སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན།


——སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཐོག

(2020ལོའི་ཟླ་དང་པོའི་ཚེས་6ཉིན)

ཀའོ་དབྱང་།

 

ཨུ་ཡོན་རྣམ་པ།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་བཀའ་མངགས་ལྟར། ངས་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས།

2019ལོའི་ལས་དོན་ལ་ཕྱིར་མིག་ལྟ་བ།

2019ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་ལོ་ཞིག་ཡིན་ལ། བོད་དུ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་60འཁོར་བ་དང་བོད་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ལོ་ཞིག་ཀྱང་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་འཁྲུངས་སྐར་ལ་རྟེན་འབྲེལ་གཟབ་རྒྱས་ཞུས་པ་དང་། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ་དང་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་70འཁོར་བའི་རྟེན་འབྲེལ་ཚོགས་ཆེན་གཟབ་རྒྱས་ངང་སྐོང་ཚོགས་བྱས་ཐོག དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཁ་ཕྱོགས་གསལ་སྟོན་དང་། ངོ་བོ་གཏན་འཁེལ། འགན་ནུས་གསར་སྣོན་བཅས་བྱས་པ་མ་ཟད། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་བཀོད་སྒྲིག་བྱ་རྒྱུ་སྔར་བས་ཚགས་ཚུད་དང་སྔར་བས་གཏན་འཁེལ་བྱུང་ཡོད་ལ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཁྲོད་སྐྱེ་སྟོབས་ཀྱི་གསོན་ཤུགས་གསར་པ་འཕེལ་ཡོད། ཀྲུའུ་ཞི་དབང་དབྱང་གིས་བོད་ལྗོངས་སྲིད་གྲོས་ཀྱི་ལས་དོན་ལ་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་གི་ཡོད་ཅིང་། མངའ་རིས་ས་ཁུལ་རྩ་མདའ་རྫོང་སྲིད་གྲོས་ལས་ཁུངས་སུ་ཕེབས་ནས་བརྟག་ཞིབ་གནང་བ་དང་། “གཞི་རིམ་སྲིད་གྲོས་ཀྱིས་ནུས་པ་འདོན་སྤེལ་བྱས་ཏེ་འཐབ་ཕྱོགས་གཅིག་གྱུར་དང་མི་རིགས་ཆོས་ལུགས་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྟོབས་ཆེར་གཏོང་བ་དང་། རིགས་ཁོངས་ཁག་གི་མང་ཚོགས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་དགོས་པ”ཞེས་ནན་བཤད་གནང་ཡོད་པ་དེས་ང་ཚོས་དུས་རབས་གསར་པར་གཞི་རིམ་སྲིད་གྲོས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་བླང་བྱ་གསལ་སྟོན་དང་སྒུལ་ཤུགས་གསར་པ་བསྣན་ཡོད། ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་། དུས་རབས་གསར་པར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུ་ཐེངས་དང་པོ་དང་རང་སྐྱོང་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དུས་ཐོག་ཏུ་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བློ་མཐུན་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཚོགས་འདུའི་ཐོག་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྟེན་འབྲེལ་གློག་འཕྲིན་བཅས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ་དང་། བོད་ལྗོངས་སྲིད་གྲོས་ཀྱི་ལོ་ངོ་60དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོཌ་ཚུན་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་ཐུན་མོང་ཐོག་ཕྱིར་དྲན་བྱས་པ། ཏང་ཀྲུང་དབྱང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་འོག་མི་དམངས་སྲིད་གྲོས་བྱ་གཞག་གི་མཛེས་སྡུག་ལྡན་པའི་མདུན་ལམ་ལ་ཐུན་མོང་ཐོག་རྒྱང་ལྟ་བྱས་པ། དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་ལས་དོན་གྱི་འཆར་གཞི་གསར་པ་ཐུན་མོང་ཐོག་ཇུས་འགོད་བྱས་པ་བཅས་བྱས་ཡོད། ཚོགས་འདུ་གྲོལ་རྗེས་ལྗོངས་ཏང་ཨུད་ཀྱིས《དུས་རབས་གསར་པར་བོད་ལྗོངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ། དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་ཀྱི་ལས་དོན་ལ་བསམ་ཕྱོགས་གསལ་བཟོ་དང་། བྱ་ཐབས་ཞིབ་ཕྲ་བཟོ་བ། གཞི་འཛིན་ས་མཁོ་འདོན་བཅས་བྱས་ཡོད།

ལོ་གཅིག་རིང་། རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་སྣེ་ཁྲིད་འོག སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དད་སེམས་བརྟན་ཞིང་ལྷག་བསམ་རྣམ་དག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་བསྟར་བ་དང“འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་ཐོག་ནས་བོད་ལྗོངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་དང་ལེགས་བཅོས་ཟམ་མི་ཆད་པ་བྱས་ཏེ“དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་དམ་ཟབ་བྱ་རྒྱུ་ཕན་ཚུན་འབྲེལ་མཐུད་དང་། སྲིད་སྐྱོང་ཇུས་འདོན་དང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བྱ་རྒྱུ་ཕྱོགས་གཉིས་ནས་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱེད་པའི”བསམ་གཞི་གསར་པ་དང་བླང་བྱ་གསར་པ་ལག་ལེན་ཧུར་ཐག་བསྟར་བ་མ་ཟད། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ནན་ཏན་ངང་བསྒྲུབས་ཏེ་རྒྱ་ཁྱབ་ངང་ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་དང་། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ནས་རང་ལྗོངས་ཀྱི་སྲིད་གྲོས་ལས་ཀའི་རྣམ་པ་གསར་པ་བཏོད་ཡོད།

 (གཅིག) ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་སྲིད་གྲོས་ལམ་ལུགས་ཀྱི་དགེ་མཚན་དེ་མཐའ་སྐྱོང་བོད་བརྟན་གྱི་ཕན་ནུས་སུ་བསྒྱུར་བ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དང་། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གི《དུས་རབས་གསར་པར་མི་དམངས་སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》དང་། དེ་བཞིན་རང་ལྗོངས་ཀྱི“ལག་བསྟར་བསམ་འཆར”གྱི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་། རྒྱལ་ཡོངས་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་དང་། དེ་བཞིན་ལྗོངས་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་མཐའ་གཅིག་ཏུ་བྱས་པ། རང་རྟོགས་ངང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་སྲིད་གྲོས་ཀྱི་ལས་དོན་ཡོངས་ཀྱི་ནང་ཁྱབ་པར་བྱས་ནས་ལྗོངས་ཏང་ཨུད་ཀྱི་ལས་དོན་གང་དུ་སྤེལ་བ་ཡིན་ན་སྲིད་གྲོས་ཀྱིས་དེའི་ཕྱོགས་སུ་འགན་འཁྲི་སྒྲུབ་ཐུབ་པ་བྱས་ཏེ། མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་དེ་མཐའ་སྐྱོང་བོད་བརྟན་གྱི་ཕན་ནུས་སུ་ཏན་ཏིག་འགྱུར་བ་བྱས་ཡོད།

ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པའི་ལམ་ལུགས་ཀྱི་བླང་བྱ་མངོན་གསལ་དོད་པོས་དོན་འཁྱོལ་བྱས་ཡོད། ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་རྣམ་འགྱུར་དང་ཆབ་སྲིད་ཀྱི་ལངས་ཕྱོགས་ཐོག་མངོན་པ་དང་། ཏང་ཀྲུང་དབྱང་གི་དགོངས་དོན་དང་རྒྱལ་ཡོངས་སྲིད་གྲོས། ལྗོངས་ཏང་ཨུད་བཅས་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་མཐའ་གཅིག་ཏུ་བྱེད་པའི་ཚད་མཐོའི་རང་རྟོགས་ལ་བརྟེན་ནས་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་པ། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ཞིབ་བསྡུར་བྱེད་སྒོའི་གྲུབ་འབྲས་མངོན་གསལ་དོད་རིགས་སྲ་བརྟན་དང་རྒྱ་ཆེར་བཏང་ནས་ཕུགས་བསམ་དད་འདུན་བརྟན་དུ་བཏང་བ་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་སྟངས་འཛིན་ཡང་དག་བྱེད་པ། ཆ་འཕྲིན་ཅན་གྱི་བྱེད་ཐབས་གསར་གཏོད་ལ་བརྟེན་ནས་ཆེད་དོན་སྒྲོག་འགྲེལ་ཐེངས་8སྤེལ་བའི་ཞིབ་ཕྲའི་བྱ་སྤྱོད་ཐོག་ནས་རྒྱ་ཆེའི་ཨུ་ཡོན་དང་སྲིད་གྲོས་ལས་བྱེད་པའི་བསམ་བློ་དེར་གནས་པ་དང་བློ་གྲོས་དེར་འདོན་ཐུབ་པ་བྱས་ཡོད། དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་མཐའ་འཁྱོངས་བྱས་ཏེ། ལོ་ཧྲིལ་པོར་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན་ལ་ལས་དོན་སྙན་ཞུ་ཐེངས་5ཕུལ་བ་དང་། བྱེད་སྒོ་གལ་ཆེན་དང་། ལས་དོན་གལ་ཆེན། གཙོ་གནད་བརྟག་ཞིབ་སོགས་དགོངས་སྐོར་སྙན་ཞུ་36ཕུལ་བ་དང་། རང་འགུལ་ངང་བོད་ལྗོངས་སྲིད་གྲོས་ཀྱི་ལས་ཀར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུར་དམིགས་ནས་གཟིགས་ཞིབ་དང་བརྟག་ཞིབ་བྱས་ཏེ། ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལྟར་སྲིད་གྲོས་ཀྱི་ཞན་ཆའི་གནད་དོན་བསལ་ཡོད།

ཆབ་སྲིད་འཛུགས་སྐྱོང་གིས་སྲིད་གྲོས་ཀྱི་འཛུགས་སྐྲུན་ཁག་ལ་སྤྱི་འདོམས་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ཡོད། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྲིད་གྲོས་ཏང་ཙུའུ་ཡི་འགོ་ཁྲིད་འོག ཆབ་སྲིད་དང་། བསམ་བློ། རྩ་འཛུགས། སྤྱོད་ཚུལ། སྒྲིག་ཁྲིམས་བཅས་འཛུགས་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་སྟེ། ལམ་ལུགས་འཛུགས་སྐྱོང་དེའི་ནང་དུ་ཁྱབ་པར་བྱས་པས། ཏང་གི་འགོ་ཁྲིད་དང་། ཏང་གི་ལས་དོན། ཏང་གི་རྩ་འཛུགས་བཅས་སྲིད་གྲོས་ཀྱི་ལས་དོན་ནང་ཡོངས་སུ་ཁྱབ་པར་བྱས་ཡོད། སྲིད་གྲོས་ཀྱི་ཏང་རྩ་འཛུགས་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། ཆེད་དོན་ཨུ་ཡོན་ལྷན་ཁང་7གྱི་ཡན་ལག་ཏང་ཙུའུ་བཙུགས་པ་དང་འཐུས་ཚང་དུ་བཏང་བ་དང་། ལས་ཁུངས་ཀྱི་ཏང་ཀྲི་པུའུ་15ལེགས་སྒྲིག་བྱས་ཤིང་། ཆེད་དོན་ཨུ་ཡོན་ལྷན་ཁང་གི་ཡན་ལག་ཏང་ཙུའུ་གཙོ་བོར་བྱས་པ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཏང་ཀྲི་པུའུ་གཞི་རྟེན་དུ་བྱས་ནས་རིགས་ཁོངས་ཨུ་ཡོན་གྱི་ཁྲོད་དུ་ཏང་གི་ལས་དོན་སྤེལ་བ་དང་། སྲིད་གྲོས་ཚང་འཛོམས་ཚོགས་འདུ་དང་གཟིགས་ཞིབ་བརྟག་ཞིབ་རྟོག་ཞིབ་སོགས་ཀྱི་འགན་སྒྲུབ་བྱེད་སྒོ་སྤེལ་རིང་གནས་སྐབས་ཏང་ཨུད་དམ་གནས་སྐབས་ཏང་ཀྲི་པུའུ་བཙུགས་ཡོད། 《ཏང་ཡོན་ཨུ་ཡོན་གྱི་རྩ་འཛུགས་འབྲེལ་བ་ཕྱོགས་གཅིག་གི་ཁོངས་སུ་གཏོགས་པ་དང་། རྩ་འཛུགས་ཀྱི་འཚོ་བ་ཉིས་བརྩེགས་ནང་ཞུགས་ཐབས》དང《ཏང་ཡོན་ཨུ་ཡོན་གྱིས་ཏང་ཕྱིའི་ཨུ་ཡོན་ལ་འབྲེལ་གཏུག་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་བསམ་འཆར》སོགས་ལམ་ལུགས་གཏན་འབེབས་བྱས་པ་དང་། རང་འགུལ་ངང་ཏང་ཕྱིའི་ཨུ་ཡོན་གྱི་བསམ་ཚུལ་ཉན་པ་དང་། ལྟ་ཚུལ་བརྗེ་རེས། བསམ་བློ་སྤེལ་རེས། དོགས་གནད་གསལ་འགྲེལ། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བཅས་བྱས་ཡོད།

