ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས།

ཡོང་ཁུངས། : བོད་ལྗོངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-11-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(2019ལོའི་ཟླ་10ཚེས་31ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གྲོས་འཆམ་བྱུང་བ)    

ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱ་ཆེད། སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་འགའ་ཞིག་ལ་དམིགས་སུ་བཀར་ནས་ཞིབ་འཇུག་བྱས་ཏེ་གཤམ་གསལ་གྱི་གཏན་འབེབས་བྱས་པ་སྟེ།

གཅིག ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་དང་སྤྱིའི་བླང་བྱ།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ནི་ཏང་དང་མི་དམངས་ཀྱིས་དུས་ཡུན་རིང་པོའི་ལག་ལེན་གྱི་འཚོལ་ཞིབ་ནང་གྲུབ་པའི་ཚན་རིག་དང་མཐུན་པའི་ལམ་ལུགས་ཀྱི་མ་ལག་ཅིག་ཡིན་པ་དང་། རང་རྒྱལ་གྱི་རྒྱལ་ཁབ་བཅོས་སྐྱོང་གི་ལས་དོན་དང་བྱེད་སྒོ་མཐའ་དག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་གཞིགས་ནས་སྤེལ་དགོས་པ་དང་། རང་རྒྱལ་གྱི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་དེའི་ལག་བསྟར་ནུས་པ་གཅིག་སྡུད་ཐོག་མཚོན་པ་ཞིག་རེད།

ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་པ་ནས་བཟུང་། མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་མར་ཁེ་སིའི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་དང་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་ཟུང་འབྲེལ་བྱས་པ་བརྒྱུད། ཀྲུང་གོའི་གསར་བརྗེར་རྒྱལ་ཁ་ཐོབ་པ་དང་ཆབས་ཅིག་རྒྱལ་ཁབ་ཕྱི་ནང་གི་དྲང་ཕྱོགས་དང་ལྡོག་ཕྱོགས་ཀྱི་ཉམས་མྱོང་ལ་ཕྱོགས་སྡོམ་གཏིང་ཟབ་བྱས་ཏེ་རྒྱུན་ཆད་མེད་པར་འཚོལ་ཞིབ་ལག་ལེན་དང་རྒྱུན་ཆད་མེད་པར་སྒྱུར་བཅོས་གསར་གཏོད་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཏང་གི་འགོ་ཁྲིད་དང་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས། སྣོད་བཅུད་ཤེས་དཔལ། དམག་དོན། ཕྱི་འབྲེལ་གྱི་ལས་དོན་སོགས་ཕྱོགས་ཁག་ཐད་ཀྱི་ལམ་ལུགས་ཆགས་པ་དང་འཕེལ་རྒྱས་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་ལ་ཤུགས་སྣོན་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་པས་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རེའི་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་།“ཕྱོགས་ཡོངས་བཞིའི”ཐབས་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དེ་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཆབ་སྲིད་བརྟན་ལྷིང་དང་། དཔལ་འབྱོར་འཕེལ་རྒྱས། རིག་གནས་དར་རྒྱས། མི་རིགས་མཐུན་སྒྲིལ། མི་དམངས་བདེ་སྐྱིད། སྤྱི་ཚོགས་ཞི་འཇགས། རྒྱལ་ཁབ་གཅིག་གྱུར་བཅས་ལ་འགན་ལེན་ནུས་ལྡན་བྱས་ཡོད།

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70སོང་ཚུན། རང་རེའི་ཏང་གིས་མི་དམངས་ལ་སྣེ་ཁྲིད་བྱས་ཏེ་འཛམ་གླིང་ཐོག་མཐོང་དཀོན་པའི་དཔལ་འབྱོར་འཕེལ་རྒྱས་མྱུར་བའི་བྱས་རྗེས་ངོ་མཚར་ཅན་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་བྱས་རྗེས་ངོ་མཚར་ཅན་བཏོད་ཡོད་ལ། ཀྲུང་ཧྭ་མི་རིགས་ལ་ཡར་ལངས་པ་དང་ཕྱུག་པོ་ཆགས་པ་ནས་སྟོབས་ཆེར་ཕྱིན་པའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བྱུང་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་གི་མ་ལག་ནི་མར་ཁེ་སིའི་རིང་ལུགས་མཛུབ་ཁྲིད་དུ་བྱས་པ་དང་། ཀྲུང་གོའི་ས་གཞི་ཆེ་མོར་རྩ་བ་ཚུགས་པ། ཀྲུང་ཧྭའི་རིག་གནས་ཀྱི་རྨང་གཞི་ཟབ་མོ་ལྡན་པ།མི་དམངས་ཀྱི་བརྩི་སྲུང་ཐོབ་པ་བཅས་ཀྱི་ལམ་ལུགས་དང་བཅོས་སྐྱོང་མ་ལག་ཅིག་ཡིན་པས། དེ་ནི་སྐྱེ་སྟོབས་ཆེན་པོ་དང་ཁྱད་འཕགས་རང་བཞིན་ཧ་ཅང་ཆེན་པོ་ལྡན་པའི་ལམ་ལུགས་དང་བཅོས་སྐྱོང་མ་ལག་ཅིག་དང་། མི་འབོར་དུང་ཕྱུར་བཅུ་བཞི་ཙམ་ཡོད་པའི་རྒྱལ་ཁབ་ཆེན་པོ་ཡར་ཐོན་དང་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་ཐུབ་པ་དང་ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཤེས་དཔལ་ལོ་རྒྱུས་ལྡན་པའི་ཀྲུང་ཧྭ་མི་རིགས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་ཐུབ་ནས་རླབས་ཆེན་བསྐྱར་དར་ཡོང་བར་འགན་ལེན་བྱེད་པའི་ལམ་ལུགས་དང་བཅོས་སྐྱོང་མ་ལག་ཅིག་ཡིན་པ་ལག་ལེན་ནང་ར་འཕྲོད་ཐུབ་ཡོད།

རང་རྒྱལ་གྱི་རྒྱལ་ཁབ་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་ལ་ཕྱོགས་མང་པོའི་ཐད་ཀྱི་མངོན་གསལ་དོད་པའི་ལེགས་ཆ་ལྡན་པ་སྟེ། གཙོ་བོ་ནི། ཏང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་། ཏང་གི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་མཐའ་འཁྱོངས། ཆབ་སྲིད་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱས་ཏེ་རྒྱལ་ཁབ་ཐོག་མཐའ་བར་གསུམ་དུ་སྤྱི་ཚོགས་རིང་ལུགས་ཀྱི་ཁ་ཕྱོགས་སུ་མདུན་སྐྱོད་བྱེད་པའི་མངོན་གསལ་དོད་པའི་ལེགས་ཆ་དང་། མི་དམངས་རང་ཁྱིམ་རང་བདག་མཐའ་འཁྱོངས་དང་། མི་དམངས་དམངས་གཙོ་འཕེལ་རྒྱས། མང་ཚོགས་དང་འབྲེལ་བ་དམ་ཟབ། མི་དམངས་ལ་དམ་པོར་བརྟེན་པ་བཅས་བྱས་ནས་རྒྱལ་ཁབ་འཕེལ་རྒྱལ་ལ་སྐུལ་འདེད་གཏོང་བའི་མངོན་གསལ་དོད་པའི་ལེགས་ཆ། ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱས་ཏེ་སྤྱི་ཚོགས་དྲང་གཞག་དྲང་བདེན་དང་མི་དམངས་ཀྱི་དབང་ཆ་འགན་ལེན་ཏན་ཏིག་བྱེད་པའི་མངོན་གསལ་དོད་པའི་ལེགས་ཆ། རྒྱལ་ཡོངས་བསམ་ཇུས་གཅིག་མཐའ་འཁྱོངས་དང་ཕྱོགས་ཁག་གི་ཧུར་བརྩོན་རང་བཞིན་སྐོང་འཐེན་བྱས་ཏེ་སྟོབས་ཤུགས་གཅིག་སྡུད་ཀྱིས་དོན་ཆེན་སྒྲུབ་པའི་མངོན་གསལ་དོད་པའི་ལེགས་ཆ། མི་རིགས་ཁག་ཚང་མ་འདྲ་མཉམ་མཐའ་འཁྱོངས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བར་བྱེད་པའི་མངོན་གསལ་དོད་པའི་ལེགས་ཆ། སྤྱི་དབང་ལམ་ལུགས་གཙོ་བོར་བྱེད་པ་དང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་ཐུན་མོང་ཐོག་འཕེལ་རྒྱས་དང་རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་བྱེད་པ་དང་ཐོབ་སྤྲོད་སྣ་མང་གི་བྱ་ཐབས་མཉམ་གནས་མཐའ་འཁྱོངས་བྱས་ཏེ་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་ཁྲོམ་རའི་དཔལ་འབྱོར་ཟུང་འབྲེལ་དམ་ཟབ་བྱས་ནས་སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་རྒྱུན་ཆད་མེད་པར་བཅིངས་འགྲོལ་དང་འཕེལ་རྒྱས་གཏོང་བའི་མངོན་གསལ་དོད་པའི་ལེགས་ཆ། ཐུན་མོང་གི་ཕུགས་བསམ་དང་དད་སེམས་དང་། རིན་ཐང་གི་འདུ་ཤེས། ཀུན་སྤྱོད་ཀྱི་འདུ་ཤེས་བཅས་མཐའ་འཁྱོངས་བྱེད་པ་དང་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་དར་སྤེལ་བཏང་ནས་མི་དམངས་ཡོངས་ཀྱི་བསམ་བློ་དང་སྙིང་སྟོབས་ཐད་མཐུན་སྒྲིལ་དམ་ཟབ་བྱེད་པའི་མངོན་གསལ་དོད་པའི་ལེགས་ཆ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་དང་། དམངས་འཚོ་རྒྱུན་ཆད་མེད་པར་འགན་ལེན་དང་ལེགས་གཏོང་དང་མི་དམངས་ལ་བདེ་སྐྱིད་སྐྲུན་ཤུགས་ཆེ་རུ་བཏང་སྟེ་ཐུན་མོང་འབྱོར་ཕྱུག་གི་འགྲོ་ལམ་ཐོག་བསྐྱོད་པའི་མངོན་གསལ་དོད་པའི་ལེགས་ཆ། སྒྱུར་བཅོས་གསར་གཏོད་དང་དུས་བསྟུན་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ་དང་རང་ངོས་འཐུས་ཚང་དང་རང་ངོས་འཕེལ་རྒྱས་མཁས་པོ་བྱས་ནས་སྤྱི་ཚོགས་ལ་སྐྱེ་སྟོབས་དང་གསོན་ཤུགས་འཕེལ་བར་བྱེད་པའི་མངོན་གསལ་དོད་པའི་ལེགས་ཆ། སྤྱོད་ཡོན་གཉིས་ལྡན་དང་མཁས་འདེམས་འཇོན་བསྐོ་མཐའ་འཁྱོངས་བྱས་ནས་གནམ་འོག་གི་ཤེས་ཡོན་ཅན་གཅིག་སྡུད་མཉམ་སྤྱོད་བྱས་ཏེ་ཕུལ་བྱུང་གི་ཤེས་ལྡན་མི་སྣ་དེ་བས་མང་བ་གསོ་སྐྱོང་བྱེད་པའི་མངོན་གསལ་དོད་པའི་ལེགས་ཆ། ཏང་གིས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་མི་དམངས་དམག་དཔུང་གིས་མཐའ་གཅིག་ཏུ་ཏང་དང་མི་དམངས་ལ་ལྷག་བསམ་རྣམ་དག་ཐུབ་པའི་འགན་ལེན་བྱེད་པ་དང་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་འགན་ལེན་ནུས་ལྡན་བྱེད་པའི་མངོན་གསལ་དོད་པའི་ལེགས་ཆ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”མཐའ་འཁྱོངས་ཀྱིས་ཤང་ཀང་དང་ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་རྒྱུན་འཁྱོངས་བྱས་ཏེ་མེས་རྒྱལ་ཞི་བས་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་མངོན་གསལ་དོད་པའི་ལེགས་ཆ། རང་ཚུགས་རང་བདག་དང་ཕྱི་ཕྱོགས་སྒོ་དབྱེ་ཕན་ཚུན་གཅིག་གྱུར་མཐའ་འཁྱོངས་དང་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ཏེ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་རྒྱུན་ཆད་མེད་པར་ལེགས་སྐྱེས་འབུལ་བའི་མངོན་གསལ་དོད་པའི་ལེགས་ཆ་བཅས་ཡིན། མངོན་གསལ་དོད་པའི་ལེགས་ཆ་འདི་དག་ནི་ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་བའི་རྩ་བའི་གཞི་འཛིན་ས་ཡིན།

དེང་གི་འཛམ་གླིང་ལ་ལོ་བརྒྱ་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་ཡོད་པ་དང་། རང་རྒྱལ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་གྱི་འགག་རྩའི་དུས་སྐབས་སུ་གནས་ཡོད། དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་། རང་རྒྱལ་སྤྱི་ཚོགས་ཀྱི་འགལ་བ་གཙོ་བོར་འགྱུར་ལྡོག་ཕྱིན་པ་དང་འཚམ་པ་བྱས་ཏེ་རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་འདུ་འགོད། རླབས་ཆེན་གྱི་བྱ་གཞག རླབས་ཆེན་གྱི་ཕུགས་འདུན་བཅས་ལ་སྤྱི་འདོམས་བྱས་ནས་མི་དམངས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྒུག་གསར་པ་རྒྱུན་ཆད་མེད་པར་སྐོང་བ་དང་། མདུན་སྐྱོད་འགྲོ་ལམ་ཐོག་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལས་རྣམ་པར་རྒྱལ་བ་བྱེད་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་ཤུགས་དེ་བས་ཆེ་བ་རྒྱག་དགོས།

མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་མཛུབ་ཁྲིད་དུ་བྱ་རྒྱུ་ངེས་པར་དུ་མཐའ་འཁྱོངས་བྱས་ཏེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བྱེད་པ། ཏང་གི་འགོ་ཁྲིད་དང་། མི་དམངས་རང་ཁྱིམ་རང་བདག ཁྲིམས་བཞིན་རྒྱལ་སྐྱོང་བཅས་གཅིག་གྱུར་དམ་ཟབ་མཐའ་འཁྱོངས་བྱེད་པ། བསམ་བློར་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ་མཐའ་འཁྱོངས་བྱེད་པ། སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་འདེགས་སྐྱོར་བྱེད་པའི་རྩ་བའི་ལམ་ལུགས་དང་། གཞི་རྩའི་ལམ་ལུགས། གལ་ཆེའི་ལམ་ལུགས་བཅས་མངོན་གསལ་དོད་པོས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། ནུས་ཤུགས་ཡོད་རྒུས་རྨང་གཞི་བརྟན་གཏོང་དང་། དགེ་མཚན་དར་སྤེལ། ཞན་ཆ་གསབ་པ། ཉམས་ཞན་སྟོབས་ཆེར་གཏོང་བ། མ་ལག་འཐུས་སྒོ་ཚང་བ་དང་། ཚན་རིག་དང་མཐུན་ལ་ཚད་དང་ལྡན་པ། འཁོར་སྐྱོད་ནུས་ལྡན་བཅས་ཀྱི་ལམ་ལུགས་ཀྱི་མ་ལག་སྐྲུན་པ། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དང་། ཁྲིམས་བཞིན་བཅོས་སྐྱོང་། ཕྱོགས་བསྡུས་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་ལ་ཤུགས་སྣོན་རྒྱག་པ། རང་རྒྱལ་གྱི་ལམ་ལུགས་ཀྱི་ལེགས་ཆ་རྒྱལ་ཁབ་བཅོས་སྐྱོང་གི་ནུས་པར་དེ་བས་ལེགས་པར་འགྱུར་བ་བཅས་བྱས་ནས“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བར་འགན་ལེན་ནུས་ལྡན་བྱེད་དགོས།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་ཚད་ནི། རང་རེའི་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་སྐབས། ཕྱོགས་གང་ཅིའི་ཐད་ཀྱི་ལམ་ལུགས་དེ་བས་ཚགས་ཚུད་པོ་དང་དེ་བས་གཏན་འཁེལ་བྱེད་པའི་ཐད་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། 2035ལོར་སླེབས་སྐབས། ཕྱོགས་ཁག་གི་ལམ་ལུགས་དེ་བས་འཐུས་སྒོ་ཚང་དུ་སོང་ནས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་གཞི་རྩའི་ཆ་ནས་འགྱུར་བ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་སྐབས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ཕྱོགས་ཡོངས་ནས་མངོན་འགྱུར་ཐུབ་པ་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དེ་བས་སྲ་བརྟན་དང་ཁྱད་འཕགས་རང་བཞིན་གང་ལེགས་མངོན་པར་བྱེད་དགོས།

གཉིས། ཏང་གི་འགོ་ཁྲིད་ལམ་ལུགས་ཀྱི་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ། ཏང་གིས་ཚན་རིག་དང་མཐུན་པའི་སྒོ་ནས་སྲིད་སྐྱོང་དང་། དམངས་གཙོའི་སྲིད་སྐྱོང་། ཁྲིམས་ལྟར་སྲིད་སྐྱོང་བཅས་ཀྱི་ཆུ་ཚད་མཐོ་རུ་གཏོང་དགོས།

ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆེས་ངོ་བོའི་ཁྱད་ཆོས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཀྱི་ལེགས་ཆ་ཆེ་ཤོས་ཡིན་ལ་ཏང་ནི་ཆབ་སྲིད་ཀྱི་འགོ་ཁྲིད་མཐོ་ཤོས་ཀྱི་སྟོབས་ཤུགས་ཀྱང་རེད། ཏང་ནི་ཏང་སྲིད་དམག་དམངས་སློབ་དང་ཕྱོགས་བཞི་མཚམས་བརྒྱད་ལ་འགོ་ཁྲིད་མཁན་ཡིན་པ་ངེས་པར་དུ་མཐའ་འཁྱོངས་དང་། ཏང་ཀྲུང་དབྱང་གི་དབང་གྲགས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་། སྤྱི་ཡོངས་ལ་སྤྱི་འདོམས་དང་ཕྱོགས་ཁག་ལ་མཐུན་སྦྱོར་ཡོང་བར་བྱེད་པའི་ཏང་གི་འགོ་ཁྲིད་ཀྱི་ལམ་ལུགས་དང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་གི་ཁྱབ་ཁོངས་ཁག་དང་། ཕྱོགས་ཁག ལྷུ་ཚིགས་ཁག་བཅས་ལ་ཏང་གི་འགོ་ཁྲིད་དོན་འཁྱོལ་བྱེད་དགོས།

(གཅིག)ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བའི་ལམ་ལུགས་འཛུགས་དགོས། ཏང་ཡོངས་ཀྱིས་ཏང་གི་སྒྲིག་ཡིག་ལ་སྲུང་བརྩི་ཞུ་བ་དང་ཏང་གི་ངོ་བོ་དང་དམིགས་ཡུལ་དམ་སྲུང་འགན་ལེན་བྱས་ཏེ་གུང་ཁྲན་རིང་ལུགས་ཀྱི་ཕུགས་བསམ་ཆེན་པོ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་འདུན་ལ་བརྟེན་ནས་ཏང་ཡོངས་གོང་བུ་གཅིག་ཏུ་འགྲིལ་བ་དང་མི་དམངས་ལ་མཐུན་སྒྲིལ་མཐའ་འཁྱོངས་བྱེད་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་། མི་དམངས་ལ་སློབ་གསོ་རྒྱག་པ། ལས་དོན་ལ་མཛུབ་ཁྲིད་བྱེད་པ་བཅས་བྱས་ཏེ་ཏང་གི་སྲིད་སྐྱོང་བའི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བ་ནི་ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་འགྱུར་མེད་ཀྱི་ཞིབ་འཇུག་བྱ་གཞི་དང་ཏང་ཡོན་དང་ལས་བྱེད་པ་ཡོངས་ཀྱི་ཚེ་གང་གི་ཞིབ་འཇུག་བྱ་གཞི་ཞིག་ཡིན་པས། ཕུགས་ཕན་ལམ་སྲོལ་ཆགས་པར་བྱས་ནས་ཏང་ཡོན་དང་ལས་བྱེད་པའི་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ཆབ་སྲིད་ཀྱི་གཤིས་སྤྱོད་ལ་ཞུན་བརྡར་རྒྱུན་འཁྱོངས་ལྷོད་མེད་གཏོང་དགོས། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་མཛད་ཇུས་བཅས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་ཏང་གི་རིགས་པའི་གཞུང་ལུགས་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། ལས་དོན་མཐའ་དག་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་པ་དང་། འཕེལ་རྒྱས་ཀྱི་ཆོས་ཉིད་དང་འཚམ་པ། མི་དམངས་ཀྱི་རེ་འདུན་མཚོན་པ་བཅས་བྱས་ཏེ། ཏང་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པ་དང་མི་དམངས་ཀྱི་ཟོལ་མེད་བརྩི་བཀུར་ཐོབ་པར་བྱེད་དགོས།

(གཉིས) ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པའི་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་ཡོངས་ཀྱིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”ཐུབ་པར་བྱེད་པ་བཅས་ལ་སྐུལ་འདེད་བཏང་ནས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་རང་རྟོགས་ངང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གནས་བབ་ལ་སྲུང་སྐྱོང་བྱེད་རྒྱུ་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་དགོས། ཏང་ཀྲུང་དབྱང་གིས་ལས་དོན་གལ་ཆེན་ལ་འགོ་འཁྲིད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཏང་ཀྲུང་དབྱང་གིས་ཐབས་ཇུས་འདིང་བ་དང་། ལས་དོན་ལ་གྲོས་བསྡུར། མཐུན་སྦྱོར་བཅས་བྱེད་པའི་སྒྲིག་གཞིའི་འགན་ནུས་ཆེ་རུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་གལ་ཆེན་དོན་འཁྱོལ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་དང་སྐུལ་འདེད་བཏང་ནས། ཏང་ཀྲུང་དབྱང་ལ་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ལག་ལེན་ནན་པོ་བསྟར་ཏེ་བཀའ་གསུང་ཅི་སྒྲུབ་འགན་ལེན་ཏན་ཏིག་བྱེད་དགོས། ཏང་གི་གཅིག་སྡུད་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པའི་རྩ་འཛུགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཏང་ཀྲུང་དབྱང་གི་རྩ་འཛུགས་དང་། ས་གནས་ཀྱི་རྩ་འཛུགས། གཞི་རིམ་གྱི་རྩ་འཛུགས་བཅས་གོང་འོག་འབྲེལ་མཐུད་དང་ལག་ལེན་ནུས་ལྡན་བསྟར་ཐུབ་པའི་མ་ལག་ཚགས་དམ་པོ་ཞིག་ཆགས་པར་བྱས་ཏེ་ཏང་རྩ་འཛུགས་དང་ཏང་གི་ལས་དོན་ཁྱོན་ཡོངས་ལ་ཁྱབ་པར་བྱེད་དགོས།

