ཀྲུང་གོ་བོད་ཀྱི་དྲ་བ།

དཔེ་བཟང་དགོན་སྡེ་དང་ཕུལ་བྱུང་གྲྭ་བཙུན་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-12-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གུང་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིལྗོངས་ཡོངས་ཀྱི“ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོའི་དགོན་སྡེ་དོ་དམ་གྱི་ཕུལ་བྱུང་ལས་བྱེད་པ་དང་། ཕུལ་བྱུང་རྩ་འཛུགས་ཚན་པ། སྔོན་ཐོན་མཉམ་སྡེབ་དང་སྔོན་ཐོན་ལས་དོན་པ།དཔེ་བཟང་དགོན་སྡེ་དང་ཕུལ་བྱུང་གྲྭ་བཙུན་བཅས་ལ་གཟེངས་བསྟོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས།(2019ལོའི་ཟླ་12ཚེས་23ཉིན)

ད་ལོའི་ཚུན་དུ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཆོས་ལུགས་ལས་རིགས་མི་སྣས“ཆབ་སྲིད་ཐད་བློས་འཁེལ་བ་དང་། ཆོས་ལུགས་ཐད་ཐོས་བསམ་ཟབ་པ། སྤྱོད་ལམ་ཐད་དམངས་མགུ་བ། འགག་རྩའི་དུས་ནུས་པ་ཐོན་པ”བཅས་བྱེད་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་གལ་ཆེན་འདི་སློབ་སྦྱོང་དང་། ལག་བསྟར། དོན་འཁྱོལ་བྱེད་པར་དམ་པོར་དམིགས་པ། “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ་ཆོས་ལུགས་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་བྱས་ཡོད། ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགོན་སྡེའི་གྲྭ་བཙུན་གྱིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྣེ་ཁྲིད་དུ་བྱེད་པ་དང་། བོད་བརྒྱུད་ནང་བསྟན་གྱི་རྒྱལ་གཅེས་ཆོས་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་བ། “ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི”སློབ་གསོ་ལག་ལེན་བྱེད་སྒོའི་ནང་རང་འགུལ་ངང་ཞུགས་པ། “མོས་སེམས་ལྔ”རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ། “ཚད་གཞི་བཞི”དང་རང་འགུལ་ངང་ཡང་ཡང་བསྡུར་བ། དར་ཆ་གསལ་སྟོན་དང་ལངས་ཕྱོགས་བརྟན་པ་དང་། སྒོམ་སྒྲུབ་ལ་རྩེ་གཅིག་ཏུ་གཞོལ་བ། སྒྲིག་བཀུར་ཁྲིམས་སྲུང་དང་སྤྱོད་ལམ་བཟང་བ།  བྱ་སྤྱོད་ཧུར་ཐག་སྤེལ་བ་དང་ནུས་པ་འདོན་པ་བཅས་ཀྱི་གྲྭ་བཙུན་ཧུར་ཐག་བཅས་བྱས་པས་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རིང་དཔེ་བཟང་དགོན་སྡེ་དང་ཕུལ་བྱུང་གྲྭ་བཙུན་ཧ་ཅང་མང་པོ་ཐོན་ཡོད།