སྤུས་འབྲས་ལེགས་སུ་གཏོང་རྒྱུ་དེ་སྲིད་གྲོས་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ཡོད། རང་རྟོགས་ཀྱི་སྒོ་ནས་ཏང་གི་འགོ་ཁྲིད་འོག་འགན་འཁྲི་སྒྲུབ་ནུས་དང་ལག་ལེན་གྱི་ཕན་འབྲས་མངོན་པ་བྱས་ཏེ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཁྱབ་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཁྱབ་མཐའ་འཁྱོངས་བྱ་རྒྱུ་ནས་འགོ་བརྩམས་པ་དང་། མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། དམངས་འཚོ་ལེགས་བཅོས། མི་སེམས་གཅིག་སྒྲིལ་བཅས་ཀྱི་ལས་ཀའི་སྤྱི་ཡོངས་ནས་འགོ་བརྩམས་པ། བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་པའི་འགན་འཁྲི་ལག་བསྟར་བྱ་རྒྱུ་ནས་འགོ་བརྩམས་པ་བཅས་བྱས་ཏེ། གོང་འཕེལ་ནི་དོན་ཆེན་ཨང་དང་པོ་དང་། དམངས་འཚོ་ནི་ཁྲིད་ཕྱོགས་ཨང་དང་པོ། བརྟན་ལྷིང་ནི་འགན་འཁྲི་ཨང་དང་པོ། སྐྱེ་ཁམས་ནི་དམར་ཐིག་ཨང་དང་པོ་བཅས་མངོན་གསལ་དོད་པོ་ཡོང་བ་བྱས་པ། བབ་བསྟུན་རྒྱུན་ལྡན་གྱི་གྲོས་མོལ་སྲིད་གླེང་བྱེད་སྒོའི་ཁྲོད་ནས་ཨུ་ཡོན་གྱི་ཆབ་སྲིད་ཁོང་དུ་ཆུད་ནུས་དང་། བརྟག་དཔྱད་ཞིབ་འཇུག་བྱེད་ནུས། མང་ཚོགས་དང་འབྲེལ་བ་བྱེད་ནུས། མཉམ་ལས་མཉམ་སྒྲུབ་བྱེད་ནུས་བཅས་མཐོ་རུ་བཏང་བ་དང་། སྲིད་སྐྱོང་ཇུས་འདོན་དང་ངོས་འཛིན་གཅིག་སྒྲིལ་བྱ་རྒྱུ་ཕྱོགས་གཉིས་ནས་ཤུགས་འདོན་པའི་ཕན་འབྲས་དངོས་ཆེ་རུ་བཏང་ཡོད། ས་ཁུལ་དང་གྲོང་ཁྱེར། རྫོང(ཆུས)བཅས་ཀྱི་སྲིད་གྲོས་ལས་དོན་ལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལྗོངས་ཡོངས་སྲིད་གྲོས་ཀྱི་དྲུང་ཆེའི་ལས་དོན་ཚོགས་འདུའི་ལམ་ལུགས་བཙུགས་པ་དང་། ལས་ཀའི་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་པ། འཁོར་སྐྱོད་ལམ་སྲོལ་ལེགས་སུ་བཏང་བ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་སྲིད་གྲོས་ལས་དོན“བསམ་ཇུས་གཅིག”ཡིན་པ་བྱུང་ཡོད། སེམས་ནུས་གཅིག་སྒྲིལ་གྱི་འཐབ་ས་དང་པོ་དང་། ཐབས་ཇུས་བློ་འདྲིའི་འཐབ་ས་དང་པོ། གྲོས་མོལ་དམངས་གཙོའི་འཐབ་ས་དང་པོ། རྒྱལ་ཁབ་བཅོས་སྐྱོང་གི་འཐབ་ས་དང་པོ་བཅས་ལ་གཞི་ཚུགས་ནས“འཐབ་ས་དང་པོའི”འདུ་ཤེས་བརྟན་པོ་བཅངས་པ་དང་། “འཐབ་ས་དང་པོའི”སྙིང་སྟོབས་སྐྱེད་སྲིང་བྱས་པ། “འཐབ་ས་དང་པོའི”བརྩོན་ཤུགས་བཏོན་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་། འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་བཏང་བ། སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་འཛུགས་སྐྱོང་གི་གྲུབ་འབྲས་དེ་མཐའ་སྐྱོང་བོད་བརྟན་གྱི་ཕན་ནུས་སུ་འགྱུར་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་བཅས་རེད།

(གཉིས)རིགས་པའི་གཞུང་ལུགས་ལ་བརྟེན་ནས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་བཏང་བ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་རྒྱུ་དང་རྒྱུན་གཏན་རང་བཞིན་གྱི་བསམ་བློ་ཆབ་སྲིད་ཀྱི་ལས་དོན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཐོག བསམ་བློ་དང་། ཆབ་སྲིད། རིན་ཐང་། དགོངས་པ་བཅས་ཀྱིས་ཁྲིད་སྟོན་བྱ་རྒྱུ་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱས་ཡོད། མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་རང་བཞིན་གྱི་བླང་བྱ་ནན་པོ་བསྲུངས་ནས་ཆབ་སྲིད་ཀྱི་རྣམ་འགྱུར་དང་། ཆབ་སྲིད་ཀྱི་ལངས་ཕྱོགས། སྲུང་སྐྱོང་བྱེད་ནུས། སྲུང་སྐྱོང་བྱས་འབྲས་བཅས་ཀྱི་ཐོག“སྲུང་སྐྱོང་གཉིས”ལག་ལེན་བྱ་རྒྱུ་མངོན་ཐུབ་པ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་བློ་སེམས་དང་། བློ་ཁ། བྱ་སྤྱོད་བཅས་ཏང་དང་གཅིག་མཐུན་ཡོང་བ་བྱས་ཡོད།

རིགས་པའི་གཞུང་ལུགས་སློབ་སྦྱོང་བྱ་རྒྱུ་དམ་འཛིན་ཡག་པོ་བྱས་ཏེ་ཆབ་སྲིད་ཐད་བློ་ཁ་གཅིག་མཐུན་ཡོང་བ་བྱས་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་སྲིད་གྲོས་ཀྱི་ལས་དོན་ལ་སྤྱི་འདོམས་བྱེད་པའི་སྤྱིའི་རྩ་འཛིན་དུ་བཟུང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པ་དང་། ལྷག་པར་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུའི་ཐོག་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་ཚན་རིག་དང་མཐུན་པའི་གོ་དོན་དང་། ངོ་བོའི་ཁྱད་ཆོས། མངོན་ཆེའི་ལེགས་ཆ་བཅས་ཁོང་དུ་གཏིང་ཟབ་ཆུད་ཐུབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་སྤེལ་གཏོང་བའི་གལ་ཆེའི་དོན་སྙིང་དང་། སྤྱི་ཡོངས་ཀྱི་བླང་བྱ། སྤྱི་ཡོངས་ཀྱི་དམིགས་ཚད། གཙོ་གནད་ལས་འགན། རྩ་བའི་འགན་ལེན་བཅས་ཁོང་དུ་ཆུད་པ། མི་དམངས་སྲིད་གྲོས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་ནང་གནས་འབྲེལ་བ་ཁོང་དུ་གཏིང་ཟབ་ཆུད་པ་བཅས་བྱས་ཏེ་མི་དམངས་སྲིད་གྲོས་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གལ་ཆེའི་གྲུབ་ཆ་ཞིག་ཡིན་པ་གཏན་འཁེལ་ཁ་གསལ་བྱས་པ་དང་། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་གསར་པ་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ཏེ་མི་དམངས་སྲིད་གྲོས་ནི་ཆབ་སྲིད་ཀྱི་རྩ་འཛུགས་དང་དམངས་གཙོའི་རྣམ་པ་ཞིག་ཡིན་པའི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ནས་མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ལམ་ལུགས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ཐོག མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་དེ་རྒྱལ་ཁབ་བཅོས་སྐྱོང་ནང་ཞུགས་པའི་ཕན་ནུས་ལ་འགྱུར་ཐུབ་པ་བྱས་ཡོད། ལོ་གཅིག་རིང་། སྲིད་གྲོས་ཏང་ཙུའུ་ཡི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སློབ་སྦྱོང་ཐེངས་13དང་། ཀྲུའུ་ཞི་ལྷན་ཚོགས་ཀྱི་གཅིག་སྡུད་སློབ་སྦྱོང་ཐེངས་8 རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་གཅིག་སྡུད་སློབ་སྦྱོང་ཐེངས་5 ཆེད་དོན་ཨུ་ལྷན་གྱི་སློབ་སྦྱོང་ཐེངས་187 རིགས་ཁོངས་ཨུ་ཡོན་གྱི་སློབ་སྦྱོང་དང་བཞུགས་མོལ་ཐེངས་15 ཟུར་ཁྲིད་དང་འཆད་ཁྲིད་ཐེངས་8བཅས་གཉེར་ཡོད་པས། ངོས་འཛིན་གོང་མཐོར་དང་། བསམ་བློ་ཡར་རྒྱས། བྱ་སྤྱོད་ཐོག་བློ་རྩ་བརྟན་པོ་བཅས་བྱུང་ཡོད།

བརྗོད་དོན་གཙོ་བོའི་སློབ་གསོ་དམ་འཛིན་ཡག་པོ་བྱས་ཏེ་མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པ་བྱས་ཡོད། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་དང“མཉམ་ལས་བྱེད་པའི་ཐོག་མའི་བསམ་འདུན་མ་བརྗེད་པར། མུ་མཐུད་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི”བརྗོད་དོན་གཙོ་བོའི་སློབ་གསོ་ཏན་ཏིག་ངང་སྤེལ་ཐོག ཏང་ཕྱི་ནང་གཉིས་ཀྱི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་རྒྱུར་མཉམ་དུ་སྐུལ་སྤེལ་དང་མཉམ་དུ་མཐོར་འདེགས་བྱུང་ཡོད། སྲིད་གྲོས་ཏང་ཙུའུ་ཡིས་དུས་ཐོག་ཏུ་སློབ་གསོའི་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་ནན་ཏན་ངང་ལས་ཀའི་ཇུས་གཞི་བཟོས་ཤིང་། ལས་ཁུངས་ཏང་རྩ་འཛུགས་དང་ཏང་ཡོན་226(དེའི་ནང་རྒན་ཡོལ་ཞུས་པའི་ཏང་ཡོན་72ཚུད)སྒྲིག་འཛུགས་བྱས་ནས“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོ་གཅིག་སྡུད་ཐོག་སྤེལ་བར། སྲིད་གྲོས་ཀྱི་ཏང་ཡོན་ལས་བྱེད་པའི་འགན་འཁྲིའི་འདུ་ཤེས་སྲ་བརྟན་དུ་སོང་བ་དང་། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་སྔར་བས་གཏིང་ཟབ་ཏུ་སོང་བ། བཅོས་སྒྲིག་བྱེད་ཕྱོགས་སྔར་བས་ཁ་གསལ་དུ་སོང་བ། འགན་སྒྲུབ་ཀྱི་ཕན་འབྲས་དངོས་སྔར་བས་མངོན་གསལ་དོད་དུ་སོང་བ། ལས་ཀའི་སྤྱོད་ཚུལ་སྔར་བས་ཏན་ཏིག་ཏུ་སོང་བ་བཅས་བྱུང་ཡོད། ཚོགས་ཞུགས་ཏང་ཕྱིའི་ཨུ་ཡོན་དང་ཏང་ཕྱིའི་ལས་བྱེད་པ་24སྒྲིག་འཛུགས་བྱས་ཏེ“མཉམ་ལས་ཀྱི་ཐོག་མའི་བསམ་འདུན་མ་བརྗེད་པར། མུ་མཐུད་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི”བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་ཏེ་བསམ་བློ་གསར་པ་དང་གཞུང་ལུགས་གསར་པ། ཏང་གི་ཐབས་ཇུས་བཀོད་སྒྲིག་བཅས་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་གཏིང་ཟབ་པའི་ཕྱོགས་སུ་སྤེལ་རྒྱུ་དང་། མི་སེམས་སུ་ཟུག་པ་བྱ་རྒྱུ། དོན་ཐོག་ཏུ་འཁྱོལ་བ་བྱ་རྒྱུ་བཅས་ལ་སྐུལ་སྤེལ་བཏང་བ་དང་། རྒྱལ་གཅེས་ཏང་གཅེས་ཀྱི་བརྩེ་སེམས་དང་དངོས་སྦྱོང་དངོས་རྟོགས་ཀྱི་ངར་ཤུགས། དངོས་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཅས་ཤུགས་ཆེར་བཏང་ཡོད།

སློབ་སྦྱོང་སྒྲོག་འགྲེལ་དམ་འཛིན་ཡག་པོ་བྱས་ཏེ་ཡིད་ཆེས་དང་སེམས་ཤུགས་བརྟན་དུ་བཏང་ཡོད། ཐེངས་དང་པོའི་བརྙན་འཕྲིན་ཚོགས་འདུའི་ཐོག་ནས“རིམ་བཞིའི”སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་རྒྱལ་ཡོངས་སྲིད་གྲོས་ཀྱི་དྲུང་ཆེ་གཞོན་པ། ལས་ཁུངས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བློ་མཐུན་ཧྥན་ལི་ཀང་གིས་གནང་བའི་ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུའི་དགོངས་དོན་སྒྲོག་སྦྱང་སྙན་སྒྲོན་ཉན་ཡོད། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་སྒྲོག་འགྲེལ་ཚོགས་པ་ཐོག་མ་དེ་བཙུགས་ནས་ལྗོངས་སྲིད་གྲོས་ཀྱི་དྲུང་ཆེ་གཞོན་པ་3གྱིས་རུ་སྣེ་ཁྲིད་དེ་ས་གནས་གྲོང་ཁྱེར་ཁག་7ལ་བསྐྱོད་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་སྒྲོག་འགྲེལ་བྱས་པར་བརྟེན། སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་ཚ་རླབས་ཤིག་འཕྱུར་ཞིང་། རྒྱུན་རྣམ་ཅན་དང་ཡུན་རིང་ཅན་གྱི་སློབ་སྦྱོང་སྒྲོག་འགྲེལ་ལམ་སྲོལ་ཞིག་ཆགས་ཐུབ་ནས་ཆེས་གཞི་རིམ་དུ་ཡོད་པའི་སྲིད་གྲོས་ཨུ་ཡོན་རྣམ་པས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་གལ་ཆེའི་ཚོགས་འདུའི་དགོངས་དོན་འཕྲལ་མར་སློབ་སྦྱོང་ཐུབ་པ་དང་ཁོང་དུ་ཆུད་ཐུབ་པ་བྱས་ཡོད།