(གསུམ)ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་གིས་མི་དམངས་འཐུས་ཚོགས་དང་། སྲིད་གཞུང་། སྲིད་གྲོས། ལྟ་ཞིབ་ལས་ཁུངས། འདྲི་གཅོད་ལས་ཁུངས། ཞིབ་དཔྱོད་ལས་ཁུངས། དྲག་ཆས་སྟོབས་ཤུགས། མི་དམངས་ཚོགས་པ། ཁེ་ལས་དང་བྱ་གཞག་ཚན་པ། གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་རྩ་འཛུགས། སྤྱི་ཚོགས་རྩ་འཛུགས་སོགས་ལ་འགོ་འཁྲིད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། རིམ་ཁག་ཏང་ཨུད(ཏང་ཙུའུ)ཀྱི་ལས་ཀའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་རྩ་འཛུགས་སྣ་ཚོགས་ཁྲོད་དུ་ཏང་གི་འགོ་ཁྲིད་ནུས་པ་འདོན་དགོས། ཏང་གིས་བྱ་གཞག་ཁག་ལ་འགོ་འཁྲིད་པའི་ཞིབ་ཕྲའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཏང་གི་འགོ་ཁྲིད“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང་། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་ཐད་དོན་འཁྱོལ་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞིའི་འགན་ནུས་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་ཏང་གི་འགོ་ཁྲིད་ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ཚང་མས་འགན་འཁྲི་སྒྲུབ་པའི་བརྒྱུད་རིམ་ཐམས་ཅད་ནང་ལག་བསྟར་བྱས་ནས།ཕྱོགས་ཁག་གི་བྱ་སྤྱོད་ལ་མཐུན་སྦྱོར་དང་མཉམ་ཤུགས་ཆེ་རུ་འགྲོ་བར་སྐུལ་མ་གཏོང་དགོས།

(བཞི)མི་དམངས་ཀྱི་ཆེད་དུ་སྲིད་སྐྱོང་བ་དང་མི་དམངས་ལ་བརྟེན་ནས་སྲིད་སྐྱོང་བའི་ལམ་ལུགས་ཁག་འཐུས་སྒོ་ཚང་དུ་གཏོང་དགོས། སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་དང་མི་དམངས་མང་ཚོགས་དབར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་རྒྱུན་འཁྱོངས་ཀྱིས་དམངས་འདོད་ལ་བརྩི་འཇོག་དང་། དམངས་བློ་གཅིག་སྡུད། དམངས་ནུས་གཅིག་སྒྲིལ། དམངས་འཚོ་ལེགས་བཅོས་བཅས་ཏང་གིས་རྒྱལ་སྲིད་སྐྱོང་ལུགས་ཀྱི་ལས་དོན་ཡོངས་ལ་ཁྱབ་པར་བྱེད་པ་དང་། ཏང་གིས་སྲིད་སྐྱོང་བའི་གྲལ་རིམ་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ། ཏང་གིས་སྲིད་སྐྱོང་བའི་མང་ཚོགས་ཀྱི་རྨང་གཞི་ཟབ་ཏུ་གཏོང་བ། ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་བཅོས་སྐྱོང་བྱེད་རིང་མི་དམངས་ཀྱི་བྱེད་པོའི་གནས་བབ་འགན་ལེན་གྱིས་མང་ཚོགས་དང་ཁ་བྲལ་བའི་ཉེན་ཁར་འགོག་ཟོན་བྱེད་དགོས། ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་བྱས་ཏེ་ཏང་ཡོན་དང་ལས་བྱེད་པས་མང་ཚོགས་ལ་འབྲེལ་གཏུག་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། དྲ་སྦྲེལ་དུས་རབས་ཀྱི་མང་ཚོགས་ལས་དོན་གྱི་ལམ་སྲོལ་གསར་གཏོད་བྱས་ཏེ་མང་ཚོགས་ཀྱི་ཆེད་དུ་དང་། མང་ཚོགས་ལ་ཡིད་ཆེས། མང་ཚོགས་ལ་བརྟེན་པ། མང་ཚོགས་ལ་སྣེ་ཁྲིད། མང་ཚོགས་ཁྲོད་ཟབ་ཞུགས། གཞི་རིམ་དུ་ཟབ་སྐྱོད་བཅས་ཐོག་མཐའ་བར་གསུམ་དུ་བྱེད་དགོས། འབྲེལ་གཏུག་རྒྱ་ཁྱབ་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཚོགས་པའི་ལས་དོན་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་དམངས་ཀྱི་ཚོགས་པས་ཆབ་སྲིད་ཀྱི་རང་བཞིན་དང་། སྔོན་ཐོན་གྱི་རང་བཞིན། མང་ཚོགས་ཀྱི་རང་བཞིན་བཅས་ཆེ་རུ་གཏོང་བར་སྐུལ་མ་བཏང་སྟེ། རང་སོ་སོའི་འབྲེལ་གཏུག་བྱ་ཡུལ་གྱི་མང་ཚོགས་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བཅས་བྱེད་དགོས།

(ལྔ)ཏང་གི་སྲིད་སྐྱོང་ནུས་པ་དང་འགོ་ཁྲིད་ཆུ་ཚད་མཐོ་རུ་གཏོང་བའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། དམངས་གཙོ་གཅིག་སྡུད་ལམ་ལུགས་མཐའ་འཁྱོངས་བྱས་ཏེ་ཏང་ནང་ཁུལ་གྱི་དམངས་གཙོ་གོང་འཕེལ་གཏོང་བ་དང་གཅིག་སྡུད་ཡང་དག་ལག་ལེན་བསྟར་བའི་འབྲེལ་ཡོད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ལ་འཆར་འགོད། སྲིད་ཇུས་གཏན་འཁེལ། སྒྱུར་བཅོས་སྐུལ་གཏོང་བཅས་ཀྱི་ཏང་གི་ནུས་པ་ཆེ་རུ་གཏོང་དགོས། ཐབས་ཇུས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཐབས་ཇུས་གལ་ཆེན་ཐད་ཀྱི་བརྟག་དཔྱད་ཞིབ་འཇུག་དང་། ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ། ཉེན་ཁ་དཔྱད་དཔོག་བཅས་ལ་ཤུགས་སྣོན་རྒྱག་པ་དང་དེ་བཞིན་ཐབས་ཇུས་ལག་བསྟར་དང་། དཔྱད་དཔོག ལྟ་སྐུལ་བཅས་བྱེད་ཤུགས་ཆེ་རུ་གཏོང་དགོས། ཏང་གི་འགོ་འཁྲིད་བྱེད་སྟངས་དང་སྲིད་སྐྱོང་བྱེད་སྟངས་ལེགས་བཅོས་བྱས་ནས་རིམ་ཁག་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་བྱེད་ནུས་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། འགན་འཁྲི་འཁུར་ཕོད་པ་དང་ལས་དོན་སྒྲུབ་པའི་ལྕག་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། རིམ་ཁག་འགོ་ཁྲིད་ལས་བྱེད་པའི་སློབ་སྦྱོང་གི་འཇོན་ཐང་དང་། ཆབ་སྲིད་འགོ་ཁྲིད་ཀྱི་འཇོན་ཐང་། སྒྱུར་བཅོས་གསར་གཏོད་ཀྱི་འཇོན་ཐང་། ཚན་རིག་དང་མཐུན་པའི་འཕེལ་རྒྱས་གཏོང་བའི་འཇོན་ཐང་། ཁྲིམས་བཞིན་སྲིད་སྐྱོང་བའི་འཇོན་ཐང་། མང་ཚོགས་ཀྱི་ལས་ཀ་སྒྲུབ་པའི་འཇོན་ཐང་། དོན་འཁྱོལ་ལ་དམ་འཛིན་བྱེད་པའི་འཇོན་ཐང་། ཉེན་ཁ་ཚོད་འཛིན་གྱི་འཇོན་ཐང་བཅས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་སྟེ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་དང་འཐབ་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་དགོས།

(དྲུག)ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་གིས་ཏང་ལ་དོ་དམ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱས་ཏེ་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་ཏང་གི་རང་ངོས་གསར་བརྗེར་མུ་མཐུད་སྐུལ་མ་བཏང་ནས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་གནས་པར་བྱེད་དགོས། དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་དོན་འཁྱོལ་བྱས་ནས་ཏང་འཛུགས་སྐྱོང་གི་ལམ་ལུགས་སྒྱུར་བཅོས་ཟབ་གཏོང་དང་། གཏན་འབེབས་བཞིན་ཏང་བཅོས་སྐྱོང་མཐའ་འཁྱོངས། ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱས་ནས་ཏང་གི་ཕྱོགས་སོ་སོའི་ཐད་ཀྱི་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཏང་གིས་ལས་བྱེད་པར་དོ་དམ་དང་མཁས་འདེམས་འཇོན་བསྐོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ཚད་ལྡན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ། དགེ་མཚན་ལྡན་པ་དང་སྐྱོན་བྲལ་གྱི་ཏང་ནང་ཁུལ་གྱི་ཆབ་སྲིད་རིག་གནས་གོང་འཕེལ་གཏོང་བ། ཏང་ནང་ཁུལ་གྱི་ཆབ་སྲིད་ཁོར་ཡུག་ཕྱོགས་ཡོངས་ནས་གཙང་སེལ་བཅས་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འགན་འཁྲིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་དགོས། ཏང་གི་སྔོན་ཐོན་རང་བཞིན་ལ་ཤུགས་རྐྱེན་ངན་པ་བཟོ་བ་དང་ཏང་གི་དྭངས་གཙང་རང་བཞིན་ལ་གནོད་པའི་གནད་དོན་མཐའ་དག་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ཏེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཡོ་བསྲང་དང་བཅོས་སྐྱོང་ཤུགས་ཆེན་བྱེད་པ་དང་། ཏང་གི་གསར་གཏོད་ནུས་པ་དང་། གོང་བུ་འགྲིལ་ཤུགས། འཐབ་འཛིང་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཏང་ཐོག་མཐའ་བར་གསུམ་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་ཀྱི་སྲོག་ཤིང་དུ་འགྱུར་བར་བྱེད་དགོས།

གསུམ། མི་དམངས་རང་ཁྱིམ་རང་བདག་གི་ལམ་ལུགས་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཕེལ་རྒྱས་གཏོང་དགོས།

རང་རྒྱལ་ནི་བཟོ་པའི་གྲལ་རིམ་གྱིས་འགོ་ཁྲིད་པ་དང་བཟོ་ཞིང་མནའ་འབྲེལ་རྨང་གཞིར་བྱས་པའི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པས་རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་ཡོད། དེས་ན་ངེས་པར་དུ་མི་དམངས་ཀྱི་བྱེད་པོའི་གནས་བབ་མཐའ་འཁྱོངས་དང་། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་ནས་དམངས་གཙོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། དམངས་གཙོའི་རྣམ་པ་ཕུན་སུམ་ཚོཌ་སུ་གཏོང་བ། དམངས་གཙོའི་ཐབས་ལམ་རྒྱ་སྐྱེད་གཏོང་བ། ཁྲིམས་བཞིན་དམངས་གཙོའི་འདེམས་བསྐོ་དང་། དམངས་གཙོའི་གྲོས་མོལ། དམངས་གཙོའི་ཐབས་ཇུས། དམངས་གཙོའི་དོ་དམ། དམངས་གཙོའི་ལྟ་སྐུལ་བཅས་བྱས་ཐོག ཕྱོགས་ཁག་གི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་ཐོག་ནས་དེ་བས་ལེགས་པའི་སྒོ་ནས་མི་དམངས་ཀྱི་བློ་སྟོབས་མངོན་པ་དང་། མི་དམངས་ཀྱི་ཁེ་དབང་ལ་སྲུང་སྐྱོང་། མི་དམངས་ཀྱི་གསར་གཏོད་ཀྱི་སེམས་ཤུགས་འཕེལ་བ་བཅས་བྱས་ནས། མི་དམངས་ཀྱིས་ཁྲིམས་བཞིན་ཐབས་ལམ་དང་བྱ་ཐབས་སྣ་ཚོགས་བརྒྱུད་རྒྱལ་ཁབ་ཀྱི་ལས་དོན་ལ་དོ་དམ་དང་། དཔལ་འབྱོར་དང་རིག་གནས་བྱ་གཞག་ལ་དོ་དམ། སྤྱི་ཚོགས་ཀྱི་ལས་དོན་ལ་དོ་དམ་བཅས་ཐུབ་པའི་འགན་ལེན་བྱེད་དགོས།

(གཅིག) རྩ་བའི་ཆབ་སྲིད་ལམ་ལུགས་ཡིན་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས། མི་དམངས་ཀྱིས་རྒྱལ་ཁབ་ཀྱི་དབང་ཆ་ལག་ལེན་བསྟར་བའི་ལས་ཁུངས་ནི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་རེད། མི་དམངས་ཀྱིས་མི་དམངས་འཐུས་མི་ཚོགས་ཆེན་བརྒྱུད་རྒྱལ་ཁབ་ཀྱི་དབང་ཆ་ལག་ལེན་བསྟར་བར་རྒྱབ་སྐྱོར་དང་འགན་ལེན་དང་། རིམ་ཁག་མི་དམངས་འཐུས་ཚོགས་ཚང་མ་དམངས་གཙོར་བརྟེན་ནས་བདམས་ཐོན་དང་། མི་དམངས་ལ་འགན་འཁུར་བ། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བཅས་འགན་ལེན་བྱེད་པ། རིམ་ཁག་རྒྱལ་ཁབ་ལས་ཁུངས་ཚང་མ་མི་དམངས་འཐུས་ཚོགས་ཀྱིས་བཙུགས་པ་དང་། མི་དམངས་འཐུས་ཚོགས་ལ་འགན་འཁུར་བ། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་ལེན་བཅས་ཀྱི་འགན་ལེན་བྱེད་དགོས། མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁྲིམས་བཞིན་འགན་དབང་ལག་ལེན་བསྟར་བར་རྒྱབ་སྐྱོར་དང་འགན་ལེན་བྱེད་པ་དང་། མི་དམངས་འཐུས་ཚོགས་ཀྱིས“སྲིད་གཞུང་གཅིག་དང་ཨུ་ལྷན་གཅིག་ཁང་གཉིས”བཅས་ལ་ལྟ་སྐུལ་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་མི་དམངས་མང་ཚོགས་དབར་གྱི་འབྲེལ་བ་ཟབ་ཏུ་གཏོང་བ་དང་། འཐུས་མིའི་འབྲེལ་གཏུག་ལམ་སྲོལ་བཅས་འཐུས་སྒོ་ཚང་དུ་བཏང་སྟེ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནུས་པ་དེ་བས་འདོན་སྤེལ་ཡག་པོ་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་རྩ་འཛུགས་ལམ་ལུགས་དང་། འདེམས་བསྐོའི་ལམ་ལུགས། ལས་ཀའི་གྲོས་རིམ་གྱི་སྒྲིག་སྲོལ་བཅས་འཐུས་སྒོ་ཚང་དུ་གཏོང་བ་དང་། རིག་པས་ཁུངས་སྐྱེལ་དང་། ཚོད་སྐོར། དཔྱད་གླེང་། ཁུངས་སྐྱེལ་དག་འབུད་ལམ་ལུགས་བཅས་འཐུས་སྒོ་ཚང་དུ་གཏོང་དགོས། གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་གྲངས་འབོར་མང་དུ་འོས་འཚམ་གཏོང་དགོས། ས་གནས་མི་དམངས་འཐུས་ཚོགས་དང་དེ་བཞིན་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་འཛུགས་པར་ཤུགས་སྣོན་རྒྱག་དགོས།

(གཉིས) ཀྲུང་གོ་གུང་ཁྲན་ཏང་གིས་འགོ་འཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས། ཡུན་རིང་མཉམ་གནས་དང་། ཕན་ཚུན་ལྟ་སྐུལ། གཅིག་སེམས་གཅིག་གཏད། ཁྲེལ་གྲགས་མཉམ་འཁུར་བཅས་ཀྱི་བྱེད་ཕྱོགས་ལག་ལེན་བསྟར་བ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཏང་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན། ཕན་ཚུན་ལྟ་སྐུལ་དང་ལྷག་པར་དུ་ཀྲུང་གོ་གུང་ཁྲན་ཏང་གིས་རང་རྟོགས་ངང་ལྟ་སྐུལ་དང་ལེན་དང་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་ཚུལ་ལ་ཆེད་དོན་ལྟ་སྐུལ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས། དམངས་གཙོའི་ཏང་ཤོག་ཀྲུང་དབྱང་གིས་ཐད་ཀར་ཀྲུང་གུང་ཀྲུང་དབྱང་ལ་གྲོས་འགོ་འདོན་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། དམངས་གཙོའི་ཏང་ཤོག་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་འགན་ནུས་སྒྲུབ་པར་རྒྱབ་སྐྱོར་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་སྟེ། རང་རྒྱལ་གྱི་སྲིད་ཏང་ལམ་ལུགས་གསར་པའི་ལེགས་ཆ་མངོན་པར་བྱེད་དགོས། ཆབ་སྲིད་ཀྱི་རྩ་འཛུགས་དང་དམངས་གཙོའི་རྣམ་པའི་མི་དམངས་སྲིད་གྲོས་ཀྱི་ཕན་ནུས་འདོན་སྤེལ་བྱེད་པ་དང་། ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས། ཐུན་མོང་གི་ངོས་འཛིན་དེ་བས་གཅིག་ཏུ་ཡག་པོ་སྒྲིལ་དགོས། མི་དམངས་སྲིད་གྲོས་ཀྱི་ཆེད་མངགས་གྲོས་མོལ་སྒྲིག་གཞིའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོས་མོལ་གྱི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ། གྲོས་མོལ་གྱི་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རིགས་ཁོངས་ཀྱི་བཀོད་སྒྲིག་ལེགས་སུ་གཏོང་བ་བཅས་བྱས་ཏེ། དམངས་གཙོ་དར་སྤེལ་དང་མཐུན་སྒྲིལ་ཆེར་གཏོང་ཕན་ཚུན་སྦྲེལ་མཐུད་དང་། གྲོས་འདོན་སྲིད་སྐྱོང་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བའི་ཕྱོགས་གཉིས་ཀར་ཤུགས་སྣོན་རྒྱག་པའི་གོ་རིམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

སྤྱི་ཚོཌ་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོའི་ཐུན་མིན་ལེགས་ཆ་མཐའ་འཁྱོངས་བྱས་ནས། སྲིད་ཏང་གྲོས་མོལ་དང་། མི་དམངས་འཐུས་ཚོགས་ཀྱི་གྲོས་མོལ། སྲིད་གཞུང་གི་གྲོས་མོལ། སྲིད་གྲོས་ཀྱི་གྲོས་མོལ། མི་དམངས་ཚོཌ་པའི་གྲོས་མོལ། གཞི་རིམ་གྱི་གྲོས་མོལ། དེ་བཞིན་སྤྱི་ཚོཌ་ཀྱི་རྩ་འཛུཌ་གྲོས་མོལ་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། གོ་རིམ་ལུཌ་མཐུན་དང་ལྷུ་ཚིགས་ཆ་ཚང་བའི་གྲོས་མོལ་དམངས་གཙོའི་མ་ལག་འཛུགས་པ་དང་། ཐབས་ཇུས་མ་བཀོད་གོང་དང་ཐབས་ཇུས་ལག་ལེན་བྱེད་རིང་གྲོས་མོལ་དོན་འཁྱོལ་བྱེད་པའི་ལམ་སྲོལ་འཐུས་སྒོང་ཚང་དུ་བཏང་སྟེ། དོན་དག་ཡོད་ན་གྲོས་བསྡུར་ཡག་པོ་བྱེད་པ་དང་དམངས་ཀྱི་དོན་དག་དམངས་ཀྱིས་གྲོས་བསྡུར་བྱེད་པའི་ལམ་ལུགས་ཅན་གྱི་ལག་ལེན་ཕུན་སུམ་ཚོགས་སུ་གཏོང་དགོས།

(གསུམ)ཁྱབ་ཆེ་ཤོས་ཀྱི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། འཐབ་ཕྱོགས་གཅིག་གྱུར་ཆེན་པོའི་ལས་ཀའི་རྣམ་པ་མཐའ་འཁྱོངས་དང་། གཅིག་གྱུར་རང་བཞིན་དང་སྣ་མང་རང་བཞིན་གཅིག་གྱུར་མཐའ་འཁྱོངས། མནའ་མཐུན་པའི་ཁེ་ཕན་ལ་ལྟ་རྟོག་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ། མི་རིགས་ལས་དོན་དང་ཆོས་ལུགས་ལས་དོན་ཡག་པོ་སྒྲུབ་པ། ཏང་ཕྱིའི་འཐུས་ཚབ་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྤུན་ཟླ་ཤང་ཀང་བ་དང་ཨའོ་མོན་བ་དང་། སྤུན་ཟླ་ཐའེ་དབན་བ། ཕྱིར་སྡོད་རང་མི་བཅས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བ། མཐུན་ཆ་ཆེ་ཤོས་འཚོལ་བ། ལྟེ་གཅིག་སྒོར་མོ་ཆེ་ཤོས་འབྲི་བ་བཅས་བྱས་ཏེ་སྲིད་ཏང་གི་འབྲེལ་བ་དང་། མི་རིགས་ཀྱི་འབྲེལ་བ། ཆོས་ལུགས་ཀྱི་འབྲེལ་བ། གྲལ་རིམ་གྱི་འབྲེལ་བ། རྒྱལ་ཕྱི་རྒྱལ་ནང་གི་སྤུན་ཟླའི་འབྲེལ་བ་བཅས་ཞི་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས།

