ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་གསར་གཏོད་ལས་གཏོད་སྤུས་ཚད་མཐོན་པོའི་ངང་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་དང“གཉིས་གཏོད”རིམ་འཕར་ཅན་སྐྲུན་པའི་སྐོར་གྱི་ལག་བསྟར་བསམ་འཆར།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2019-12-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་གསར་གཏོད་ལས་གཏོད་སྤུས་ཚད་མཐོན་པོའི་ངང་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་དང“གཉིས་གཏོད”རིམ་འཕར་ཅན་སྐྲུན་པའི་སྐོར་གྱི་ལག་བསྟར་བསམ་འཆར།

མཚོ་སྲིད〔2019〕ཨང28བ།

གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་དང་། ཞིང་ཆེན་སྲིད་གཞུང་གི་ཨུ་ཡོན་ལྷན་ཁང་དང་གཞུང་ལས་ཁང་། ཐིན། ཅུས་སོ་སོ་བཅས་ལ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་གཏོད་ལས་གཏོད་སྤུས་ཚད་མཐོན་པོའི་ངང་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་དང“གཉིས་གཏོད”རིམ་འཕར་ཅན་སྐྲུན་པའི་སྐོར་གྱི་བསམ་འཆར (རྒྱལ་སྤེལ[2018]ཨང32པ)གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། རང་རེའི་ཞིང་ཆེན་གྱི་དོན་དངོས་དང་སྦྲེལ་ཏེ་གསར་གཏོད་ལས་གཏོད་སྤུས་ཚད་མཐོན་པོའི་ངང་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་དང་། “གཉིས་གཏོད”རིམ་འཕར་ཅན་བསྐྲུན་པར་གཞིགས་ནས་ལག་བསྟར་བསམ་འཆར་བཏོན་པ་གཤམ་གསལ་ལྟར།

གཅིག སྤྱིའི་བླང་བྱ།

ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པ། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བ་དང་ལྔ་བ་བཅས་ཀྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་རྒྱུན་འཁྱོངས་དང་འདོན་སྤྲོད་ཕྱོགས་ཀྱི་སྒྲིག་གཞི་རང་བཞིན་གྱི་བཅོས་སྒྱུར་དེ་བྱེད་ཕྱོགས་གཙོ་བོ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཐོག “ལྔ་བཞིའི་འཐབ་ཇུས”དང“སྔོན་འགྲོ་གཅིག་སྤུས་ལེགས་གཉིས”ཀྱི་འཐབ་ཇུས་ཀྱི་དགོས་མཁོར་དམིགས་ནས་གསར་གཏོད་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་ཟབ་མོ་བྱེད་པ་དང་། “གློད་སྡོམ་ཞབས་གསུམ” མུ་མཐུད་དུ་བཅོས་སྒྱུར་ཟབ་མོ་བྱེད་ཅིང་། གསར་གཏོད་ལས་གཏོད་ཀྱི་མ་གནས་ཇེ་དམའ་རུ་ཚད་མཐོན་པོ་གཏོང་བ་དང་ཚན་རྩལ་གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་བཏང་ཐོག འདེགས་སྐྱོར་སྟེགས་བུའི་ཞབས་ཕྱིའི་ནུས་པ་ཇེ་ཆེར་བཏང་ནས། དྲ་ཐོག་དྲ་ཕྱི་ཟུང་འབྲེལ་དང་ཐོན་སློབ་ཞིབ་སྤྱོད་མཉམ་འབྲེལ། ཁེ་ལས་ཆེ་འབྲིང་ཆུང་གསུམ་མཉམ་འདྲེས་ཀྱི་གསར་གཏོད་ལས་གཏོད་ཀྱི་རྣམ་པ་ཆགས་པར་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་བ་གང་མགྱོགས་སྒོས་གསོ་སྐྱོང་དང་། ལས་ཞུགས་དེ་བས་མང་བ་དང་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བར་འགན་སྲུང་བརྟན་པོ་འདོན་སྤྲོད་བྱ་དགོས། “གཉིས་གཏོད”རིམ་འཕར་ཅན་བསྐྲུན་པ་བརྒྱུད་དེ་གསར་གཏོད་ལས་གཏོད་ཀྱི་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏོང་བ་དང་། གསར་གཏོད་ལས་གཏོད་ཀྱི་བྱེད་པོ་སྔར་ལས་སྣ་མང་དུ་འགྲོ་བ། མཐོ་གསར་ལག་རྩལ་ལྡན་པའི་ཁེ་ལས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་ཅིང་། དཔལ་འབྱོར་གཡུལ་ས་གཙོ་བོར་ཁ་ཕྱོགས་པའི་ཁེ་ལས་སྐས་རིམ་བཞིན་སྐྱེད་སྲིང་བྱེད་པའི་རྣམ་པ་གཞི་རྩའི་ཆ་ནས་ཆགས་སུ་འཇུག་དགོས། ཚན་རྩལ་གྲུབ་འབྲས་མྱུར་བར་གཞན་སྒྱུར་གཏོང་བ་དང་ཐོན་སློབ་ཞིབ་སྤྱོད་སྔར་ལས་མཐུན་སྦྱོར་ཡོང་བ། རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་ལག་རྩལ་ཞིབ་འཇུག་གཉིས་འབྲེལ་མཐུད་དམ་པོ་བྱས་ནས་གསར་གཏོད་རང་བཞིན་གྱི་ལས་གཏོད་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་གཏང་དགོས། ཁེ་ལས་རྒྱུན་འཁོར་འཕེལ་རྒྱས་ཀྱི་རྐྱེན་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། ཁེ་ལས་ཆེན་པོས་སྣེ་ཁྲིད་ཅིང་ཁེ་ལས་ཆུང་འབྲིང་གིས་རྗེས་བསྙེགས་པའི་གསར་གཏོད་ལས་གཏོད་ཀྱི་རིན་ཐང་འབྲེལ་ཐག་གཞི་རྩའི་ཆ་ནས་ཆགས་སུ་འཇུག་པ་དང། ཐོན་ལས་ཀྱི་སྒྲིག་གཞི་བསྟུད་མར་ལེགས་སྒྱུར་རིམ་སྤར་བྱ་དགོས། གསར་གཏོད་ལས་གཏོད་ཀྱི་འབྲེལ་ཐག་ཧྲིལ་བོའི་ཞབས་ཕྱིའི་མ་ལག་སྔར་ལས་འཐུས་ཚང་དུ་བཏང་ནས། ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་གསར་གཏོད་ལས་གཏོད་ཀྱི་དཔེ་སྟོན་རྟེན་གཞི་སྐོར་ཅིག་དང་འདྲ་བཟོ་དང་ཁྱབ་བརྡལ་གཏང་ཆོག་པའི་འཕེལ་རྒྱས་གཏོང་སྟངས་ཆགས་པར་བྱས་ནས། གསར་གཏོད་ལས་གཏོད་ཀྱི་བཙན་ས་དུ་མ་བསྐྲུན་དགོས།

གཉིས། གསར་གཏོད་ལས་གཏོད་ཀྱི་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏང་དགོས།