(གསུམ)འགན་སྒྲུབ་ཀྱི་ལག་ལེན་གསར་གཏོད་ཀྱིས་བསམ་བློ་ཆབ་སྲིད་ལ་ཁྲིད་སྟོན་བྱ་རྒྱུ་དང་སེམས་ནུས་གཅིག་ཏུ་སྒྲིལ་རྒྱུའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་བ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས“བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་རྒྱ་ཁྱབ་ངང་ངོས་འཛིན་གཅིག་སྒྲིལ་བྱ་རྒྱུའི”སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་མཛུབ་སྟོན་ལག་བསྟར་མཐར་ཕྱིན་བྱས་པ་དང“བོད་ལྗོངས་སྲིད་གྲོས་ཀྱི་ལས་དོན་ལ་དམིགས་བསལ་རང་བཞིན་ལྡན་ཡོད”པའི་སྐོར་གྱི་ཀྲུའུ་ཞི་དབང་དབྱང་གི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ། ཨུ་ཡོན་གྲུབ་ཚུལ་དང་། ལས་ཀ་བྱ་ཡུལ། ལས་ཀའི་ལས་འགན། ལས་ཀའི་གཙོ་གནད། རྩ་འཛུགས་འགན་སྲུང་བཅས་ཐད་ཀྱི་བོད་ལྗོངས་སྲིད་གྲོས་ཀྱི་དམིགས་བསལ་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཤིང་། བོད་ལྗོངས་སྲིད་གྲོས་ལས་དོན་གྱི་དམིགས་བསལ་རང་བཞིན་ནི་བོད་ཀྱི་ལས་དོན་གྱིས་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཁྲོད་བཟུང་བའི་དམིགས་བསལ་འཐབ་ཇུས་ཀྱི་གནས་བབ་དང་། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས། དེ་བཞིན་བོད་ཀྱི་མི་རིགས་དང་ཆོས་ལུགས་ལས་དོན་གྱི་དམིགས་བསལ་རང་བཞིན་བཅས་ཀྱིས་ཐག་བཅད་པ་ཡིན་ལ། དུས་མཚུངས་སུ་བོད་ལྗོངས་སྲིད་གྲོས་ཀྱི་ལེགས་ཆ་གནས་ས་ཡང་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ནས་འགན་འཁུར་ཕོད་པ་དང་རང་འགུལ་ངང་ལས་སྒྲུབ་བྱས་ཏེ། མི་དེ་བས་མང་བ་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་བྱས་ཡོད།

སྲིད་གྲོས་ཀྱི་མཉམ་འགུལ་འགན་སྒྲུབ་མ་ལག་ལ་བརྟེན་ནས་བསམ་བློའི་ཁྲིད་སྟོན་དང་ངོས་འཛིན་གཅིག་སྒྲིལ་བྱ་རྒྱུ་དེ་སྲིད་གྲོས་རྩ་འཛུགས་དང་སྲིད་གྲོས་ཨུ་ཡོན་རྣམ་པས་མཉམ་འགུལ་འགན་སྒྲུབ་བྱེད་པའི་ཁྲོད་ཁྱབ་ཐུབ་པ་བྱས་པ་མ་ཟད། གོང་འོག་མཐུན་སྦྱོར་དང་མཉམ་འཛིན་སྤྱི་སྒྲུབ་བྱེད་པའི་ཁྲོད་མཐུན་སྒྲིལ་འབད་འཐབ་ཀྱི་དྲང་ནུས་རྒྱ་ཁྱབ་ངང་གཅིག་སྡུད་ཡོང་བ་བྱས་ཡོད། ལྗོངས་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། སྲིད་གྲོས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ནས་ཀྲུའུ་ཞི་གཞོན་པ8ཀྱིས་རུ་སྣེ་ཁྲིད་དེ་གལ་ཆེའི་དུས་མཚམས་དང་། འཚུབ་ཆ་ཆེ་བའི་དུས། དེ་བཞིན་གལ་ཆེའི་ཁྱབ་ཁོངས་བཅས་སུ་བརྟན་ལྷིང་སྲུང་སྐྱོང་ཐད་ལྟ་སྐུལ་མཛུབ་ཁྲིད་བྱེད་པའི་ལས་དོན་དང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བོད་དུ་བྱེད་སྒོ་སྤེལ་བར་མཐུན་སྦྱོར་ཞབས་ཞུ་བྱེད་འགན་འཁུར་ཡོད། ཆོས་ལུགས་རིགས་ཁོངས་ཀྱི་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ་རྒྱ་ཁྱབ་ངང་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་། རྒྱལ་གཅེས་རིང་ལུགས་དང་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་རྒྱུན་མཐུད་གཏིང་ཟབ་ངང་སྤེལ་བ་མ་ཟད། གོང་འཕེལ་གསར་པ་དང་། འགྱུར་ལྡོག་གསར་པ། རང་ངོས་ཀྱི་དཔེ་བཟང་བྱ་སྤྱོད་བཅས་ལ་བརྟེན་ནས་མང་ཚོགས་ཀྱིས་ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་རྒྱུ་དང་། ཚེ་འདིར་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་པ་དང་། རྒྱ་ཆེའི་གྲྭ་བཙུན་དང་ཆོས་དད་མང་ཚོགས་ཀྱིས་དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་བྱ་རྒྱུ་དང་རང་རྟོགས་ངང་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་རྒྱུར་སློབ་གསོ་ཁྲིད་སྟོན་བྱས་ནས་མི་རིགས་ཁག་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཡོང་བར་སྐུལ་འདེད་བཏང་ཡོད།

སྲིད་གྲོས་ཀྱི་ཕྱི་ཕྱོགས་འགྲོ་འོང་གི་ཐབས་ལམ་ལ་བརྟེན་ནས་སྤྱི་ཡོངས་ཀྱི་ཕྱི་འབྲེལ་ལས་དོན་ལ་གོ་རིམ་ལྡན་ཞིང་ནུས་པ་ལྡན་པའི་ཞབས་ཞུ་བསྒྲུབས་པ་མ་ཟད། ཀྲུང་གོའི་གཏམ་རྒྱུད་དང་། བོད་ལྗོངས་ཀྱི་གཏམ་རྒྱུད། སྲིད་གྲོས་ཀྱི་གཏམ་རྒྱུད་བཅས་ཡག་པོ་ཤོད་རྒྱུ་དེ་འགན་སྒྲུབ་ཀྱི་ནང་དོན་གལ་ཆེན་ལ་བརྩིས་ནས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ཀྱི་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱས་པ་དང་། རང་འགུལ་ངང་ཁ་གསངས་ཏེ་མཛའ་མཐུན་གླེང་བ་དང་། དོན་དངོས་གསལ་བཤད་བྱེད་པ། དྲང་ནུས་གཅིག་ཏུ་འདུ་བ་བཅས་བྱས་ནས་ཏཱ་ལའི་རུ་ཚོགས་ཀྱི་བྱེད་སྒོ་སྤེལ་ཁོངས་སྔར་བས་བཙིར་གནོན་བྱས་ཡོད། མི་7ཚོགས་སྒྲིག་གམ་ཡང་ན་ཚོགས་ཞུགས་ཀྱིས་འཇར་མན་དང་། སེབ་རུ་སི། མར་ཐ། ཝེ་ཐེ་ནམ། ལོ་སི་སོགས་རྒྱལ་ཁབ་ལ་རིག་གཞུང་སྤེལ་རེས་དང་མཛའ་མཐུན་འཚམས་འདྲི་བྱེད་པར་བསྐྱོད་ཡོད། ནེ་པ་ལའི་གྲོས་ཚོགས་ཀྱི་གྲོས་མི་དང་། དེ་བཞིན་རིགས་གཅིག་མཁས་དབང་གི་མཛའ་གྲོགས་སྐུ་ཚབ་ཚོགས་པ་བོད་དུ་འཚམས་འདྲིར་ཐེངས་དང་པོ་གདན་ཞུ་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ལ་གནམ་ས་བླ་འོག་ལྟ་བུའི་འགྱུར་ལྡོག་བྱུང་ཚུལ་དྲིལ་བསྒྲགས་ཧུར་ཐག་བྱས་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱལ་ཕྱིའི་ཟུར་ཞུགས་སྤུན་ཟླ་ཕྱིར་ལོག་རྟོག་ཞིབ་ཚོགས་པའི་བརྟག་ཞིབ་ཚོགས་ཆུང་ལ་སྣེ་ལེན་ཞུས་ཏེ། ཁོང་ཚོར་ཁེ་ལས་སུ་གཟིགས་ཞིབ་དང་ཞིང་ཁྱིམ་དུ་འཚམས་འདྲི་གནང་རྒྱུར་བཀོད་སྒྲིག་བྱས་པས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་མྱོང་ཐུབ་པ་བྱུང་ཡོད།

སྲིད་གྲོས་ཀྱི་བརྟག་ཞིབ་འགན་སྒྲུབ་བྱེད་སྟངས་ལ་བརྟེན་ནས་བསམ་བློའི་ཁྲིད་སྟོན་དང་ངོས་འཛིན་གཅིག་སྒྲིལ་བྱ་རྒྱུ་དེ་ཨུ་ཡོན་རྣམ་པའི་བརྟག་ཞིབ་དང་། རྟོག་ཞིབ། གཟིགས་ཞིབ་སོགས་ཀྱི་ལས་དོན་ཁྲོད་ཁྱབ་ཐུབ་པ་བྱས་པ་མ་ཟད། སྲིད་ཇུས་དྲིལ་བསྒྲགས་དང་། དོགས་གནད་སེལ་བ། བློ་ཁ་མཐུན་སྦྱོར། བསམ་འཆར་ཉན་ལེན་བཅས་བྱེད་པའི་ཁྲོད་སེམས་ནུས་གཅིག་ཏུ་སྒྲིལ་ཡོད། ལོ་ཧྲིལ་པོར་ཏང་གི་གཞུང་ལུགས་གསར་གཏོད་དང་སྲིད་ཇུས་སྒྲོག་སྦྱང་ཐེངས་30ལྷག་ཙམ་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་། ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས། ཁྲིམས་ལུགས་དྲིལ་བསྒྲགས་བཅས་སློབ་གསོ་ཐེངས་10ལྷག་ཙམ་སྤེལ་བས་མང་ཚོགས་མི་ཐེངས་13000ལྷག་ཙམ་ལ་ཐད་ཀར་སློབ་གསོ་ཐོབ་ཡོད། མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་ཁག་100ལྷག་ཙམ་རྒྱ་ཁྱབ་ངང་ཉན་ལེན་བྱས་པ་མ་ཟད། བསྡུ་རུབ་ལེགས་སྒྲིག་བྱས་ནས་གནད་དོན་ཁག་28མཐུན་སྦྱོར་ཐག་གཅོད་བྱས་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་སྲོལ་ཡིག》བཟོ་རྒྱུར་དམིགས་ཏེ། ཁྲིམས་ལུགས་ལས་ཀ་བྱེད་མཁན་སྲིད་གྲོས་ཨུ་ཡོན་གྱི་བསམ་འཆར་དང་གྲོས་འགོ་ཁག་62བསྡུ་ལེན་བྱས་པས་ཁྲིམས་བཟོའི་ཐད་ཀྱི་གྲོས་མོལ་ཐེངས་དང་པོ་བྱེད་ཐུབ་པ་བྱུང་ཡོད།

རྟེན་འབྲེལ་དང་མཐུན་སྒྲིལ་མཛའ་འབྲེལ་གྱི་བྱེད་སྒོར་བརྟེན་ནས་བསམ་བློའི་ཁྲིད་སྟོན་དང་ངོས་འཛིན་གཅིག་སྒྲིལ་བྱ་རྒྱུ་དེ་རང་སྐྱོང་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་བྱེད་སྒོ་དང་ཨུ་ཡོན་རྣམ་པར་ལྟ་རྟོག་དང་། འཚམས་འདྲི། བཞུགས་མོལ། ཇ་གསེང་གླེང་མོལ། མཛའ་འབྲེལ་བྱེད་སྒོ་བཅས་ཀྱི་ཁྲོད་ཁྱབ་ཐུབ་པ་བྱས་པར། ཕྱོགས་གང་ཅིའི་ཐད་ཀྱི་ཚུར་སྣང་ལན་ཆ་ཡག་པོ་བྱུང་ཡོད། ཏང་ཕྱིའི་ཨུ་ཡོན་དང་ལས་བྲལ་རྒན་ཡོལ་ཞུས་པའི་བློ་མཐུན་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་རང་སྐྱོང་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་རྟེན་འབྲེལ་ཞུ་བའི་བཞུགས་མོལ་ཚོགས་འདུ་འཚོགས་ཡོད་ལ། ལྗོངས་སྲིད་གྲོས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གིས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་བསུ་བ་ཞུ་བའི་ཇ་སྟོན་དང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་དང་ཡིག་རིས་འགྲེམས་ཚོགས་གཉེར་བ། དེ་བཞིན་ལེའུ་གསུམ་ཡོད་པའི་ཚད་ལྡན་དངོས་པར་བརྙན་ཕབ《སྐྱིད་སྡུག་མཉམ་མྱོང་གི་ལོ་ངོ་60》ཞེས་པ་དེ་བཟོ་སྟོན་བྱས་ནས་2019ལོའི་ཟླ་12ཚེས་20ཉིན་ནས་22བར་བོད་ལྗོངས་སྲུང་སྐར་བརྙན་འཕྲིན་ཐོག་བསྟན་པ། མུ་འབྲེལ་དཔེ་དེབ་རྩོམ་སྒྲིག་དཔེ་སྐྲུན་བྱས་པ། མིང་འགོད་རྩོམ་ཡིག་དང་གཞུང་ལུགས་རྩོམ་ཡིག་ཁག་བཅུ་ཙམ་པར་འགྲེམས་བྱས་པ་བཅས་ཀྱི་ཐོག་ནས་ཏང་གི་འགོ་ཁྲིད་འོག་བོད་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་60ཡི་རིང་གི་གྲུབ་འབྲས་ཆེན་པོ་གང་ལེགས་མངོན་པར་བྱས་པ་དང་། རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་ལེགས་ཆ་དང་གསོན་ཤུགས་མངོན་ཐུབ་ནས་ཆབ་སྲིད་དང་། སྤྱི་ཚོགས། གླེང་ཕྱོགས། ལག་ལེན་བཅས་ཀྱི་ཐད་ལ་ཕན་འབྲས་བཟང་པོ་ཐོན་ཡོད།