(བཞི)མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་འགྲོ་ལམ་དུ་སྐྱོད་པ་དང་། མི་རིགས་ཁག་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱེད་པ། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། མི་རིགས་རང་སྐྱོང་ས་ཁུལ་དུ་ཁྲིམས་བཞིན་རང་སྐྱོང་དབང་ཆ་སྤྱོད་པའི་འགན་ལེན་བྱེད་པ། གྲངས་ཉུང་མི་རིགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ་བཅས་བྱས་ཏེ་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་ཀྱི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས། མར་ཁེ་སི་རིང་ལུགས་ཀྱི་མེས་རྒྱལ་གྱི་ལྟ་བ་དང་། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ལོ་རྒྱུས་ཀྱི་ལྟ་བ་བཅས་ཀྱི་དྲིལ་བསྒྲགས་སློབ་གསོ་ཧུར་ཐག་སྤེལ་རྒྱུ་མཐའ་འཁྱོངས་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་བསམ་བློའི་རྨང་གཞི་བརྟན་པོ་འཛུགས་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྲོལ་གཏོད་བྱེད་སྒོ་ཕྱོགས་ཡོངས་ནས་གཏིང་ཟབ་རྒྱུན་མཐུད་སྤེལ་ཏེ་མི་རིགས་ཁག་འགྲོ་འོང་སྤེལ་རེས་མཉམ་འདྲེས་བཅས་ལ་ཤུགས་སྣོན་རྒྱག་དགོས། མི་རིགས་ས་ཁུལ་གྱི་འཕེལ་རྒྱས་མགྱོགས་པོར་རྒྱབ་སྐྱོར་དང་རོགས་རམ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

(ལྔ)གསོན་ཤུགས་ཀྱིས་ཁེངས་པའི་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱིས་འགོ་འཁྲིད་པའི་གཞི་རིམ་མང་ཚོགས་ཀྱི་རང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས། གྲོང་ཁྱེར་གྲོང་གསེབ་སྡེ་ཁུལ་བཅས་བཅོས་སྐྱོང་དང་། གཞི་རིམ་གྱི་སྤྱི་པའི་ལས་དོན་དང་སྤྱི་ཕན་བྱ་གཞག་ཁྲོད་དུ་མང་ཚོགས་རང་གིས་རང་ལ་དོ་དམ་དང་། རང་གིས་རང་ལ་ཞབས་འདེགས། རང་གིས་རང་ལ་སློབ་གསོ། རང་གིས་རང་ལ་ལྟ་སྐུལ་བཅས་རྒྱ་ཁྱབ་ལག་ལེན་བསྟར་བ་དང་། མི་དམངས་མང་ཚོགས་ཀྱི་བསམ་འཆར་དང་གྲོས་འགོ་འདོན་པའི་ཐབས་ལམ་རྒྱ་ཆེར་བཏང་སྟེ། གཞི་རིམ་གྱི་ཐད་ཀའི་དམངས་གཙོ་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་སུ་སྐུལ་འདེད་ཤུགས་ཆེན་གཏོང་དགོས། བློ་གཅིག་སེམས་གཅིག་གིས་བཟོ་པའི་གྲལ་རིམ་ལ་བརྟེན་ནས་ལས་བཟོའི་འཐུས་མི་ཚོགས་ཆེན་གཞི་རྩའི་རྣམ་པར་བྱས་པའི་ཁེ་ལས་དང་བྱ་གཞག་ཚན་པའི་དམངས་གཙོའི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁེ་ལས་ཀྱི་ལས་བཟོ་དོ་དམ་ནང་ཞུགས་པའི་བྱེད་ཐབས་ནུས་ལྡན་འཚོལ་ཞིབ་བྱེད་པ། ལས་བཟོ་མང་ཚོགས་ཀྱི་གནས་ཚུལ་ཤེས་དབང་དང་། ཞུགས་དབང་། སྐད་ཆ་ཤོད་དབང་། ལྟ་སྐུལ་དབང་ཆ་འགན་ལེན་བྱེད་པ་བཅས་བྱས་ཏེ་ལས་བཟོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས།

བཞི། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཁྲིམས་བཞིན་རྒྱལ་སྐྱོང་དང་ཁྲིམས་བཞིན་སྲིད་སྐྱོང་བའི་ཏང་གི་ནུས་པ་ཆེ་རུ་གཏོང་དགོས།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྱོང་བྱེད་པ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་ནང་གནས་ཀྱི་བླང་བྱ་ཞིག་རེད། དེས་ན་ངེས་པར་དུ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་དུ་བསྐྱོད་དེ་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བ་དང་། ཁྲིམས་བཞིན་རྒྱལ་སྐྱོང་དང་། ཁྲིམས་བཞིན་སྲིད་སྐྱོང་། ཁྲིམས་བཞིན་སྲིད་འཛིན་བཅས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཅན་འཛུགས་སྐྲུན་མཐའ་འཁྱོངས་བྱེད་དགོས། འཐུས་སྒོ་ཚང་བའི་བཅའ་ཁྲིམས་ཚད་ལྡན་མ་ལག་དང་། ནུས་ཆེའི་ཁྲིམས་སྐྱོང་ལག་བསྟར་མ་ལག དམ་ནན་གྱི་ཁྲིམས་སྐྱོང་ལྟ་སྐུལ་མ་ལག ནུས་ལྡན་གྱི་ཁྲིམས་སྐྱོང་འགན་སྲུང་མ་ལག་བཅས་གང་མགྱོགས་ཆགས་པར་བྱེད་པ་དང་། འཐུས་སྒོ་ཚང་བའི་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་ཆགས་པར་བྱས་ནས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། ཁྲིམས་སྐྱོང་ནན་པོ། གཞུང་དྲང་སྲིད་འཛིན། དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ་ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།

(གཅིག)རྩ་ཁྲིམས་ཕྱོགས་ཡོངས་ནས་ལག་ལེན་བསྟར་རྒྱུ་འགན་ལེན་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བར་སྔོན་ལ་རྩ་ཁྲིམས་བཞིན་རྒྱལ་ཁབ་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་དགོས་པ་དང་། ཁྲིམས་བཞིན་སྲིད་འཛིན་པར་སྔོན་ལ་རྩ་ཁྲིམས་བཞིན་སྲིད་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས། རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་དང་། རྩ་ཁྲིམས་ལ་གསལ་འགྲེལ་གྱི་བརྒྱུད་རིམ་ལམ་སྲོལ་དོན་འཁྱོལ་བྱེད་པ། རྩ་ཁྲིམས་དང་མཐུན་མིན་རང་བཞིན་གྱི་ཞིབ་བཤེར་ལས་དོན་ལ་སྐུལ་འདེད་གཏོང་བ། སྙན་སེང་ཐོ་འགོད་ཞིབ་བཤེར་ལམ་ལུགས་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ལས་འགལ་བའི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཁྲིམས་བཞིན་རྩིས་མེད་གཏོང་བ་དང་ཡོ་བསྲང་བྱེད་དགོས། རྩ་ཁྲིམས་དང་བཅའ་ཁྲིམས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱེད་པ་དང་། བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཡིན་པའི་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་ཁྲིམས་སྲོལ་གཅིག་གྱུར་དང་། རང་བཀུར། དབང་གྲགས་བཅས་ལ་སྲུང་སྐྱོང་བྱས་ནས་རྩ་ཁྲིམས་དང་བཅའ་ཁྲིམས་ལས་འགལ་བའི་བྱ་སྤྱོད་ཚང་མར་ངེས་པར་དུ་བདའ་འདེད་གཏོང་དགོས།

(གཉིས)ཁྲིམས་འཛུགས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་བཞིན་ཁྲིམས་འཛུགས་བཅས་མཐའ་འཁྱོངས་ཀྱིས་ཏང་ཨུད་ཀྱིས་འགོ་འཁྲིད་པ་དང་། མི་དམངས་འཐུས་ཚོགས་ཀྱིས་གཙོ་ཁྲིད་བྱེད་པ། སྲིད་གཞུང་ལ་བརྟེན་པ། ཕྱོགས་ཚང་མ་ཞུགས་པ་བཅས་ཀྱི་ཁྲིམས་འཛུགས་ཀྱི་ལས་ཀའི་རྣམ་པ་འཐུས་སྒོ་ཚང་དུ་བཏང་སྟེ་བཟོ་བཅོས་འདོར་འགྲེལ་རྣམ་བཞི་མཉམ་དུ་སྤྱད་ནས་ཁྲིམས་འཛུགས་ཀྱི་སྤུས་ཚད་དང་ལས་ཕྱོད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རྩ་ཁྲིམས་སྲོག་ཤིང་དུ་བྱས་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྱབ་ཁོངས་གལ་ཆེན་གྱི་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་པ། རང་རྒྱལ་གྱི་ཁྲིམས་རྒྱལ་ཁོངས་ཕྱིར་སྤྱོད་རྒྱུར་འཚམ་པའི་བཅའ་ཁྲིམས་མ་ལག་མགྱོགས་པོ་འཛུཌ་པ་བཅས་བྱས་ཏེ་བཅའ་ཁྲིམས་ནན་པོར་བརྟེན་ནས་བཅོས་སྒྲིག་མཁས་པོ་ཡོང་བ་འགན་ལེན་བྱེད་དགོས།

(གསུམ) སྤྱི་ཚོགས་དྲང་གཞག་དྲང་བདེན་གྱི་ཁྲིམས་སྐྱོང་འགན་ལེན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ཁྲིམས་ལུགས་འཛུགས་སྐྱོང་བྱེད་པར་མི་དམངས་ཀྱི་ཆེད་དུ་དང་མི་དམངས་ལ་བརྟེན་རྒྱུ་མཐའ་འཁྱོངས་བྱེད་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་སྐྱོང་འགན་ལེན་ལ་ཤུགས་སྣོན་རྒྱག་པ། མི་དམངས་ལ་ཁྲིམས་ལྟར་ཡོངས་ཁྱབ་ཀྱི་ཁེ་དབང་དང་རང་དབང་ཡོད་པ་དང་འཁུར་དགོས་པའི་འོས་འགན་འཁུར་ཐུབ་པའི་འགན་ལེན་བྱེད་པ། མི་དམངས་ཡོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལ་ལྷག་བསམ་རྣམ་དག་གི་བརྩི་མཐོང་མཁན་དང་། རང་རྟོགས་བརྩི་སྲུང་མཁན། བློ་བརྟན་འགྱུར་མེད་ཀྱི་སྲུང་སྐྱོབ་མཁན་བཅས་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། ཁྲིམས་ཡོད་ཕྱིན་ངེས་པར་དུ་བརྩི་སྲུང་ཞུ་བ་དང་། ཁྲིམས་འཛིན་ངེས་པར་དུ་ནན་པོ་བྱེད་པ། ཁྲིམས་དང་འགལ་ཚེ་ངེས་པར་དུ་རྩད་གཅོད་བྱེད་པ་བཅས་མཐའ་འཁྱོངས་བྱེད་པ་དང་། དྲང་གཞག་ཡ་རབས་ཀྱི་ཁྲིམས་འཛིན་ཚད་ལྡན་དང་ནན་དུ་གཏོང་བ། ཁྲིམས་འཛིན་རང་དབང་གི་ཁྲུན་བཅད་ཉེས་འཇལ་དབང་ཆ་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གཙོ་གནད་ཁྱབ་ཁོངས་སུ་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཁྲིམས་འཛིན་སྒྲིག་གཞིའི་ཕྱོགས་བསྡུས་ལྷན་སྦྱར་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། འདྲི་གཅོད་ལམ་ལུགས་དང་ཞིབ་དཔྱོད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། ཁྲིམས་རྩོད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཁྲིམས་འཛིན་བྱེད་སྒོར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་འཛིན་དྲང་གཞག་དང་། ནུས་ཆེ། དབང་གྲགས་ལྡན་པ་བཅས་ཡོང་བའི་འགན་ལེན་བྱས་ནས་ཁྲིམས་འཛིན་གྱོད་གཞིའི་ཁྲོད་ནས་མི་དམངས་མང་ཚོགས་ལ་དྲང་གཞག་དྲང་བདེན་ཚོར་ཐུབ་པ་བྱེད་དགོས།

(བཞི) བཅའ་ཁྲིམས་ལག་བསྟར་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། སྲིད་འཛིན་དབང་ཆ་དང་། ལྟ་ཞིབ་དབང་ཆ། འདྲི་གཅོད་དབང་ཆ། ཞིབ་དཔྱོད་དབང་ཆ་བཅས་ཁྲིམས་ལྟར་ཡང་དག་ངང་སྤྱོད་ཐུབ་པའི་འགན་ལེན་བྱེད་པ་དང་སྤྱི་དམངས་དང་ཁྲིམས་མི་དང་། རྩ་འཛུཌ་གཞན་དག་གི་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་ཐུབ་པའི་འགན་ལེན་བྱས་ཏེ། ཁྲིམས་བསྟར་ཁྲིམས་འཛིན་བྱེད་སྒོར་ཐེ་ཇུས་བྱེད་རིཌ་མཐའ་གཅིག་ཏུ་མེད་པར་བཟོ་དགོས། སྤྱི་ཕན་གཏུག་བཤེར་གྱོད་གཞིའི་ཁྱབ་ཁོངས་ཆེ་རུ་གཏོང་དགོས། ཁྲིམས་འགལ་བྱེད་སྤྱོད་ཚབས་ཆེན་ལ་ཆད་པ་གཅོད་ཤུགས་ཆེ་རུ་བཏང་ནས་ཆད་གཅོད་རྣམ་པའི་གུན་གསབ་ལམ་ལུཌ་ལག་ལེན་བསྟར་བ་དང་། ཉེས་དོན་འགན་འཁྲི་རྩད་གཅོད་ནན་པོ་བྱེད་དགོས། དམངས་ཡོངས་ཀྱི་བཅའ་ཁྲིམས་ཁྱབ་གདལ་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། དམངས་ཡོངས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་གཏོང་བ། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་མང་ཚོགས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས། རིམ་ཁག་ཏང་དང་རྒྱལ་ཁབ་ལས་ཁུངས་དང་དེ་བཞིན་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱས་ཏེ་ཁྲིམས་སྐྱོང་གི་བསམ་གཞི་དང་ཁྲིམས་སྐྱོང་བྱེད་སྟངས་སྤྱད་དེ་སྒྱུར་བཅོས་ཟབ་གཏོང་དང་འཕེལ་རྒྱས་ལ་སྐུལ་འདེད། འགལ་ཟླ་སེལ་བ། བརྟན་ལྷིང་སྲུང་སྐྱོང་། ཉེན་ཁར་ཁ་གཏད་གཅོག་པ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས།

ལྔ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་འཛིན་སྒྲིག་གཞི་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས། འགན་འཁྲི་ཁ་གསལ་དང་ཁྲིམས་བཞིན་སྲིད་འཛིན་གྱི་སྲིད་གཞུང་བཅོས་སྐྱོང་མ་ལག་སྐྲུན་དགོས།

རྒྱལ་ཁབ་སྲིད་འཛིན་དོ་དམ་གྱིས་ཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་དང་། སྤྱི་ཚོགས་ཀྱི་ལས་དོན་ལ་དོ་དམ། མི་དམངས་མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་འགན་འཁྲི་གལ་ཆེན་ཁུར་ཡོད། དེར་བརྟེན། ངེས་པར་དུ་སྲིད་འཛིན་ལས་ཁུངས་ཚང་མས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་། མི་དམངས་ལ་འགན་འཁུར་བ། མི་དམངས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ་བཅས་མཐའ་འཁྱོངས་བྱེད་པ་དང་། སྲིད་འཛིན་བྱ་ཐབས་གསར་གཏོད་བྱེད་པ། སྲིད་འཛིན་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ནས་མི་དམངས་བློ་ཡིད་ཚིམ་པའི་ཞབས་ཞུ་རྣམ་པའི་སྲིད་གཞུང་འཛུགས་སྐྱོང་བྱེད་དགོས།

(གཅིག) རྒྱལ་ཁབ་ཀྱི་སྲིད་འཛིན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱལ་ཁབ་ལས་ཁུངས་ཀྱི་འགན་ནུས་ལེགས་གཏོང་དང་། མཐུན་སྦྱོར། ནུས་ཆེ་བཅས་ལ་སྐུལ་འདེད་གཏོང་རྒྱུ་ཤུགས་རྒྱག་གཞིར་བྱས་ཏེ་སྲིད་འཛིན་ཐབས་ཇུས་དང་། སྲིད་འཛིན་ལག་བསྟར། སྲིད་འཛིན་རྩ་འཛུགས། སྲིད་འཛིན་ལྟ་སྐུལ་བཅས་ཀྱི་སྒྲིག་གཞི་ལེགས་སུ་གཏོང་དགོས། སྡེ་ཚན་དབར་མཐུན་སྦྱོར་གཞོགས་འདེགས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་བཀའ་བཀོད་གཏོང་མཁན་མང་བ་དང་། སྲིད་ཇུས་ཀྱི་ཕན་འབྲས་ཕན་ཚུན་མགོ་གཏུག་གཏོང་རིགས་བཀག་འགོག་བྱེད་དགོས། སྲིད་འཛིན་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ཟབ་ཏུ་བཏང་ནས་དགོས་མེད་ཀྱི་སྲིད་འཛིན་ཁྲིམས་འཛིན་དོན་ཚན་ཉུང་དུ་གཏོང་གང་ཐུབ་བྱེད་དགོས། སྲིད་འཛིན་ཁྲིམས་འཛིན་དཔུང་ཁག་སྔར་བས་ཟླ་སྒྲིལ་གཏོང་བ་དང་། ཁྱབ་ཁོངས་དང་སྡེ་ཚན་སྒྲོལ་བའི་ཕྱོགས་བསྡུས་ཁྲིམས་འཛིན་མུ་མཐུད་འཚོལ་ཞིབ་དང་ལག་བསྟར་བྱེད་པ། ཁྲིམས་འཛིན་གཙོ་གནད་གཤམ་སྒྱུར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྲིད་འཛིན་ཁྲིམས་འཛིན་གྱི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས། ཁྲིམས་འཛིན་གྱི་འགན་འཁྲིའི་ལམ་ལུགས་དང་འགན་འཁྲི་རྩད་གཅོད་ལམ་ལུགས་དོན་འཁྱོལ་བྱེད་དགོས། སྲིད་འཛིན་དོ་དམ་དང་ཞབས་ཞུ་བྱེད་སྟངས་གསར་གཏོད་བྱས་ཏེ་རྒྱལ་ཡོངས་གཞི་གཅིག་ཅན་གྱི་སྲིད་དོན་ཞབས་ཞུའི་ལས་སྟེགས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་བ་དང་སྟོབས་ཆེ་ལ་ནུས་ལྡན་གྱི་སྲིད་འཛིན་ལག་བསྟར་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་སྲིད་གཞུང་གི་ལག་བསྟར་ནུས་པ་ཆེ་རུ་དང་ཀུན་གྱི་ཡིད་ཆེས་བྱེད་ཚད་མཐོ་རུ་གཏོང་དགོས།

(གཉིས) སྲིད་གཞུང་གི་འགན་འཁྲིའི་མ་ལག་ལེགས་སུ་གཏོང་དགོས། དཔལ་འབྱོར་སྙོམས་སྒྲིག་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ། སྤྱི་ཚོགས་དོ་དམ། སྤྱི་པའི་ཞབས་ཞུ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཀྱི་སྲིད་གཞུང་གི་འགན་ནུས་འཐུས་སྒོ་ཚང་དུ་བཏང་ནས་སྲིད་གཞུང་གི་འགན་དབང་གསལ་ཐོའི་ལམ་ལུགས་ལག་ལེན་བསྟར་བ་དང་འབྲེལ་སྲིད་གཞུང་དང་ཁྲོམ་ར་དང་། སྲིད་གཞུང་དང་སྤྱི་ཚོགས་དབར་གྱི་འབྲེལ་བ་ཁ་གསལ་བཟོ་དགོས། ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་དང་། གློད་སྡོམ་ཞབས་གསུམ་ཟུང་འབྲེལ། ཞབས་ཞུ་ལེཌ་གཏོང་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ་སྲིད་འཛིན་གྱི་ཞིབ་མཆན་ལམ་ལུཌ་སྒྱུར་བཅོས་བྱེད་ཟབ་ཏུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། ཁྲོམ་རའི་བྱེད་པོ་སྣ་ཚོགས་ཀྱི་གསོན་ཤུགས་འཕེལ་བ་བཅས་བྱེད་དགོས། རྒྱལ་ཁབ་འཕེལ་རྒྱས་ཀྱི་འཆར་འགོད་འཐབ་ཇུས་ཀྱི་ཕྱོགས་སྟོན་དུ་འཛིན་པ་དང་། ནོར་སྲིད་སྲིད་ཇུས་དང་དངུལ་ལོར་སྲིད་ཇུས་བྱེད་ཐབས་གཙོ་བོར་འཛིན་པ། ལས་ཞུགས་དང་། ཐོན་ལས། མ་འཇོག འཛད་སྤྱོད། ས་ཁོངས་སོགས་ཀྱི་སྲིད་ཇུས་མཐུན་སྦྱོར་ཤུགས་འདོན་གྱི་སྤྱི་ཁོག་སྙོམས་སྒྲིག་ལམ་ལུཌ་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་གལ་ཆེན་དང་དུས་འབྲིང་རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ལམ་ལུཌ་འཐུས་སྒོ་ཚང་དུ་གཏོང་དགོས། ཚད་དང་ལྡན་ལ་ཚན་རིག་དང་མཐུན་པ་དང་། ཚད་ལྡན་ཁ་གསལ། གཅུན་སྡོམ་ནུས་ལྡན་བཅས་ཀྱི་སྔོན་རྩིས་ལམ་ལུཌ་འཐུས་སྒོ་ཚང་དུ་གཏོང་དགོས། དེང་རབས་ཅན་གྱི་ཀྲུང་དབྱང་དངུལ་ཁང་ལམ་ལུཌ་འཛུཌ་སྐྱོང་བྱེད་པ་དང་། རྨང་གཞིའི་དངུལ་ལོར་འདོན་སྤྲོད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། གཞི་རྩའི་སྐྱེད་ཚད་དང་ཁྲོམ་ར་ཅན་གྱི་སྐྱེད་ཚད་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཁྲོམ་རའི་ལྟ་སྐུལ་དོ་དམ་དང་། སྤུས་ཚད་ལྟ་སྐུལ་དོ་དམ། བདེ་འཇཌ་ལྟ་སྐུལ་དོ་དམ་བཅས་ནན་དུ་བཏང་ནས་ཁྲིམས་འགལ་ལ་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་དགོས། སྤྱི་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་བཏང་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དང་ཀུན་ཁྱབ་རང་བཞིན་ལ་སྐུལ་འདེད་གཏོང་དགོས། དྲ་སྦྲེལ་དང་། གྲངས་གཞི་ཆེ་མོ། མི་བཟོས་རིག་ནུས་སོཌ་ཀྱི་ལག་རྩལ་བྱ་ཐབས་སྤྱད་དེ་སྲིད་འཛིན་དོ་དམ་གྱི་ལམ་ལུཌ་སྒྲིག་སྲོལ་འཛུཌ་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། གྲངས་འཛིན་སྲིད་གཞུང་འཛུཌ་སྐྱོང་ལ་སྐུལ་འདེད་གཏོང་བ་དང་གྲངས་གཞི་གོ་རིམ་ལྡན་པའི་ངང་མཉམ་སྤྱོད་བྱ་རྒྱུར་ཤུཌ་སྣོན་བརྒྱབ་སྟེ་མི་སྒེར་གྱི་ཆ་འཕྲིན་ལ་ཁྲིམས་ལྟར་སྲུང་སྐྱོང་བྱེད་དགོས།