(གཅིག)སྟབས་བདེའི་ངང་འཇུག་འཐུས་ཀྱི་ཁོར་ཡུག་ཡངས་པོ་བསྐྲུན་དགོས། ཁེ་ལས་གཉེར་བར་སྔར་ལས་སྟབས་ཇེ་བདེར་གཏོང་བ་དང་། ཁེ་ལས་ཀྱི་ཐོ་ཁོངས་སྲུབ་བདེ་བར་ཁྱོན་ཡོངས་ནས་བཅོས་སྒྱུར་བྱེད་ཅིང་། བཟོ་ལས་ཐོན་རྫས་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་གྱི་ལམ་ལུགས་བཅོས་སྒྱུར་བྱེད་པར་སྐུལ་འདེད་གཏང་དགོས། སྡོད་ཁང་བཟོ་སྐྲུན་དང་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་སོགས་ལས་གྲྭ་འཛུགས་སྐྲུན་ལས་གཞི་ལ་སྲིད་གཞུང་གིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་ས་ཆུ་སྲུང་འཛིན་དང་། ཁོར་ཡུག་ལ་ཤུགས་རྐྱེན་བཟོ་མིན། ནུས་ཁུངས་གྲོན་ཆུང་སོགས་ལ་གཅིག་གྱུར་གྱི་ས་ཁོངས་སུ་དཔྱད་དཔོག་བྱ་དགོས། ཚོང་ར་གཅིག་གྱུར་དང་དྲང་གཞག་སྒོས་འགྲན་རྩོད་ལ་འགལ་རྐྱེན་བཟོ་བའི་གཏན་ཕབ་དང་སྒྲུབ་ཐབས་གཙང་སེལ་བྱ་དགོས། ཚོང་རར་འཇུག་འཐུས་ཀྱི་ལྡོག་ཕྱོགས་ཞིབ་ཐོ་གང་མགྱོགས་ཀྱིས་ཁྱབ་བསྒྲགས་བྱས་ནས་འགུལ་རྣམ་ལྟར་དོ་དམ་བྱ་དགོས། སྲིད་འཛིན་དོན་ལས་རང་བཞིན་གྱི་གྲོན་དངུལ་དང་བདག་གཉེར་ཞབས་ཕྱིའི་རང་བཞིན་གྱི་གྲོན་དངུལ་སྡུད་ཚད་སྔར་ལས་ལེགས་སྒྲིག་བྱེད་པའམ་མེད་པར་བཟོ་བ་དང་། ཚོང་རར་ཞུགས་འཐུས་ཀྱི་ལམ་ལུགས་རང་བཞིན་གྱི་མ་གནས་བསྟུད་མར་ཇེ་དམའ་རུ་གཏང་དགོས། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་ཐོག ཁེ་ལས་འཛུགས་པའི་ཐོ་འགོད་རེ་ཞུ་དང་ལེན་བྱེད་པ་ནས་ལས་གཉེར་ལག་ཁྱེར་སྟེར་བའི་དུས་ཡུན་བྱ་བའི་ཉིན5རུ་སྐུམ་པ་དང་། ཁེར་གཉེར་བཟོ་ཚོང་ཁྱིམ་ཚང་ལ་ཉིན1གི་ནང་དུ་ཐོ་འགོད་བྱས་ནས་ལག་ཁྱེར་སྟེར་དགོས།(ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན། ཞིང་ཆེན་ཆུ་བེད་ཐིན། ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུས་སོགས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(གཉིས)ཞབས་ཕྱི་ལེགས་སྒྱུར་བྱས་ནས་གསར་གཏོད་ལས་གཏོད་ལ་སྟབས་བདེ་བསྐྲུན་དགོས། “དྲ་སྦྲེལ+སྲིད་དོན་ཞབས་ཕྱིའི”མ་ལག་འཐུས་ཚང་དུ་བཙུགས་ནས། གཞི་གྲངས་ཀྱི་བཀག་རྒྱ་སེལ་བ་དང་སྡེ་ཁག་གི་གཞི་གྲངས་མཛོད་ཧུར་པོར་གཏོང་བ། ལས་སྟེགས་བསྡུ་སྒྲིལ་དང་བེད་སྤྱོད་ལ་སྐུལ་འདེད་བཏང་ནས་སྲིད་དོན་ཆ་འཕྲིན་སྡེ་ཁག་ལས་བརྒལ་བ་དང་རིམ་པ་བརྒལ་བ། ས་ཁོངས་བརྒལ་བའི་སྒོ་ནས་ཕན་ཚུན་ངོས་འཛིན་དང་མཉམ་སྤྱོད་བྱེད་པར་འདེགས་སྐྱོར་བྱ་དགོས།“དྲ་སྦྲེལ+”ཡི་གསར་གཏོད་ལས་གཏོད་ཀྱི་ལས་སྟེགས་འཛུགས་པར་རྒྱབ་སྐྱོར་དང་། གྲོང་ཁྱེར་དང་རྫོང་རིམ་པར་གསར་གཏོད་ལས་གཏོད་ཀྱི་ཞབས་ཕྱིའི་དྲ་བ་བཙུགས་ཏེ། ཆ་འཕྲིན་མཉམ་སྤྱོད་ལ་ཤུགས་སྣོན་དང་ཞབས་ཕྱིའི་ལས་རིམ་ལེགས་སྒྱུར་བྱས་ནས་གསར་གཏོད་ལས་གཏོད་ཀྱི་ནུས་ཕྱོད་ཇེ་མཐོར་གཏང་དགོས། ལས་ཞུགས་ཀྱི་རྣམ་པ་གསར་བར་འཚམ་པའི་ལས་བཀོལ་དང་སྤྱི་ཚོགས་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང“དྲ་ཐོག་སྤྱི་ཚོགས་འགན་བཅོལ”མགྱོགས་མྱུར་ངང་བསྐྲུན་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་ཕན་འབྲས་དམའ་བའི་ས་ཞིང་ཡང་བསྐྱར་གསར་སྤེལ་བྱེད་པར་སྐུལ་འདེད་ཟབ་མོ་གཏོང་བ་དང་། འཛུགས་སྐྲུན་ལ་མཁོ་བའི་ས་ཞིང“སྣོན་ཉར་འབྲེལ་མཐུད”རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། བསགས་ཡོད་པ་དང་བེད་མེད་དུ་བསྐྱུར་བའི་ས་ཞིང་ཧུར་པོར་བཏང་སྟེ་གསར་གཏོད་ལས་གཏོད་ཐད་ལ་སྤྱད་དགོས། (ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་སྲིད་དོན་ཞབས་ཕྱི་ལྟ་སྐུལ་དོ་དམ་ཅུས་བཅས་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་གིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(གསུམ) སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་པར་ཤུགས་བསྣན་དགོས། ཡིད་རྟོན་ཁས་ལེན་དང་ཆ་འཕྲིན་གསལ་བསྒྲགས། ཡིད་རྟོན་རིམ་དགར་རིགས་དགར། ཡིད་རྟོན་མཉམ་འབྲེལ་གྱིས་ཆད་གཅོད་དམ་གཟེངས་བསྟོད་སོགས་ལས་རིམ་ཧྲིལ་བོའི་ཡིད་རྟོན་ལྟ་སྐུལ་དོ་དམ་རྐྱེན་སྲོལ་གཟུགས་དགོས། ཡིད་རྟོན་འདྲི་རྟོག་ལས་ཁུངས་ཕྱོགས་གསུམ་པ་ལས་གཏོད་དངུལ་འཇོག་ལས་རིགས་ཀྱི་ཡིད་རྟོན་འཛུགས་སྐྱོང་དང་དོ་དམ་ཁྲོད་ཞུགས་པར་སྐུལ་བསྟོད་བྱེད་པ་དང་། ལས་གཏོད་དངུལ་འཇོག་ཁེ་ལས་དང་ལས་གཏོད་དངུལ་འཇོག་དོ་དམ་ཁེ་ལས། དེ་དག་གི་ལས་ཞུགས་མི་སྣའི་ཡིད་རྟོན་ཟིན་ཐོ་འཐུས་ཚང་དུ་བཙུགས་ནས། ལས་གཏོད་དངུལ་འཇོག་ཁྱབ་ཁོངས་ཀྱི་ཡིད་རྟོན་ཆ་འཕྲིན་དེ་རྒྱལ་ཡོངས་ཀྱི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་ལས་སྟེགས་སུ་འཇུག་པར་སྐུལ་འདེད་དང་། ལས་གཏོད་དངུལ་འཇོག་ཁྱབ་ཁོངས་ཀྱི་ཡིད་རྟོན་སྲུང་ན་ཕན་པ་དང་འགལ་ན་ཆད་པ་ཕོག་པའི་ལམ་ལུགས་མགྱོགས་མྱུར་ངང་གཟུགས་དགོས། (ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ས་གནས་དངུལ་ལོར་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་དངུལ་འཛིན་ལྟ་སྐུལ་དོ་དམ་ཅུས་སོགས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