(བཞི) འགན་སྒྲུབ་ཀྱི་ཕན་འབྲས་དོན་གཉེར་བྱས་ཏེ། ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས“དོན་དག་ཡོད་ན་གྲོས་བསྡུར་བྱེད་ཆོག་པ་དང་ཚང་མའི་དོན་དག་ཚང་མས་གྲོས་བསྡུར་བྱེད་པའི”འདུ་ཤེས་ལག་ལེན་ཡག་པོ་བྱེད་པ་དང་། དུས་རབས་གསར་པའི་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་ཕྱོགས་དང་ལས་ཀའི་གཙོ་གནད་ཁོང་དུ་ཆུད་པ་བྱས་ནས་བོད་ལྗོངས་ཀྱི་གོང་འཕེལ་དང་། བརྟན་ལྷིང་། སྐྱེ་ཁམས་བཅས་སྤྱི་ཡོངས་འཐབ་ཇུས་ལ་ཞབས་ཞུ་བསྒྲུབས་ཡོད། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན། འགན་འཁྲི་ནན་ཏན་ངང་བསྒྲུབས་ནས་བཏོན་པའི་བསམ་འཆར་དང་གྲོས་འགོ་ལ་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་ཞིང་། ཧྲུའུ་ཅི་ཝུའུ་དབྱིང་ཅེ་སོགས་རང་སྐྱོང་ལྗོངས་དབུ་ཁྲིད་ཀྱིས་སྔ་རྗེས་སུ་བཀའ་མཆན་མཛུབ་སྟོན་ཐེངས་མང་གནང་བས་འགན་འཁྲི་སྒྲུབ་པའི་འབྲས་བུ་དོན་སྨིན་ཡོང་བར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོར་དམིགས་ཏེ་ཇི་ལྟར་བྱས་ནས“ཆོས་ལུགས་ལས་དོན་ལ‘ཁྲིད་སྟོན’ཡག་པོ་བྱ་རྒྱུ”གཙོ་དོན་བྱས་ཏེ་ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་སྐོང་འཚོགས་བྱས་ཡོད། དུས་འགོར་ཀྲུའུ་ཞི་གཞོན་པ8ཀྱིས་རུ་སྣེ་ཁྲིད་དེ་ས་གནས་དང་གྲོང་ཁྱེར་ཁག་ལ་ཆེད་དོན་བརྟག་ཞིབ་བྱས་པ་མ་ཟད། “ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོར་འཆང་བའི”བརྗོད་དོན་གཙོ་བོའི་སློབ་གསོའི་བཀོད་སྒྲིག་གི་བླང་བྱ་དང་ཟུང་འབྲེལ་བྱས་ཏེ། བསྐྱར་དུ་བརྟག་ཞིབ་ཚོགས་ཆུང་5བཙུགས་ནས་ས་གནས་དང་གྲོང་ཁྱེར་ཁག་གཅིག་ལ་བསྐྱོད་དེ་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱས་ཚུལ་སོགས་ཀྱི་ནང་དོན་ཁག་10ལ་དམིགས་ནས་བརྟག་ཞིབ་གཏིང་ཟབ་བྱས་ཤིང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆེད་དོན་སྲིད་གླེང་དང་གྲོས་མོལ་གཏིང་ཟབ་བྱས་ནས་བརྟག་ཞིབ་སྙན་ཞུ་ཁག་9དང་ཚོགས་ཆེན་གྱི་གཏམ་བཤད་ཁག་19གྲུབ་ཡོད་ལ། བསམ་འཆར་དང་གྲོས་འགོ་ཁག་13ཐད་ཀྱི་དོན་ཚན་120བཏོན་ཡོད།

གོང་འཕེལ་ནི་དོན་ཆེན་ཨང་དང་པོ་དང་དམངས་འཚོ་ནི་ཁྲིད་ཕྱོགས་ཨང་དང་པོ་ཡིན་པར་དམིགས་ཏེ“རང་ལྗོངས་ཀྱི་འབྲོག་ལས་དཔལ་འབྱོར་དེ་ཇི་ལྟར་བྱས་ནས་སྲོལ་རྒྱུན་གྱི་ཐོན་སྐྱེད་བྱེད་སྟངས་ལས་འགྲོལ་ཐུབ་རྒྱུ”དང“རང་ལྗོངས་ཀྱི་སྤྱི་དབང་མིན་པའི་དཔལ་འབྱོར་གོང་འཕེལ་གྱི་སྲིད་ཇུས་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་རྒྱུ” “གྲོང་ཁྱེར་དོ་དམ་གྱི་ཁྲིམས་འཛིན་བྱ་སྤྱོད་ཚད་ལྡན་བཟོ་རྒྱུ” “རང་ལྗོངས་ཀྱི་སློབ་གྲྭ་ཁག་གི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོ”བཅས་ཀྱི་བརྗོད་གཞི་ཁག་4ལ་དམིགས་ནས་དུས་ཚིགས་ཀྱི་གྲོས་མོལ་ཚོགས་འདུ་ཐེངས་4སྐོང་འཚོགས་བྱས་ཡོད། རང་ལྗོངས་ཀྱི་ལས་ཞུགས་གནད་དོན་ལ་ཚད་མཐོའི་དོ་ཁུར་དང་བརྟག་ཞིབ་གཏིང་ཟབ་བྱས་ཏེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཆེད་མངགས་བཀོད་སྒྲིག་བྱས་ནས་རང་སྐྱོང་ལྗོངས་མི་སྤྱི་ཐིང་གི་སྙན་སྒྲོན་ཉན་པ་དང་། ངོ་ཐུག་གདོང་འཕྲད་ངང་སྲིད་གྲོས་ཨུ་ཡོན་གྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་ཡོད། ལྗོངས་ནང་ཁུལ་དུ་བརྟག་ཞིབ་དང་ལྗོངས་ཕྱིར་སློབ་སྦྱོང་བྱ་རྒྱུ་ཕན་ཚུན་ཟུང་འབྲེལ་དང་། ཕྱོགས་བསྡུས་བརྟག་ཞིབ་དང་ཆེད་དོན་བརྟག་ཞིབ་བྱ་རྒྱུ་ཕན་ཚུན་ཟུང་འབྲེལ། མཉམ་འབྲེལ་བརྟག་ཞིབ་དང་ཚོགས་ཆུང་ཁག་བགོས་ཀྱིས་བརྟག་ཞིབ་བྱ་རྒྱུ་ཕན་ཚུན་ཟུང་འབྲེལ། ས་ཡུལ་དངོས་ལ་བརྟག་ཞིབ་དང་གཞི་རིམ་སྲིད་གྲོས་ལ་མངགས་བཅོལ་གྱིས་བརྟག་ཞིབ་བྱ་རྒྱུ་ཕན་ཚུན་ཟུང་འབྲེལ་བཅས་བྱས་ཏེ། སྔ་རྗེས་སུ་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་7དང་རྫོང(ཆུས)74 སློབ་གྲྭ(སློབ་གླིང)100ལྷག་ཙམ། ཁེ་ལས་དང་བྱ་གཞག་ཚན་པ་170ལྷག་ཙམ། ཞིང་ཆེན་དང་རང་སྐྱོང་ལྗོངས་6བཅས་ལ་བསྐྱོད་དེ་རྟོག་ཞིབ་བརྟག་ཞིབ་བྱས་ནས་ཕྱོགས་བསྡུས་སྙན་ཞུ་ཁག་4དང་། དེ་འབྲེལ་གྱི་སྙན་ཞུ་ཁག་3 གཏམ་བཤད་ཡིག་ཆ་20བཅས་གྲུབ་ཡོད།

སྲིད་སྐྱོང་ཇུས་འདོན་དང་ངོས་འཛིན་གཅིག་སྒྲིལ་བྱ་རྒྱུ་ཕྱོགས་གཉིས་ནས་ཤུགས་རྒྱག་རྒྱུར་དམིགས་ཏེ། 2019ལོའི་གྲོས་མོལ་ལས་དོན་གྱི་འཆར་གཞི་དང་བརྟག་ཞིབ་གཟིགས་ཞིབ་ལས་དོན་གྱི་བཀོད་སྒྲིག་ཞིབ་ཚགས་བཟོས་ཡོད། བརྟག་ཞིབ་མ་བྱས་པར་ཇུས་འདོན་མི་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། བརྟག་ཞིབ། གཟིགས་ཞིབ། རྟོག་ཞིབ་བཅས་གཏིང་ཟབ་བྱེད་པའི་ཁྲོད་དམངས་གཙོ་དར་སྤེལ་དང་། དོགས་གནད་སེལ་བ། ངོས་འཛིན་གཅིག་མཐུན། བློ་གྲོས་གཅིག་སྡུད། ཐབས་འདོན་ཇུས་འདོན་བཅས་ཡོང་བ་བྱས་ཡོད། རྒྱལ་ཡོངས་སྲིད་གྲོས་དང་། སྤུན་ཟླའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་སྲིད་གྲོས་ལ་གཞོགས་འདེགས་བྱས་ནས་མཉམ་དུ་བརྟག་ཞིབ་དང་གཟིགས་ཞིབ་ཐེངས་4བྱས་ཡོད། ལོ་ཧྲིལ་པོར་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འཛུགས་གཏོད་ལས་དོན་སྤེལ་རྒྱུ་དང་། ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་རྒྱུ་དང་ཉེར་སྤྱོད་ལག་རྩལ་བཀོལ་སྤྱོད་བྱ་རྒྱུ། ཞིང་ལས་ཚན་ཞིབ་ལ་ཕན་སྐུལ་གཏོང་རྒྱུ། ཞིང་ལས་དེང་རབས་ཅན་དུ་འཛུགས་སྐྲུན་བྱ་རྒྱུ། ཐང་གའི་སྒྱུ་རྩལ་སྲུང་སྐྱོང་དང་རྒྱུན་འཛིན། འཕེལ་རྒྱས་བཅས་གཏོང་རྒྱུ། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་ཁང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་རྒྱུ་དང་དེའི་བྱེད་སྒོ་སྤེལ་ཚུལ། གཞུང་བཙུགས་སྨན་ཁང་ཆ་འཕྲིན་ཅན་དུ་འཛུགས་སྐྲུན་བྱ་རྒྱུ། ཆུའི་ཐོན་ཁུངས་སྲུང་སྐྱོང་བྱ་རྒྱུ། གྲོང་ཁྱེར་གྱི་བཙོག་ཆུ་གཙང་གསིང་བཟོ་རྒྱུ། “གསང་སྤྱོད་གསར་བརྗེ”བྱ་རྒྱུ། དེ་བཞིན“འཐུང་ཇའི་ཧྥུའུ་ནད”སོགས་ཀྱི་ཆེད་དོན་ཁག་11ལ་དམིགས་ཏེ་གཟིགས་ཞིབ་བྱས་ཐོག དམིགས་སའི་རང་བཞིན་ཤུགས་ཆེ་བ་དང་། དོན་གཉེར་གོ་ཆོད་ཀྱི་བསམ་འཆར་དང་གྲོས་འགོ་བཏོན་ཡོད། སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་དང་། མཐའ་མཚམས་ཀྱི་འཐབ་ས་དང་པོ་དང་གཉིས་པའི་ཤང་དང་གྲོང་རྡལ་གྱི་ཁྱབ་ཁོངས་ལེགས་སྒྲིག་བྱ་རྒྱུ། གསར་བརྗེའི་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱ་རྒྱུ། བྱེ་འགྱུར་བཅོས་སྒྲིག་བྱ་རྒྱུ། དེ་བཞིན་རང་བྱུང་སྲུང་སྐྱོང་ཁུལ་དང་། འདམ་ར་སྲུང་སྐྱོང་། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་། རིག་གནས་ཀྱི་དབུལ་སྐྱོར། ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་ཆུང་དུ་གཏོང་རྒྱུ་སོགས་ཀྱི་བརྗོད་གཞི་ལེགས་འདེམས་ཀྱིས་ལྗོངས་ནང་ཁུལ་དུ་བརྟག་ཞིབ་ཐེངས་14དང་ནང་སར་བསྐྱོད་ནས་སློབ་སྦྱོང་རྟོག་ཞིབ་ཐེངས་4བྱས་ཏེ་འབྲེལ་ཡོད་སྙན་ཞུ་ཁག་18གྲུབ་པ་དང་། བསམ་འཆར་དང་གྲོས་འགོ་ཁག་20ཡི་དོན་ཚན་84བཏོན་པར་ལྗོངས་ཏང་ཨུད་དང་སྲིད་གཞུང་དབུ་ཁྲིད་ཀྱིས་མཐོང་ཆེན་གནང་བ་མ་ཟད། གལ་ཆེའི་བཀའ་མཆན་ཡང་གནང་ཡོད་ལ། བསམ་འཆར་དང་གྲོས་འགོ་མང་པོ་ཞིག་འབྲེལ་ཡོད་ཕྱོགས་ཁག་གིས་དང་ལེན་བྱས་ཡོད།