(གསུམ) སྲིད་གཞུང་གི་རྩ་འཛུགས་གྲུབ་ཆ་ལེགས་སུ་གཏོང་དགོས། སྒྲིག་གཞི་དང་། འགན་ནུས། དབང་ཚད། གོ་རིམ། འགན་འཁྲི་བཅས་ཀྱི་ཁྲིམས་གཏན་ཅན་ལ་སྐུལ་འདེད་བཏང་ནས་སྲིད་གཞུང་གི་སྒྲིག་གཞི་བཀོད་སྒྲིག་དེ་བས་ཚན་རིག་དང་མཐུན་པ་དང་། འགན་ནུས་དེ་བས་ལེགས་པ། འགན་དབང་དེ་བས་མཉམ་སྒྲུབ་བཅས་ཡོང་བ་བྱེད་དགོས། ལས་ཁུངས་སྒྲིག་ཁོངས་དོ་དམ་ནན་དུ་གཏོང་བ་དང་སྲིད་འཛིན་དོ་དམ་གྱི་ཐོན་ཁུངས་སྤྱི་འདོམས་བེད་སྤྱོད་བྱས་ནས་སྲིད་འཛིན་གྱི་མ་གནས་གྲོན་ཆུང་བྱེད་དགོས། སྲིད་འཛིན་གྱི་ས་ཁུལ་དབྱེ་འབྱེད་དང་བཀོད་སྒྲིག་ལེགས་སུ་གཏོང་བ་དང་། ལྟེ་བའི་གྲོང་ཁྱེར་དང་གྲོང་ཁྱེར་ཡུག་སྦྲེལ་གྲོང་ཚོམས་ཕྱོགས་བསྡུས་འཁུར་ཐེག་དང་ཐོན་ཁུངས་ལེགས་གཏོང་གི་བཀོད་སྒྲིག་ནུས་པ་ཆེ་རུ་གཏོང་བ། ལེབ་སྙོམས་ཅན་གྱི་དོ་དམ་བྱེད་པ་བཅས་བྱས་ནས་ལས་ཆོད་ཆེ་བའི་རྩ་འཛུགས་ཀྱི་མ་ལག་ཆགས་པར་བྱེད་དགོས།

(བཞི) ཀྲུང་དབྱང་དང་ས་གནས་གཉིས་ཀའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པའི་སྒྲིག་གཞི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཀྲུང་དབྱང་དང་ས་གནས་ཀྱི་འགན་དབང་གི་འབྲེལ་བ་གསེད་བཀྲོལ་གྱིས་ཀྲུང་དབྱང་གིས་སྤྱི་ཁོག་ལས་དོན་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་དང་། སྲིད་བཀའ་གཅིག་གྱུར། ཁྲོམ་ར་གཅིག་གྱུར་བཅས་སྲུང་སྐྱོང་བྱེད་དགོས། ཤེས་བྱའི་བདག་དབང་སྲུང་སྐྱོང་དང་། རྒན་གསོ་འགན་བཅོལ། ས་ཁོངས་བརྒལ་བའི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་སོགས་ཐད་ཀྱི་ཀྲུང་དབྱང་གི་འགན་དབང་ཆེ་རུ་འོས་འཚམ་བཏང་ནས་ཀྲུང་དབྱང་དང་ས་གནས་ཀྱི་ཐུན་མོང་འགན་དབང་ཉུང་འཕྲི་དང་ཚད་ལྡན་དུ་གཏོང་དགོས། ས་གནས་ལ་རང་བདག་དབང་ཆ་དེ་བས་མང་བ་སྤྲད་དེ་ས་གནས་ལ་གསར་གཏོད་རང་བཞིན་གྱི་སྒོ་ནས་ལས་དོན་སྤེལ་རྒྱུར་རྒྱབ་སྐྱོར་བྱེད་དགོས། འགན་དབང་གཅིག་མཐུན་གྱི་རྩ་དོན་གཞིར་བཟུང་། ཐད་གཏུག་དོ་དམ་སྒྲིག་གཞི་དང་ས་གནས་ཀྱི་རིམ་དབྱེའི་དོ་དམ་སྒྲིག་གཞི་ཚད་ལྡན་དུ་གཏོང་དགོས། སྲིད་གཞུང་དབར་གྱི་འགན་དབང་དང་ནོར་དབང་དབྱེ་བ་ཡག་པོ་འབྱེད་པ་དང་འགན་དབང་ཁ་གསལ་དང་། ནོར་ཤུགས་མཐུན་སྦྱོར། ས་ཁོངས་དོ་སྙོམས་བཅས་ཀྱི་ཀྲུང་དབྱང་དང་ས་གནས་ཀྱི་ནོར་སྲིད་འབྲེལ་བ་བཙུགས་ནས་རིམ་ཁག་སྲིད་གཞུང་གི་འགན་དབང་དང་། འགྲོ་གྲོན་གྱི་འགན་འཁྲི། ནོར་ཤུགས་བཅས་ཕན་ཚུན་འཚམ་མཐུན་གྱི་ལམ་ལུགས་བརྟན་པོ་ཞིག་ཆགས་པར་བྱེད་དགོས། ཀྲུང་དབྱང་ནས་ས་གནས་བར་གྱི་འགན་དབང་ཁ་གསལ་དང་། འཁོར་རྒྱུག་བདེ་བླག གསོན་ཤུགས་འཕེལ་བ་བཅས་ཀྱི་ལས་ཀའི་མ་ལག་སྐྲུན་དགོས།

དྲུག སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

སྤྱི་དབང་ལམ་ལུགས་གཙོ་བོར་བྱེད་པ་དང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་ཐུན་མོང་ཐོག་འཕེལ་རྒྱས་དང་། རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་བྱེད་པ་དང་ཐོབ་སྤྲོད་སྣ་མང་གི་བྱ་ཐབས་མཉམ་གནས། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་སོགས་སྤྱི་ཚོཌ་རིང་ལུཌ་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུཌ་ལས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་ཡོད་ལ། རང་རྒྱལ་སྤྱི་ཚོཌ་རིང་ལུཌ་ཀྱི་ཐོག་མའི་དུས་མཚམས་ཀྱི་སྤྱི་ཚོགས་ཐོན་སྐྱེད་ནུས་ཤུགས་ཀྱི་འཕེལ་རྒྱས་ཆུ་ཚད་དང་ཡང་འཚམ་ཡོད། དེ་ནི་ཏང་དང་མི་དམངས་ཀྱི་གསར་གཏོད་རླབས་ཆེན་ཞིག་རེད། དེར་བརྟེན། ངེས་པར་དུ་སྤྱི་ཚོགས་རིང་ལུགས་ཀྱི་གཞི་རྩའི་དཔལ་འབྱོར་ལམ་ལུགས་མཐའ་འཁྱོངས་བྱས་ནས་ཐོན་ཁུངས་བཀོད་སྒྲིག་ཁྲོད་ཀྱི་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སྲིད་གཞུང་གི་ནུས་པ་སྔར་བས་ལེགས་པ་འདོན་སྤེལ་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་བྱས་ནས་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་གང་མགྱོགས་འཛུགས་དགོས། 

(གཅིག) གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་སྤྱི་དབང་ལམ་ལུགས་ཀྱི་དཔལ་འབྱོར་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་སྤྱི་དབང་མིན་པའི་ལམ་ལུགས་འཕེལ་རྒྱས་ལ་སྐུལ་ལྕག་དང་། རྒྱབ་སྐྱོར། ཁྲིད་སྟོན་བཅས་བྱེད་དགོས། སྤྱི་དབང་ལམ་ལུགས་མངོན་འགྱུར་བྱེད་ཐབས་སྣ་ཚོགས་འཚོལ་ཞིབ་བྱེད་པ་དང་། གཞུང་ཁོངས་དཔལ་འབྱོར་གྱི་བཀོད་ཇུས་ལེགས་གཏོང་དང་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད་གཏོང་བ། དབང་བའི་ལམ་ལུགས་འདྲེས་མའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ། གཞུང་ཁོངས་དཔལ་འབྱོར་གྱི་འགྲན་རྩོད་ནུས་པ་དང་། གསར་གཏོད་ནུས་པ། ཚོད་འཛིན་ནུས་པ། ཤུགས་རྐྱེན་ཐེབས་ནུས། ཉེན་ཁ་འགོག་ནུས་བཅས་ཆེ་རུ་བཏང་ནས་གཞུང་ཁོངས་མ་རྩ་རྒྱ་སྟོབས་ཆེ་རུ་གཏོང་དགོས། གཞུང་ཁོངས་ཁེ་ལས་སྒྱུར་བཅོས་བྱེད་ཟབ་ཏུ་བཏང་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཁེ་ལས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། མ་རྩ་དོ་དམ་གཙོ་བོར་བྱེད་པའི་གཞུང་ཁོངས་རྒྱུ་ནོར་གྱི་ལྟ་སྐུལ་དོ་དམ་སྒྲིག་གཞི་ཆགས་པར་བྱས་ཏེ་གཞུང་ཁོངས་མ་རྩ་འཇོག་པ་དང་གཉེར་སྐྱོང་ཀུང་སིའི་ནུས་པ་འདོན་སྤེལ་ནུས་ལྡན་བྱེད་དགོས། དམངས་གཉེར་དཔལ་འབྱོར་དང་ཕྱི་རྒྱལ་ཚོང་པས་ཁེ་ལས་ཀྱི་འཕེལ་རྒྱས་ལ་མ་འཇོག་བྱ་རྒྱུར་རྒྱབ་སྐྱོར་བྱེད་པའི་ཁྲིམས་སྐྱོང་ཁོར་ཡུག་ལེགས་སུ་གཏོང་བ་དང་། སྲིད་ཚོང་བར་གྱི་ཉོ་ཚོང་འབྲེལ་བ་གསར་པའི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་སྐྲུན་པ། ཁེ་ལས་འབྲིང་ཆུང་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་སྐྱོན་བྲལ་འཕེལ་རྒྱས་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་སྐྱོན་བྲལ་འཚར་ལོངས་ཡོང་བར་སྐུལ་འདེད་གཏོང་དགོས། དབང་བའི་ལམ་ལུགས་ཀྱི་བྱེད་པོ་སྣ་ཚོགས་ཀྱིས་ཁྲིམས་ལྟར་འདྲ་མཉམ་ངང་ཐོན་ཁུངས་ཀྱི་རྒྱུ་ཆ་སྤྱོད་པ་དང་། ཡོངས་བསྒྲགས་དང་། དྲང་གཞག དྲང་བདེན་བཅས་ཀྱི་ཐོག་ནས་འགྲན་རྩོད་ནང་ཞུགས་པ། བཅའ་ཁྲིམས་ཀྱི་སྲུང་སྐྱོང་འདྲ་མཉམ་ཐོབ་པ་བཅས་ཀྱི་ཁྲོམ་རའི་ཁོར་ཡུག་གཏོད་དགོས། གྲོང་གསེབ་ཀྱི་མཉམ་སྡེབ་ཐོན་དབང་ལམ་ལུགས་སྒྱུར་བཅོས་ཟབ་ཏུ་བཏང་ནས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས།

(གཉིས)རྩོལ་བསྟུན་ཐོབ་སྤྲོད་གཙོ་བོར་བྱེད་པ་དང་བགོ་བཤའ་རྒྱག་སྟངས་སྣ་ཚོགས་མཉམ་གནས་མཐའ་འཁྱོངས་བྱེད་དགོས། ལས་མང་ཐོབ་མང་མཐའ་འཁྱོངས་བྱས་ནས་ངལ་རྩོལ་གྱི་ཐོབ་ཆ་སྲུང་སྐྱོང་ལ་སྣང་ཆེན་དང་ངལ་རྩོལ་པ་དང་ལྷག་དོན་དུ་འཐབ་ས་དང་པོའི་ངལ་རྩོལ་པའི་ངལ་རྩོལ་ཐོབ་ཆ་མང་དུ་བཏང་སྟེ། ཐོག་མའི་བགོ་བཤའི་ཁྲོད་ཀྱི་ངལ་རྩོལ་གྱི་ཐོབ་ཆའི་བསྡུར་ཚད་མཐོ་རུ་གཏོང་དགོས། ངལ་རྩོལ་དང་། མ་རྩ། ས་ཆ། ཤེས་བྱ། ལག་རྩལ། དོ་དམ། གྲངས་གཞི་སོགས་ཐོན་སྐྱེད་ཀྱི་རྒྱུ་རྐྱེན་གཙོ་བོར་ཁྲོམ་རས་ལེགས་སྐྱེས་ལ་གདེང་འཇོག་དང་ལེགས་སྐྱེས་ལ་གཞིགས་ནས་ཐོབ་ཆ་གཏན་འཁེལ་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཁྲལ་འབབ་དང་། སྤྱི་ཚོགས་འགན་སྲུང་། སྤོ་སྒྱུར་གཏོང་སྤྲོད་སོགས་བྱེད་ཐབས་གཙོ་བོའི་བགོ་བཤའ་བསྐྱར་མའི་སྙོམས་སྒྲིག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་ཁྲལ་འབབ་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཐད་ཀའི་དཔྱ་ཁྲལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་འབྲེལ་དེའི་བསྡུར་ཚད་རིམ་བཞིན་མཐོ་རུ་གཏོང་དགོས། འབྲེལ་ཡོད་ལམ་ལུགས་དང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་བ་དང་གྲོང་ཁྱེར་དང་གྲོང་གསེབ་དང་། ས་ཁོངས། ཚོགས་སྤྱི་མི་འདྲ་བ་བཅས་དབར་གྱི་བགོ་བཤའི་འབྲེལ་བ་སྙོམས་སྒྲིག་ལུགས་མཐུན་བྱེད་དགོས། བགོ་བཤའ་ཐེངས་གསུམ་པའི་ནུས་པ་འདོན་སྤེལ་ལ་སྣང་ཆེན་བྱས་ཏེ་དགེ་སྒྲུབ་སོགས་སྤྱི་ཚོགས་ཀྱི་སྤྱི་ཕན་བྱ་གཞག་འཕེལ་རྒྱས་གཏོང་དགོས། ངལ་རྩོལ་ཕྱུག་འགྱུར་ལ་ལྕག་སྐུལ་དང་། ཁྲིམས་མཐུན་ཡོང་འབབ་ལ་སྲུང་སྐྱོང་། ཡོང་འབབ་དམའ་བའི་མི་སྣའི་ཡོང་འབབ་མང་དུ་གཏོང་བ།ཡོང་འབབ་འབྲིང་བའི་ཚོགས་སྤྱི་རྒྱ་ཆེར་གཏོང་བ། ཡོང་འབབ་མང་དྲགས་པ་སྙོམས་སྒྲིག སྦ་གསང་བྱས་པའི་ཡོང་འབབ་གཙང་སེལ་དང་ཚད་ལྡན། ཁྲིམས་འགལ་ཡོང་འབབ་མེད་པ་བཟོ་བ་བཅས་བྱེད་དགོས།

(གསུམ)སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་དགོས། ཚད་གཞི་མཐོ་བའི་ཁྲོམ་རའི་མ་ལག་བཏོད་ནས་དྲང་གཞག་གི་འགྲན་རྩོད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཁྲོམ་རའི་འཇུག་འཐུས་ཀྱི་བཀག་རྒྱ་གསལ་ཐོའི་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཐོན་སྐྱེད་ཀྱི་ཆོག་འཐུས་ལམ་ལུགས་སྒྱུར་བཅོས། མ་རྩ་བརྡིབས་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། འགྲན་རྩོད་སྲིད་ཇུས་ཀྱི་རྨང་གཞིའི་གནས་བབ་ལ་ཤུགས་སྣོན་རྒྱག་པ་དང་། དྲང་གཞག་འགྲན་རྩོད་ཀྱི་ཞིབ་བཤེར་ལམ་ལུགས་དོན་འཁྱོལ་བྱེད་པ། སྒེར་སྡེམ་ལ་ངོ་རྒོལ་དང་ཚུལ་མིན་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་ཁྲིམས་འཛིན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་དགོས། དྲང་གཞག་རྩ་དོན་དུ་བྱེད་པའི་བདག་དབང་སྲུང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཤེས་བྱའི་བདག་དབང་ལ་བཙན་གནོད་ཀྱི་ཆད་གཅོད་རང་བཞིན་གྱི་གུན་གསབ་ལམ་ལུགས་བཟོ་བ་དང་། ཁེ་ལས་ཀྱི་ཚོང་ལས་གསང་བ་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། རྒྱུ་རྐྱེན་གཙོ་བོའི་ཁྲོམ་རའི་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་རྒྱུ་རྐྱེན་གཙོ་བོའི་རིན་གོང་ཁྲོམ་རས་གཏན་འཁེལ་དང་། འཁོར་རྒྱུག་རང་བརྟེན་དང་གོ་རིམ་ལྡན་པ། བཀོད་སྒྲིག་ནུས་ཆེ་དྲང་གཞག་བཅས་ཡོང་བ་བྱེད་དགོས། འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་མཉམ་སྡེབ་ཞུ་གཏུག་གི་ལམ་ལུགས་འཚོལ་ཞིབ་བྱས་ནས་འཛུགས་དགོས། མ་རྩའི་ཁྲོམ་རའི་རྨང་གཞིའི་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཚད་མཐོའི་འཚམ་མཐུན་རང་བཞིན་དང་། འགྲན་རྩོད་ནུས་པ། ཀུན་ཕན་རང་བཞིན་བཅས་ཀྱི་དེང་རབས་དངུལ་རྩའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་དངུལ་རྩའི་ཉམས་ཉེན་ལ་འགོག་ཟོན་ནུས་ལྡན་བྱེད་དགོས། དཔལ་འབྱོར་བཅོས་སྐྱོང་རྨང་གཞིའི་གྲངས་གཞིའི་མཛོད་ལེགས་སུ་གཏོང་དགོས། སྔོན་ཐོན་གྱི་བཟོ་སྐྲུན་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་དངོས་ཚན་དཔལ་འབྱོར་དར་རྒྱས་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པ་དང་ཞིང་ལས་དང་གྲོང་གསེབ་སྔོན་དུ་འཕེལ་རྒྱས་གཏོང་བ་དང་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་ལམ་ལུགས་དང་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་ལམ་སྲོལ་གསར་པ་བཙུགས་ནས་བྱེད་པོའི་ནུས་པ་མངོན་གསལ་དོད་པ་དང་། ལེགས་ཆ་གསབ་རེས། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ཀྱི་ས་ཁོངས་དཔལ་འབྱོར་གྱི་བཀོད་པ་གྲུབ་པ་བྱེད་དགོས།

(བཞི)ཚན་རྩལ་གསར་གཏོད་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཚན་རིག་གི་སྙིང་སྟོབས་དང་བཟོ་བོའི་སྙིང་སྟོབས་དར་སྤེལ་བཏང་ནས་གསར་གཏོད་རྣམ་པའི་རྒྱལ་ཁབ་མགྱོགས་མྱུར་འཛུགས་སྐྲུན་བྱེད་པ་དང་། རྒྱལ་ཁབ་འཐབ་ཇུས་ཀྱི་ཚན་རྩལ་སྟོབས་ཤུགས་ཆེ་རུ་གཏོང་བ། རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག་འགག་རྩ་དང་ལྟེ་བའི་ལག་རྩལ་འགག་སྒྲོལ་གྱི་རྒྱལ་ཡོངས་ཀྱི་སྒྲིག་སྲོལ་གསར་པ་འཛུགས་དགོས། རྨང་གཞིའི་ཞིབ་འཇུག་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས་རྨང་གཞིའི་ཞིབ་འཇུག་དང་ཐོག་མའི་གསར་གཏོད་ལ་ལྕག་སྐུལ་དང་རྒྱབ་སྐྱོར་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཁེ་ལས་གཙོ་བོར་བྱེད་པ་དང་། ཁྲོམ་ར་སྟོན་ཕྱོགས་སུ་འཛིན་པ། ཐོན་སློབ་ཞིབ་གསུམ་མཉམ་འདྲེས་གཏིང་ཟབ་བཅས་ཀྱི་ལག་རྩལ་གསར་གཏོད་མ་ལག་བཙུགས་ཏེ། ཁེ་ལས་ཆེ་འབྲིང་ཆུང་གསུམ་དང་རིགས་ཁག་གི་བྱེད་པོ་མཉམ་འདྲེས་གསར་གཏོད་ཡོང་བར་རྒྱབ་སྐྱོར་དང་། ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བའི་ལམ་སྲོལ་གསར་གཏོད། སྒུལ་ནུས་གསར་པ་འཕེལ་རྒྱས་ཧུར་ཐག་གཏོང་བ། ཚད་ལྡན་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ཐོན་ལས་ཀྱི་རྨང་གཞིའི་ནུས་པ་དང་ཐོན་ལས་ཕྲེང་འབྲེལ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱེད་དགོས། ཚན་རྩལ་ཤེས་ལྡན་མི་སྣ་ཤེས་རྟོགས་དང་། གསོ་སྐྱོང་། སྐུལ་ལྕག་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཚན་ཞིབ་ཆོས་ཉིད་དང་མཐུན་པའི་ཚན་རྩལ་དོ་དམ་སྒྲིག་སྲོལ་དང་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཚན་རྩལ་གདེང་འཇོག་མ་ལག་ལེགས་སུ་གཏོང་བ། ཚན་རྩལ་གྱི་མི་ཆོས་བཅོས་སྐྱོང་སྒྲིག་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས།