གསུམ། གསར་གཏོད་ལས་གཏོད་ཀྱི་སྒུལ་ཤུགས་སྔར་ལས་སྐུལ་སྤེལ་བྱ་དགོས།

(བཞི)ཁྲལ་བསྡུ་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱ་དགོས། ཞིང་ཆེན་རིམ་པ་ཡན་གྱི་ཚན་རྩལ་ཁེ་ལས་གསོ་སྐྱོང་བྱེད་པོ་དང་། སློབ་ཆེན་གྱི་ཚན་རྩལ་གླིང་དང་རྒྱལ་ཁབ་ཀྱིས་ཐོར་བཀོད་པའི་ཀུན་གཏོད་བར་སྟོང་གི་ཁང་ཁྲལ་དང་། མཁར་གྲོང་གི་ས་ཞིང་བཀོལ་སྤྱོད་དཔྱ་ཁྲལ་དང་གནས་ཐང་འཕར་ཁྲལ་ཆག་ཡང་དང་རྩ་ཆག་གཏོང་བའི་སྲིད་ཇུས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་དགོས། ཁེ་ལས་ཀྱི་ཞིབ་འཇུག་གསར་སྤེལ་གྱི་འགྲོ་སོང་ཁྲལ་མ་འཇལ་གོང་དུ་སྣོན་རྩིས་འཕྲི་འཐེན་གྱི་བསྡུར་ཚད75%རུ་ཇེ་མཐོར་གཏོང་བའི་སྲིད་ཇུས་དེ་ཚན་རྩལ་རང་བཞིན་གྱི་ཁེ་ལས་ཆུང་འབྲིང་ནས་ཁེ་ལས་ཡོད་ཚད་དུ་རྒྱ་བསྐྱེད་དགོས་པར་མ་ཟད། མཐོ་གསར་ལག་རྩལ་ལྡན་པའི་ཁེ་ལས་དང་ཚན་རྩལ་རང་བཞིན་གྱི་ཁེ་ལས་ལ་ལོ་དེའི་ཞིབ་འཇུག་གསར་སྤེལ་གྱི་འགྲོ་སོང་ཁྲལ་ཆག་ཡང་གཏོང་འབོར་གྱི10%སྣོན་རྩིས་འཕྲི་འཐེན་བྱེད་པ་དང་། ཆེས་མང་ན་སྒོར་ཁྲི200ལས་མི་བརྒལ་བར་བྱ་དགའི་ཁ་གསབ་སྟེར་དགོས། མི་བཀོལ་མཁན་སྡེ་ཚན་དང་ལས་བཟོ་བའི་ལས་ཤོར་འགན་བཅོལ་གྲོན་དངུལ་སྤྲོད་པའི་བསྡུར་ཚད་ཀྱི་བསྡོམས་འབོར་དེ་དུས་རིམ་རང་བཞིན་གྱི3%ནས1%ལ་ཕབ་ནས་སྤྱི་ཚོགས་འགན་སྲུང་གྲོན་དངུལ་བསྡུ་ཚད་ཇེ་དམའ་རུ་གཏོང་བའི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱ་དགོས། (ཞིང་ཆེན་སློབ་གསོ་ཐིན་དང་། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་སོགས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(ལྔ)སྲིད་གཞུང་གིས་ཉོ་སྒྲུབ་དང་ཞབས་ཕྱི་ཉོ་སྒྲུབ་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏང་དགོས། སྲིད་གཞུང་གིས་ཉོ་སྒྲུབ་བྱས་ནས་རོགས་སྐྱོར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ནུས་ཁུངས་གསར་བ་དང་རྒྱུ་ཆ་གསར་བ། ནུས་སྲི་ཁོར་སྲུང་། གློག་རྡུལ་ཆ་འཕྲིན་དང་མཉེན་ཆས། ལག་རྩལ་ཞབས་ཕྱི་སོགས་ཐོན་ལས་ཐོན་རྫས་གཙོ་བོ་ཁྱབ་སྤེལ་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ཐོག་མའི་ཉོ་སྒྲུབ་དང་མངག་ཉོ་སོགས་དམིགས་འགུག་མ་ཡིན་པའི་རྣམ་པ་བེད་སྤྱོད་པའི་རྒྱ་ཆེ་རུ་བསྐྱེད་དགོས། ཁེ་ལས་ཆུང་འབྲིང་དག་སྲིད་གཞུང་གི་ཉོ་སྒྲུབ་ཁྲོད་ཞུགས་པའི་ལུགས་མཐུན་མིན་པའི་ཚད་བཀག་གཙང་སེལ་བྱེད་པ་དང་། ཆེད་དམིགས་མཁོ་འདོན་ཚོང་བའི་ལག་རྩལ་ཚད་གཞིས་ཁེ་ལས་ཆུང་འབྲིང་དག་ཕྱིར་འབུད་གཏོང་བ་གཏན་འགོག་བྱ་དགོས། (ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིན། ཞིང་ཆེན་ནོར་སྲིད་ཐིན་བཅས་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་གིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(དྲུག)ཤེས་བྱའི་ཐོན་དབང་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏང་དགོས། ཤེས་བྱའི་ཐོན་དབང་ལས་གཉེར་གྱི་སྤྱི་པའི་ཞབས་ཕྱིའི་ལས་སྟེགས་བཙུགས་ནས་ཤེས་བྱའི་ཐོན་དབང་གི་ཕྱོགས་བསྡུས་ཞབས་ཕྱིའི་ནུས་པ་ཇེ་ཆེར་གཏང་དགོས། ཆེད་ཁེ་སྐུལ་འདེད་ལས་གྲྭ་གཏིང་ཟབ་ཏུ་ལག་བསྟར་བྱས་ནས། སྤུས་ཚད་ཁྲིད་ཕྱོགས་གཙོར་བཟུང་ནས་རིན་ཐང་ཆེ་བའི་ཆེད་ཁེ་གསོ་སྐྱོང་བྱ་དགོས། ཤེས་བྱའི་ཐོན་དབང་གི་བྱ་དགའ་ཁ་གསབ་ཀྱི་སྲིད་ཇུས་ནན་ཏན་གྱིས་དོན་འཁྱོལ་བྱས་ནས་འབྲེལ་ཡོད་གཏན་ཕབ་ལྟར་གསར་གཏོད་ལས་གཏོད་ཀྱི་ཁེ་ལས་ལ་ཆེད་ཁེ་རེ་ཞུའི་གཟེངས་གསབ་བྱ་དགའ་སྤྲོད་དགོས། ཤེས་བྱའི་ཐོན་དབང་སྐོར་གྱི་ཁྲིམས་ལག་བསྟར་དང་ཐོན་དབང་སྲུང་རོགས་བྱ་བ་གཏིང་ཟབ་ཏུ་སྤེལ་དགོས། (ཞིང་ཆེན་ནོར་སྲིད་ཐིན་དང་ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུས་སོགས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

བཞི། ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་འདེད་བྱེད་ནུས་སྔར་ལས་ཇེ་ཆེར་གཏང་དགོས།