(ལྔ) གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལ་ལྟ་རྟོག་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྲིད་གྲོས་ཀྱི་རྒྱུན་གཏན་རང་བཞིན་གྱི་ལས་དོན་ལ་སྐུལ་སྤེལ་ཏན་ཏིག་བཏང་བ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་གནད་མངོན་ཆེར་བཟུང་ནས་དོན་འཁྱོལ་དམ་འཛིན་བྱས་ཏེ་སྲིད་གྲོས་ཀྱི་རྒྱུན་གཏན་རང་བཞིན་གྱི་ལས་དོན་ཐད་བཀྲག་ཆེ་ས་དང་། རྣམ་པ་གསར་པ། ཕན་འབྲས་བཅས་ཐོན་རྒྱུར་སྐུལ་སྤེལ་ཧུར་ཐག་བཏང་ཡོད། གྲོས་གཞི་གཉེར་སྒྲུབ་དང་གྲོས་མོལ་བྱེད་པའི་སྤུས་ཚད་མཐོ་རུ་བཏང་ཞིང་། གྲོས་གཞི་དེ་སྤྱི་ཡོངས་རང་བཞིན་གྱི་ལས་དོན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། གྲོས་གཞི“འདོན་འཇུག་སྒྲུབ་སྐུལ”གྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཡོད། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན། ཁྱོན་གྲོས་ཁོངས་སུ་བཅུག་པའི་གྲོས་གཞི་ཁག་404ལ་ཞིབ་བཤེར་བྱས་པ་དང་། ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པ་རྣམས་ཀྱིས་སྣེ་ཁྲིད་དེ་གཙོ་གནད་གྲོས་གཞི་ཁག་11སྒྲུབ་སྐུལ་བྱ་རྒྱུ་གཏན་འཁེལ་བྱས་པ། གྲོས་གཞི་གཉེར་སྒྲུབ་དང་གྲོས་མོལ་བྱེད་པའི་ཚོགས་འདུ་ཐེངས་6སྐོང་འཚོགས་བྱས་ཡོད། 2019ལོའི་ཟླ་10པའི་ཟླ་མཇུག་བར་གྲོས་གཞི་ཚང་མ་གཉེར་སྒྲུབ་ལན་འདེབས་བྱས་ཟིན་པར་བརྟེན་གྲོས་གཞི་འདོན་མཁན་གྱི་བློ་མོས་བྱེད་ཚད་སྔར་བས་ཆེ་རུ་སོང་ཡོད། རིག་གནས་དང་ལོ་རྒྱུས་ཀྱི་དཔྱད་ཡིག་ལས་དོན་ལ་ཤུགས་སྣོན་བརྒྱབ་ཅིང་། རྒྱལ་ཡོངས་སྲིད་གྲོས་ཀྱིས་མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཆེད་དོན་རིག་གནས་ལོ་རྒྱུས་ཀྱི་དཔྱད་ཡིག་བསྡུ་རུབ་བྱེད་པའི་ལས་དོན་ནང་ཧུར་ཐག་ཞུགས་པ་མ་ཟད། 《བོད་དུ་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40འཁོར་བའི་མྱོང་བ་དངོས》དང་། 《ང་དང་མི་དམངས་སྲིད་གྲོས་ཏེ། བོད་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་60འཁོར་བའི་ཆེད་བསྒྲིགས》བསྡུ་རུབ་དང་རྩོམ་སྒྲིག་བྱས་ནས་པར་སྐྲུན་བྱས་ཡོད། 《བོད་རང་སྐྱོང་ལྗོངས་ཀྱི་ལོ་རྒྱུས་ཏེ་སྲིད་གྲོས་ཀྱི་ལོ་རྒྱུས(2000ལོ་ནས་2015ལོའི་བར)》དངོས་སུ་པར་སྐྲུན་བྱས་པ་དང་། 《ཁ་ཁ་སྟོད་ཀྱི་ཞིང་བྲན་ཡར་ལངས་ཟིན་ཐོ》 《“སྤྲང་པོའི་མཉམ་རོགས་ཚོགས་ཆུང”བཙུགས་པའི་སྐོར་གྱི་ཕྱིར་དྲན》 《བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་པའི་མྱོང་བ་དངོས》སོགས་ཀྱི་རྩོམ་ཡིག་དེ་དག་མི་དམངས་སྲིད་གྲོས་ཀྱི་དུས་དེབ་ཐོག་སྔ་རྗེས་སུ་བཀོད་ཡོད། ཆ་འཕྲིན་དྲིལ་བསྒྲགས་དང་གཞུང་ལུགས་ཞིབ་འཇུག་ལས་དོན་ལ་ཤུགས་སྣོན་བརྒྱབ་ཅིང་། ལས་རིམ་ཚད་ལྡན་བཟོས་ཏེ་ལྗོངས་སྲིད་གྲོས་ཀྱི་སྤྱི་ཚོགས་ཀྱི་གནས་བབ་དང་དམངས་འདུན་སྐོར་གྱི་ཆ་འཕྲིན་གྱི་འཕྲིན་ཕྲན་སྤེལ་རེས་ཚོགས་པ་བཙུགས་ནས་སྤྱི་ཚོགས་ཀྱི་གནས་བབ་དང་དམངས་འདུན་གྱི་ཆ་འཕྲིན་གསལ་ཞུ་བྱེད་ལམ་རྒྱ་ཆེར་བཏང་ཡོད། ལོ་ཧྲིལ་པོར《སྤྱི་ཚོགས་ཀྱི་གནས་བབ་དང་དམངས་འདུན་གྱི་ཆ་འཕྲིན》འདོན་ཐེངས་37གོང་འབུལ་བྱས་པ་དང་རིགས་འདྲ་མིན་གྱི་ཆ་འཕྲིན་ཁག་300ལ་ཉེ་བ་རྩོམ་སྒྲིག་གོང་འབུལ་ཞུས་པ། 《བོད་ལྗོངས་ཁུལ་གྱི་གོང་འཕེལ་ལ་སྐུལ་སྤེལ་གཏོང་བའི་འབྲེལ་ཡོད་གནད་དོན་སྐོར་གྱི་གྲོས་འགོ》སོགས་ཡུལ་བབ་དམངས་འདུན་ལ་ཀྲུང་དབྱང་དབུ་ཁྲིད་ཀྱིས་མཐོང་ཆེན་དང་བཀའ་མཆན་གནང་ཡོད། ཨུ་ཡོན་དང་སྲིད་གྲོས་ཀྱི་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་རང་འགུལ་ངང་ལྗོངས་ཕྱི་ནང་གི་གསར་འགྱུར་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱས་པ་དང་། བོད་ལྗོངས་སྲིད་གྲོས་ཀྱི་གཙོ་ཆེའི་དྲ་ཚིགས་དང་འཕྲིན་ཕྲན་སྤྱི་སྟེགས། དེ་བཞིན《བོད་ལྗོངས་སྲིད་གྲོས》བཅས་ཀྱི་ཐོག་སློབ་སྦྱོང་དྲིལ་བསྒྲགས་ཀྱི་ཆེད་སྒྲོམ་གསར་བཙུགས་བྱས་ཏེ་ཕྱོགས་མཐའ་ཀུན་དང་བང་རིམ་མང་བའི་སྒོ་ནས་ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་འཐབ་ཇུས་བཀོད་སྒྲིག་དྲིལ་བསྒྲགས་དང་འཆད་འགྲེལ་བྱས་ཡོད། རིགས་པའི་གཞུང་ལུགས་དང་ལག་ལེན་ཕན་ཚུན་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཡོངས་སྲིད་གྲོས་ཀྱིས་བསྒྲུབ་རྒྱུར་སྤྲད་པའི་ཞིབ་འཇུག་བྱ་གཞི་སྔོན་ཚུད་ནས་ལེགས་གྲུབ་བྱས་པ་མ་ཟད། འཆར་གཞི་ལྟར་གཙོ་གནད་ཐོག་བརྗོད་གཞིར་ཞིབ་འཇུག་བྱས་པས་བོད་ལྗོངས་ཀྱི་སྲིད་གྲོས་གཞུང་ལུགས་ཞིབ་འཇུག་ཚོགས་པའི་ལས་འགོ་ཡག་པོ་བཙུགས་ཐུབ་ཡོད།

(དྲུག) རྨང་རྩ་གཉིས་བརྟན་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་རང་ངོས་འཛུགས་སྐྱོང་བྱ་རྒྱུར་ཤུགས་སྣོན་ཏན་ཏིག་བརྒྱབ་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་བཏོན་པའི“ཀྲུང་གོ་གུང་ཁྲན་ཏང་གིས་འགོ་ཁྲིད་བྱས་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི”སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཐོག རང་ལྗོངས་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོའི་ལམ་ལུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཆ་ཚང་བའི་ལམ་ལུགས་ཀྱི་གོ་རིམ་དང་ཐེ་ཞུགས་ཀྱི་ལག་ལེན་འགྲུབ་རྒྱུར་སྐུལ་སྤེལ་བཏང་ཡོད། 《བརྟག་དཔྱད་ཞིབ་འཇུག་གི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱ་རྒྱུའི་སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་བྱ་ཐབས》སོགས་ལམ་ལུགས་ཁག་6ལ་དག་བཅོས་བྱས་ནས་འཐུས་སྒོ་ཚང་དུ་བཏང་བ་དང་། ལམ་ལུགས་ལག་བསྟར་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས་ལམ་ལུགས་ཀྱི་དགེ་མཚན་དེ་བཅོས་སྐྱོང་གི་ཕན་ནུས་སུ་དོན་སྨིན་བྱུང་ཡོད། 《སྲིད་གྲོས་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་འབྲེལ་གཏུག་བྱ་ཐབས》གཏན་འབེབས་ལག་བསྟར་བྱས་ནས་ཆེད་དོན་ཨུ་ལྷན་གྱིས་རིགས་ཁོངས་ཨུ་ཡོན་དང་འབྲེལ་གཏུག་བྱེད་པའི་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་མ་ཟད། ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་བོད་ལ་བཞུགས་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། དེ་བཞིན་རང་སྐྱོང་ལྗོངས་དང་། ས་ཁུལ་གྲོང་ཁྱེར། རྫོང(ཆུས)བཅས“རིམ་པ་གསུམ་གྱི་སྲིད་གྲོས་ཨུ་ཡོན”གདན་འདྲེན་ཞུས་ནས་མཉམ་འགུལ་འགན་སྒྲུབ་ལམ་སྲོལ་བཙུགས་ཏེ་ཨུ་ཡོན་གྱི་འགན་འཁྲི་འཁུར་སེམས་དང་ཕྱོགས་གཉིས་ནས་ཤུགས་འདོན་པའི་རང་འགུལ་བྱེད་སེམས་ཤུགས་ཆེར་བཏང་ཡོད། “སྲིད་གྲོས་ལ་རྒྱུས་མངའ་ཡོད་པ་དང་། གྲོས་མོལ་བྱེད་ཤེས་པ། སྲིད་གླེང་བྱེད་མཁས་པ། སྒྲིག་ཁྲིམས་སྲུང་བ། སྒྲིག་སྲོལ་ལ་སྣང་ཆེན་བྱེད་པ། ཀུན་སྤྱོད་གཙོ་བོར་འཛིན་པ་བཅས”ཀྱི་བླང་བྱ་དོན་འཁྱོལ་བྱས་ནས་སྲིད་གྲོས་ཨུ་ཡོན(ལས་བྱེད་པ)གྱི་ཆེད་དོན་སྦྱོང་བརྡར་འཛིན་གྲྭ་ཐེངས་2གཉེར་བར་མི་གྲངས་200ཞུགས་པ་དང་ལྗོངས་ཡོངས་ཀྱི་གྲོས་གཞི་ལས་དོན་སྦྱོང་བརྡར་འཛིན་གྲྭ་ཐེངས་1གཉེར་བར་མི་གྲངས་110ཞུགས་ཡོད། ཨུ་ཡོན་གྱི་འགན་སྒྲུབ་ལས་དོན་གྱི་སྒྲིག་སྲོལ་ལག་བསྟར་ནན་ཏན་བྱས་ནས་ཨུ་ཡོན་གྱི་འགན་སྒྲུབ་ཡིག་ཚགས་བཟོས་པར་བརྟེན། “སློབ་སྦྱོང་ཐད་གཞན་སྐུལ་ནས་རང་འགུལ་དུ”གྱུར་པ་དང་། “གཟི་བརྗིད་ཨུ་ཡོན”ནས“འགན་འཁྲིའི་ཨུ་ཡོན”ལ་གྱུར་ཡོད། དུས་ཐེངས་ཁག་11གི་ཨུ་ཡོན་དང་ལས་ཁུངས་ལས་བྱེད་པ་800སྒྲིག་འཛུགས་བྱས་ནས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱར་བཅིངས་འགྲོལ་ཐོབ་པའི་དྲན་གསོ་ཁང་དང་། བོད་ཀྱི་དམག་དོན་ལོ་རྒྱུས་འགྲེམས་སྟོན་ཁང་། ཞོལ་གྲོང་བཤམས་སྟོན་ཁང་། ཧྲང་ཧའེ་རུ་ཡོད་པའི་ཏང་གི་ཚོགས་ཆེན་ཐེངས་དང་པོ་དང་གཉིས་པའི་ཚོགས་ཡུལ། ཀྲེ་ཅང་ཅ་ཞིན་ནན་ཧུའུ་སོགས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཁག་ཏུ་སློབ་གསོ་དང་ལེན་བྱེད་པར་བསྐྱོད་ཅིང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་དང་དཔའ་བོའི་སྙིང་སྟོབས་དར་སྤེལ་བཏང་སྟེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ཐོག་སྐྱོད་པའི་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་ཡོད།