(ལྔ)ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་དགོས། གཞི་ཁྱོན་དེ་བས་ཆེ་བ་དང་། ཁྱབ་ཁོངས་དེ་བས་ཡངས་པ། རིམ་པ་དེ་བས་ཟབ་པ་བཅས་ཀྱི་ཕྱོགས་ཡོངས་ཀྱི་སྒོ་དབྱེ་བྱས་ཏེ་བཟོ་སྐྲུན་ལས་རིགས་དང་། ཞབས་ཞུའི་ལས་རིགས། ཞིང་ལས་བཅས་ཀྱི་སྒོ་མོ་འབྱེད་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། ཕྱི་ཕྱོགས་མ་རྩའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་། རྒྱལ་ནང་དང་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་དྲང་གཞག་འགྲན་རྩོད་བྱེད་པར་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་ཚོང་དོན་སྣ་མང་ཅན་ལ་རྒྱ་སྐྱེད་གཏོང་བ། མི་དམངས་ཤོག་སྒོར་རྒྱལ་སྤྱི་ཅན་ལ་འགྱུར་བར་སྐུལ་འདེད་བརྟན་པོ་གཏོང་བ་བཅས་བྱེད་དགོས། ཕྱི་རྒྱལ་གྱི་ཚོང་པའི་མ་དངུལ་འཛུལ་ཞུགས་ཆོག་འཐུས་མ་བྱུང་གོང་གི་རྒྱལ་དམངས་ཀྱི་ཐོབ་ཐང་དང་བཀག་རྒྱའི་གསལ་ཐོ་ཟུང་འབྲེལ་གྱི་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྒྲིག་ལམ་དང་། སྒྲིག་སྲོལ། དོ་དམ། ཚད་གཞི་སོགས་ལམ་ལུགས་རྣམ་པའི་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་གཏོང་དགོས། ཕྱི་ཕྱོགས་མ་འཇོག་སྲིད་ཇུས་དང་ཞབས་ཞུར་སྐུལ་འདེད་གཏོང་བའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། རང་མོས་ཚོང་དོན་ཚོད་ལྟའི་ཁུལ་དང་རང་མོས་ཚོང་དོན་གྲུ་ཁ་སོགས་ཕྱི་ཕྱོགས་སྒོ་དབྱེའི་མཐོ་ས་གང་མགྱོགས་འཛུགས་སྐྲུན་བྱེད་དགོས། རྒྱལ་སྤྱིའི་སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་ཀྱི་མཐུན་སྦྱོར་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏོང་དགོས། ཕྱི་རྒྱལ་ཚོང་པའི་མ་འཇོག་གི་རྒྱལ་ཁབ་ཀྱི་བདེ་འཇགས་ཞིབ་བཤེར་དང་། སྒེར་སྡེམ་ལ་ངོ་རྒོལ་གྱི་ཞིབ་བཤེར། རྒྱལ་ཁབ་ལག་རྩལ་བདེ་འཇགས་གསལ་ཐོའི་དོ་དམ། བློས་མི་འཁེལ་བའི་དངོས་ཚན་གསལ་ཐོ་སོགས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ཕྱི་རྒྱལ་དང་འབྲེལ་བ་ཡོད་པའི་ཚོང་དོན་བཅའ་ཁྲིམས་དང་སྒྲིག་སྲོལ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།

བདུན། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། མི་དམངས་ཡོངས་ཀྱི་མཐུན་སྒྲིལ་འབད་འཐབ་ཀྱི་ཐུན་མོང་གི་བསམ་བློའི་རྨང་གཞི་བརྟན་དུ་གཏོང་དགོས།

སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་འཕེལ་རྒྱས་གཏོང་བ་དང་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་གཅིག་སྒྲིལ་རྒྱ་ཁྱབ་བྱེད་པ་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་སྲ་ཞིང་བརྟན་པའི་འདེགས་སྐྱོར་ཞིག་རེད། དེས་ན་ངེས་པར་དུ་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་མདུན་སྐྱོད་ཁ་ཕྱོགས་སྟངས་འཛིན་ནན་པོ་བྱེད་པ་དང་། དར་ཆ་སྒྲེང་བ་དང་། དམངས་སེམས་གཅིག་སྒྲིལ། མི་གསར་སྐྱོང་བ། རིག་གནས་དར་རྒྱས། གཟུགས་བརྙན་ངོམ་པ་བཅས་ཀྱི་འགན་འཁྲི་དང་ལས་འགན་ལ་དམ་པོར་དམིགས་པ། མི་དམངས་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་དང་། མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་མཐའ་འཁྱོངས། གསར་གཏོད་རང་བཞིན་གྱི་གཞན་སྒྱུར་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་མཐའ་འཁྱོངས་བཅས་བྱས་ཏེ། མི་རིགས་ཡོངས་ཀྱི་རིག་གནས་གསར་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱས་ཐོག་ཀྲུང་གོའི་སྙིང་སྟོབས་དང་། ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུཌ་བཅས་དེ་བས་ཡག་པོ་གཏོད་དགོས།

(གཅིག)འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཁྲོད་ཀྱི་མར་ཁེ་སི་རིང་ལུགས་ཀྱི་མཛུབ་ཁྲིད་གནས་བབ་ཀྱི་རྩ་བའི་ལམ་ལུགས་མཐའ་འཁྱོངས་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་མི་དམངས་ལ་སློབ་གསོ་གཏོང་བའི་ལས་དོན་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཏང་ཨུད(ཏང་ཙུའུ)ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་སོགས་རིམ་པ་ཁག་གི་སློབ་སྦྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། དྲ་རྒྱའི་སློབ་སྦྱོང་ལས་སྟེགས་འཛུགས་སྐྱོང་དང་བེད་སྤྱོད་ཡག་པོ་གཏོང་བ་བཅས་བྱེད་དགོས། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཛུགས་སྐྱོང་འདུ་འགོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། མར་ཁེ་སི་རིང་ལུགས་མཛུབ་ཁྲིད་དུ་བྱ་རྒྱུ་དེ་བསམ་བློའི་རིགས་པའི་གཞུང་ལུགས་འཛུགས་སྐྱོང་དང་། མཚན་ཉིད་རིག་པ་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག སློབ་གསོ་སློབ་ཁྲིད་བཅས་ཕྱོགས་ཁག་ལ་ཕྱོགས་ཡོངས་ནས་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་བ་དང་། མི་ཚང་མ་དང་། བརྒྱུད་རིམ་ཧྲིལ་པོ། ཕྱོགས་ཡོངས་བཅས་ཀྱི་མི་སྣ་སྐྱོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་དགོས། འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པ་དང་། ཆབ་སྲིད་ཀྱི་རྩ་དོན་གྱི་གནད་དོན་དང་། བསམ་བློའི་ངོས་འཛིན་གྱི་གནད་དོན། རིག་གཞུང་གི་ལྟ་བའི་གནད་དོན་བཅས་དབྱེ་བ་འབྱེད་པར་དོ་སྣང་བྱས་ཏེ་དར་ཆ་གསལ་སྟོན་གྱི་སྒོ་ནས་ནོར་འཁྲུལ་གྱི་ལྟ་བ་སྣ་ཚོགས་ལ་ངོ་རྒོལ་དང་བཀག་འགོག་བྱེད་དགོས།

(གཉིས)སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བས་རིག་གནས་འཛུགས་སྐྱོང་ལ་ཁྲིད་སྟོན་བྱེད་པའི་ལམ་ལུགས་མཐའ་འཁྱོངས་བྱེད་དགོས། ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་ལ་སྐུལ་འདེད་གཏོང་བ་དང་། མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་བཅས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ། རྒྱལ་གཅེས་རིང་ལུགས་དང་། མཉམ་སྡེབ་རིང་ལུགས། སྤྱི་ཚོགས་རིང་ལུགས་བཅས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ། སྤྱི་དམངས་ཀྱི་ཀུན་སྤྱོད་འཛུགས་སྐྱོང་གི་འདུ་འགོད་ལག་བསྟར་བྱེད་པ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཁྲིམས་བཞིན་རྒྱལ་ཁབ་སྐྱོང་བ་དང་ཀུན་སྤྱོད་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བ་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བའི་བཅའ་ཁྲིམས་དང་སྲིད་ཇུས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བའི་བླང་བྱ་ཁྲིམས་སྐྱོང་འཛུགས་སྐྱོང་དང་སྤྱི་ཚོགས་བཅོས་སྐྱོང་ནང་མཉམ་འདྲེས་ཡོང་བར་བྱས་ཏེ་རྒྱལ་དམངས་སློབ་གསོ་དང་། བསམ་པའི་དཔལ་ཡོན་སྲོལ་གཏོད། རིག་གནས་ཐོན་རྫས་གསར་གཏོད་དང་ཐོན་སྐྱེད་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་མངོན་པར་བྱེད་དགོས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་འཕེལ་རྒྱས་ཀྱི་འདུ་འགོད་ལ་སྐུལ་འདེད་གཏོང་དགོས། གཞོན་ནུ་ལོ་ཆུང་ལ་ཕུགས་བསམ་དང་དད་སེམས་ཀྱི་སློབ་གསོ་གཏོང་བའི་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། དང་བླངས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཡིད་རྟོན་འཛུགས་སྐྱོང་གི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཡོངས་ལ་ཁྱབ་པའི་ཡིད་རྟོན་གྲོས་འདྲིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ཡིད་རྟོན་ཤོར་བར་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས།

(གསུམ)མི་དམངས་ཀྱི་རིག་གནས་ཁེ་དབང་འགན་ལེན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། མི་དམངས་ལྟེ་བར་འཛིན་པའི་ལས་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། རིག་གནས་ཐོན་རྫས་གསར་གཏོད་དང་། ཐོན་སྐྱེད། བརྒྱུད་སྤེལ་བཅས་ཀྱི་ཁྲིད་སྟོན་ལྕག་སྐུལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་མང་ཚོགས་ཀྱིས་དགའ་པོ་བྱེད་པའི་རིག་གནས་བརྩམས་ཆོས་རྩེ་གྲ་དེ་བས་མང་བ་འདོན་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིག་གནས་ཐོན་ཁུངས་བཀོད་སྒྲིག་བྱེད་སྟངས་ལེགས་སུ་གཏོང་བ། གཞི་རིམ་རིག་གནས་ཀྱི་དམངས་ཕན་འདུ་འགོད་ཀྱི་ཁྱབ་རྒྱ་ཆེ་རུ་འགྲོ་བ་དང་དངོས་ཕན་རང་བཞིན་ཆེ་རུ་འགྲོ་བར་སྐུལ་འདེད་གཏོང་བ། མང་ཚོགས་རང་བཞིན་གྱི་རིག་གནས་བྱེད་སྒོ་སྤེལ་བར་རྒྱབ་སྐྱོར་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་སྟོབས་ཤུགས་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་འཛུགས་སྐྱོང་ནང་ཞུགས་པར་ལྕག་སྐུལ་གཏོང་བ་བཅས་བྱེད་དགོས།

(བཞི)ཡང་དག་པའི་སྟོན་ཕྱོགས་ཀྱི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་མཐའ་འཁྱོངས་བྱེད་དགོས། ཏང་གིས་སྨྱན་སྦྱོར་ལ་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་དང་། མཐུན་སྒྲིལ་བརྟན་ལྷིང་ལ་ཤུགས་རྒྱག་པ་དང་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་གཙོ་བོར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་དྲང་ནུས་དར་སྤེལ་གཏོང་དགོས། དྲ་ཐོག་དང་དྲ་ཕྱི་གཞི་གཅིག་ཅན་དང་། ནང་ཁུལ་དྲིལ་བསྒྲགས་དང་ཕྱི་ཕྱོགས་ཀྱི་དྲིལ་བསྒྲགས་མཉམ་འགུལ་བྱེད་པའི་གཙོ་རྒྱུན་གླེང་ཕྱོགས་ཀྱི་བཀོད་པ་བཏོད་དེ་ནང་དོན་འཛུགས་སྐྱོང་གཞི་རྩར་བྱེད་པ་དང་། སྔོན་ཐོན་ལག་རྩལ་འདེགས་སྐྱོར་དུ་བྱེད་པ། དོ་དམ་གསར་གཏོད་འགན་ལེན་དུ་བྱེད་པ་བཅས་ཀྱི་ཀུན་འདུས་སྨྱན་སྦྱོར་གྱི་བརྒྱུད་སྤེལ་མ་ལག་འཛུགས་དགོས། དྲང་ཕྱོགས་ཀྱི་དྲིལ་བསྒྲགས་ལེགས་སུ་དང་གསར་གཏོད་བྱེད་པ་དང་གླེང་ཕྱོགས་ཀྱི་ལྟ་སྐུལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་གླེང་ཕྱོགས་གནས་ཚུལ་གལ་ཆེན་དང་ཐོལ་བྱུང་དོན་རྐྱེན་གྱི་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། དྲ་རྒྱའི་ཕྱོགས་བསྡུས་བཅོས་སྐྱོང་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་དྲ་སྦྲེལ་གྱི་ནང་དོན་འཛུགས་སྐྱོང་ལ་ཤུགས་སྣོན་དང་གསར་གཏོད་དང་། དྲ་སྦྲེལ་ཁེ་ལས་ཀྱི་ཆ་འཕྲིན་དོ་དམ་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ། དྲ་རྒྱ་བཅོས་སྐྱོང་གི་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་གཏོང་བ་བཅས་བྱས་ཏེ་དྲ་རྒྱའི་བར་མཐོངས་གཙང་མ་ཞིག་གཏོད་དགོས།

(ལྔ)སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་པ་དང་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཕན་ཚུན་གཅིག་གྱུར་གྱི་རིག་གནས་གསར་གཏོད་ཀྱི་སྒྲིག་གཞི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། རིག་གནས་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་ཀྱི་འཕེལ་རྒྱས་ཀྱི་ཆོས་ཉིད་ལ་བརྩི་སྲུང་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་གྱི་བླང་བྱ་མཚོན་པ། རིག་གནས་གསར་གཏོད་ཀྱི་གསོན་ཤུགས་ཆེ་རུ་འགྲོ་རྒྱུར་ཕན་པ་བཅས་ཀྱི་རིག་གནས་དོ་དམ་སྒྲིག་སྲོལ་དང་ཐོན་སྐྱེད་གཉེར་སྐྱོང་ལམ་སྲོལ་མགྱོགས་མྱུར་འཐུས་སྒོ་ཚང་དུ་གཏོང་དགོས། དེང་རབས་རིག་གནས་ཐོན་ལས་ཀྱི་མ་ལག་དང་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྟོན་ཕྱོགས་སུ་བྱེད་པའི་རིག་གནས་དང་དཔལ་འབྱོར་གྱི་སྲིད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས། རིག་གནས་ཁེ་ལས་ཀྱིས་སྤྱི་ཚོགས་ཀྱི་འགན་འཁྲི་སྒྲུབ་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་རིག་གནས་ཀྱི་ལས་རྣམ་གསར་པ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ཁྲིད་སྟོན་བྱེད་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། རིག་རྩལ་གསར་རྩོམ་གྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་ཉམས་འགྱུར་ལ་སྣང་ཆེན་དང་། ཁྱད་ཆོས་ལ་སྣང་ཆེན། འགན་འཁྲིར་སྣང་ཆེན་བཅས་དར་སྤེལ་གཏོང་བ་དང་། མ་རབས་ཐ་ཤལ་བཀག་འགོག་བྱེད་པའི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།

བརྒྱད། གྲོང་ཁྱེར་དང་གྲོང་གསེབ་ལ་སྤྱི་འདོམས་ཀྱི་དམངས་འཚོ་འགན་ལེན་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་དགོས།

མི་དམངས་ཀྱི་བདེ་རྩ་ཆེ་རུ་གཏོང་བ་དང་མིའི་ཕྱོགས་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་རང་རེའི་ཏང་གིས་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་ཆེད་སྲིད་འཛིན་པའི་ངོ་བོའི་བླང་བྱ་ཞིག་ཡིན། དེར་བརྟེན། ངེས་པར་དུ་བྱིས་པ་སྐྱོང་མཁན་ཡོད་པ་དང་། སྦྱོང་དུས་སློབ་མཁན་ཡོད་པ། ལས་ཀར་ཐོབ་ཆ་ཡོད་པ། ན་དུས་སྨན་བཅོས་ཐུབ་པ། རྒས་དུས་འཚོ་རྟེན་ཡོད་པ། སྡོད་སའི་ཁང་པ་ཡོད་པ། ཉམས་ཞན་སྐྱོར་མཁན་ཡོད་པ་སོགས་ཐད་ཀྱི་རྒྱལ་ཁབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། གང་ཐུབ་ཅི་ཐུབ་དང་ནུས་པས་ལྕོགས་ཚོད་ཀྱིས་ཀུན་ཕན་རང་བཞིན་དང་། རྨང་གཞིའི་རང་བཞིན། ཐ་སྐྱོང་རང་བཞིན་བཅས་ཀྱི་དམངས་འཚོ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་མཐོང་ཆེན་བྱས་ཏེ་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་བྱེད་དགོས། སྤྱི་པའི་ཞབས་ཞུ་མཁོ་སྤྲོད་བྱེད་སྟངས་གསར་གཏོད་བྱེད་པ་དང་། སྤྱི་ཚོགས་སྟོབས་ཤུགས་ལ་སྤྱི་ཕན་བྱ་གཞག་གཉེར་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་པ། མི་དམངས་ཀྱི་རིམ་པ་མང་བ་དང་སྣ་མང་ཅན་གྱི་དགོས་མཁོ་བསྐངས་ཏེ་སྒྱུར་བཅོས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་དེ་བས་མང་བ་དང་དེ་བས་དྲང་གཞག་ངང་མི་དམངས་ཡོངས་ལ་ཕན་པ་ཐོབ་པ་བྱེད་དགོས།

(གཅིག)དེ་བས་སྟབས་བདེ་བ་དང་། དེ་བས་ལེགས་པ། དེ་བས་སྤུས་ཚད་མཐོ་བ་བཅས་ཀྱི་ལས་ཞུགས་ཀྱི་སྐུལ་འདེད་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ལས་ཞུགས་མཐའ་འཁྱོངས་བྱ་རྒྱུ་ནི་དམངས་འཚོའི་གཞི་རྩ་ཡིན། ལས་ཞུགས་སྔོན་ལ་འཇོག་པའི་སྲིད་ཇུས་ལག་བསྟར་བྱས་ནས་ལས་ཞུགས་ཀྱི་ལས་གནས་དེ་བས་མང་བ་གཏོད་དགོས། སྤྱི་པའི་ལས་ཞུགས་ཞབས་ཞུ་དང་ཚེ་གང་ལས་རིགས་རྩལ་ནུས་གསོ་སྦྱོང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་གཙོ་གནད་ཚོགས་སྤྱིའི་ལས་ཞུགས་ཀྱི་རྒྱབ་སྐྱོར་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ལས་གཏོད་ལ་སྐུལ་འདེད་དང་ལས་ཞུགས་ལ་སྐུལ་ཁྲིད་ཐུབ་པ་དང་། ཐབས་ལམ་སྣ་མང་གི་སྟབས་བསྟུན་ལས་ཞུགས་ལམ་སྲོལ་བཙུགས་ཏེ་ལས་ཞུགས་དཀའ་བའི་མི་སྣར་མཐིལ་འདེགས་པའི་རོགས་སྐྱོར་བྱེད་དགོས། ལས་ཞུགས་ཐད་ཀྱི་མཐོང་ཆུང་གི་སྣང་ཚུལ་མཐའ་གཅིག་ཏུ་བཀག་འགོག་དང་ཡོ་བསྲང་བྱས་ཏེ་དྲང་གཞག་ལས་ཞུགས་ལམ་ལུགས་ཀྱི་ཁོར་ཡུག་ཅིག་གཏོད་དགོས། ངལ་རྩོལ་འབྲེལ་བའི་མཐུན་སྦྱོར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་ཞི་མཐུན་གྱི་ངལ་རྩོལ་འབྲེལ་བ་བཙུགས་ནས་རྒྱ་ཆེའི་ངལ་རྩོལ་པ་ངོ་སོ་ལྡན་པའི་ངལ་རྩོལ་དང་ཕྱོཌ་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས།

(གཉིས)དམངས་ཡོངས་ཚེ་གང་སློབ་སྦྱོང་ལ་ཞབས་འདེགས་ཞུ་བའི་སློབ་གསོའི་མ་ལག་བསྐྲུན་དགོས། ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་སློབ་གསོ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་ཞིག་གཉེར་རྒྱུར་དམིགས་པ་དང་། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སློབ་གསོའི་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། དགེ་རྒན་གྱི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ་གཞི་གཅིག་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་སློབ་ཞུགས་གོང་གི་སློབ་གསོ་དང་། དམིགས་བསལ་སློབ་གསོ། མཐོ་རིམ་སློབ་འབྲིང་གི་དུས་མཚམས་ལ་ཁྱབ་པའི་སློབ་གསོ་བཅས་ཀྱི་འགན་སྲུང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་རིགས་ལག་རྩལ་སློབ་གསོ་དང་། མཐོ་རིམ་སློབ་གསོ། རྒྱུན་མཐུད་སློབ་གསོ་བཅས་སྤྱི་འདོམས་མཐུན་སྦྱོར་འཕེལ་རྒྱས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས།དམངས་བཙུགས་སློབ་གསོ་དང་མཉམ་ལས་སློབ་གཉེར་ལ་རྒྱབ་སྐྱོར་དང་ཚད་ལྡན་དུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པའི་ཁྱིམ་ཚང་སློབ་གསོའི་མཛུབ་ཁྲིད་ཞབས་ཞུའི་མ་ལག་སྐྲུན་དགོས། དྲ་རྒྱའི་སློབ་གསོ་དང་། མི་ཐབས་རིག་ནུས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་སློབ་གསོ་གཏོང་སྟངས་དང་སློབ་སྦྱོང་བྱེད་སྟངས་གསར་གཏོད་བྱེད་པ་དང་། མི་ཀུན་ལ་ཕྱོགས་པ་དང་། མི་ཚང་མར་འཚམ་པ། དེ་བས་སྒོ་དབྱེ་སྟབས་བསྟུན་གྱི་སློབ་གསོའི་མ་ལག་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་སློབ་སྦྱོང་རྣམ་པའི་སྤྱི་ཚོགས་འཛུགས་སྐྱོང་བྱེད་དགོས།