(བདུན) ཚན་རྩལ་མི་སྣའི་ལས་སྐྲུན་སྦས་ཤུགས་སྔོག་འདོན་ཟབ་མོ་བྱ་དགོས། དོན་ལས་སྡེ་ཚན་གྱི་ཆེད་ལས་ལག་རྩལ་མི་སྣའི་གསར་གཏོད་ལས་གཏོད་ལ་སྐུལ་བསྟོད་རང་བཞིན་གྱི་སྲིད་ཇུས་ནན་ཏན་སྒོས་དོན་འཁྱོལ་བྱ་དགོས། རིམ་པ་མཐོ་བའི་ཤེས་ལྡན་མི་སྣས་གསར་གཏོད་ལས་གཏོད་ཀྱི་མགོ་བརྩམ་པར་རྒྱབ་སྐྱོར་འཆར་གཞི་ལག་བསྟར་བྱེད་པ་དང་། འབྲེལ་ཡོད་ཞབས་ཕྱིའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། ཆ་རྐྱེན་དང་མཐུན་པའི་ཁེ་ལས་ཀྱིས་འབྲེལ་ཡོད་གཏན་ཕབ་ལྟར་རྐང་དབང་དང་དུས་དབང་། ཁེ་སྤོགས་བགོ་བཤའ་རྒྱག་པ་སོགས་སྐུལ་བསྟོད་བྱེད་ཐབས་སྤྱད་ནས་མི་སྣ་རིགས་སྣ་ཚོགས་ཀྱི་ལས་སྐྲུན་བརྩོན་སེམས་སྐུལ་སློང་བྱ་དགོས། ཚན་རྩལ་མི་སྣའི་ཚན་རྩལ་གྲུབ་འབྲས་གཞན་སྤོ་གཞན་སྒྱུར་གྱི་ཕན་ཁེ་ཇེ་ཆེར་གཏོང་བའི་སྲིད་ཇུས་ནན་ཏན་སྒོས་དོན་འཁྱོལ་བྱ་དགོས། ཚན་ཞིབ་མི་སྣ་དག་སློབ་གྲྭ་དང་ཁེ་ལས། ཚན་ཞིབ་ཁང་དང་ཁེ་ལས་ཀྱིས་མཉམ་སྐྱོང་དང་ཕྱོགས་གཉིས་ཀས་གདན་ཞུ་བྱེད་པའི་རྐྱེན་སྲོལ་འཐུས་ཚང་དུ་གཟུགས་དགོས།(ཞིང་ཆེན་སློབ་གསོ་ཐིན་དང་། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་སོགས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(བརྒྱད)ན་གཞོན་དང་བུད་མེད་ཀྱིས་གསར་གཏོད་ལས་གཏོད་བྱེད་པར་ཤུགས་ཆེན་པོས་རྒྱབ་སྐྱོར་བྱ་དགོས། ཞིང་ཆེན་དང་གྲོང་ཁྱེར(ཁུལ)། རྫོང་བཅས་རིམ་པ་གསུམ་མཉམ་འགུལ་གྱིས་ན་གཞོན་ཚོས་གསར་གཏོད་ལས་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་པའི་ཞབས་ཕྱིའི་མ་ལག་སྟོབས་ཤུགས་གཅིག་སྒྲིལ་གྱིས་འཛུགས་པ་དང་། བྱང་ཚད་མཐོ་བའི་ལས་གཏོད་ཟུར་ཁྲིད་པའི་དཔུང་ཁག་གསོ་སྐྱོང་བྱས་ཏེ་ན་གཞོན་ཚོས་ལས་གཏོད་གསོ་སྐྱོང་དང་གསོ་སྦྱོང་། མ་དངུལ་བསྡུ་རྒྱུག དྲིལ་བསྒྲགས། གློག་རྡུལ་ཚོང་དོན། མྱུར་སྒྱུར་བཅས་ལས་སྟེགས་ཆེན་པོ་དྲུག་འཐུས་ཚང་དུ་བསྐྲུན་ཐོག“ལང་ཚོ་དར་དུས་ལས་གཏོད་དབུལ་སྐྱོར་བྱ་སྤྱོད”དང“ན་གཞོན་གྱིས་ལས་སྒོ་གཏོད་པར་ཀྲུང་གོའི་དངུལ་ཁང་གིས་རོགས་སྐྱོར་བྱེད་པ”སོགས་ན་གཞོན་གྱི་གསར་གཏོད་ལས་གཏོད་ལས་གཞིར་སྐུལ་འདེད་གཏང་དགོས། དབུལ་སྒྲོལ་འགག་གཏོར་ལ་དམིགས་ཏེ་ན་གཞོན་ཚོས་གྲོང་གསེབ་དར་སྤེལ་བྱེད་ཁྲོད་བྱས་རྗེས་འཇོག་པར་སྐུལ་སློང་བྱས་ནས“ལང་ཚོ་གཏོད་པ”ཞེས་པའི་ཚོང་རྟགས་རྒྱ་ཆེན་སྟོབས་ཆེན་དུ་བསྐྲུན་དགོས། བུད་མེད་ཀྱིས་ལས་གཏོད་གསར་གཏོད་བྱེད་པའི་བྱ་སྤྱོད་ལ་སྐུལ་འདེད་ཟབ་མོ་བཏང་ནས་བུད་མེད་དེ་བས་མང་པོ་གསར་གཏོད་ལས་གཏོད་ཀྱི་ལག་ལེན་དུ་འཇུག་པར་སྐུལ་སློང་དང་རྒྱབ་སྐྱོར་བྱ་དགོས། ཕྱི་འགྲིམ་སློབ་མ་ཕྱིར་ཕ་ཡུལ་དུ་ལོག་ནས་གསར་གཏོད་ལས་གཏོད་བྱེད་པར་རྒྱབ་སྐྱོར་ཆེན་པོ་བྱ་དགོས། (ཞིང་ཆེན་སློབ་གསོ་ཐིན་དང་ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་གིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(དགུ)གླ་རྒྱག་ཞིང་པ་ཕ་ཡུལ་དུ་ལོག་ནས་ལས་སྒོ་གཏོད་པར་རྒྱབ་སྐྱོར་བྱ་དགོས། གླ་རྒྱག་ཞིང་པ་ཕ་ཡུལ་དུ་ལོག་ནས་ལས་སྒོ་གཏོད་པར་ཧུར་ཐག་གིས་ཁྲིད་སྟོན་བྱས་ནས། ལས་གཏོད་ལས་ཞུགས་དང་གྲོང་གསེབ་དར་སྤེལ་ཟུང་འབྲེལ་བྱེད་པར་སྐུལ་འདེད་དང་། ལས་གཏོད་ཀྱིས་ལས་ཞུགས་ལ་སྐུལ་ཁྲིད་བྱེད་པར་སྐུལ་འདེད་བྱ་དགོས། གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་སྤེལ་བའི་བྱ་བར་སྐུལ་འདེད་གཏོང་བ་དང་། གློག་རྡུལ་ཚོང་དོན་གྱི་སྤྱི་པའི་ཞབས་ཕྱིའི་མ་ལག་གང་མགྱོགས་ཀྱིས་བསྐྲུན་དགོས། བསྡུར་ཚད་ངེས་ཅན་གྱི་ལོ་འཁོར་གྱི་ས་ཞིང་བེད་སྤྱོད་འཆར་གཞི་བཀོད་སྒྲིག་བྱས་ཏེ། གྲོང་གསེབ་ཀྱི་ཐོན་ལས་གསར་བ་དང་ལས་རྣམ་གསར་བ། ཐོན་ལས་བཅས་མཉམ་འདྲེས་ངང་འཕེལ་རྒྱས་སུ་གཏོང་བར་ཆེད་དམིགས་ཀྱིས་རྒྱབ་སྐྱོར་བྱ་དགོས། ལས་གཏོད་ཁག་ཐེག་དངུལ་བུན་སྐོར་གྱི་སྲིད་ཇུས་དོན་འཁྱོལ་དང་འཐུས་ཚང་དུ་གཏོང་བ་དང། ཡིད་རྟོན་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ། ཡིད་རྟོན་གྱི་རྣམ་པ་གསར་བའི་གྲོང་གསེབ་ཀྱི་གཉེར་སྐྱོང་བྱེད་མཁན་གཙོ་བོ་དང་ཡིད་རྟོན་གླིང་ཁུལ་སོགས་ཡིད་རྟོན་བྱེད་པོ་སྣ་ཚོགས་འོས་སྦྱོར་བྱས་ནས་འགན་ལེན་མི་དགོས་པའི་རྐྱེན་སྲོལ་འཚོལ་ཞིབ་བྱ་དགོས།(ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་ས་གནས་དངུལ་ལོར་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་དབུལ་སྐྱོར་ཅུས། མཚོ་སྔོན་དངུལ་ཁང་འགན་བཅོལ་ལྟ་སྐུལ་ཅུས། མི་དམངས་དངུལ་ཁང་ཟི་ལིང་ལྟེ་གནས་ཡན་ལག་དངུལ་ཁང་བཅས་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་གིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(བཅུ)དམག་ཁོངས་ནས་བུད་པའི་དམག་མིའི་ལས་ཞུགས་ལས་གཏོད་ལ་རོགས་སྐྱོར་བྱ་དགོས། མཐོ་རིམ་སློབ་གྲྭ་དང་ལས་རིགས་སློབ་གླིང་སོགས་སློབ་གསོའི་ཐོན་ཁུངས་ལ་བརྟེན་ནས་དམག་ཁོངས་ནས་བུད་པའི་དམག་མིའི་བསླབ་རིམ་སློབ་གསོ་དང་རྩལ་ནུས་གསོ་སྦྱོང་སོགས་སྤེལ་ཏེ། དམག་ཁོངས་ནས་བུད་པའི་དམག་མིའི་ལས་ཞུགས་ལས་གཏོད་ནུས་པ་ཆེ་རུ་གཏང་དགོས། དམག་ཁོངས་ནས་བུད་པའི་དམག་མི་ལས་ཀར་བསྡུ་ལེན་བྱས་པའི་ཁེ་ལས་དང་དམག་ཁོངས་ནས་བུད་པའི་དམག་མིས་ལས་གཏོད་ཁེ་ལས་ཡིན་ཕྱིན། ཆ་རྐྱེན་དང་མཐུན་ན་གནས་ཐང་འཕར་ཁྲལ་དང་གྲོང་ཁྱེར་སྲུང་སྐྱོང་འཛུགས་སྐྲུན་དཔྱ་ཁྲལ། སློབ་གསོའི་གྲོན་དངུལ་ཟུར་སྣོན། ས་གནས་ཀྱི་སློབ་གསོའི་ཟུར་སྣོན་དང་ཁེ་ལས་ཀྱི་ཐོབ་ཁྲལ་སོགས་ཁྲལ་གྲོན་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱད་ཆོག དམག་ཁོངས་ནས་བུད་པའི་དམག་མི་གསར་གཏོད་ལས་གཏོད་ཚོགས་ཆེན་དང་འགྲན་བསྡུར་ནང་ཞུགས་པར་རྒྱབ་སྐྱོར་བྱ་དགོས།(ཞིང་ཆེན་སློབ་གསོ་ཐིན་དང་། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་དམག་ཁོངས་ནས་བུད་པའི་དམག་མི་ཐིན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་སོགས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