འདས་མ་ཐག་པའི་ལོ་དེ་ནི་སྤྱིར་བཏང་གཏན་ནས་མིན་པ་དང་གྲུབ་འབྲས་གཡུར་དུ་ཟ་བའི་ལོ་ཞིག་ཡིན། ལོ་གཅིག་རིང་གི་ལས་ཀའི་ལག་ལེན་ཁྲོད་ནས་ང་ཚོར་ཤེས་རྟོགས་ཟབ་མོ་བྱུང་བ་སྟེ། བོད་ལྗོངས་སྲིད་གྲོས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་ངེས་པར་དུ་ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཏང་གིས་འགོ་ཁྲིད་བྱ་རྒྱུ་དེ་སྲིད་གྲོས་ཀྱི་ལས་དོན་ཡོངས་ལ་ཁྱབ་ཐུབ་པ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། ངེས་པར་དུ་མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་སྟངས་འཛིན་ཡང་དག་བྱས་ནས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་དགོས་པ། ངེས་པར་དུ་མི་དམངས་སྲིད་གྲོས་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་མཐའ་འཁྱོངས་ཀྱིས་མི་དམངས་སྲིད་གྲོས་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས་པ། ངེས་པར་དུ་རང་སྐྱོང་ལྗོངས་ཀྱི་གནས་ཚུལ་ལ་དམིགས་ཏེ་དོན་འཁྱོལ་དམ་འཛིན་བྱ་རྒྱུ་དང་བོད་ལྗོངས་སྲིད་གྲོས་ལས་དོན་གྱི་དམིགས་བསལ་རང་བཞིན་སྟངས་འཛིན་བྱེད་པའི་ཐད་མཐའ་དཔྱོད་གསར་པ་ཡོད་པ་བྱེད་དགོས་པ། ངེས་པར་དུ་བསྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ཐོག་ནས་འགན་སྒྲུབ་ནུས་པ་འཛུགས་སྐྱོང་བྱ་རྒྱུར་སྐུལ་སྤེལ་བཏང་སྟེ་ཕྱོགས་ཡོངས་ནས་སྤུས་འབྲས་ལེགས་སུ་གཏོང་དགོས་པ་བཅས་ཡིན།

ཨུ་ཡོན་རྣམ་པ། ལོ་གཅིག་རིང་ཐོབ་པའི་ལས་ཀའི་གྲུབ་འབྲས་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཁས་མཛངས་ལྡན་པའི་འགོ་ཁྲིད་ལས་བྱུང་བའི་འབྲས་བུ་ཞིག་དང་། རྒྱལ་ཡོངས་སྲིད་གྲོས་ཀྱིས་མཛུབ་ཁྲིད་ཞིབ་ཚགས་དང་ལྗོངས་ཏང་ཨུད་ཀྱིས་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་གནང་བ་ལས་བྱུང་བའི་འབྲས་བུ་ཞིག ལྗོངས་མི་དམངས་འཐུས་ཚོགས་དང་སྲིད་གཞུང་གིས་རྒྱབ་སྐྱོར་དང་། རིམ་ཁག་སྡེ་ཚན་ཁག་དང་། མི་རིགས་ཁག་དང་ལས་རིགས་ཁག་གིས་གཞོགས་འདེགས་རྒྱབ་སྐྱོར་བྱས་པ་ལས་བྱུང་བའི་འབྲས་བུ་ཞིག ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་ཁག རྒྱ་ཆེའི་ཨུ་ཡོན་རྣམ་པ་བཅས་ཀྱིས་མཐུན་སྒྲིལ་འབད་འཐབ་བྱས་པ་ལས་བྱུང་བའི་འབྲས་བུ་ཞིག་བཅས་ཡིན། ངས་ལྗོངས་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

མི་དམངས་སྲིད་གྲོས་ཀྱི་ལས་འགན་གསར་པ་དང་བླང་བྱ་གསར་པ་དང་བསྡུར་ཚེ། བོད་ལྗོངས་སྲིད་གྲོས་ལ་ད་དུང“ཤུགས་སྣོན”རྒྱག་དགོས་པ་དང“ལེགས་བཅོས”བྱེད་དགོས་པ་འགའ་ཞིག་ཀྱང་ཡོད་པ་སྟེ། ཆེད་དོན་ཨུ་ཡོན་ལྷན་ཁང་གིས“ཆེད་དོན”གྱི་ཁྱད་ཆོས་དང་“ཆེད་དོན”གྱི་སྤུས་ཚད། “ཆེད་དོན”གྱི་ཆུ་ཚད་བཅས་མངོན་རྒྱུའི་ཐད་ད་དུང་ཧེ་བག་ཡོད་པ་དང་། ཨུ་ཡོན་གྱི་འགན་འཁྲི་སྒྲུབ་ནུས་ད་དུང་སྔར་ལས་ཆེ་རུ་གཏོང་དགོས་པ། འཐབ་ས་གལ་ཆེན་དང་། ལས་སྟེགས་གལ་ཆེན། ཐབས་ལམ་གལ་ཆེན་བཅས་ཀྱི་ནུས་པ་ད་དུང་སྔར་ལས་ལྷག་པར་འདོན་སྤེལ་བྱེད་དགོས་པ། གཞི་རིམ་སྲིད་གྲོས་ཀྱི་རྨང་གཞིའི་ལས་ཀ་ཞན་པ། ནང་ཁུལ་དུ་བཙུགས་པའི་སྒྲིག་གཞི་ཆ་ཚང་མེད་པ། མི་སྣའི་སྟོབས་ཤུགས་ཞན་པ་སོགས་རེད། གནད་དོན་དེ་དག་ལ་དམིགས་ནས་ང་ཚོས་ངེས་པར་དུ་ཚད་མཐོའི་མཐོང་ཆེན་དང་བྱེད་ཐབས་ནུས་ལྡན་སྤྱད་དེ་ལེགས་བཅོས་ཏན་ཏིག་བྱེད་དགོས།

2020ལོའི་ལས་ཀའི་བཀོད་སྒྲིག

འདི་ལོ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པ་བྱ་རྒྱུ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་ཞིག་ཡིན། འདི་ལོའི་སྲིད་གྲོས་ཀྱི་ལས་དོན་ཡག་པོ་སྒྲུབ་པར། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། དེ་བཞིན་ཀྲུང་དབྱང་གི་སྲིད་གྲོས་ལས་དོན་ཚོགས་འདུ་དང་། ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ། ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུ། ལྗོངས་ཏང་ཨུད་ཀྱི་སྲིད་གྲོས་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་དམིགས་ཚད་ལས་འགན་ལ་དམིགས་པ་དང་། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་གསར་པ་དང་བླང་བྱ་གསར་པ། དེ་བཞིན་བོད་ལྗོངས་སྲིད་གྲོས་ལས་དོན་གྱི་དམིགས་བསལ་རང་བཞིན་བཅས་ཁོང་དུ་བརྟན་པོ་ཆུད་པ་བྱས་ཐོག དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས་ནས་རྒྱལ་ཁབ་བདེ་འཇགས་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ་བཅས་གཙོ་གནད་ལས་འགན་གསུམ་དང“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུར་དམིགས་ནས། མི་དམངས་སྲིད་གྲོས་ལས་དོན་གྱི་གཙོ་རྟེན་དང་། གཙོ་རྐང་། གཙོ་དོན་བཅས་དང་ལྟེ་བའི་ལྷུ་ཚིགས། ཆབ་སྲིད་ཀྱི་འགན་འཁྲི་བཅས་ལ་དམིགས་ཏེ་སྲིད་སྐྱོང་ཇུས་འདོན་དང་ངོས་འཛིན་གཅིག་སྒྲིལ་བྱ་རྒྱུ་ཕྱོགས་གཉིས་ནས་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་ཀྱིས་སྤུས་འབྲས་ལེགས་སུ་གཏོང་རྒྱུ་དེ་སྲིད་གྲོས་འགན་སྒྲུབ་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་གི་ཐད་ཁྱབ་ཐུབ་པ་བྱས་ནས་སྲིད་གྲོས་ལམ་ལུགས་ཀྱི་དགེ་མཚན་དེ་རྒྱལ་ཁབ་བཅོས་སྐྱོང་གི་ཕན་ནུས་སུ་འགྱུར་ཐུབ་པ་བྱ་རྒྱུ།

(གཅིག)ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་སྲིད་གྲོས་ཀྱི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་དམངས་གཙོའི་ཏང་ཤོག་ཁག་དང་། ཚོགས་པ་ཁག མི་རིགས་ཁག རིམ་གྲས་ཁག ལས་རིགས་ཁག་བཅས་ཀྱི་མི་སྣ་ཚུད་པའི་ཀྲུང་གོའི་མི་དམངས་ཡོངས་ཀྱི་ཐུན་མོང་གི་གདམ་ག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོར་གྱུར་པའི་ཁྱད་ཆོས་ཡིན་ལ། མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་དང་ཡར་ཐོན་ཡོང་བའི་རྩ་བའི་འགན་ལེན་ཡང་ཡིན”པའི་མཛུབ་སྟོན་གལ་ཆེན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་དང་། ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་དམ་པོར་བཟུང་སྟེ་ཐོག་མཐའ་བར་གསུམ་དུ་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་འོག་ལས་དོན་སྒྲུབ་དགོས། ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དགོས། ཐོག་མཐའ་བར་གསུམ་དུ་མི་དམངས་སྲིད་གྲོས་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་དང་། མི་དམངས་སྲིད་གྲོས་ཀྱི་ངོ་བོ་དང་ངེས་གནས་མཐའ་འཁྱོངས། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་འགན་འཁྲི་གསར་པ་འཁུར་ཕོད་པ། རང་རྟོགས་ངང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་སྲིད་གྲོས་ལས་དོན་ཧྲིལ་པོའི་ནང་ཁྱབ་པ་བྱེད་པ། ཡོད་ཚད་ཆབ་སྲིད་ཐོག་ནས་བསམ་གཞིགས་དང་སྤྱི་ཡོངས་ཀྱི་འོག་ནས་བྱ་སྤྱོད་སྤེལ་བ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་མཐའ་གཅིག་ཏུ་བྱེད་པ། བོད་ལྗོངས་སྲིད་གྲོས་ལས་དོན་གྱི་ཆབ་སྲིད་ཁ་ཕྱོགས་ཡང་དག་སྟངས་འཛིན་ནན་པོ་བཅས་བྱེད་དགོས། སྙིང་རུས་ལྷོད་མེད་ཀྱིས“སྤྱོད་ཚུལ་བཞི”བཅོས་སྒྲིག་བྱས་ཏེ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་དགོས། ཏང་གིས་སྲིད་གྲོས་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་པའི་ལམ་ལུགས་དང་ལམ་སྲོལ་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས། དུས་བཀག་ལྟར་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ལས་དོན་སྙན་སེང་དང་། རང་འགུལ་ངང་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་སོགས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུ་དང་ལེན་བྱེད་པ། གནད་དོན་གལ་ཆེན་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་དོན་འཁྱོལ་ནན་པོ་བཅས་བྱས་ཏེ་སྲིད་གྲོས་ཀྱིས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་འོག་མཐུན་སྦྱོར་གཅིག་གྱུར་གྱིས་ལས་དོན་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས། སྲིད་གྲོས་ཏང་ཙུའུ་ཡི་ཐད་ཀའི་འགོ་ཁྲིད་འོག ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ཡན་ལག་ཏང་ཙུའུ་སྟོབས་ཆེར་གཏོང་བ་དང་། ཏང་ཀྲི་པུའུ་ཡི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་པ། སྲིད་གྲོས་ཀྱི་ཚང་འཛོམས་ཚོགས་འདུ་འཚོགས་རིང་དང་ཨུ་ཡོན་གྱིས་བརྟག་ཞིབ་དང་གཟིགས་ཞིབ། རྟོག་ཞིབ་སོགས་ཀྱི་འགན་སྒྲུབ་བྱེད་སྒོ་སྤེལ་རིང་གནས་སྐབས་ཏང་ཨུད་དམ་གནས་སྐབས་ཏང་ཀྲི་པུའུ་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ། ཏང་གི་རྩ་འཛུགས་ཀྱིས་ཏང་ཡོན་ཨུ་ཡོན་ཡོངས་ལ་ཁྱབ་པ་དང་། ཏང་གི་ལས་དོན་སྲིད་གྲོས་ཨུ་ཡོན་ཡོངས་ལ་ཁྱབ་པ་བཅས་བྱེད་དགོས། སྲིད་གྲོས་ཀྱི་ལས་ཀའི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཏང་ཨུད་ཀྱིས་སྲིད་གཞུང་དང་སྲིད་གྲོས་དང་མཉམ་དུ་ལོ་འཁོར་གྱི་གྲོས་མོལ་འཆར་གཞིའི་ལམ་ལུགས་བཟོ་འབེབས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་གྲོས་མོལ་གྱི་སྤུས་ཚད་དང་ཕན་འབྲས་ལ་འགན་ལེན་བྱ་རྒྱུ། སྲིད་གཞུང་འགོ་ཁྲིད་ཀྱིས་སྣེ་ཁྲིད་ནས་སྲིད་གྲོས་གྲོས་གཞི་སྒྲུབ་སྐུལ་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་གྲོས་གཞི་གཉེར་སྒྲུབ་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ། རིགས་ཁོངས་ཁག་གི་ཨུ་ཡོན་དང་། ལྷག་པར་དུ་མི་རིགས་ཆོས་ལུགས་རིགས་ཁོངས་ཀྱི་ཨུ་ཡོན་རྣམ་པས་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ཁྲོད་ཀྱི་ནུས་པ་དེ་བས་འདོན་སྤེལ་གང་ལེགས་བྱ་རྒྱུའི་ལམ་ལུགས་བཙུགས་ཏེ། མི་རིགས་ཁག་དང་ལས་རིགས་ཁག་གི་མང་ཚོགས་ཀྱིས་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་ལོག་སྤྱོད་ངོ་བོར་ཐེར་འདོན་དགག་རྒྱག་གཏིང་ཟབ་བྱ་རྒྱུ་མ་ཟད། ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་པར་མཐུན་སྒྲིལ་སྣེ་ཁྲིད་བྱ་རྒྱུ། སྙིང་གཏམ་ཤོད་པ་དང་གླེང་མོལ་བྱེད་པའི་ལམ་ལུགས་དང་། ཨུ་ཡོན་ལ་འཚམས་འདྲི་དང་ལྟ་རྟོག་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། བསམ་འཆར་དང་གྲོས་འགོ་ཉན་ནས་དོ་ཁུར་བྱེད་གནས་ལ་ལན་འདེབས་པ་དང་། ལྟ་ཚུལ་བརྗེ་རེས་བྱེད་པ། བསམ་བློ་སྤེལ་རེས་བྱེད་པ། ངོས་འཛིན་གཅིག་མཐུན་ཡོང་ཤུགས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ། བང་རིམ་མང་པོའི་ཐོག་ནས་ཨུ་ཡོན་ལ་འབྲེལ་གཏུག་བྱེད་པའི་ཞབས་ཞུའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཨུ་ཡོན་གྱི་འགན་སྒྲུབ་ལ་དཔྱད་ཞིབ་གདེང་འཇོག་དང་སྐུལ་ལྕག་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། སྲིད་གྲོས་ཁོངས་གཏོགས་ཆ་འཕྲིན་ཅན་དུ་འཛུགས་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་ཨུ་ཡོན་གྱིས་འགན་ནུས་འཁྲི་སྒྲུབ་བྱ་རྒྱུར་ཁོར་ཡུག་ལེགས་པོ་ཞིག་གཏོད་དགོས། སྲིད་གྲོས་ཀྱི་གསར་འགྱུར་དྲིལ་བསྒྲགས་དང་ཕྱི་ཕྱོགས་དང་སྤེལ་རེས་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་ཚུད་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་མངོན་ཆེའི་ལེགས་ཆ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་དགོངས་དོན་གལ་ཆེན་དང་འཐབ་ཇུས་བཀོད་སྒྲིག་གི་སྐོར་བདེན་ཡོད་སྤོབས་ཆེའི་སྒོ་ནས་རང་གི་ཉེ་འགྲམ་གྱི་མི་དང་། འབྲེལ་གཏུག་བྱ་ཡུལ་རིགས་ཁོངས་ཀྱི་མང་ཚོགས། ཕྱོགས་ཁག་གི་མི་སྣ་བཅས་ལ་གསལ་པོ་ཤོད་རྒྱུ་མ་ཟད། ཀྲུང་གོའི་གསུང་སྒྲ་བརྒྱུད་སྤེལ་ཡག་པོ་བྱས་ཏེ་ཀྲུང་གོའི་གཏམ་རྒྱུད་དང་། བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་དགོས།