(གསུམ)དམངས་ཡོངས་ལ་ཁྱབ་པའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། འགན་ལེན་བྱེད་དགོས་རིགས་ཚང་མ་འགན་ལེན་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་སྤྱི་འདོམས་དང་རྒྱུན་མཐུད་ཆོག་པའི་གཞི་རྩའི་རྒན་གསོ་འགན་བཅོལ་ལམ་ལུགས་དང་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་འགན་སྲུང་གི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་གཏོང་དགོས། གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྒྱལ་ཡོངས་ཀྱི་སྤྱི་འདོམས་ལམ་ལུགས་མགྱོགས་མྱུར་འཛུགས་དགོས། སྤྱི་ཚོགས་འགན་བཅོལ་སྤོ་སྒྱུར་འབྲེལ་མཐུད་དང་ཡུལ་གཞན་དུ་སྨན་རིན་རྩིས་རྒྱག་ལམ་ལུགས་མགྱོགས་མྱུར་དོན་འཁྱོལ་བྱས་ཏེ་སྤྱི་ཚོགས་འགན་བཅོལ་གྱི་ཐེབས་རྩའི་དོ་དམ་ཚད་ལྡན་དུ་གཏོང་བ་དང་ཚོང་ལས་འགན་བཅོལ་འཕེལ་རྒྱས་གཏོང་དགོས། སྤྱི་ཚོགས་རོགས་སྐྱོབ་དང་། སྤྱི་ཚོགས་ཕན་བདེ། དགེ་སྒྲུབ་བྱ་གཞག གཟིགས་སྐྱོང་བཀོད་སྒྲིག་སོགས་ཀྱི་ལམ་ལུགས་སྤྱི་འདོམས་དང་འཐུས་སྒོ་ཚང་དུ་གཏོང་དགོས། དམག་ཞབས་ཐིམ་པའི་དམག་མིའི་ལས་ཀའི་མ་ལག་དང་འགན་སྲུང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ཕོ་མོ་འདྲ་མཉམ་ལ་སྐུལ་འདེད་གཏོང་བ་དང་བུད་མེད་ཀྱི་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་ལམ་ལུགས་དང་ལམ་སྲོལ་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་དགོས། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་དང་གཞིས་སྲུང་བུད་མེད་དང་རྒན་རྒོན་ལ་གཅེས་སྐྱོང་བྱེད་པའི་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་དབང་པོ་སྐྱོན་ཅན་ལ་རོགས་སྐྱོར་བྱེད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་བལྟོས་བཅས་དབུལ་ཕོངས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ཕུགས་ཕན་ལམ་སྲོལ་འཛུགས་དགོས། བྱེད་པོ་མང་པོས་མཁོ་སྤྲོད་དང་། ཐབས་ལམ་མང་པོ་ནས་འགན་སྲུང་། བོགས་ཉོ་མཉམ་སྤྱོད་བཅས་ཀྱི་སྡོད་ཁང་ལམ་ལུགས་མགྱོགས་མྱུར་འཛུགས་དགོས།

(བཞི)མི་དམངས་ཀྱི་བདེ་ཐང་ཆུ་ཚད་མཐོ་རུ་གཏོང་བའི་ལམ་ལུགས་ཀྱི་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས། ཚེ་སྲོག་གི་དུས་འཁོར་ཧྲིལ་པོ་དང་བདེ་ཐང་གི་བརྒྱུད་རིམ་ཧྲིལ་པོར་དོ་ཁུར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་རྒྱལ་དམངས་ཀྱི་བདེ་ཐང་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ཚོར་དྲང་གཞག་ལྡན་པ་དང་བརྒྱུད་རིམ་སྟར་ཆགས་ཀྱི་བདེ་ཐང་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས། སྨན་བཅོས་འཕྲོད་བསྟེན་གྱི་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་གཞི་རྩའི་སྨན་བཅོས་འཕྲོད་བསྟེན་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་དང་། སྨན་བཅོས་ཞབས་ཞུ། སྨན་བཅོས་འགན་སྲུང་། སྨན་བཅོས་མཁོ་སྤྲོད་བཅས་ཀྱི་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་དགོས། དེང་རབས་ཀྱི་སྨན་ཁང་དོ་དམ་ལམ་ལུགས་མགྱོགས་མྱུར་སྒྱུར་བཅོས་བྱེད་དགོས། གཞི་རིམ་གཙོ་གནད་དུ་བྱེད་པ་དང་། སྔོན་འགོག་གཙོ་བོར་བྱེད་པ། འགོག་བཅོས་ཟུང་འབྲེལ་བྱེད་པ། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གལ་ཆེ་མཉམ་དུ་འཛིན་པ་བཅས་མཐའ་འཁྱོངས་བྱེད་དགོས། སྤྱི་པའི་འཕྲོད་བསྟེན་རིམས་འགོག་དང་འགོ་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་རིམས་ནད་ཚབས་ཆེན་གྱི་སྨན་བཅོས་འགན་བཅོལ་དང་རོགས་སྐྱོབ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། བུ་བཙའི་སྲིད་ཇུས་ལེགས་སུ་བཏང་ནས་མི་འབོར་གྱི་སྤུས་ཚད་མཐོ་རུ་གཏོང་དགོས། མི་འབོར་ན་རྒས་ཅན་ལ་ཁ་གཏད་ཧུར་ཐག་བཅག་ནས་ཁྱིམ་ཚང་དང་སྡེ་ཁུལ་གྱི་སྒྲིག་གཞི་ཕན་ཚུན་མཐུན་སྦྱོར་བྱེད་པ་དང་རྒན་གསོ་དང་བདེ་སྲུང་ཕན་ཚུན་ཟུང་འབྲེལ་གྱི་རྒན་གསོའི་ཞབས་ཞུའི་མ་ལག་མགྱོགས་མྱུར་འཛུགས་དགོས། མི་དམངས་ཀྱི་གཟུགས་གཞི་ལེགས་སུ་གཏོང་རྒྱུར་དམིགས་ནས་དམངས་ཡོངས་ཀྱི་ལུས་སྦྱོང་ལ་སྐུལ་འདེད་གཏོང་བའི་ལམ་ལུགས་རང་བཞིན་གྱི་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་དགོས།

དགུ། མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ་སྤྱི་ཚོགས་བརྟན་ལྷིང་རྒྱུན་འཁྱོངས་དང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་དགོས།

སྤྱི་ཚོགས་བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་གི་ཕྱོགས་གལ་ཆེན་ཞིག་རེད། དེར་བརྟེན། ངེས་པར་དུ་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་གསར་གཏོད་བྱེད་པ་དང་། ཏང་ཨུད་ཀྱིས་འགོ་ཁྲིད་དང་། སྲིད་གཞུང་གིས་འགན་འཁུར། དམངས་གཙོའི་གྲོས་མོལ། སྤྱི་ཚོགས་མཐུན་སྦྱོར། སྤྱི་དམངས་ཞུགས་པ། ཁྲིམས་སྐྱོང་འགན་ལེན། ཚན་རྩལ་འདེགས་སྐྱོར་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། མི་ཚང་མར་འགན་འཁྲི་ཡོད་པ་དང་། མི་ཚང་མས་འགན་འཁྲི་འཁུར་བ། མི་ཚང་མར་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཅས་ཀྱི་སྤྱི་ཚོགས་བཅོས་སྐྱོང་གི་གཅིག་མཐུན་འདུས་གྲུབ་གཏོད་པ། མི་དམངས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་བརྟན་ལ་གོ་རིམ་ལྡན་པའི་འགན་ལེན་བྱས་ཏེ་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་ཀྲུང་གོ་འཛུགས་སྐྱོང་བྱེད་དགོས།

(གཅིག)དུས་བབ་གསར་པའི་འོག་མི་དམངས་ནང་ཁུལ་གྱི་འགལ་ཟླ་ཐག་གཅོད་ཡང་དག་བྱེད་པའི་ཕུགས་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། མང་ཚོགས་ཀྱི་རེ་འདུན་མཚོན་པ་དང་། ཁེ་ཕན་མཐུན་སྦྱོར། ཁེ་དབང་འགན་ལེན་བཅས་ཀྱི་ལམ་བུ་ཤར་གཏོང་དང་ཚད་ལྡན་དུ་གཏོང་བ་དང་ཡིག་བསྐུར་ངོ་བཅར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། མི་དམངས་བར་འདུམ་དང་། སྲིད་འཛིན་བར་འདུམ། ཁྲིམས་འཛིན་བར་འདུམ་བཅས་ཀྱི་མཉམ་འགུལ་ལས་ཀའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཀྱི་སེམས་ཁམས་ཞབས་ཞུའི་མ་ལག་དང་ཉེན་ཁ་ཐེ་ཇུས་སྔོན་འགོག་གི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་སྔོན་འགོག་དང་ཐག་གཅོད་དང་སེལ་བའི་སྣ་མང་ཅན་གྱི་ཕྱོགས་བསྡུས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་འགལ་བ་གཞི་རིམ་དུ་སེལ་གང་ཐུབ་བྱེད་དགོས།

(གཉིས)སྤྱི་ཚོགས་ཀྱི་བདེ་འཇགས་སྔོན་འགོག་ཚོད་འཛིན་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཆེད་ལས་ཚན་པ་དང་མང་ཚོགས་ཟུང་འབྲེལ་དང་མཉམ་འགོག་མཉམ་བཅོས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་ཀྱི་བདེ་འཇགས་སྣ་མང་ཅན་དང་། ཁྲིམས་སྐྱོང་ཅན། ཆེད་ལས་ཅན། རིག་ནུས་ཅན་བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས་གནད་དོན་མཉམ་བཅོས་དང་། ལས་དོན་མཉམ་འགུལ། དུས་བདེ་མཉམ་གཏོད་བཅས་ཀྱི་ལས་ཀའི་ལམ་སྲོལ་ཆགས་པར་བྱེད་པ། ཉེན་ཁ་སྣ་ཚོགས་སྔོན་དཔག་བྱེད་པ་དང་། སྔོན་ཚུད་ནས་ཉེན་བརྡ་གཏོང་བ། སྔོན་འགོག་བྱེད་པ་བཅས་ཀྱི་ནུས་པ་ཆེ་རུ་བཏང་ནས་སྤྱི་ཚོགས་ཀྱི་བདེ་འཇགས་སྔོན་འགོག་ཚོད་འཛིན་གྱི་སྤྱི་ཡོངས་རང་བཞིན་དང་། མཐུན་སྦྱོར་རང་བཞིན། གནད་སྨིན་རང་བཞིན་བཅས་ཆེ་རུ་གཏོང་དགོས།

(གསུམ)སྤྱི་པའི་བདེ་འཇགས་ཀྱི་སྒྲིག་གཞི་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དང་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱས་ནས་སྤྱི་པའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་བདེ་འཇགས་ཀྱི་སྔོན་འགོག་ཚོད་འཛིན་མ་ལག་འཛུགས་དགོས། གཅིག་གྱུར་བཀོད་འདོམས་དང་། ཆེད་ལས་དང་རྒྱུན་ལས་གཉིས་ལྡན། ཚུར་སྣང་སྐྱེན་པ། གོང་འོག་མཉམ་འགུལ་བཅས་ཀྱི་འཕྲལ་སྡོམ་དོ་དམ་སྒྲིག་གཞི་འཛུགས་པ་དང་། རྒྱབ་ཁབ་ཀྱི་འཕྲལ་སྡོམ་དོ་དམ་ནུས་པའི་མ་ལག་འཛུགས་སྐྱོང་བྱེད་ལེགས་སུ་གཏོང་བ། ཉེན་ཁ་སྔོན་འགོག་དང་། ཉུང་གཏོང་། སེལ་བ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས། བཟའ་བཅའ་དང་སྨན་རྫས་ཀྱི་བདེ་འཇགས་ལྟ་འདོམས་ལམ་ལུགས་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་བཏང་ནས་མི་དམངས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་འགན་ལེན་བྱེད་དགོས།

(བཞི)གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་རྣམ་པ་གསར་པ་གཏོད་དགོས། མང་ཚོགས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་ནང་ཞུགས་པའི་ལམ་ལུགས་ཅན་གྱི་ཐབས་ལམ་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་རྩ་འཛུགས་ཀྱིས་འགོ་འཁྲིད་པའི་རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཟུང་དུ་འབྲེལ་བའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། སྡེ་ཁུལ་དོ་དམ་དང་ཞབས་ཞུའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དྲ་མིག་ཅན་གྱི་དོ་དམ་དང་ཞབས་ཞུ་ཁྱབ་གདལ་གཏོང་བ། མང་ཚོགས་ཚོགས་པའི་རྩ་འཛུགས་དང་སྤྱི་ཚོགས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱི་རང་གཅུན་ནུས་པ་འདོན་སྤེལ་བྱེད་པ། སྲིད་གཞུང་གི་བཅོས་སྐྱོང་དང་། སྤྱི་ཚོགས་ཀྱི་སྙོམས་སྒྲིག གྲོང་མིའི་རང་སྐྱོང་བཅས་མཉམ་འགུལ་ཡག་པོ་ཐུབ་པར་བྱས་ནས་གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་དགོས། གྲོང་ཁྱེར་གྱི་ཁྱབ་ཁོངས་ཀྱི་སྤྱི་ཚོགས་བཅོས་སྐྱོང་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས། སྤྱི་ཚོགས་བཅོས་སྐྱོང་དང་ཞབས་ཞུའི་གཙོ་གནད་གཞི་རིམ་དུ་ཕྱོགས་རྒྱུར་སྐུལ་འདེད་བཏང་སྟེ། ཐོན་ཁུངས་དེ་བས་མང་བ་གཞི་རིམ་དུ་ཕྱོགས་ནས་གནད་སྨིན་ཅན་དང་ཞིབ་ཚགས་ཅན་གྱི་ཞབས་ཞུ་དེ་བས་ལེགས་པ་མཁོ་འདོན་བྱེད་དགོས། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་རིང་། ཁྱིམ་ཚང་དང་། ཁྱིམ་ཚང་སློབ་གསོ། ཁྱིམ་སྲོལ་བཅས་ཀྱི་ནུས་པ་གལ་ཆེན་འདོན་རྒྱུར་སྣང་ཆེན་བྱེད་དགོས། མཐའ་མཚམས་བཅོས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་མཐའ་དར་དམངས་ཕྱུག་ལ་སྐུལ་འདེད་གཏོང་དགོས།

(ལྔ)རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལྟ་བ་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ་དང་། མི་དམངས་ཀྱི་བདེ་འཇགས་དང་། ཆབ་སྲིད་ཀྱི་བདེ་འཇགས། རྒྱལ་ཁབ་ཀྱི་ཁེ་ཕན་གོང་བཀུར་བཅས་ཕན་ཚུན་གཅིག་གྱུར་ནུས་ལྡན་ཡོང་རྒྱུ་མཐའ་འཁྱོངས་བྱེད་དགོས། མི་དམངས་ཀྱི་བདེ་འཇགས་དམིགས་ཡུལ་དུ་བཟུང་བ་དང་། ཆབ་སྲིད་ཀྱི་བདེ་འཇགས་རྩ་བར་བྱེད་པ། དཔལ་འབྱོར་གྱི་བདེ་འཇགས་རྨང་གཞིར་བྱེད་པ། དམག་དོན་དང་། ཚན་རྩལ། རིག་གནས། སྤྱི་ཚོགས་བཅས་ཀྱི་བདེ་འཇགས་འགན་ལེན་དུ་བྱས་ནས། རྒྱལ་ཁབ་ཀྱི་བདེ་འཇགས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་ནུས་པ་ཆེ་རུ་གཏོང་དགོས། གཅིག་སྡུད་གཅིག་གྱུར་དང་ནུས་ཆེ་དབང་གྲགས་ལྡན་པའི་རྒྱལ་ཁབ་བདེ་འཇགས་ཀྱི་འགོ་ཁྲིད་སྒྲིག་གཞི་འཐུས་སྒོ་ཚང་དུ་བཏང་ནས་རྒྱལ་ཁབ་བདེ་འཇགས་ཀྱི་བཅའ་ཁྲིམས་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱལ་ཁབ་བདེ་འཇགས་ཀྱི་མི་དམངས་ཀྱི་འགོག་སྲུང་འཛིང་རགས་བསྐྲུན་རྒྱུར་ཤུགས་སྣོན་བརྒྱབ་ནས་དམངས་ཡོངས་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་བ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་ཉེན་ཁ་ཞིབ་འཇུག་བརྡར་གཅོད་དང་། མཉམ་འགོག་མཉམ་ཟོན། འགོག་ཟོན་དང་སེལ་བའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱལ་ཁབ་བདེ་འཇགས་ཀྱི་ཉེན་ཁ་འགོག་ནུས་ཆེ་རུ་བཏང་ནས་དགྲ་ཡའི་ཕྱོགས་གཏོགས་ཀྱིས་སིམ་འཛུལ་དང་། གཏོར་བཤིག རྩ་སློག་གཏོང་བ། ཁ་ཕྲལ་བཅས་ཀྱི་བྱེད་སྤྱོད་སྤེལ་རྒྱུར་ཚད་མཐོའི་དོགས་ཟོན་དང་། སྔོན་འགོག་མཐའ་གཅིག་ཏུ་བྱེད་པ། རྡུང་རྡེག་ནན་པོ་གཏོང་བ་བཅས་བྱེད་དགོས།

བཅུ། སྣོད་བཅུད་ཤེས་དཔལ་གྱི་ལམ་ལུགས་ཀྱི་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ལ་སྐུལ་འདེད་གཏོང་དགོས།

སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ནི་ཀྲུང་ཧྭ་མི་རིགས་ཡུན་རིང་རྒྱུན་མཐུད་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་ལོ་ངོ་སྟོང་གི་ཇུས་ཆེན་ཞིག་རེད། ངེས་པར་དུ་སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་ལག་བསྟར་བྱས་ཏེ། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་དང་། གྲོན་ཆུང་སྔོན་དུ་བྱེད་པ་དང་། སྲུང་སྐྱོང་སྔོན་དུ་བྱེད་པ། རང་བྱུང་སླར་གསོ་བཅས་གཙོ་བོར་བྱེད་པའི་བྱེད་ཕྱོགས་མཐའ་འཁྱོངས། བློ་བརྟན་འགྱུར་མེད་ངང་ཐོན་སྐྱེད་གོང་འཕེལ་དང་། འཚོ་བ་འབྱོར་ཕྱུག སྣོད་བཅུད་བཟང་བ་བཅས་ཀྱི་ཤེས་དཔལ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་སྐྲུན་དགོས།

(གཅིག)སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལམ་ལུགས་ནན་ཤོས་ལག་ལེན་བསྟར་དགོས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་མཐའ་འཁྱོངས་བྱས་ཏེ་རང་བྱུང་ལ་བརྩི་བཀུར་དང་། རང་བྱུང་དང་བསྟུན་པ། རང་བྱུང་སྲུང་སྐྱོང་བཅས་བརྟན་སྲུང་བྱས་ཏེ་འབྱུང་རྩ་ནས་སྔོན་འགོག་དང་། བརྒྱུད་རིམ་ཚོད་འཛིན། གཏོར་སྐྱོན་གྱི་གུན་གསབ། འགན་འཁྲི་བདའ་འདེད་བཅས་ཀྱི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱལ་ཁབ་ས་ཆའི་བར་མཐོངས་འཆར་འགོད་དང་སྤྱོད་སྒོ་སྤྱི་འདོམས་མཐུན་སྦྱོར་དང་དོ་དམ་ཚོད་འཛིན་ལམ་ལུགས་མགྱོགས་མྱུར་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། སྣོད་བཅུད་སྲུང་སྐྱོང་གི་དམར་ཐིག་དང་། གཏན་འཇགས་ཀྱི་གཞི་རྩའི་ས་ཞིང་། གྲོང་ཁྱེར་དང་གྲོང་རྡལ་གྱི་མཐའ་མཚམས་གསར་སྤེལ་སོགས་བར་མཐོངས་དོ་དམ་ཚོད་འཛིན་གྱི་ས་མཚམས་དང་དེ་བཞིན་རིགས་ཁག་གི་མཚོ་ཁོངས་སྲུང་སྐྱོང་ཁུལ་སྤྱི་འདོམས་གཏན་འབེབས་དང་དོན་འཁྱོལ་བྱས་ནས། བྱེད་པོའི་བྱེད་ནུས་ཁུལ་གྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ལྗང་མདོག་ཐོན་སྐྱེད་དང་འཛད་སྤྱོད་ཀྱི་བཅའ་ཁྲིམས་ལམ་ལུགས་དང་སྲིད་ཇུས་ཀྱི་ཁྲིད་སྟོན་འཐུས་སྒོ་ཚང་དུ་བཏང་ནས། ལྗང་མདོག་དངུལ་རྩ་འཕེལ་རྒྱས་གཏོང་བ་དང་། ཁྲོམ་རའི་ཁྲིད་སྟོན་གྱི་ལྗང་མདོག་ལག་རྩལ་གསར་གཏོད་ལ་སྐུལ་འདེད་བཏང་ནས། དེ་བས་རང་རྟོགས་ངང་ལྗང་མདོག་འཁོར་རྒྱུག་དང་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བཙོག་འབུད་ཆོག་འཐུས་ལམ་ལུགས་ལྟེ་བར་བྱས་པའི་གཏན་འཇགས་ཀྱི་སྦགས་བཙོག་འབྱུང་ཁུངས་ཀྱི་ལྟ་འདོམས་ལམ་ལུགས་མ་ལག་འཛུགས་པ་དང་། སྦགས་བཙོག་འགོག་བཅོས་ཁུལ་གྱི་མཉམ་འགུལ་ལམ་སྲོལ་དང་སྐམ་མཚོའི་སྤྱི་འདོམས་ཀྱི་སྣོད་བཅུད་ཁོར་ཡུག་བཅོས་སྒྲིག་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཞིང་ལས་དང་གྲོང་གསེབ་ཀྱི་ཁོར་ཡུག་སྦགས་བཙོག་འགོག་བཅོས་ལ་ཤུགས་སྣོན་རྒྱག་དགོས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་མ་ལག་དང་ཁྲིམས་བསྟར་ཁྲིམས་འཛིན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས།

(གཉིས)ཐོན་ཁུངས་ནུས་ཆེའི་ངང་སྤྱོད་པའི་ལམ་ལུགས་ཕྱོགས་ཡོངས་ནས་འཛུགས་དགོས། རང་བྱུང་ཐོན་ཁུངས་ཀྱི་དབང་ཆ་གཅིག་གྱུར་གཏན་འཁེལ་གྱི་ཐོ་འགོད་དེ་ཁྲིམས་སྐྱོང་ཅན་དང་། ཚད་ལྡན་ཅན། ཚད་གཞི་ཅན། ཆ་འཕྲིན་ཅན་བཅས་སུ་སྐུལ་འདེད་གཏོང་བ་དང་། རང་བྱུང་ཐོན་ཁུངས་ཀྱི་ཐོན་དབང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། ཐོན་ཁུངས་རིན་དོད་ཡོད་པའི་སྒོ་ནས་སྤྱོད་པའི་ལམ་ལུགས་དོན་འཁྱོལ་བྱེད་པ། ཐོན་ཁུངས་སྤྱི་འབོར་དོ་དམ་དང་ཕྱོགས་ཡོངས་ནས་གྲོན་ཆུང་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་དགོས། ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་ཞིབ་གཉེར་གྱི་འཁོར་སྐྱོད་དང་བེད་སྤྱོད་ཀྱི་སྲིད་ཇུས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། གད་སྙིགས་རིགས་དབྱེ་དང་ཐོན་ཁུངས་ཅན་བེད་སྤྱོད་ཀྱི་ལམ་ལུགས་ཡོངས་ཁྱབ་ངང་ལག་བསྟར་བྱེད་དགོས། ནུས་རྒྱུའི་གསར་བརྗེར་སྐུལ་འདེད་བཏང་ནས་དྭངས་གཙང་ཐཱན་ཉུང་དང་བདེ་འཇགས་ནུས་ཆེའི་ནུས་རྒྱུའི་མ་ལག་གཏོད་དགོས། རྒྱ་མཚོའི་ཐོན་ཁུངས་གསར་སྤེལ་སྲུང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། རང་བྱུང་ཐོན་ཁུངས་གཅིག་གྱུར་བརྟག་དཔྱད་དང་། གདེང་འཇོག ལྟ་ཞིབ་ཚད་ལེན་བཅས་ཀྱི་ལམ་ལུགས་མགྱོགས་མྱུར་བསྐྲུན་པ་དང་རང་བྱུང་ཐོན་ཁུངས་ལྟ་འདོམས་སྒྲིག་གཞི་འཐུས་སྒོ་ཚང་དུ་གཏོང་དགོས།

(གསུམ)སྣོད་བཅུད་སྲུང་སྐྱོང་དང་སླར་གསོའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། རི་ཆུ་ནགས་ཞིང་བཅས་དང་མཚོ་རྩྭ་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོར་གཅིག་གྱུར་འཆར་འགོད་བྱས་ཏེ་ནགས་ཚལ་དང་། རྩྭ་ཐང་། རྒྱུག་ཆུ། མཚོ། འདམ་ར། རྒྱ་མཚོ་སོགས་རང་བྱུང་སྣོད་བཅུད་སྲུང་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། གཙོ་གནད་སྣོད་བཅུད་མ་ལག་སྲུང་སྐྱོང་དང་རྒྱུན་མཐུད་ངང་སྤྱོད་རྒྱུར་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་ཀྱི་སྤྱི་གླིང་གཙོ་གནད་དུ་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་བསྐྲུན་ནས་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོང་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། འབྲི་ཆུ་དང་རྨ་ཆུ་སོགས་གཙང་པོ་དང་ཆུ་བོ་ཆེ་གྲས་ཀྱི་སྣོད་བཅུད་སྲུང་སྐྱོང་དང་མ་ལག་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། རྒྱལ་ཁབ་ས་ཆ་ལྗང་འགྱུར་བྱ་སྤྱོད་གཞི་ཁྱོན་ཆེན་པོས་སྤེལ་ཏེ། ས་ཆུ་ཤོར་བ་དང་། མྱ་ངམ་ཐང་དང་བྱེ་རྡོ་ཅན་དུ་འགྱུར་རིགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་མགྱོགས་སུ་བཏང་སྟེ་སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོང་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་བསྐྲུན་དགོས། རྒྱལ་ཁབ་ཀྱི་རྣམ་གྲངས་གལ་ཆེན་ཆེ་གྲས་ཕུད་རྒྱ་མཚོ་སྐོར་བ་དང་རྒྱོང་བ་སོཌ་ཕྱོཌ་ཡོངས་ནས་གཏན་འགོག་བྱེད་དགོས།

(བཞི)སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་འགན་འཁྲིའི་ལམ་ལུགས་ནན་པོ་བཟོ་དགོས། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་དམིགས་ཚད་གདེང་འཇོག་དང་རྟོག་ཞིབ་ཀྱི་ལམ་ལུགས་འཛུགས་པ་དང་། ཁོར་ཡུག་སྲུང་སྐྱོང་། རང་བྱུང་ཐོན་ཁུངས་དོ་དམ་ཚོད་འཛིན། ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་སོགས་གཅུན་འདོམས་རང་བཞིན་གྱི་དམིགས་ཚད་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་དང་སྲིད་གཞུང་གི་ལྟ་འདོམས་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་དགོས། འགོ་ཁྲིད་ལས་བྱེད་པའི་རང་བྱུང་ཐོན་ཁུངས་དང་མ་རྩའི་སྐོར་གྱི་འགན་བྲལ་རྩིས་བཤེར་བྱེད་དགོས། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ལ་སྐུལ་འདེད་བཏང་ནས་ཀྲུང་དབྱང་གི་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གི་ལྟ་བཤེར་ལམ་ལུགས་དོན་འཁྱོལ་བྱེད་དགོས། སྣོད་བཅུད་ཁོར་ཡུག་ལྟ་བཤེར་དང་གདེང་འཇོག་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྣོད་བཅུད་ཁོར་ཡུག་གི་སྤྱི་ཕན་གཏུག་བཤེར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། སྣོད་བཅུད་ཁ་གསབ་དང་སྣོད་བཅུད་ཁོར་ཡུག་གཏོར་སྐྱོན་གྱི་གུན་གསབ་ལམ་ལུགས་དོན་འཁྱོལ་བྱེད་པ། སྣོད་བཅུད་ཁོར་ཡུག་གཏོར་སྐྱོན་གྱི་འགན་འཁྲི་ཚེ་གང་རྩད་གཅོད་བྱེད་པའི་ལམ་ལུགས་ལག་བསྟར་བྱེད་དགོས།

བཅུ་གཅིག ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པའི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་སྟེ་མི་དམངས་དམག་དཔུང་གིས་ལྷག་བསམ་རྣམ་དག་ངང་དུས་རབས་གསར་པའི་འགན་འཁྲི་དང་ལས་འགན་སྒྲུབ་ཐུབ་པའི་འགན་ལེན་བྱེད་དགོས།

མི་དམངས་དམག་དཔུང་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཀ་རྡོ་བརྟན་པོ་ཡིན་པ་དང་། ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱེད་པ་ནི་མི་དམངས་དམག་དཔུང་འཛུགས་སྐྱོང་གི་རྩ་བ་དང་དམག་དཔུང་སྟོབས་ཆེར་གཏོང་བའི་བླ་སྲོག་རེད། ངེས་པར་དུ་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཁྲོད་ཀྱི་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་མཛུབ་ཁྲིད་གནས་བབ་སྲ་བརྟན་དང་གཏན་འཁེལ་བྱེད་པ་དང་། རྒྱལ་སྲུང་དང་དམག་དཔུང་སྒྱུར་བཅོས་ཟབ་གཏོང་གི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དམག་དོན་སྲིད་ཇུས་དང་། ལམ་ལུགས། མ་ལག་བསྐྲུན་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། དུས་རབས་གསར་པའི་ཏང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་དང་ཕྱོགས་ཡོངས་ནས་མི་དམངས་དམག་དཔུང་འཛམ་གླིང་གི་དམག་དཔུང་རྩེ་གྲར་བཏོད་དེ། མི་དམངས་དམག་དཔུང་གི་ངོ་བོ་དང་། དམིགས་ཡུལ། རང་མདངས་བཅས་ནམ་ཡང་གནས་པ་བྱེད་དགོས།

(གཅིག) ཆེས་མཐོའི་མི་དམངས་དམག་དཔུང་གི་འགོ་ཁྲིད་དབང་ཆ་དང་བཀོད་འདོམས་དབང་ཆ་ཏང་ཀྲུང་དབྱང་ལ་དབང་བ་མཐའ་འཁྱོངས་བྱེད་དགོས། ཀྲུང་དབྱང་དམག་ཨུད་ཀྱིས་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ལག་བསྟར་བྱེད་རྒྱུ་ནི་ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་མཐའ་འཁྱོངས་བྱ་རྒྱུ་གཞི་རྩའི་མངོན་འགྱུར་བྱེད་སྟངས་ཤིག་རེད། རྒྱལ་ཡོངས་ཀྱི་དྲག་ཆས་སྟོབས་ཤུགས་ལ་དམག་ཨུད་ཀྱི་ཀྲུའུ་ཞིས་གཅིག་གྱུར་འགོ་ཁྲིད་དང་བཀོད་འདོམས་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་དང་། དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ཀྱི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ལག་བསྟར་བྱེད་པ། དམག་ཨུད་ཀྱི་ཀྲུའུ་ཞིའི་འགན་འཁུར་ལམ་ལུགས་ཀྱི་ལམ་ལུགས་དང་གཏན་འབེབས་ཁག་དོན་འཁྱོལ་ནན་པོ་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་སྲོལ་ནན་དུ་བཏང་ནས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་དབང་གྲགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་སྲིད་བཀའ་དང་དམག་བཀའ་ཐོགས་མེད་ཡོང་བའི་འགན་ལེན་བྱེད་དགོས།

(གཉིས) མི་དམངས་དམག་དཔུང་གི་ཏང་འཛུགས་སྐྱོང་གི་ལམ་ལུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཆབ་སྲིད་ལ་བརྟེན་ནས་དམག་དཔུང་འཛུགས་སྐྱོང་གི་བླང་བྱ་ཁག་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། དམག་མིའི་བླ་སྲོག་སྐྱེད་སྲིང་བྱེད་རྒྱུ་གཙོ་གནད་དུ་དམ་འཛིན་ཡག་པོ་བྱེད་པ། སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། གསར་བརྗེའི་ས་བོན་རྒྱུན་འཛིན་བཅས་བྱས་ནས“དམག་དཔུང་ཏང་གཤིས་ཅན་དང་ཆབ་སྲིད་ཅན་མིན་པ”དང“དམག་དཔུང་རྒྱལ་ཁབ་ཅན”སོགས་ཀྱི་ཆབ་སྲིད་ཀྱི་ནོར་འཁྲུལ་ལྟ་བ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། ཏང་ཨུད་ལམ་ལུགས་དང་། ཆབ་སྲིད་ཨུ་ཡོན་ལམ་ལུགས། ཆབ་སྲིད་ལས་ཁུངས་ལམ་ལུགས་མཐའ་འཁྱོངས་བྱེད་པ། ཏང་ཨུད་ཀྱི་གཅིག་གྱུར་གྱི་མཉམ་སྡེབ་འགོ་ཁྲིད་འོག་གི་དམག་དཔོན་གྱི་ལས་བགོས་འགན་ཁུར་ལམ་ལུགས་མཐའ་འཁྱོངས་བྱེད་པ། ལན་ཤོག་ཏུ་ཀྲི་པུའུ་འཛུགས་རྒྱུ་མཐའ་འཁྱོངས་བྱས་ནས་ཏང་གིས་དམག་དཔུང་ལ་འགོ་ཁྲིད་རྒྱུའི་རྩ་འཛུགས་ཀྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ཞུམ་མེད་སྟོབས་ལྡན་གྱི་ཏང་རྩ་འཛུགས་དང་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་དཔུང་ཁག་འཛུགས་སྐྱོང་བྱས་ནས། མེ་མདའ་ནམ་ཡང་ཏང་ལ་ལྷག་བསམ་རྣམ་དག་དང་བློས་འགེལ་ཆོག་པའི་མི་སྣའི་ལག་ཏུ་འཛིན་རྒྱུའི་འགན་ལེན་བྱེད་དགོས།

(གསུམ) ཏང་གིས་མི་དམངས་དམག་དཔུང་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་དེ་དམག་དཔུང་འཛུགས་སྐྱོང་བྱེད་པའི་ཁྱབ་ཁོངས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས། དུས་རབས་གསར་པའི་དམག་དོན་འཐབ་ཇུས་དང་བྱེད་ཕྱོགས་ལག་བསྟར་བྱས་ནས་དམག་འཐབ་ནུས་པའི་རྩ་བའི་ཚད་གཞི་མཐའ་འཁྱོངས་དང་། མཉམ་འབྲེལ་དང་ཞི་བདེ་དང་དམག་འཐབ་གཞི་གཅིག་གི་དམག་དོན་སྟོབས་ཤུགས་བེད་སྤྱོད་ཀྱི་སྲིད་ཇུས་ལམ་ལུགས་ཀྱི་མ་ལག་བསྐྲུན་པ་དང་འཐུས་སྒོ་ཚང་དུ་གཏོང་བ། དུས་རབས་གསར་པའི་དམག་དོན་འཐབ་ཇུས་ཀྱི་མ་ལག་འཛུགས་པ། མཉམ་འབྲེལ་དམག་འཐབ་ཀྱི་བཀོད་འདོམས་མ་ལག་དང་ནུས་པ་ཆེར་གཏོང་ལ་ཤུགས་སྣོན་རྒྱག་པ། དམག་གྲབས་ལམ་ལུགས་ལེགས་སྒྲིག་བྱས་ནས་འཐུས་སྒོ་ཚང་དུ་གཏོང་བ། དངོས་འཐབ་ཅན་གྱི་དམག་དོན་སྦྱོང་བརྡར་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། དཔའ་ཉམས་གཏོད་པ་དང་། ཉེན་ཁ་དོ་དམ་དང་ཚོད་འཛིན། དམག་འཁྲུག་བཀག་འགོག དམག་འཐབ་ལས་རྒྱལ་བ་བཅས་ནུས་ལྡན་བྱེད་དགོས། འཐབ་ནུས་ལ་བརྟེན་ནས་འཛུགས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་དང་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་ནི་འཐབ་ནུས་ཀྱི་ཆེད་དུ་ཡིན་པ་མཐའ་འཁྱོངས་དང་། དམག་འཐབ་ལ་དམིགས་པ་དང་། གསར་གཏོད་ལ་སྐུལ་ལྕག དམག་དམངས་མཉམ་འདྲེས་བཅས་ཀྱི་དམག་དོན་སྟོབས་ཤུགས་འཛུགས་སྐྱོང་བྱེད་པའི་སྲིད་ཇུས་དང་ལམ་ལུགས་ཀྱི་མ་ལག་སྐྲུན་པ་དང་འཐུས་སྒོ་ཚང་དུ་གཏོང་བ། བཅིངས་འགྲོལ་དམག་གི་དམག་ཞབས་དང་ལེན་ཞུ་བཞིན་པའི་དཔུང་སྡེ་དང་། གྲ་སྒྲིག་དམག་ཞབས་དཔུང་སྡེ། དྲག་ཆས་ཉེན་རྟོག་དཔུང་སྡེ། ཡུལ་དམག་འཛུགས་སྐྱོང་བཅས་སྤྱི་འདོམས་བྱེད་པ། དམག་དཔུང་གི་མི་སྣ་སྣ་ཚོགས་ཀྱི་ལམ་ལུགས་བཀོད་སྒྲིག་སྤྱི་འདོམས་བྱེད་པ། དམག་དཔོན་ལས་རིགས་ཅན་གྱི་ལམ་ལུགས་དང་། ཞི་དཔོན་གྱི་ལམ་ལུགས། དམག་ཞབས་ལམ་ལུགས་སོགས་ཀྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། དེང་རབས་ཅན་གྱི་འཐབ་ནུས་གྲུབ་སྟངས་ལ་སྐུལ་འདེད་བཏང་སྟེ་དེང་རབས་ཅན་གྱི་དམག་དོན་སྟོབས་ཤུགས་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས། གནད་སྨིན་ནུས་ཆེ་དང་། ཆ་ཚང་ཞིང་ཚད་དང་ལྡན་པ། གཅུན་འདོམས་ནན་པ་བཅས་ཀྱི་དམག་དོན་དོ་དམ་སྲིད་ཇུས་དང་ལམ་ལུགས་ཀྱི་མ་ལག་སྐྲུན་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། དམག་དོན་ཨུ་ལྷན་གྱི་འཐབ་ཇུས་དང་དོ་དམ་ནུས་པ་ཆེ་རུ་གཏོང་བ་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དམག་དོན་ཁྲིམས་སྐྱོང་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས། དམག་དཔུང་གི་མ་ལག་འཁོར་སྐྱོད་ནུས་ཕྱོད་ཆེ་རུ་གཏོང་དགོས། དམག་དམངས་མཉམ་འདྲེས་གཏིང་ཟབ་འཕེལ་རྒྱས་འགྲོ་བའི་གོམ་སྟབས་མགྱོགས་སུ་བཏང་ནས། གཞི་གཅིག་ཅན་གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་མ་ལག་དང་ནུས་པ་འཛུགས་སྐྱོང་བྱེད་དགོས། རྒྱལ་སྲུང་ཚན་རྩལ་གསར་གཏོད་དང་གོ་མཚོན་སྒྲིག་ཆས་འཛུགས་སྐྲུན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། རྒྱལ་སྲུང་སྐུལ་སློང་གི་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས། དམངས་ཡོངས་ཀྱི་རྒྱལ་སྲུང་སློབ་གསོར་ཤུགས་སྣོན་རྒྱག་དགོས། ཏང་སྲིད་དམག་ཉེན་དམངས་བཅས་ཀྱིས་སྟོབས་ཤུགས་གཅིག་ཏུ་འདུས་ནས། མཐའ་སྲུང་སྲ་བརྟན་དུ་གཏོང་བའི་ལས་དོན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། གཉིས་བཀུར་ལས་དོན་དང་དམག་དམངས་མཉམ་སྐྲུན་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་དམག་སྲིད་དབར་དང་དམག་དམངས་དབར་གྱི་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས།

བཅུ་གཉིས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལམ་ལུགས་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས། མེས་རྒྱལ་ཞི་བས་གཅིག་གྱུར་ལ་སྐུལ་འདེད་གཏོང་དགོས།

“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ནི་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ་མེས་རྒྱལ་ཞི་བས་གཅིག་གྱུར་མངོན་འགྱུར་བྱེད་པའི་གལ་ཆའི་ལམ་ལུགས་ཤིག་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གསར་གཏོད་རླབས་ཆེན་ཞིག་ཀྱང་རེད། ངེས་པར་དུ“རྒྱལ་ཁབ་གཅིག”ནི“ལམ་ལུགས་གཉིས”ལག་བསྟར་བྱེད་པའི་སྔོན་འགྲོ་དང་རྨང་གཞི་ཡིན་པ་དང་། “ལམ་ལུགས་གཉིས”དེ“རྒྱལ་ཁབ་གཅིག”ལ་གཏོགས་པ་དང་དེ་ནས་བྱུང་བ་ཡིན་པ་དང་སྦྲགས། “རྒྱལ་ཁབ་གཅིག”ནང་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱེད་དགོས། རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལ་ནན་པོར་གཞིགས་ཏེ་ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་ལ་དོ་དམ་བཅོས་སྐྱོང་བྱས་ནས། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་དང་། དེ་བཞིན་ཤང་ཀང་དང་ཨའོ་མོན་གྱི་ཡུན་རིང་དར་རྒྱས་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་དགོས་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཐའ་ཚད་ལ་འགྲན་སློང་བྱེད་པའི་བྱེད་སྤྱོད་གང་རུང་ལའང་བཟོད་སྒོམ་གཏན་ནས་བྱེད་མི་རུང་ལ། རྒྱལ་ཁབ་ཁ་ཕྲལ་གཏོང་བའི་བྱེད་སྤྱོད་གང་རུང་ལའང་བཟོད་སྒོམ་གཏན་ནས་བྱེད་མི་རུང་།

(གཅིག) “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”དང“ཤང་ཀང་བས་ཤང་ཀང་སྐྱོང་བ” “ཨའོ་མོན་བས་ཨའོ་མོན་སྐྱོང་བ” ཚད་མཐོའི་རང་སྐྱོང་བྱེད་ཕྱོགས་བཅས་ཕྱོགས་ཡོངས་དང་ཡང་དག་ངང་ལག་ལེན་བསྟར་དགོས། ཁྲིམས་བཞིན་ཤང་ཀང་དང་ཨའོ་མོན་སྐྱོང་རྒྱུ་མཐའ་འཁྱོངས་དང་། བཅའ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་རྩ་ཁྲིམས་ལམ་ལུགས་དང་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་པ། “རྒྱལ་ཁབ་གཅིག”གི་རྩ་དོན་མཐའ་འཁྱོངས་དང་། “ལམ་ལུགས་གཉིས”ཀྱི་ཧེ་བག་ལ་བརྩི་སྲུང་། དམིགས་བསལ་སྲིད་འཛིན་ཁུལ་ལ་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་དོ་དམ་བཅོས་སྐྱོང་བྱེད་པའི་དབང་ཆ་སྲུང་སྐྱོང་བཅས་བྱ་རྒྱུ་དང་། དམིགས་བསལ་སྲིད་འཛིན་ཁུལ་གྱི་ཚད་མཐོའི་རང་སྐྱོང་དབང་ཆ་འགན་ལེན་དང་། མེས་རྒྱལ་ནང་སའི་སྲ་ཞིང་བརྟན་པའི་རྒྱབ་རྟེན་གྱི་ནུས་པ་འདོན་སྤེལ། དམིཌ་བསལ་སྲིད་འཛིན་ཁུལ་གྱི་རང་ངོས་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ་བཅས་ཟུང་འབྲེལ་བྱེད་དགོས། དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ལག་བསྟར་བྱེད་པའི་འབྲེལ་ཡོད་ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་གཅེས་པས་གཙོ་བོར་བྱས་པའི“ཤང་ཀང་བས་ཤང་ཀང་སྐྱོང་རྒྱུ”དང“ཨའོ་མོན་བས་ཨའོ་མོན་སྐྱོང་རྒྱུ”མཐའ་འཁྱོངས་བྱས་ནས། དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་བཞིན་བཅོས་སྐྱོང་གི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས།