ལྔ། གསར་གཏོད་ལས་གཏོད་ལ་ཞབས་ཕྱི་སྒྲུབ་ཤུགས་སྔར་ལས་ཇེ་ཆེར་གཏང་དགོས།

(བཅུ་གཅིག)གསར་གཏོད་ལས་གཏོད་ཀྱི་འདྲེན་བྱེད་ནུས་པ་ཇེ་ཆེར་གཏང་དགོས། རྒྱལ་ཁབ་དང་ཞིང་ཆེན་གྱི་ཁྱད་ལྡན་གསར་གཏོད་ལས་གཏོད་ཀྱི་འདྲེན་བྱེད་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་གཟིགས་སྐྱོང་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱ་དགོས། རྐང་འཛིན་ཁེ་ལས་དང་ཚན་རིག་ཞིབ་འཇུག་ཁང་། མཐོ་རིམ་སློབ་གྲྭ་སོགས་ལ་བརྟེན་ནས་ཆེད་ལས་ཅན་གྱི་ཀུན་གཏོད་བར་སྟོང་ཤུགས་ཡོད་རྒུས་གསོ་སྐྱོང་བྱས་ཐོག ཚན་རྩལ་མཉམ་འབྲེལ་སྒྲིག་གཞི་སྒྲིག་འཛུགས་བྱ་དགོས། གསར་གཏོད་ལས་གཏོད་ལ་རོགས་སྐྱོར་བྱེད་པའི་འདྲེན་བྱེད་སྣ་ཚོགས་སྐྱོན་བྲལ་ངང་འཕེལ་རྒྱས་སུ་གཏོང་བའི་ཡུན་ཕན་རྐྱེན་སྲོལ་གཟུགས་དགོས། ལས་གཏོད་གསོ་སྐྱོང་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ་དང། ལས་གཏོད་གསོ་སྐྱོང་རྟེན་གཞིར་བྱ་དགའ་དང་ཁ་གསབ་སྟེར་བའི་སྲིད་ཇུས་དང་གསོ་སྐྱོང་ལས་ཁུངས་ལ་ཁྲལ་བསྡུའི་ཐད་ནས་གཟིགས་སྐྱོང་གི་སྲིད་ཇུས་དོན་འཁྱོལ་བྱ་དགོས། (ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས་སོགས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(བཅུ་གཉིས།)ཁེ་ལས་ཆེ་འབྲིང་ཆུང་གསུམ་རྒྱུན་འཁོར་ངང་འཕེལ་རྒྱས་མགྱོགས་པོར་གཏང་དགོས། ཁེ་ལས་ཆེ་འབྲིང་ཆུང་གསུམ་རྒྱུན་འཁོར་ངང་འཕེལ་རྒྱས་སུ་གཏོང་བའི་ཆེད་དམིགས་འགུལ་སྐྱོད་ལག་བསྟར་བྱ་དགོས། བཟོ་སྐྲུན་ལས་རིགས་ཀྱི“གཉིས་གཏོད”ཀྱི་ལག་རྩལ་སྤོ་སྒྱུར་ལྟེ་གནས་དང་བཟོ་སྐྲུན་ལས་རིགས་ཀྱི“གཉིས་གཏོད”ཞབས་ཕྱིའི་ལས་སྟེགས་བསྐྲུན་པར་རྒྱབ་སྐྱོར་བྱ་དགོས། མཁོ་སྤྲོད་ཀྱི་སྦྲེལ་ཐག་གསར་གཏོད་དང་བཀོལ་སྤྱོད་ལ་སྐུལ་འདེད་བཏང་ནས་ཁེ་ལས་ཆེ་འབྲིང་ཆུང་གསུམ་གྱིས་ཆེད་ལས་ཅན་དུ་ལས་བགོས་མཉམ་ལས་བྱེད་པའི་ཐོན་ལས་མཁོ་སྤྲོད་ཀྱི་སྦྲེལ་ཐག་མ་ལག་མགྱོགས་མྱུར་ངང་ཆགས་པར་བྱ་དགོས། ཁེ་ལས་ཆེ་འབྲིང་གིས་ནང་ཁུལ་དུ་ལས་སྒོ་གཏོད་པར་སྐུལ་བསྟོད་དང་། ཁེ་ལས་ཀྱིས་མ་རྐང་འཇོག་པ་དང་ནང་ཁུལ་དུ་ལས་སྒོ་གཏོད་པའི་ལས་གཞིའི་ཐད་ལ་མ་དངུལ་འཇོག་པར་སྐུལ་བསྟོད་བྱ་དགོས། རྒྱལ་དབང་ཁེ་ལས་ཀྱིས་ཡན་ལག་ཀུང་སི་སོགས་ཀྱི་རྣམ་པར་བརྟེན་ནས་གསར་གཏོད་ལས་གཏོད་ཀྱི་ལས་སྟེགས་སྐྲུན་ཐབས་འཚོལ་ཞིབ་བྱེད་པར་སྐུལ་བསྟོད་བྱ་དགོས། ཁེ་ལས་ཀྱི་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས་སོགས་གསར་གཏོད་ལས་སྟེགས་ཀྱིས་ཞིབ་འཇུག་གསར་སྤེལ་དང་། ཞིབ་དཔྱད་ཚད་ལེན། བར་སྐབས་ཀྱི་ཚོད་ལྟ་དང་ལག་རྩལ་བློ་འདྲི། ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཀྱི་ཞབས་ཕྱི་འདོན་སྤྲོད་བྱེད་པར་ཁྲིད་སྟོན་བྱ་དགོས། བཟོ་ལས་སྦྲེལ་དྲ་གསར་གཏོད་དང་འཕེལ་རྒྱས་ལ་གཏིང་ཟབ་ཏུ་སྐུལ་འདེད་གཏོང་བ་དང་། ཐོན་སློབ་ཞིབ་སྤྱོད་བཅས་མཉས་ལས་སྒོས་བཟོ་ལས་སྦྲེལ་དྲའི་གསར་གཏོད་ལྟེ་གནས་བསྐྲུན་པར་སྐུལ་འདེད་གཏང་དགོས།(ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིན། ཞིང་ཆེན་ཚོང་དོན་ཐིན། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(བཅུ་གསུམ།)གསར་གཏོད་ལས་གཏོད་ཀྱི་བྱེད་སྒོ་སྣ་ཚོགས་ཕུན་སུམ་ཇེ་ཚོགས་སུ་གཏང་དགོས། གསར་གཏོད་ལས་གཏོད་ཀྱི་བྱེད་སྒོ་སྣ་ཚོགས་མུ་མཐུད་དུ་ཏན་ཏིག་གིས་སྤེལ་དགོས། མཚོ་སྔོན་ཞིང་ཆེན་གྱི་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེན་མོ་དང་། “དྲ་སྦྲེལ+”སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་འགྲན་བསྡུར་ཆེན་མོ། བཟོ་བའི་གདོང་ལེན་རྟགས་ཅན་གྱི་གསར་གཏོད་པའི་བྱེད་སྒོ། མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་གི་ཞབས་ཕྱིའི་ལས་རིགས་ཀྱི་རྩལ་ནུས་འགྲན་བསྡུར་ཆེན་མོ་སོགས་གསར་གཏོད་ལས་གཏོད་ཀྱི་འགྲན་བསྡུར་ཆེན་མོའི་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱས་ནས། ཕུལ་བྱུང་གི་རྣམ་གྲངས་ལེགས་འདེམས་དང་གསོ་སྐྱོང་བྱས་ཏེ། གསར་གཏོད་ལས་གཏོད་ཀྱི་ཚོགས་པ་དང་ཁེ་ལས་རྒྱ་ཆེན་སྟོབས་ཆེན་དུ་གཏོང་བར་རོགས་སྐྱོར་བྱ་དགོས།(ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་ཚོགས་པ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས། ཞིང་ཆེན་ཚན་རྩལ་མཐུན་ཚོགས་བཅས་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་གིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