(གཉིས)ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་འཐབ་ས་གལ་ཆེན་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱ་རྒྱུ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་དམངས་སྲིད་གྲོས་ནས་ནུས་ལྡན་གྱི་ལས་དོན་སྤེལ་བ་བརྒྱུད། ཏང་གིས་ལས་དོན་ཁག་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པའི་འཐབ་ས་གལ་ཆེན་ཞིག་ཆགས་གང་ཐུབ་བྱ་རྒྱུའི”སྐོར་གྱི་གལ་ཆེའི་མཛུབ་སྟོན་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ། སེམས་ཤུགས་གཅིག་སྒྲིལ་དང་མཐུན་སྒྲིལ་འབད་འབུངས་ཀྱིས་རང་ལྗོངས་ཀྱི་སྲིད་གྲོས་ལས་དོན་ཡག་པོ་བསྒྲུབས་ནས་མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་ཀྱི་ལེགས་ཆ་དེ་མཐའ་སྐྱོང་བོད་བརྟན་གྱི་ཕན་ནུས་ལ་འགྱུར་བ་བྱེད་དགོས། 《ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》དང《དུས་རབས་གསར་པར་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་བསམ་འཆར》 ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་གི《དུས་རབས་གསར་པར་མི་དམངས་སྲིད་གྲོས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག》བཅས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། 《དུས་རབས་གསར་པར་བོད་ལྗོངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་བསམ་འཆར》 ལྗོངས་ཏང་ཨུད་གཞུང་དོན་ཐིང་གི《དུས་རབས་གསར་པར་བོད་ལྗོངས་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ། ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་རྒྱུའི་ཐད་ཤུགས་རྒྱག་དགོས་པ་དང་། དུས་བསྟུན་མདུན་སྐྱོད་མཐའ་འཁྱོངས་དང་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཐད་ཤུགས་རྒྱག་དགོས་པ། ལག་བསྟར་ནན་པོ་བྱེད་པའི་ཐད་ཤུགས་རྒྱག་དགོས་པ། ཕྱོགས་ཡོངས་ནས་གོ་བ་ཡང་དག་ལེན་པ་དང་ཏན་ཏིག་ནུས་ལྡན་ངང་ལག་ལེན་བསྟར་ཐུབ་པ་བྱེད་དགོས། ལས་དོན་ནུས་ལྡན་བསྒྲུབས་པ་བརྒྱུད་སྲིད་གྲོས་ཀྱི་མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག་དང་། མཐུན་པ་མཉམ་བསྡུས་དང་མི་མཐུན་པ་སེལ་ཐབས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། སྤྱི་ཚོགས་ཀྱི་རིམ་གྲས་ཁག་དང་། ཚོགས་པ་ཁག ཁེ་ཕན་ཚོགས་པ་མི་འདྲ་བ་བཅས་ཀྱི་ཞི་མཐུན་ཟབ་ཏུ་གཏོང་བ། ཚད་གཞི་མཐོ་ཤོས་ཀྱི་ཐོག་ནས་མི་སེམས་གཅིག་སྒྲིལ་དང་། བློ་གྲོས་གཅིག་སྒྲིལ། སྟོབས་ཤུགས་གཅིག་སྒྲིལ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་ལས་དོན་ལ་བཏོན་པའི་བླང་བྱ་དོན་འཁྱོལ་དང་། ཕྱོགས་ཁག་གི་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་དགོས། མི་དམངས་སྲིད་གྲོས་ནི་ཏང་གིས་ལས་དོན་ཁག་ལ་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་དང་ཤུགས་སྣོན་རྒྱག་པའི་འཐབ་ས་གལ་ཆེན་ཞིག་ལ་དངོས་འབྲེལ་ཆགས་པར་བྱེད་དགོས། བོད་ལྗོངས་སྲིད་གྲོས་ལས་དོན་གྱི་དམིགས་བསལ་རང་བཞིན་ཁོང་དུ་བརྟན་པོ་ཆུད་པ་བྱས་ཏེ། གོ་རིམ་ལུགས་མཐུན་དང་ལྷུ་ཚིགས་ཆ་ཚང་བའི་གྲོས་མོལ་དམངས་གཙོའི་མ་ལག་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཁྲིམས་འཛུགས་གྲོས་མོལ་དང་། དམངས་གཙོའི་གྲོས་མོལ། སྲིད་ཞུགས་གྲོས་མོལ། སྤྱི་ཚོགས་གྲོས་མོལ་བཅས་གཏིང་ཟབ་སྤེལ་བ། སྲིད་གྲོས་ཀྱི་འཐབ་ས་གལ་ཆེན་བརྒྱུད་མི་རིགས་ཁག་དང་། ཆོས་ལུགས་ཁག རིམ་གྲས་ཁག ཚོགས་པ་ཁག ལས་རིགས་ཁག་བཅས་ཀྱི་མི་སྣའི་བསམ་ཚུལ་འདོན་པ་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པའི་དབང་ཆ་འགན་ལེན་གང་ལེགས་བྱེད་པ། རང་ལྗོངས་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།

(གསུམ)གཞུང་ལུགས་ལ་བརྟེན་ནས་དྲག་ཆས་སྤྲོས་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ལས་སྟེགས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱ་རྒྱུ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་དམངས་སྲིད་གྲོས་ནས་ནུས་པ་ལྡན་པའི་ལས་དོན་སྤེལ་བ་བརྒྱུད། ཏང་གི་གསར་གཏོད་གཞུང་ལུགས་ལ་བརྟེན་ནས་མི་རིགས་ཁག་དང་ལས་རིགས་ཁག་གི་འཐུས་ཚབ་མི་སྣར་མཐུན་སྒྲིལ་དང་སློབ་གསོ་ཁྲིད་སྟོན་བྱེད་པའི་ལས་སྟེགས་གལ་ཆེན་དུ་འགྱུར་གང་ཐུབ་བྱེད་དགོས་པའི”སྐོར་གྱི་གལ་ཆེའི་མཛུབ་སྟོན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཨང་དང་པོར་བརྩིས་ཐོག ཏང་གི་གཞི་རྩའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་སློབ་སྦྱོང་ལག་བསྟར་དང་ཟུང་འབྲེལ་ནུས་ལྡན་དང་གོ་དོན་མཐིལ་རྟོགས་བྱ་རྒྱུ་དང་། ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་རབ་དང་རིམ་པ་སློབ་སྦྱོང་ལག་བསྟར་དང་ཟུང་འབྲེལ་ནུས་ལྡན་དང་གོ་དོན་མཐིལ་རྟོགས་བྱ་རྒྱུ་མ་ཟད། ལྟེ་བའི་སྙིང་དོན་དང་། དགོངས་དོན་གྱི་ངོ་བོ། ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་ཆུད་པ་བྱ་རྒྱུ་དང་། ཕན་ཚུན་དབར་གྱི་ནང་གནས་ཀྱི་འབྲེལ་བ་དང་གཏན་ཚིགས་ཀྱི་འབྲེལ་བ་ཁོང་དུ་ཆུད་པ་བྱས་ཏེ། མུ་མཐུད་གོ་བ་ལོན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་ཀྱི་ཐད་ཤུགས་རྒྱག་རྒྱུ་དང་། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བའི་ཐོག་ནས་བསམ་བློ་ཆབ་སྲིད་ལ་སྣེ་ཁྲིད་བྱེད་པའི་གཞི་རྩའི་ནུས་པ་ཤུགས་ཆེར་ཏན་ཏིག་གཏོང་རྒྱུ། ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་ཁག རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་བཅས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་ནི་ཀྲུང་གོ་མི་དམངས་ཀྱིས“གདེང་ཚོད་བཞི”བརྟན་དུ་གཏོང་བའི་གདིང་ཤུགས་ཀྱི་འབྱུང་རྩ་དང“ཀྲུང་གོའི་བཅོས་སྐྱོང” “ལྡེ་མིག”ཅིག་ཡིན་ལ། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་འཛམ་གླིང་འདིར་མཐོང་དཀོན་པའི་དཔལ་འབྱོར་གོང་འཕེལ་མྱུར་པོ་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་ཡོང་བར་ངོ་མཚར་གཏོད་པའི་འགན་སྲུང་བྱ་ཡུལ་ཞིག་ཀྱང་ཡིན་པར་ངོས་འཛིན་ཟབ་མོ་བྱེད་པ་དང་། མི་དམངས་སྲིད་གྲོས་འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་དང་། ཏང་མང་མཉམ་ལས། ཆབ་སྲིད་གྲོས་མོལ་བཅས་ཀྱི་ལས་ཁུངས་ཤིག་ཡིན་པ་དང་། མི་དམངས་དམངས་གཙོ་མངོན་གྱུར་ཡོང་བའི་རྣམ་པ་གལ་ཆེན་ཞིག་ཡིན་ཞིང་། དེ་ནི་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཤིག་ཡིན་པ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ལམ་ལུགས་ཀྱི་བཀོད་སྒྲིག་ཅིག་ཀྱང་ཡིན་པར་ངོས་འཛིན་ཟབ་མོ་བྱེད་པ། རྒྱལ་ཁབ་ཀྱི་སྤྱི་ཡོངས་འཐབ་ཇུས་ཁྲོད་བོད་ཀྱི་གལ་ཆེའི་གནས་བབ་ལ་ངོས་འཛིན་ཟབ་མོ་བྱེད་པ། ང་ཚོ་དང་ཏཱ་ལའི་རུ་ཚོགས་དབར་གྱི་འཐབ་རྩོད་ཀྱི་ཆོས་ཉིད་རང་བཞིན་དང་ཡུན་རིང་རང་བཞིན། རྣོ་ངར་རང་བཞིན། རྙོག་འཛིང་རང་བཞིན་བཅས་ལ་ངོས་འཛིན་ཟབ་མོ་བྱེད་པ་བཅས་ཀྱི་ཐོག་ནས་བོད་ཀྱི་ལས་དོན་གྱི་ཐོག་མའི་དམིགས་ས་དང་། ཤུགས་རྒྱག་ས། དོན་ལ་བབས་ས་བཅས་ལ་སྟངས་འཛིན་ནན་པོ་བྱ་རྒྱུ་མ་ཟད། འཐབ་ཕྱོགས་གཅིག་གྱུར་གྱི་རྩ་འཛུགས་ནུས་པ་ཤུགས་ཆེར་བཏང་སྟེ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་ཕྱིར་ནུས་ཤུགས་གཅིག་ཏུ་འགྲིལ་རྒྱུ་དང་། མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་དེ་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་ངོ་བོ་དེ་བས་གཏན་འཁེལ་བྱ་རྒྱུར་སྐུལ་སྤེལ་བཏང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་སྔོན་ཐོན་རང་བཞིན་མངོན་པར་བྱ་རྒྱུ། རྒྱལ་ཁབ་བཅོས་སྐྱོང་མ་ལག་ཁྲོད་ཀྱི་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་དམིགས་བསལ་ལེགས་ཆ་གང་ལེགས་མངོན་པར་བྱས་ཏེ། དུས་རབས་གསར་པའི་ཏང་གི་ལོ་རྒྱུས་ཀྱི་འགན་འཁྲི་མངོན་འགྱུར་ཡོང་བར་ངོས་འཛིན་གཅིག་སྒྲིལ་དང་སེམས་ནུས་གཅིག་སྒྲིལ་བྱ་རྒྱུ།

