། གྲོང་ཁྱེར། རྫོང་ཆུས་བཅས་སྲིད་གྲོས་ཀྱི་ལས་ཀར་འབྲེལ་མཐུད་དང་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལྗོངས་ཡོངས་ཀྱི་སྲིད་གྲོས་ལས་ཁུངས་ཀྱི་ཆབ་སྲིད་དང་། རྩ་འཛུགས། ཐབས་ལམ། རིག་སྟོབས་ཀྱི་ལེགས་ཆ། སྤྱི་ཡོངས་ཀྱི་ཕན་ནུས་བཅས་དེ་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས།

ང་ཚོས་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་ཏན་ཏིག་འཁུར་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་མཐའ་འཁྱོངས་བྱེད་པ་དང་། ཏང་གིས་ཏང་ལ་དོ་དམ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ཚེ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་འདི་ཉིད་ཆབ་སྲིད་ལས་ཁུངས་ཤིག་ཡིན་པའི་མངོན་གསལ་དོད་པའི་ངོ་བོ་ནམ་ཡང་གནས་ཐུབ་པ”དང་། “དུས་བསྟུན་མདུན་བསྐྱོད་དང་། སྒྱུར་བཅོས་གསར་གཏོད། ལག་ལེན་འཚོལ་ཞིབ་ཕོད་པ། ཉམས་མྱོང་ཕྱོགས་སྡོམ་མཁས་པ་བཅས་བྱས་ཚེ། ལས་ཁུངས་ཏང་འཛུགས་སྐྱོང་གི་ལས་ཀའི་སྤུས་ཚད་གཞི་ནས་མཐོ་རུ་དང་གསོན་ཤུགས་འཕེལ་ཐུབ”ཅེས་གསུངས་གནང་ཡོད། ང་ཚོས་ཀྲུང་གུང་ཀྲུང་དབྱང་གི《ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》དང་། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གི《དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》 དེ་བཞིན་ལྗོངས་ཏང་ཨུད་གཞུང་དོན་ཐིང་གི《དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཅས་ལག་བསྟར་གཏིང་ཟབ་བྱས་ཏེ་ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱས་ནས་སྲིད་གྲོས་ཀྱི་ཏང་གི་ཆབ་སྲིད་དང་། བསམ་བློ། རྩ་འཛུགས། སྤྱོད་ཚུལ། སྒྲིག་ཁྲིམས་བཅས་འཛུགས་སྐྱོང་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། ལམ་ལུགས་འཛུགས་སྐྱོང་བྱ་རྒྱུ་དེའི་ཁྲོད་མཉམ་འདྲེས་བྱེད་པ། ལས་ཀ་བྱེད་སྟངས་དང་ཐབས་ཤེས་ལེགས་སུ་གཏོང་བ། ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ཡག་པོ་བཅས་བྱས་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་ཏན་ཏིག་འཁུར་དགོས། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ནི“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱ་རྒྱུ་དེ་ཡིན་པ་དང་། ལྗོངས་ཏང་ཨུད་ཀྱི་སྲ་བརྟན་འགོ་ཁྲིད་འོག་ལྟེ་བར་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་དེ་ཡིན་པ། ཏང་ཙུའི་ཚན་པས་སྣེ་ཁྲིད་པ་དང་། གོང་ནས་འོག་ལ་མིག་དཔེ་སྟོན་པ། ལས་ཁུངས་ཀྱིས་ཁྱབ་ཁོངས་ཡོངས་ལ་སྣེ་ཁྲིད་པ་བཅས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་མཉམ་ཤུགས་ཆེན་པོ་ཞིག་ཆགས་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན། ཏང་འཛུགས་སྐྱོང་དེ་སྲིད་གྲོས་འགན་སྒྲུབ་ལས་དོན་ཁྲོད་མཉམ་འདྲེས་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱ་རྒྱུ་དེ་རང་འཁྲིའི་ལས་འགན་ཡིན་པ་དང་། ཏང་འཛུགས་སྐྱོང་ལ་དམ་འཛིན་མི་བྱེད་པ་དེ་འགལ་འཛོལ་ཡིན་པ། ཏང་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་མི་བྱེད་པ་དེ་འགན་འཁྲི་ཡག་པོ་འཁུར་མི་ཐུབ་པ་ཡིན་པའི་ལྟ་བ་བརྟན་པོར་བཙུགས་ནས་སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་ལས་དོན་དང་འགན་སྒྲུབ་ཕན་ཚུན་ཟུང་འབྲེལ་བྱས་ནས་རིམ་ཁག་སྲིད་གྲོས་ཏང་ཙུའུ་ཡི་འགོ་ཁྲིད་ནུས་པ་དང་། གཞི་རིམ་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ། གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་བཅས་འདོན་སྤེལ་ཡག་པོ་བྱས་ནས་ཏང་འཛུགས་སྐྱོང་ལས་དོན་གྱི་ཕན་འབྲས་དེ་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་བྱེད་པའི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་རྒྱུ་དང་། ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ནས་ཐབས་ཇུས་འདོན་རྒྱུ། མཐུན་སྒྲིལ་ཆེན་མོ་དང་མཉམ་འབྲེལ་ཆེན་མོ་མཐའ་འཁྱོངས་བྱ་རྒྱུ་སོགས་ཕྱོགས་ཁག་ལ་མངོན་པར་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ཕྲག་ཏུ་འཁུར་དགོས། རིམ་ཁག་སྲིད་གྲོས་ཀྱི་ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་ནི་ཏང་ནང་ཁུལ་གྱི་ལྟ་སྐུལ་བྱ་ཡུལ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་གཙོ་ཤུགས་ཡིན་པའི་ངོས་ནས་ཆབ་སྲིད་འགོ་ཁྲིད་ཀྱི་འགན་འཁྲི་ལག་བསྟར་ནན་ཏན་བྱེད་པ་དང་། ཏང་ཀྲུང་དབྱང་གི་མཛད་ཕྱོགས་སྲིད་ཇུས་གལ་ཆེན་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་རྒྱུར་ཇི་མ་ཇི་བཞིན་དུ་དམ་འཛིན་བྱེད་པ། དོ་དམ་ངོ་མ་བྱེད་པ་དང་དོ་དམ་ནན་པོ་བྱེད་པ། དོ་དམ་བྱེད་ཕོད་པ་དང་དོ་དམ་ནན་པོ་བྱེད་ཕོད་པ། ཡུན་རིང་དོ་དམ་དང་ཡུན་རིང་ནན་པོ་བཅས་མཐའ་འཁྱོངས་བྱེད་པ། རྒྱུན་སྲིང་ལྷོད་མེད་ཀྱིས་སྤྱོད་གཙང་སྒྲིག་ནན་བྱེད་པ་བཅས་ཀྱི་ཐོག་ནས་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ལ་དོ་དམ། དོན་འཁྱོལ་འགན་ལེན་བཅས་བྱེད་པའི་ནུས་པ་གལ་ཆེན་འདོན་སྤེལ་ཏན་ཏིག་བྱེད་དགོས། ལས་ཁུངས་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཆེད་དོན་ཨུ་ལྷན་ཁག་གི་ཡན་ལག་ཏང་ཙུའུ་ཡི་ཧྲུའུ་ཅིས་འགན་འཁྲིའི་མི་སྣ་ཨང་དང་པོ་ཡིན་པའི་འགན་འཁྲི་ནན་ཏན་འཁུར་དགོས་པ་དང་། བསམ་བློ་དང་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པ་དང་བསམ་བློ་ཆབ་སྲིད་ལས་དོན་ལ་དམ་འཛིན་བྱ་རྒྱུར་སྣེ་ཁྲིད་ནས། སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