དྲུག ཚན་རྩལ་གསར་གཏོད་ཀྱི་འདེགས་སྐྱོར་ནུས་པ་སྔར་ལས་འདོན་སྤེལ་བྱ་དགོས།

(བཅུ་བཞི།)ཁེ་ལས་ཀྱི་ལག་རྩལ་གསར་གཏོད་བྱེད་ནུས་ཆེ་རུ་གཏང་དགོས། ཚན་ཞིབ་དོ་དམ་རྐྱེན་སྲོལ་འཐུས་ཚང་དུ་འཛུགས་པ་དང་། ཁེ་ལས་ཀྱིས་གསར་གཏོད་བྱེད་སྒོ་སྤེལ་བར་སྐུལ་བསྟོད་བྱ་དགོས། རྣམ་གྲངས་གསར་གཏོད་བྱས་རྗེས་ཁ་གསབ་རོགས་དངུལ་བྱིན་ནས་རོགས་སྐྱོར་བྱེད་ཐབས་རྒྱ་བསྐྱེད་པ་དང་། ཁེ་ལས་ཀྱིས་སྔོན་ལ་མ་དངུལ་བཏང་ནས་ཞིབ་འཇུག་གསར་སྤེལ་བྱེད་སྒོ་སྤེལ་བ་ཡིན་ཕྱིན། འབྲེལ་ཡོད་བླང་བྱ་དང་མཐུན་པའི་གྲུབ་འབྲས་ལ་དེ་མཚུངས་ཀྱི་ཆེད་སྤྱོད་གྲོན་དངུལ་གྱིས་རོགས་སྐྱོར་བྱ་དགོས། “སྒོར་དུང་ཕྱུར་སྟོང་ཕྲག་བཞི”ཡི་ཐོན་ལས་ལ་དམིགས་ནས། ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས་དང་ཁེ་ལས་ཀྱི་ལག་རྩལ་ལྟེ་གནས། གནད་ཆེའི་ཚོད་ལྟ་ཁང་སོགས་གསར་གཏོད་ལས་སྟེགས་ཁག་ཅིག་བསྐྲུན་དགོས།“ཆེད་ཞིབ་ཁྱད་གསར”གྱི་ཁེ་ལས་འབྲིང་ཆུང་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། ཁེ་ལས་འབྲིང་ཆུང་ཐོན་ལས་ཀྱི་ ཐུན་མོང་རང་བཞིན་གྱི་འགག་རྩའི་ལག་རྩལ་ཞིབ་འཇུག་གསར་སྤེལ་ནང་དུ་ཞུགས་པར་སྐུལ་བསྟོད་བྱ་དགོས། ཁེ་ལས་དང་འབྲེལ་བའི་གསར་གཏོད་ལས་གཏོད་སྲིད་ཇུས་གཏན་འབེབས་བྱེད་ཁྲོད་དུ་ཁེ་ལས་པ་ཞུགས་པའི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས། (ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཚན་རྩལ་མཐུན་ཚོགས་སོགས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(བཅོ་ལྔ།)ཚན་རྩལ་ཐོན་ཁུངས་སྒོ་འབྱེད་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏང་དགོས། ཚན་རྩལ་ཐོན་ཁུངས་སྒོ་འབྱེད་མཉམ་སྤྱོད་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཚན་རིག་ཞིབ་འཇུག་མི་སྣས་ཁེ་ལས་ལ་ཁ་ཕྱོགས་ནས་ལག་རྩལ་གསར་སྤེལ་དང་ལག་རྩལ་བློ་འདྲི། ལག་རྩལ་ཞབས་ཕྱི། ལག་རྩལ་གསོ་སྦྱོང་སོགས་བྱེད་པར་སྐུལ་བསྟོད་བྱས་ནས། ཚན་རྩལ་གསར་གཏོད་དང་ལས་གཏོད་མཉམ་འདྲེས་ཟབ་མོ་ཡོང་བར་སྐུལ་འདེད་བྱ་དགོས། མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་གསར་གཏོད་དངུལ་འཛིན་སྐོར་གྱི་སྲིད་ཇུས་གཏིང་ཟབ་ཏུ་ཚོད་ལྟ་བྱེད་པ་དང་གསར་གཏོད་དངུལ་འཛིན་གྱིས་རོགས་སྐྱོར་བྱེད་པའི་ཁྱབ་ཁོངས་རྒྱ་བསྐྱེད་དེ། ཚན་རིག་ཞིབ་འཇུག་ལས་སྟེགས་དང་ཚན་རིག་ཚོད་ལྟའི་དཔྱད་ཆས་དང་སྒྲིག་ཆས་སོགས་ཚན་རྩལ་ཐོན་ཁུངས་སྒོ་འབྱེད་མཉམ་སྤྱོད་བྱེད་པར་སྐུལ་འདེད་གཏང་དགོས། མཐོ་རིམ་སློབ་གྲྭ་དང་ཚན་རིག་ཞིབ་འཇུག་ཁང་། ཁེ་ལས་བཅས་ཀྱིས་མཉམ་དུ་དོན་སྤྱི་ཚོད་ལྟས་ར་སྤྲོད་དང་གསོ་སྐྱོང་བྱས་ནས་ནར་སོན་པ་སོགས་རྨང་གཞིའི་ཞིབ་འཇུག་གི་གྲུབ་འབྲས་གཞན་སྒྱུར་ལ་ཁ་ཕྱོགས་པའི་ཞབས་ཕྱིའི་ལས་སྟེགས་བསྐྲུན་པར་སྐུལ་འདེད་གཏང་དགོས།(ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིན། ཞིང་ཆེན་ནོར་སྲིད་ཐིན་སོགས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(བཅུ་དྲུག)ཚན་རྩལ་གྲུབ་འབྲས་གཞན་སྒྱུར་གྱི་ཐབས་ལམ་ཐོགས་མེད་དུ་བཟོ་དགོས། ནོར་སྲིད་མ་དངུལ་གྱིས་རོགས་སྐྱོར་བྱས་པའི་ཚན་རྩལ་གྲུབ་འབྲས་ཀྱི་ཆ་འཕྲིན་མཉམ་སྤྱོད་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས། ཚན་རྩལ་གྲུབ་འབྲས་དང་ཚོང་ར་འབྲེལ་མཐུད་ཐབས་ལམ་ཐོགས་མེད་དུ་བཟོ་དགོས། ཚན་རིག་ཞིབ་འཇུག་མི་སྣར་ལས་གནས་ཀྱི་ཚན་རྩལ་གྲུབ་འབྲས་བདག་དབང་ངམ་ཡུན་རིང་བཀོལ་སྤྱོད་བྱེད་དབང་སྤྲོད་པར་ཚོད་ལྟ་བྱ་དགོས། མཚོ་སྔོན་གྱི་ཚན་རྩལ་གྲུབ་འབྲས་ཆ་འཕྲིན་མཉམ་འདུས་ལས་སྟེགས་དང་ཟི་ལིང་གི་ཚན་རྩལ་ཁྲོམ་ར་ཆེན་མོ་བསྐྲུན་དགོས། ལག་རྩལ་གཞན་སྒྱུར་གྱི་ཞབས་ཕྱིའི་མ་ལག་བསྐྲུན་པར་ཤུགས་རྒྱག་པ་དང་། མ་དངུལ་འཇོག་པ་དང་བསྡུ་རྒྱུག ཤེས་བྱའི་ཐོན་དབང་གི་རིན་ཐང་དཔྱད་དཔོག ལག་རྩལ་ཉོ་འཚོང་ལ་སོགས་པའི་ལག་རྩལ་གཞན་སྒྱུར་ལ་ཞབས་ཕྱི་ལེགས་པར་བསྒྲུབ་དགོས། གསར་གཏོད་ལས་གཏོད་ཁེ་ལས་ཀྱིས་ལག་རྩལ་ཉོ་འཚོང་བྱེད་པར་ཁ་གསབ་རོགས་དངུལ་སྟེར་བའི་སྲིད་ཇུས་ནན་ཏན་གྱིས་དོན་འཁྱོལ་བྱ་དགོས།(ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་ས་གནས་དངུལ་ལོར་ལྟ་སྐུལ་དོ་དམ་ཅུས། ཟི་ལིང་གྲོང་ཁྱེར་མི་དམངས་སྲིད་གཞུང་སོགས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