(བཞི)འགན་སྒྲུབ་ཀྱི་ལག་ལེན་གསར་གཏོད་བྱས་ཏེ་ཐབས་ལམ་གལ་ཆེན་གྱི་ནུས་པ་འདོན་སྤེལ་བྱ་རྒྱུ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“མི་དམངས་སྲིད་གྲོས་ནས་ནུས་པ་ལྡན་པའི་ལས་དོན་སྤེལ་བ་བརྒྱུད། ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞིའི་ཐོག་འགལ་ཟླ་སེལ་བ་དང་ངོས་འཛིན་གཅིག་སྒྲིལ་གྱི་ཐབས་ལམ་གལ་ཆེན་ཞིག་ཏུ་འགྱུར་གང་ཐུབ་བྱེད་དགོས་པའི”སྐོར་གྱི་གལ་ཆེའི་མཛུབ་སྟོན་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། མི་དམངས་སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་དང་ཆེད་དོན་གྲོས་མོལ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། ངོས་འཛིན་གཅིག་སྒྲིལ་མངོན་གསལ་དོད་དུ་གཏོང་དགོས། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་མཐའ་འཁྱོངས་བྱ་རྒྱུ་དང་སྦྲགས། ངོས་འཛིན་གཅིག་སྒྲིལ་བྱ་རྒྱུ་དེ་སྲིད་གྲོས་ཀྱི་འགན་ནུས་གལ་ཆེན་ལ་བརྩི་རྒྱུ་མ་ཟད། ཆས་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཁག་གི་ཐད་ལ་ཁྱབ་ཐུབ་པ་བྱ་རྒྱུ་དང་། གཟིགས་ཞིབ་རྟོག་ཞིབ་དང་། བརྟག་དཔྱད་ཞིབ་འཇུག གྲོས་མོལ་འགན་སྒྲུབ་བཅས་ཀྱི་བྱེད་སྒོའི་ཁྲོད་མཉམ་འདྲེས་ཐུབ་པ་བྱས་ཏེ་བྱ་ཐབས་ཀྱི་གཞི་རྟེན་གསར་གཏོད་བྱ་རྒྱུ་དང་། ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམིགས་ནས། སྲིད་སྐྱོང་ཇུས་འདོན་དང་ངོས་འཛིན་གཅིག་སྒྲིལ་བྱ་རྒྱུ་ཕྱོགས་གཉིས་ནས་ཤུགས་རྒྱག་རྒྱུ་དང་། སྐུལ་སློང་བྱེད་ཐུབ་པའི་མཐུན་རྐྱེན་མཐའ་དག་སྐུལ་སློང་བྱས་ཏེ། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་དང་རྒྱ་ཁྱབ་ངང་ངོས་འཛིན་གཅིག་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་མཐུན་སྒྲིལ་ཆེ་མོ་དང་མཉམ་འབྲེལ་ཆེ་མོའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་རྒྱུ། གྲོས་མོལ་གྱི་ངེས་གནས་ཁོང་དུ་ཆུད་པ་བྱེད་དགོས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་ལས་དོན་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱེད་པ་དང་། དུས་རབས་གསར་པའི་སྲིད་གྲོས་ནི“གང་འདྲ་ཞིག་ཡིན་པ”དང་“ཅི་ཞིག་བྱེད་དགོས་པ” “ཇི་ལྟར་བྱེད་དགོས་པ”བཅས་ལ་ངོས་འཛིན་ཟབ་མོ་བྱས་ནས་ཆེད་དོན་རྩ་འཛུགས་མ་ལག་དང་། ཆེད་ལས་གྲོས་མོལ་བྱེད་མཁན། ཆེད་དོན་གྲོས་མོལ་ལས་སྟེགས། ཆེད་དོན་ལམ་སྲོལ་གོ་རིམ་སོགས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུ་མ་ཟད། སྲིད་གྲོས་ལས་དོན་ཁྲོད་ཀྱི་ཆེད་དོན་ཨུ་ཡོན་ལྷན་ཁང་གི་རྨང་གཞིའི་ནུས་པ་འདོན་སྤེལ་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས“ཆེད་དོན”གྱི་ཁྱད་ཆོས་མངོན་པ་དང་“ཆེད་དོན”གྱི་སྤུས་ཚད་ཐོན་པ། “ཆེད་དོན”གྱི་ཆུ་ཚད་ལྡན་པ་བཅས་ཡོང་བ་བྱ་རྒྱུ། གྲོས་མོལ་གྱི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་གོང་འཕེལ་ནི་དོན་ཆེན་ཨང་དང་པོ་དང་། དམངས་འཚོ་ནི་ཁྲིད་ཕྱོགས་ཨང་དང་པོ། བརྟན་ལྷིང་ནི་འགན་འཁྲི་ཨང་དང་པོ། སྐྱེ་ཁམས་ནི་དམར་ཐིག་ཨང་དང་པོ་བཅས་ཡིན་པར་དམིགས་ནས་གྲོས་མོལ་གྱི་ནང་དོན་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོས་མོལ་གྱི་རིག་གནས་སྐྱེད་སྲིང་བྱེད་པ། གྲོས་མོལ་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱ་རྒྱུ། གྲོས་མོལ་བྱེད་སྟངས་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དང་། གྲོས་མོལ་བྱེད་ཐེངས་མང་དུ་གཏོང་རྒྱུ་མ་ཟད། ཚང་འཛོམས་གྲོས་ཚོགས་ཀྱིས་གཙོ་ཁྲིད་བྱེད་པ་དང་། ཆེད་དོན་སྲིད་གླེང་རང་བཞིན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་དང་ཟླ་གཉིས་རེའི་གྲོས་མོལ་ཚོགས་འདུ། ཆེད་དོན་གྲོས་མོལ་ཚོགས་འདུ། གྲོས་མོལ་བཞུགས་མོལ་ཚོགས་འདུ་བཅས་ཀྱིས་གཙོ་གནད་བྱས་པའི་གྲོས་མོལ་སྲིད་གླེང་གི་རྣམ་པ་འཐུས་སྒོ་ཚང་དུ་བཏང་ནས། དེ་བས་སྟབས་བསྟུན་དང་རྒྱུན་གཏན་གྱི་ཆེད་དོན་གྲོས་མོལ་དང་། ཁ་གཏད་གྲོས་མོལ། རིགས་ཁོངས་གྲོས་མོལ། གྲོས་གཞི་གཉེར་སྒྲུབ་ཀྱི་གྲོས་མོལ་བཅས་བྱ་རྒྱུ།

ཨུ་ཡོན་རྣམ་པ། སྲིད་གྲོས་ཨུ་ཡོན་ནི་སྲིད་གྲོས་ལས་དོན་གྱི་གཙོ་རྐང་ཡིན། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རྒྱལ་ཁབ་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པ་དང་མི་དམངས་ཀྱི་ཆེད་དུ་འགན་འཁྲི་སྒྲུབ་པའི་བརྩེ་སེམས་མཐའ་འཁྱོངས་བྱས་ནས་བྱ་གཞག་སེམས་ལ་འཇོག་པ་དང་། འགན་འཁྲི་ཕྲག་ཏུ་འཁུར་དགོས་པའི”བསླབ་བྱ་ཡང་ཡང་གནང་བར་སློབ་སྦྱོང་དང་གོ་བ་ཟབ་མོ་ལོན་ཐུབ་པ་བྱ་རྒྱུ་མ་ཟད། རང་འཁྲིའི་ལས་དོན་ཡག་པོ་སྒྲུབ་པའི་བྱ་སྤྱོད་དངོས་ཀྱིས“སྲུང་སྐྱོང་གཉིས”ཐུབ་པ་བྱ་རྒྱུ་ལག་ལེན་གྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་གོང་འཕེལ་གྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་དང་། སེམས་ཐག་གཙང་བཅད་ཀྱིས་ཏང་དང་མི་དམངས་ཀྱི་ཕྱོགས་སུ་མཐའ་གཅིག་ཏུ་ལངས་ཏེ་མེས་རྒྱལ་གོང་བུ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན། ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་སོགས་ཀྱི་རྩ་དོན་གལ་ཆེན་གྱི་གནད་དོན་ཐད་ལངས་ཕྱོགས་བརྟན་པོ་དང་སྐད་ཆ་ཤོད་ཕོད་པ་བྱ་རྒྱུ་མ་ཟད། འགག་རྩའི་དུས་སུ་བློས་འཁེལ་བ་དང་། དོན་ཕོད་པ། ནུས་པ་ཐོན་པ་བཅས་བྱ་རྒྱུ། འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་སྟེ། སྲིད་གྲོས་ཨུ་ཡོན་གྱི་མཚན་སྙན་ལ་གཅེས་འཛིན་བྱ་རྒྱུ་མ་ཟད། མི་དམངས་སྲིད་གྲོས་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་འདུ་ཤེས་ཟབ་ཏུ་བཏང་ནས་རང་རྟོགས་ངང་སེམས་ནུས་གཅིག་སྒྲིལ་དང་། ཐབས་ཇུས་བློ་འདྲི། གྲོས་མོལ་དམངས་གཙོ། སྤྱི་ཚོགས་བཅོས་སྐྱོང་བཅས་ཀྱི་འཐབ་ས་དང་པོའི་ལག་ལེན་དངོས་ལ་ཞུགས་ཐུབ་པ་བྱ་རྒྱུ་དང་། རང་རྟོགས་ངང་ཏང་གི་སྲིད་ཇུས་དྲིལ་བསྒྲགས་པ་དང་། མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་བ། སྤྱི་ཚོགས་ཞི་མཐུན་གྱི་སྐུལ་འདེད་པ་བཅས་བྱེད་དགོས། ཏང་ཡོན་ཨུ་ཡོན་གྱིས་ཏང་གི་འཐབ་ཕྱོགས་གཅིག་གྱུར་ལས་དོན་དང་མང་ཚོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་པའི་འགན་འཁྲི་དང་འགན་སེམས་ཤུགས་ཆེར་བཏང་ནས་ཨུ་ཡོན་གྱི་ཆབ་སྲིད་སྣེ་ཁྲིད་དང་དམངས་གཙོ་དར་སྤེལ། ངོས་འཛིན་གཅིག་སྒྲིལ། མཉམ་ལས་མཉམ་སྒྲུབ། སྤྱོད་གཙང་སྤྱི་གཞོལ་སོགས་ཐད་ཀྱི་མིག་དཔེའི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས། བསྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་ལ་བརྟེན་ནས་དུས་བསྟུན་མདུན་སྐྱོད་དང་འཚོལ་ཞིབ་ལག་ལེན་བྱས་ཏེ། ཆབ་སྲིད་ཁོང་དུ་ཆུད་ནུས་དང་བརྟག་དཔྱད་ཞིབ་འཇུག་བྱེད་ནུས། མང་ཚོགས་དང་འབྲེལ་བ་བྱེད་ནུས། མཉམ་ལས་མཉམ་སྒྲུབ་བྱེད་ནུས་བཅས་ཤུགས་ཆེར་གཏོང་གང་ཐུབ་བྱེད་དགོས། རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ། “སྲིད་གྲོས་ལ་རྒྱུས་མངའ་ཡོད་པ་དང་། གྲོས་མོལ་བྱེད་ཤེས་པ། སྲིད་གླེང་བྱེད་མཁས་པ། སྒྲིག་ཁྲིམས་སྲུང་བ། སྒྲིག་སྲོལ་ལ་སྣང་ཆེན་བྱེད་པ། ཀུན་སྤྱོད་གཙོ་བོར་འཛིན་པ”བཅས་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་མ་ཟད། སློབ་སྦྱོང་ལ་སྣང་ཆེན་དང་། བྱང་ཚད་མཐོར་གཏོང་། འཇོན་ཐང་ཆེར་གཏོང་། སྤྱོད་ཚུལ་ལེགས་གཏོང་། མཚན་སྙན་གཏོད་པ་བཅས་བྱ་རྒྱུ།

ཨུ་ཡོན་རྣམ་པ། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལང་སྐབས། བོད་ལྗོངས་སྲིད་གྲོས་ཀྱི་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡིན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། སྲིད་གྲོས་ཏང་ཙུའི་ཐད་ཀའི་འགོ་ཁྲིད་འོག དགོངས་པ་གསར་པ་དང་གཞུང་ལུགས་གསར་པ་སློབ་སྦྱོང་དང་ལག་ལེན་བྱེད་པ་དང་། བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ལག་བསྟར་དོན་འཁྱོལ་བྱས་ནས་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ཤིང་། ལམ་བཤངས་གསར་གཏོད་དང་ཞུན་བརྡར་མདུན་སྐྱོད་བྱ་རྒྱུ་མ་ཟད། ཆེད་དོན་གྲོས་མོལ་ལས་ཁུངས་འཛུགས་སྐྱོང་ཡག་པོ་བྱ་རྒྱུ་དང་། མི་དམངས་སྲིད་གྲོས་ཆབ་སྲིད་ཀྱི་རྩ་འཛུགས་དང་དམངས་གཙོའི་མཚོན་ཚུལ་ཡིན་པའི་ཕན་ནུས་འདོན་སྤེལ་གང་ལེགས་བྱས་ཏེ་དུས་རབས་གསར་པའི་བོད་ལྗོངས་སྲིད་གྲོས་བྱ་གཞག་གི་རྣམ་པ་གསར་པ་གང་ཐུབ་གཏོད་ཐོག སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་ཡག་པོ་རྩོམ་ཕྱིར་འབད་འཐབ་ལྷོད་མེད་བྱེད་དགོས།

ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། 

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།