སྔོན་ཐོན་ལ་གཟེངས་བསྟོད་དང་། དཔེ་མཚོན་གཏོད་པ། སྲོལ་བཟང་དར་སྤེལ་གཏོང་བ་བཅས་ཀྱི་ཆེད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་འབྲས་སྤུངས་དགོན་སོགས་དགོན་སྡེ་49ལ“ལྗོངས་ཡོངས་ཀྱི‘ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི’སློབ་གསོ་ལག་ལེན་བྱེད་སྒོའི་དཔེ་བཟང་དགོན་སྡེའི”གཟི་བརྗིད་མཚན་སྙན་སྤྲོད་རྒྱུ་དང་། བསྟན་འཛིན་སྐལ་བཟང་སོགས་གྲྭ་བཙུན་4130ལ“ལྗོངས་ཡོངས་ཀྱི‘ཚད་གཞི་བཞིར་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ཧུར་ཐག་བྱེད་པའི’སློབ་གསོ་ལག་ལེན་བྱེད་སྒོའི་ཕུལ་བྱུང་གྲྭ་བཙུན”གྱི་གཟི་བརྗིད་མཚན་སྙན་སྤྲོད་རྒྱུའི་གཏན་འབེབས་བྱས་ཡོད། གཟེངས་བསྟོད་ཐོབ་པའི་དཔེ་བཟང་དགོན་སྡེ་དང་ཕུལ་བྱུང་གྲྭ་བཙུན་གྱིས་མཚན་སྙན་ལ་གཅེས་སྤྲས་དང་ཡང་འབད་བསྐྱར་འབད་བྱས་ཏེ་མིག་དཔེ་འདོན་རྒྱུའི་རེ་བ་ཡོད།

རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས། ལྗོངས་ཡོངས་ཀྱི་དགོན་སྡེ་དང་རྒྱ་ཆེའི་གྲྭ་བཙུན་གྱིས་གཟེངས་བསྟོད་ཐོབ་པའི་དཔེ་བཟང་དགོན་སྡེ་དང་ཕུལ་བྱུང་གྲྭ་བཙུན་མིག་དཔེར་བཟུང་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། སྲོག་ཤིང་ལ་མཐའ་གཅིག་ཏུ་གོང་བཀུར་དང་། ཡིད་ཆེས། ལྷག་བསམ་རྣམ་དག སྲུང་སྐྱོབ་བཅས་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅིས་བཏོན་གནང་བའི“ཚད་གཞི་བཞིའི”བླང་བྱ་གལ་ཆེན་ལག་ལེན་ནན་ཏན་བསྟར་བ། ཆོས་ལུགས་ལས་དོན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པ། ཆོས་ལུགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་བྱེད་པ། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། “རྒྱལ་གཅེས་ཆོས་གཅེས་དང་། མཐུན་སྒྲིལ་ཡར་ཐོན། རྒྱལ་སྐྱོང་འགྲོ་ཕན”བཅས་རང་འཁྲིའི་ལས་འགན་ལ་བརྩི་བ། མེས་རྒྱལ་ལ་དགའ་ཞེན་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། སྒྲིག་བཀུར་སྡོམ་སྲུང་དང་སྤྱོད་ལམ་ཚད་ལྡན་ཡོང་བ་བྱེད་པ། སྡིག་སྤོང་དགེ་སྒྲུབ་དང་ཐོས་བསམ་ཟབ་ཏུ་གཏོང་བ། རང་འགུལ་ངང་མེས་རྒྱས་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་བྱེད་པ། རང་རྟོགས་ངང་ཆོས་ལུགས་འཆམ་མཐུན་སྲུང་སྐྱོང་བྱེད་པ། ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཆབ་སྲིད་ཐད་བློ་སེམས་གཅིག་མཐུན་དང་། དམིགས་ཚད་ཐད་བློ་ཁ་གཅིག་མཐུན། བྱ་སྤྱོད་ཐད་བསམ་སྦྱོར་གཅིག་མཐུན་བཅས་ཡོང་བ་བྱེད་པ། “མོས་སེམས་ལྔ”རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། རང་འགུལ་ངང་དུས་བབ་གསར་པ་དང་ལས་འགན་གསར་པ་དང་འཚམ་པར་བྱེད་པ། བྱ་སྤྱོད་ཧུར་ཐག་སྤེལ་བ་དང་ནུས་པ་འདོན་སྤེལ་བྱེད་པ། དུས་རབས་གསར་པའི་སྤྱི་དམངས་ཡག་པོ་དང་མི་རྣམས་ཀྱི་བརྩི་འཇོག་ཐོབ་པའི་ཆོས་ལུགས་མི་སྣ་ཧུར་ཐག་བྱེད་པ། བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ནས་བོད་ལྗོངས་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཡོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་འབོད་སྐུལ་བྱ་རྒྱུ་ཡིན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།