བདུན། དངུལ་རྩའི་ཞབས་ཕྱིའི་མ་ལག་སྔར་ལས་འཐུས་ཚང་དུ་གཏང་དགོས།

(བཅུ་བདུན།)དངུལ་རྩའི་ཞབས་ཕྱིའི་མ་ལག་རྒྱུན་མ་ཆད་པར་ཇེ་ལེགས་སུ་གཏང་དགོས། དངུལ་རྩའི་ལས་ཁུངས་ཀྱིས་ཤེས་བྱའི་ཐོན་དབང་དཔྱད་དཔོག་དང་ཉེན་ཁ་ཚོད་འཛིན་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཤེས་བྱའི་ཐོན་དབང་གཏའ་མར་བཞག་ནས་མ་དངུལ་བསྡུ་རྒྱུག་གི་ལས་སྒོ་འཚོལ་ཞིབ་སྒོས་སྤེལ་བར་རྒྱབ་སྐྱོར་བྱ་དགོས། དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་ལས་ཁུངས་ཀྱིས་ཕྱི་ཕྱོགས་ལ་མ་དངུལ་འཇོག་པ་དང་དངུལ་བུན་གཏོང་བ་མཉམ་འགུལ་གྱི་ལས་སྒོ་མཉམ་ལས་འཚོལ་ཞིབ་སྒོས་སྤེལ་བར་རྒྱབ་སྐྱོར་བྱས་ཐོག ཚན་རྩལ་དང་དངུལ་རྩའི་ཞབས་ཕྱིའི་མ་དཔེ་གསར་གཏོད་ལ་སྐུལ་འདེད་གཏང་དགོས། འགན་བཅོལ་ཀུང་སིས་ཚན་རྩལ་ལྡན་པའི་ཁེ་ལས་འབྲིང་ཆུང་གི་ཤེས་བྱའི་ཐོན་དབང་ལ་བརྟེན་ནས་མ་དངུལ་བསྡུ་རྒྱུག་བྱེད་པར་འགན་ལེན་དང་འགན་བཅོལ་ཞབས་ཕྱི་མཁོ་འདོན་བྱེད་པར་རྒྱབ་སྐྱོར་དང་། མ་དངུལ་བསྡུ་རྒྱུག་གི་ཡིད་རྟོན་ཆེར་གཏོང་གི་ནུས་པ་འདོན་སྤེལ་བྱས་ནས། མ་དངུལ་སྔར་ལས་མང་པོ་གསར་གཏོད་ལས་གཏོད་ཀྱི་ཁྱབ་ཁོངས་སུ་འཇོག་པར་ཡིད་དགུག་དགོས། མ་དངུལ་བསྡུ་རྒྱུག་གི་འགན་ལེན་ལས་ཁུངས་ཀྱིས་ལས་སྒོ་སྤེལ་ཚུལ་ལ་གཞིགས་ནས་ཆ་རྐྱེན་འཛོམས་པའི་མ་དངུལ་བསྡུ་རྒྱུག་འགན་ལེན་ལས་ཁུངས་དང་འགན་ལེན་བསྐྱར་མའི་ལས་ཁུངས་ལ་ལས་སྒོའི་ཁ་གསབ་དང་འགན་བཅོལ་གྱི་ཁ་གསབ་རོགས་དངུལ་སྟེར་བའམ་ནུས་པ་ཆེར་བསྐྱེད་པར་མ་དངུལ་གྱིས་རོགས་སྐྱོར་བྱ་དགོས།(ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་ཚོང་ར་ལྟ་སྐུལ་དོ་དམ་ཅུས། ཞིང་ཆེན་ས་གནས་དངུལ་ལོར་ལྟ་སྐུལ་དོ་དམ་ཅུས། མཚོ་སྔོན་དངུལ་ཁང་འགན་བཅོལ་ལྟ་སྐུལ་དོ་དམ་ཅུས་སོགས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(བཅོ་བརྒྱད།)ལས་སྒོ་གཏོད་པར་མ་དངུལ་འཇོག་པའི་གསོན་ཤུགས་ཡར་སྐུལ་བྱ་དགོས། ཞིང་ཆེན་རིམ་པའི་ལས་སྒོ་གཏོད་པའི་ཐད་ལ་མ་དངུལ་འཇོག་པའི་ཐེབས་རྩ་སྣ་ཚོགས་སྡེབ་སྒྲིལ་བྱས་ཏེ། ཞིང་ཆེན་ནང་ཁུལ་གྱི་ཐོག་མའི་གསར་གཏོད་དུས་དང་དུས་རིམ་བར་མའི་གསར་གཏོད་དུས་ཀྱི་ཁེ་ལས་འཕེལ་རྒྱས་སུ་གཏོང་བར་རོགས་སྐྱོར་བྱ་དགོས། ལས་སྒོ་གཏོད་པའི་ཐད་ལ་མ་དངུལ་འཇོག་པའི་ཐེབས་རྩ་འཕེལ་རྒྱས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པའི་ཁྲལ་བསྡུའི་སྲིད་ཇུས་དོན་འཁྱོལ་དང་། ལས་སྒོ་གསར་གཏོད་ཐད་ལ་མ་དངུལ་འཇོག་པའི་ལས་རིགས་ཀྱི་ཁྱད་ཆོས་དང་འཚམ་པའི་ཁྱད་ཡོད་པའི་ལྟ་སྐུལ་དོ་དམ་སྒྲིག་སྲོལ་དང་ཉེན་ཁ་འགོག་ཟོན་རྐྱེན་སྲོལ་འཐུས་ཚང་དུ་གཟུགས་དགོས། མཚོ་སྔོན་ཞིང་ཆེན་གྱི་ཚན་རྩལ་གསར་གཏོད་ཀྱི་ཁྲིད་སྟོན་ཐེབས་རྩ་བེད་སྤྱོད་གང་ལེགས་བྱས་ནས། ཆ་རྐྱེན་དང་མཐུན་པའི་ལག་རྩལ་སྤུས་ལེགས་དང་མཐོ་གསར་ལྡན་པའི་ཁེ་ལས་ཀྱིས་ཚན་རྩལ་གསར་གཏོད་ལས་སྟེགས་དང་པང་གསུམ་གསར་བ་སོགས་ཁྲོམ་རར་བཀྲམ་ནས་བྱང་བུ་བཀལ་ཏེ་མ་དངུལ་བསྡུ་རྒྱུག་བྱེད་པར་རྒྱབ་སྐྱོར་བྱ་དགོས་ཤིང་། ཆ་རྐྱེན་འཛོམས་པའི་ཁེ་ལས་ཀྱིས་ཁྲོམ་རར་དགྲམ་པར་མ་དངུལ་བསྡུ་རྒྱུག་གི་འགྲོ་གྲོན་ཁ་གསབ་ངེས་ཅན་ཞིག་སྟེར་དགོས། ཆ་རྐྱེན་འཛོམས་པའི་ལག་རྩལ་མཐོ་གསར་ལྡན་པའི་ཁེ་ལས་ཀྱིས“གཉིས་གཏོད”ཀྱི་ཆེད་དམིགས་བུན་འཛིན་དང་ཀུང་སིའི་བུན་འཛིན། ལྗང་མདོག་བུན་འཛིན་སོགས་བུ་ལོན་གྱི་མ་དངུལ་བསྡུ་རྒྱུག་བྱེད་སྤྱད་འགྲེམ་སྤེལ་བྱེད་པར་རྒྱབ་སྐྱོར་བྱ་དགོས།(ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིན། ཞིང་ཆེན་ནོར་སྲིད་ཐིན། ཞིང་ཆེན་ས་གནས་དངུལ་ལོར་ལྟ་སྐུལ་དོ་དམ་ཅུས། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་སྔོན་ཞིང་ཆེན་ཁྲལ་དོན་ཅུས། མཚོ་སྔོན་དངུལ་འཛིན་ལྟ་སྐུལ་དོ་དམ་ཅུས་སོགས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