་ལ་ཞིབ་ཕྲའི་ཐོག་ནས་དམ་འཛིན་དང་། གཏིང་ཟབ་ཕྱོགས་སུ་དམ་འཛིན། ཕན་འབྲས་ཐོན་པར་དམ་འཛིན་བཅས་བྱེད་དགོས། ཏང་ཙུའུ་ཡི་ཁོངས་མིས་རང་རྟོགས་ངང་ཆབ་སྲིད་ཀྱི་འགན་འཁྲི་འཁུར་རྒྱུར་ཤུགས་སྣོན་བརྒྱབ་ནས་འགན་འཁྲིའི་ཁྱབ་ཁོངས་ནང་གི་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་དགོས། རང་འགུལ་ངང་དུས་རབས་གསར་པའི་སྲིད་གྲོས་ལས་དོན་གྱི་དགོས་མཁོ་དང་འཚམས་པར་བྱེད་པ་དང་། ད་ཡོད་ཀྱི་ཏང་འཛུཌ་སྐྱོང་ལས་དོན་ལམ་ལུགས་གསེད་བཀྲོལ་ནན་ཏན་བྱས་པའི་རྨང་གཞིའི་ཐོག འབྲེལ་ཡོད་ལམ་ལུགས་འཐུས་ཚང་བཙུགས་ནས། ཏང་ཡོན་ཨུ་ཡོན་གྱི་ནུས་པ་འདོན་སྤེལ་དང་རྒྱ་ཆེའི་ཨུ་ཡོན་གྱི་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ་སོགས་བྱ་ཆེད། ལམ་ལུགས་ཀྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས། ལམ་ལུགས་ཀྱི་འདུ་ཤེས་དང་སྒྲིག་སྲོལ་གྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་ལམ་ལུགས་ལག་བསྟར་བྱེད་ནུས་དང་དོན་འཁྱོལ་བྱེད་ཤུགས་ཆེ་རུ་བཏང་ནས། ལམ་ལུགས་ཚང་མ་རྒྱ་ཆེའི་ཨུ་ཡོན་དང་ལས་བྱེད་ལས་བཟོའི་རང་རྟོགས་བྱ་སྤྱོད་ལ་འགྱུར་བ་བྱས་ཐོག་ནང་སེམས་ལ་ཟུག་པ་དང་ཕྱི་བྱ་སྤྱོད་ནས་མངོན་པར་བྱས་ཏེ་ལམ་ལུགས་ཀྱི་ལེགས་ཆ་དེ་བཅོས་སྐྱོང་ནུས་པར་འགྱུར་བར་བྱེད་དགོས།

ཨུ་ཡོན་རྣམ་པ་དང་བློ་མཐུན་རྣམ་པ། བོད་ལྗོངས་སྲིད་གྲོས་ཀྱི་ལོ་ངོ་60ཡི་འོད་སྟོང་འབར་བའི་ལོ་རྒྱུས་དེབ་ཐེར་ཐོག་ཏུ་བཀོད་ཟིན་པ་དང་། བོད་ལྗོངས་གསར་པའི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་དེ་ཉིད་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་ལག་གདང་མཉམ་སྦྲེལ་གྱིས་གཏོད་དགོས། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚཌ་དང་ལྗོངས་ཏང་ཨུད་ཀྱི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་དང་། སྲིད་གྲོས་ཏང་ཙུའུ་ཡི་ཐད་ཀའི་འགོ་ཁྲིད་དང་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་མཆོག་གི་སྣེ་ཁྲིད་འོག ཐོག་མའི་བསམ་འདུན་དང་འགན་འཁྲི་མ་བརྗེད་པར་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་ཀྱིས་དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་བྱ་གཞག་གི་ལེའུ་གསར་པ་ཟམ་མི་ཆད་པར་བརྩམས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོཌ་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་སྤྱི་ཚོགས་རིང་ལུཌ་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུཌ་སྐྲུན་བྱ་ཆེད་ལེཌ་སྐྱེས་གསར་པ་འབུལ་དགོས།

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། 

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།