བརྒྱད། ཤེས་ལྡན་མི་སྣར་གསོ་སྦྱོང་དང་སློབ་གསོ་གཏོང་ཤུགས་སྔར་ལས་ཇེ་ཆེར་གཏང་དགོས།

(བཅུ་དགུ།)སློབ་གྲྭ་ཆེན་མོ་བར་གསར་གཏོད་ལས་གཏོད་ཀྱི་སློབ་གསོ་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་གཏང་དགོས། མཐོ་རིམ་སློབ་གྲྭས་ལས་གཏོད་སློབ་དཔོན་གྱི་ལམ་ལུགས་འཐུས་ཚང་དུ་འཛུགས་པར་སྐུལ་འདེད་བཏང་སྟེ་གསར་གཏོད་ལས་གཏོད་ཀྱི་སློབ་གསོ་དང་ལག་ལེན་གྱི་བསླབ་ཚན་དེ་མཐོ་རིམ་སློབ་གྲྭའི་ངེས་སྦྱོང་བསླབ་ཚན་མ་ལག་ཏུ་འཇུག་པ་དང་། སློབ་མས་ལས་གཏོད་གྲུབ་འབྲས་ལ་བརྟེན་ནས་བསླབ་གནས་རེ་ཞུའི་དཔྱད་རྩོམ་བགྲོ་གླེང་བྱེད་དུ་འཇུག་དགོས། གཞོགས་འདེགས་སྒོས་མི་སྐྱོང་བའི་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་དེང་རབས་ཀྱི་དགེ་ཕྲུག་ལམ་ལུགས་ལག་བསྟར་བྱས་ཐོག སློབ་གྲྭ་དང་ཁེ་ལས་བར་གྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། ལག་རྩལ་དང་རྩལ་ནུས་ལྡན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་སྟངས་གསར་གཏོད་བྱ་དགོས། མཐོ་རིམ་སློབ་གྲྭ་དང་ལས་རིགས་སློབ་གླིང་གིས་ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་བྱ་བར་རྒྱབ་སྐྱོར་བྱས་ནས་ཁེ་ལས་སུ་ཐོན་སྐྱེད་རང་བཞིན་གྱི་དངོས་སྦྱོང་བྱེད་དུ་འཇུག་དགོས། (ཞིང་ཆེན་སློབ་གསོ་ཐིན་དང་། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་སོགས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(ཉི་ཤུ།)གསར་གཏོད་ལས་གཏོད་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་ལས་གྲྭ་ལག་བསྟར་བྱ་དགོས། ཤེས་ལྡན་མི་སྣ་གསོ་སྐྱོང་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་དང་གདེང་འཇོག འཁོར་རྒྱུག སྐུལ་བསྟོད་བཅས་ཀྱི་རྐྱེན་སྲོལ་འཐུས་ཚང་དུ་གཏང་དགོས་ཤིང། ཤེས་ལྡན་མི་སྣར་གདེང་འཇོག་གི་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་མོ་བྱ་དགོས། “ཀྲུང་གོའི་བཟོ་སྐྲུན་གྱི2025ལོའི་མཚོ་སྔོན་གྱི་འགུལ་སྤྱོད་ཇུས་གཞི”ལ་དམིགས་ཤིང་མཚོ་སྔོན་ཞིང་ཆེན་གྱི་རབ་རྩེའི་ཤེས་ལྡན་མི་སྣ་ཆིག་སྟོང་གི་འཆར་གཞི་དང་ཟུང་དུ་སྦྲེལ་ཏེ། “རྒྱུད་གཅིག་ལམ་གཅིག”འགྲམ་རྒྱུད་ཀྱི་རྒྱལ་ཁབ་དང་མཉམ་ལས་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ལས་གཏོད་གསར་གཏོད་བྱེད་མཁན་ཤེས་ལྡན་མི་སྣ་གསོ་སྐྱོང་དང་ནང་འདྲེན་བྱེད་པར་རྒྱབ་སྐྱོར་བྱ་དགོས། ནུས་རྩལ་ཆེ་བའི་ཤེས་ལྡན་མི་སྣའི་ལས་རིགས་ནུས་རྩལ་གྱི་ཚད་རིམ་ངོས་འཛིན་ལམ་ལུགས་འཛུགས་པ་དང་། ཤེས་ལྡན་མི་སྣ་ནུས་རྩལ་ཅན་གྱི་ཐོབ་ཐང་ཇེ་མཐོར་གཏང་དགོས། ལག་རྩལ་ཆེ་བའི་ཤེས་ལྡན་མི་སྣའི་གསོ་སྦྱོང་རྟེན་གཞི་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་བཏང་སྟེ། “མཚོ་སྔོན་གྱི་ལག་ཤེས་པ”སྔར་ལས་མང་པོ་ཤུགས་ཡོད་རྒུས་གསོ་སྐྱོང་བྱ་དགོས། ཚེ་གང་བོའི་ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུགས་ཁྱབ་སྤེལ་བཏང་ནས། ལས་སྐྲུན་གྱི་འདོད་བློ་དང་གསོ་སྦྱོང་གི་དགོས་མཁོ་ཡོད་པའི་ངལ་རྩོལ་པ་ཚང་མ་གསོ་སྦྱོང་གི་ཁྱབ་ཁོངས་སུ་འཇུག་དགོས།(ཞིང་ཆེན་ཤེས་ལྡན་མི་སྣ་གཞུང་ལས་ཁང་དང་། ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སློབ་གསོ་ཐིན། ཞིང་ཆེན་ཚན་རྩལ་ཐིན། ཞིང་ཆེན་བཟོ་ལས་དང་ཆ་འཕྲིན་ཐིན། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན། ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་སོགས་ཀྱིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

དགུ། དོན་འཁྱོལ་ལ་སྐུལ་འདེད་བྱེད་ཤུགས་སྔར་ལས་ཆེ་རུ་གཏང་དགོས།

(ཉེར་གཅིག)གཅིག་གྱུར་འཆར་འགོད་གྱིས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏང་དགོས། གསར་གཏོད་ལས་གཏོད་ཀྱི་ཆ་འཕྲིན་བརྡ་ཁྱབ་གཏོང་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་འབྲེལ་གཏུག་མཉམ་འགུལ་བྱེད་ཤུགས་ཇེ་ཆེར་གཏང་དགོས། ཀུན་གྱིས་ལས་གཏོད་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བའི་མགོ་ཁྲིད་ཚན་ཆུང་གི་གཅིག་གྱུར་འཆར་འགོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྡེ་ཁག་བར་དང་། སྡེ་ཁག་དང་ས་ཁུལ་བར་གྱི་ལས་ཆོད་ཆེ་ཞིང་མཉམ་ལས་བྱེད་པའི་རྐྱེན་སྲོལ་གཟུགས་དགོས། ས་གནས་སོ་སོས་ནོར་འཛོལ་ལ་གུ་ཡངས་གཏོང་བ་དང་འགན་འཁྲི་བདའ་འདེད་མི་བྱེད་པའི་རྐྱེན་སྲོལ་སྤོབས་པ་ཆེན་པོས་འཚོལ་ཞིབ་བྱས་ནས་བཙུགས་ཐོག སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱེད་པར་སྐུལ་བསྟོད་བྱ་དགོས། ཚན་རྩལ་དང་དངུལ་རྩ། ནོར་ཁྲལ། ཤེས་ལྡན་མི་སྣ་སོགས་སྐོར་གྱི་གསར་གཏོད་ལས་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་ནུས་ཡོད་སྒོས་འབྲེལ་མཐུད་བྱེད་པར་སྐུལ་འདེད་གཏང་དགོས། “གཉིས་གཏོད”འཕེལ་རྒྱས་ཀྱི་བསྡོམས་རྩིས་དམིགས་ཚད་མ་ལག་འཐུས་ཚང་དུ་བཙུགས་ནས་གསར་གཏོད་ལས་གཏོད་ཀྱི་བསྡོམས་རྩིས་ལྟ་ཞིབ་བྱ་བ་ལེགས་པར་བསྒྲུབ་དགོས།(འབྲེལ་ཡོད་ཐིན་དང་ཅུས་སོ་སོ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་གིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(ཉེར་གཉིས།)འགན་འཁྲི་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏང་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་དོན་དངོས་དང་སྦྲེལ་ནས་འགན་འཁྲི་ངེས་གསལ་བྱེད་ཅིང་དང་། བྱེད་ཐབས་སྤྱོད་ཤུགས་དང་ལྟ་སྐུལ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་གསར་གཏོད་ལས་གཏོད་ཀྱི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་ཁག་ཐེག་བྱ་དགོས། གསར་གཏོད་ལས་གཏོད་ཀྱི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་ཡོད་མེད་དཔྱད་དཔོག་བྱ་བ་རྩ་འཛུགས་སྒོས་སྤེལ་ཏེ། གསར་གཏོད་ལས་གཏོད་ལ་ཚོད་འཛིན་པའི་འགག་རྩ་དུས་བཅད་ལྟར་སེལ་ནས་བྱ་བར་སྐུལ་འདེད་གཏང་དགོས།(འབྲེལ་ཡོད་ཐིན་དང་ཅུས་སོ་སོ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་གིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

(ཉེར་གསུམ།)དཔེ་སྟོན་སྣེ་ཁྲིད་ལ་དོ་སྣང་བྱ་དགོས། གསར་གཏོད་ལས་གཏོད་ཀྱི་སྲིད་ཇུས་ཆ་འཕྲིན་དུས་བཅད་ལྟར་ཁྱབ་བསྒྲགས་བྱེད་པའི་ལམ་ལུགས་བཙུགས་ནས་སྲིད་ཇུས་སྒྲོག་འགྲེལ་དང་དོན་འཁྱོལ་བྱ་བ་ལེགས་པར་བསྒྲུབ་དགོས། ཉམས་མྱོང་བརྗེ་རེས་ཚོགས་འདུ་དང་ལས་ཡུལ་དངོས་ཀྱི་ལྟ་སྦྱོང་ཚོགས་འདུ་བསྡུས་པ་བརྒྱུད་དེ་སྔོན་ཐོན་གྱི་ཉམས་མྱོང་དང་དཔེ་མཚོན་གྱི་བྱེད་སྟངས་ཁྱབ་གདལ་དང་དྲིལ་སྒྲོག་བྱེད་ཤུགས་ཇེ་ཆེར་གཏང་དགོས།(འབྲེལ་ཡོད་ཐིན་དང་ཅུས་སོ་སོ་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་མི་དམངས་སྲིད་གཞུང་གིས་ལས་བགོས་འགན་འཁྲི་ལྟར་འགན་འཁུར་དགོས།)

ལག་བསྟར་བསམ་འཆར་འདི2019ལོའི་ཟླ5བའི་ཚེས28ཉིན་ནས་བཟུང་ལག་བསྟར་བྱ་དགོས། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།)


མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

2019ལོའི་ཟླ4པའི་ཚེས29ཉིན།

རྩོམ་སྒྲིག་པ། : གསང་བདག་རྒྱལ།