(གཉིས) ཀྲུང་དབྱང་གིས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་གཞིར་བཟུང་ནས་དམིགས་བསལ་སྲིད་འཛིན་ཁུལ་ལ་ཕྱོགས་ཡོངས་ནས་དོ་དམ་བཅོས་སྐྱོང་བྱེད་པའི་དབང་ཆ་འཛིན་སྤྱོད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ཀྲུང་དབྱང་གིས་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་དང་དཔོན་རིགས་གཙོ་བོའི་བསྐོ་འཐེན་ལམ་ལུགས་ལམ་སྲོལ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་རྩ་བའི་བཅའ་ཁྲིམས་ལ་འགྲེལ་བཤད་རྒྱག་རྒྱུའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ནང་འཁོད་ཀྲུང་དབྱང་གི་དབང་ཆ་ཁག་ཁྲིམས་ལྟར་ལག་བསྟར་བྱེད་དགོས། དམིགས་བསལ་སྲིད་འཛིན་ཁུལ་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་དང་ལག་བསྟར་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། དམིགས་བསལ་སྲིད་འཛིན་ཁུལ་གྱི་ཁྲིམས་སྐྱོང་སྟོབས་ཤུགས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱེད་དགོས། དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་གྱིས་ཀྲུང་དབྱང་སྲིད་གཞུང་ལ་འགན་ཁུར་བའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྲིད་འཛིན་དཔོན་དང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་ཇུས་ལག་བསྟར་བྱ་རྒྱུར་རྒྱབ་སྐྱོར་བྱེད་དགོས། རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་ཤང་ཀང་དང་ཨའོ་མོན་ཞུགས་པ་དང་། ནང་ས་དང་ལེགས་ཆ་གསབ་རེས་བྱེད་པ། མཐུན་སྦྱོར་འཕེལ་རྒྱས་གཏོང་བ་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཤང་ཀང་དང་ཨའོ་མོན་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་ལེགས་སུ་གཏོང་བར་རྒྱབ་སྐྱོར་བྱས་ཏེ། སྤྱི་ཚོགས་བརྟན་ལྷིང་དང་ཕུགས་ཀྱི་འཕེལ་རྒྱས་ལ་ཤུགས་རྐྱེན་གཏིང་ཟབ་པའི་འགལ་ཟླ་དང་གནད་དོན་ཐག་གཅོད་ཧུར་ཐག་བྱེད་དགོས། ཤང་ཀང་དང་ཨའོ་མོན་གྱི་སྤྱི་ཚོགས་དང་། ལྷག་པར་དུ་གཞུང་ཞབས་མི་སྣ་དང་གཞོན་ནུ་ལོ་ཆུང་ལ་རྩ་ཁྲིམས་དང་གཞི་རྩའི་བཅའ་ཁྲིམས་ཀྱི་སློབ་གསོ་དང་། རྒྱལ་བབ་སློབ་གསོ། ཀྲུང་གོའི་ལོ་རྒྱུས། ཀྲུང་ཧྭ་ཡི་རིག་གནས་སློབ་གསོ་རྒྱག་རྒྱུ་བཅས་ལ་ཤུགས་སྣོན་བརྒྱབ་ནས་སྤུན་ཟླ་ཤང་ཀང་བ་དང་ཨའོ་མོན་བའི་རྒྱལ་ཁབ་ཀྱི་འདུ་ཤེས་དང་རྒྱལ་གཅེས་སྙིང་སྟོབས་ཆེ་རུ་གཏོང་དགོས། ཕྱི་ཕྱོགས་ཕྱོགས་གཏོགས་ཀྱིས་ཤང་ཀང་དང་ཨའོ་མོན་གྱི་ལས་དོན་ལ་ཐེ་ཇུས་བྱེད་པ་དང་། ཁ་ཕྲལ་དང་། རྩ་སློག་གཏོང་བ། སིམ་འཛུལ་བྱེད་པ། གཏོར་བཤིག་གཏོང་བ་བཅས་ཀྱི་བྱེད་སྤྱོད་སྤེལ་རྒྱུར་འགོག་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ་ཤང་ཀང་དང་ཨའོ་མོན་ཡུན་རིང་བདེ་འཁོད་ཡོང་བའི་འགན་ལེན་བྱེད་དགོས།

(གསུམ)མེས་རྒྱལ་ཞི་བའི་གཅིག་གྱུར་གྱི་འཕེལ་རིམ་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས། ཐའེ་དབན་གྱི་གནད་དོན་ཐག་གཅོད་བྱེད་པ་དང་མེས་རྒྱལ་རྦད་དེ་གཅིག་གྱུར་ཡོང་བ་བྱ་རྒྱུ་ནི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་ཐུན་མོང་གི་འདུན་པ་དང་ཀྲུང་ཧྭ་མི་རིགས་ཀྱི་རྩ་བའི་ཁེ་ཕན་ཐུག་ས་དེ་རེད། ངོགས་གཉིས་པོས་ཞི་བའི་འཕེལ་རྒྱས་ཐད་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་བྱེད་པར་སྐུལ་འདེད་གཏོང་དགོས། ངོགས་གཉིས་པོའི་སྤེལ་རེས་མཉམ་ལས་འཐུས་སྒོ་ཚང་དུ་གཏོང་བ་དང་། ངོགས་གཉིས་པོའི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ། སྤུན་ཟླ་ཐའེ་དབན་བའི་བདེ་རྩ་འགན་ལེན་བྱེད་པ་བཅས་ཀྱི་ལམ་ལུགས་བཀོད་སྒྲིག་དང་། སྲིད་ཇུས་བྱེད་ཐབས་འཐུས་སྒོ་ཚང་དུ་བཏང་ནས་རྒྱ་ཆེའི་སྤུན་ཟླ་ཐའེ་དབན་བར་མཐུན་སྒྲིལ་གྱིས་ཐུན་མོང་ཐོག“ཐའེ་དབན་རང་བཙན”ལ་ངོ་རྒོལ་དང་གོང་བུ་གཅིག་གྱུར་ལ་སྐུལ་འདེད་གཏོང་དགོས། རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཞི་བའི་གཅིག་གྱུར་བྱུང་རྗེས་སྤུན་ཟླ་ཐའེ་དབན་བའི་སྤྱི་ཚོགས་ལམ་ལུགས་དང་འཚོ་བ་སྐྱེལ་སྟངས་ལ་བརྩི་འཇོག་གང་ལེགས་ཐོབ་རྒྱུ་དང་། སྤུན་ཟླ་ཐའེ་དབན་བའི་མི་སྒེར་གྱི་རྒྱུ་ནོར་དང་། ཆོས་དད། ཁྲིམས་མཐུན་ཁེ་དབང་བཅས་འགན་ལེན་གང་ལེགས་ཡོང་རྒྱུ་རེད།

བཅུ་གསུམ། རང་ཚུགས་རང་བརྟེན་གྱི་ཞི་བདེའི་ཕྱི་འབྲེལ་སྲིད་ཇུས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་དགོས།

ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཞི་བདེའི་རྒྱལ་སྤྱིའི་ཁོར་ཡུག་དང་ཕྱི་ཕྱོཌ་ཀྱི་ཆ་རྐྱེན་བཟང་པོ་ཡོད་དགོས། ངེས་པར་དུ་རྒྱལ་ནང་དང་རྒྱལ་སྤྱིའི་སྤྱི་ཡོངས་གཉིས་ལ་སྤྱི་འདོམས་བྱེད་པ་དང་། ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཁེ་བཅས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ནས། བློ་བརྟན་འགྱུར་མེད་ངང་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇཌ། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་འཛམ་གླིང་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

(གཅིག) ཏང་གིས་ཕྱི་ཕྱོགས་ལས་དོན་ལ་འགོ་ཁྲིད་བྱེད་པའི་སྒྲིག་སྲོལ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཕྱི་འབྲེལ་དབང་ཆ་ཆེན་པོ་ཏང་ཀྲུང་དབྱང་གིས་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་རིགས་པའི་གཞུང་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ཏང་ཀྲུང་དབྱང་གི་ཕྱི་འབྲེལ་གྱི་མཛད་ཇུས་གལ་ཆེན་པོའི་མཛད་ཕྱོགས་དང་འཐབ་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་བྱེད་དགོས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་སྒྲིག་སྲོལ་ལམ་སྲོལ་འཛུགས་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་སྟེ་ཏང་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས། དམག་དཔུང་། ས་གནས། མི་དམངས་ཚོགས་པ་སོགས་ཀྱི་ཕྱི་འབྲེལ་འགྲོ་འོང་ལ་སྤྱི་འདོམས་དང་མཐུན་སྦྱོར་བྱས་ནས་ཏང་གིས་སྤྱི་ཡོངས་ལ་གཅིག་འཛིན་བྱེད་པ་དང་ཕྱོགས་ཁག་དང་མཐུན་སྦྱོར་བྱེད་པའི་ཕྱི་ཕྱོགས་ལས་དོན་གྱི་མཐུན་སྦྱོར་ཆེ་མོའི་བཀོད་པར་ཤུགས་སྣོན་རྒྱག་དགོས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ལས་དོན་གྱི་ཁྲིམས་དོན་ལམ་ལུགས་བཙུགས་ཏེ་རྒྱལ་སྤྱིའི་བཅའ་ཁྲིམས་ལ་ཞིབ་འཇུག་དང་བཀོལ་སྤྱོད་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ལས་དོན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།

(གཉིས) ཕྱོགས་ཡོངས་ཀྱི་ཕྱི་འབྲེལ་བཀོད་ཇུས་འཐུས་སྒོ་ཚང་དུ་གཏོང་དགོས། བློ་བརྟན་འགྱུར་མེད་ངང་ཞི་བདེའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་དེ་ཞི་བདེ་མཉམ་གནས་ཀྱི་རྩ་དོན་དོན་ཚན་ལྔ་མཐའ་འཁྱོངས་བྱེད་པའི་རྨང་གཞིའི་ཐོག་རྒྱལ་ཁབ་ཁག་དང་མཛའ་གྲོགས་མཉམ་ལས་ཕྱོགས་ཡོངས་ནས་འཕེལ་རྒྱས་གཏོང་བ་དང་། རྒྱལ་ཁབ་ཆེ་ཆུང་དང་། སྟོབས་ཆེ་ཆུང་། དབུལ་ཕྱུག་བཅས་དབྱེ་བ་མེད་པར་ཚང་མ་འདྲ་མཉམ་ཡིན་པ་མཐའ་འཁྱོངས་བྱས་ནས་ཕན་ཚུན་བརྩི་འཇོག་དང་། དྲང་གཞག་དྲང་བདེན། མཉམ་ལས་གཉིས་ཁེ་བཅས་ཀྱི་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུར་སྐུལ་འདེད་གཏོང་བ་དང་། གོ་ལ་ཧྲིལ་པོའི་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་ཧུར་ཐག་གཏོང་བ། གོ་ལ་ཧྲིལ་པོའི་འཐབ་ཇུས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་བཅས་བྱས་ནས་རྣམ་པ་མཐའ་དག་གི་བཙན་དབང་རིང་ལུགས་དང་བཙན་ཤེད་ཆབ་སྲིད་ལ་ངོ་རྒོལ་བྱེད་དགོས། གླེང་མོལ་དང་གྲོས་མོལ་བྱེད་པ་དང་ཞི་བདེའི་བྱེད་ཐབས་བརྒྱུད་རྒྱལ་སྤྱིའི་རྩོད་གཞི་དང་གླེང་མང་བའི་དཀའ་གནད་སེལ་རྒྱུ་མཐའ་འཁྱོངས་བྱས་ནས་དྲག་ཤུགས་སམ་ཡང་ན་དྲག་ཤུགས་ལ་བརྟེན་ནས་ཕན་ཚུན་འཇིགས་སྐུལ་བྱེད་པར་ངོ་རྒོལ་བྱེད་དགོས། འགོག་སྲུང་རང་བཞིན་གྱི་རྒྱལ་སྲུང་སྲིད་ཇུས་ལག་ལེན་བསྟར་རྒྱུ་མཐའ་འཁྱོངས་བྱས་ནས་ནམ་ཡང་བཙན་བདག་མི་བྱེད་པ་དང་། ནམ་ཡང་རྒྱ་སྐྱེད་མི་གཏོང་བ། ནམ་ཡང་འཛམ་གླིང་ཞི་བདེ་སྲུང་སྐྱོང་བྱེད་པའི་འགྱུར་མེད་སྟོབས་ལྡན་གྱི་སྟོབས་ཤུགས་བྱེད་དགོས།

(གསུམ) མཉམ་ལས་གཉིས་ཁེའི་སྒོ་དབྱེའི་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས། གཉིས་ཁེ་གཉིས་ཕན་གྱི་སྒོ་དབྱེའི་ཐབས་ཇུས་མཐའ་འཁྱོངས་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། ཚོང་དོན་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོར་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཚོང་དོན་ཁུལ་གྱི་དྲ་རྒྱ་འཛུགས་པར་སྐུལ་འདེད་གཏོང་བ། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་རང་བརྟེན་འཕེལ་རྒྱས་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་དོ་སྙོམས་མེད་པ་དང་གྲངས་འཛིན་གྱི་འགལ་རྐྱེན་ཆེན་པོ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ། སྒོ་དབྱེའི་རྣམ་པའི་འཛམ་གླིང་དཔལ་འབྱོར་འཛུགས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཕྱི་ཕྱོགས་ལ་སྒོ་དབྱེའི་བདེ་འཇགས་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ཕྱི་རྒྱལ་དུ་ཡོད་པའི་ཁེ་ཕན་སྲུང་སྐྱོང་དང་ཉེན་ཁ་སྔོན་བརྡ་གཏོང་བའི་འགོག་ཟོན་མ་ལག་བཙུགས་ནས་གཞུང་ཚབ་སྲུང་སྐྱོབ་ཀྱི་ལས་དོན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཕྱི་རྒྱལ་དུ་ཡོད་པའི་སྤུན་ཟླའི་བདེ་འཇགས་དང་ལུགས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ཐོག་རྣམ་གྲངས་གལ་ཆེན་དང་། མི་སྣ། སྒྲིག་གཞི་བཅས་ཀྱི་བདེ་འཇགས་འགན་ལེན་བྱེད་དགོས།

(བཞི) གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་དགོས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་དར་ཆ་མཐོན་པོར་བསྒྲེངས་བ་དང་། མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འདུ་ཤེས་རྒྱུན་འཁྱོངས། ཕྱོགས་མང་རིང་ལུགས་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དར་སྤེལ་གཏོང་བ། གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ལམ་སྲོལ་འགྱུར་ལྡོག་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཐུན་མོང་ཡིན་ཡང་ཧེ་བག་ཡོད་པའི་འགན་འཁྲི་དང་། དྲང་གཞག སོ་སོའི་ནུས་པར་གཞིགས་པ་སོགས་རྩ་དོན་གྱི་རྨང་གཞིའི་ཐོག་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པའི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། གོ་ལ་ཧྲིལ་པོའི་བཅོས་སྐྱོང་ཁྲོད་ཀྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལྟེ་བའི་གནས་བབ་སྲུང་སྐྱོང་བྱས་ཏེ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དང་། འབོ་གསེར་རྒྱལ་ཁབ། རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཀྱི་ལས་སྟེགས་ལམ་སྲོལ་ཅན་དུ་འཛུགས་རྒྱུར་རྒྱབ་སྐྱོར་བྱས་ཏེ་དེ་བས་དྲང་གཞག་དང་ལུཌ་མཐུན་གྱི་རྒྱལ་སྤྱིའི་བཅོས་སྐྱོང་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།

བཅུ་བཞི། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་དབང་ཆ་སྤྱོད་པར་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས།

ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ནི་ཏང་གིས་ཡུན་རིང་སྲིད་སྐྱོང་བའི་ཆ་རྐྱེན་འོག་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བརྗེས། རང་ངོས་ཡར་རྒྱས་བཅས་ཡོང་བར་བྱེད་པའི་ལམ་ལུགས་ཀྱི་འགན་ལེན་གལ་ཆེན་ཞིག་རེད། ངེས་པར་དུ་ཏང་གིས་གཅིག་གྱུར་འགོ་ཁྲིད་བྱེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། དབང་གྲགས་ནུས་ཆེ་བཅས་ཀྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། ལྟ་སྐུལ་གྱི་སྒམ་ནན་རང་བཞིན་དང་། མཐུན་སྦྱོར་རང་བཞིན། ནུས་ལྡན་རང་བཞིན་བཅས་ཆེ་རུ་གཏོང་བ། ཐབས་ཇུས་ཚན་རིག་དང་མཐུན་པ་དང་། ལག་བསྟར་བརྟན་པོ་བྱེད་པ། ལྟ་སྐུལ་ནུས་ལྡན་བྱེད་པ་བཅས་ཀྱི་དབང་ཆ་སྤྱོད་པའི་ལམ་སྲོལ་ཞིག་ཆགས་པ་བྱས་ཏེ་ཏང་དང་མི་དམངས་ཀྱིས་དཀྲིས་པའི་དབང་ཆ་ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་བདེ་སྐྱིད་དོན་གཉེར་བྱེད་པའི་ཐད་སྤྱོད་རྒྱུའི་འགན་ལེན་བྱེད་དགོས།

(གཅིག) ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། ཏང་ནང་ཁུལ་གྱི་ལྟ་སྐུལ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། རིམ་ཁག་ཏང་རྩ་འཛུགས་ཀྱི་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་བྱས་ཏེ་ཏང་ཡོན་གྱི་ལྟ་སྐུལ་དབང་ཆ་འགན་ལེན་བྱེད་དགོས། མཐོ་རིམ་ལས་བྱེད་པ་དང་རིམ་ཁག་འགོ་ཁྲིད་ལས་བྱེད་པ་གཙོ་བོར་ལྟ་སྐུལ་བྱ་རྒྱུར་གཙོ་གནད་ཐོག་ཤུགས་སྣོན་རྒྱག་པ་དང་། འགོ་ཁྲིད་ཚན་ཁག་ནང་ཁུལ་གྱི་ལྟ་སྐུལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ། “འགོ་ཁྲིད་པ་ཨང་དང་པོར”ལྟ་སྐུལ་དང་རིམ་མཚུངས་ལ་ལྟ་སྐུལ་བྱེད་དཀའ་བའི་གནད་དོན་ཐག་གཅོད་བྱེད་དགོས། ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཏང་གི་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་དང་། མཛད་ཕྱོགས། སྲིད་ཇུས་བཅས་དང་དེ་བཞིན་ཐབས་ཇུས་ཀྱི་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། སྐོར་གཟིགས་དང་སྐོར་ཞིབ་དག་ཐེར་དང་ལྟ་བཤེར་དོན་འཁྱོལ་བྱས་ཚུལ་གྱི་སྙན་ཞུའི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། སྒྲིག་བཤེར་དང་ལྟ་ཞིབ་སྒྲིག་སྲོལ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། གོང་རིམ་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་གྱིས་འོག་རིམ་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སྒྲིག་བཤེར་ལྟ་ཞིབ་ལས་དོན་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་དགོས། བཅའ་སྡོད་ལྟ་ཞིབ་སྒྲིག་སྲོལ་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་དགོས། སྒྲིག་ཁྲིམས་ལྟ་སྐུལ་དང་། ལྟ་ཞིབ་ལྟ་སྐུལ། བཅའ་སྡོད་ལྟ་སྐུལ། སྐོར་གཟིགས་ལྟ་སྐུལ་བཅས་སྤྱི་འདོམས་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ་དང་། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་འཛིན་གྱི་ལྟ་སྐུལ། ཁྲིམས་འཛིན་གྱི་ལྟ་སྐུལ། མང་ཚོགས་ཀྱི་ལྟ་སྐུལ། གླེང་ཕྱོགས་ཀྱི་ལྟ་སྐུལ་བཅས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། རྩིས་བཤེར་ལྟ་སྐུལ་དང་བསྡོམས་རྩིས་ལྟ་སྐུལ་གྱི་འགན་ནུས་འདོན་སྤེལ་བྱེད་དགོས། ཏང་ནང་ཁུལ་གྱི་ལྟ་སྐུལ་གཙོ་ཁྲིད་དུ་བྱས་ཏེ་རིགས་ཁག་གི་ལྟ་སྐུལ་དང་འབྲེལ་མཐུད་ནུས་ལྡན་དང་ཕན་ཚུན་མཐུན་སྦྱོར་ལ་སྐུལ་འདེད་གཏོང་དགོས།

(གཉིས) དབང་ཆ་བཀོད་སྒྲིག་དང་འཁོར་སྐྱོད་ཚོད་འཛིན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། འགན་དབང་ཁྲིམས་ཀྱིས་གཏན་འཁེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་ལས་དབྱེ་དབང་སྤྱོད་དང་། ལས་བགོས་དབང་འཛུགས། རིམ་དབྱེ་དབང་སྤྲོད། དུས་བཀག་གནས་བརྗེ་བཅས་ཀྱི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་དབང་ཆའི་ཚད་གཞི་གསལ་པོ་བཟོ་བ་དང་། ལས་ཀའི་བརྒྱུད་རིམ་ཚད་ལྡན་དུ་གཏོང་བ། དབང་ཆ་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། དབང་ཆ་དང་འགན་འཁྲི་ཁ་གསལ་ཡོང་རྒྱུ་མཐའ་འཁྱོངས་བྱས་ཏེ་དབང་ཆ་ཡོངས་བསྒྲགས་ངང་སྤྱོད་རྒྱུར་སྐུལ་འདེད་གཏོང་བ་དང་། ཏང་དོན་དང་། སྲིད་དོན། ཁྲིམས་འཛིན་བཅས་དང་ཁྱབ་ཁོངས་ཁག་གི་ལས་སྒྲུབ་ཡོངས་བསྒྲགས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། དབང་ཆ་འཁོར་སྐྱོད་འཚོལ་བཤེར་ཐུབ་པ་དང་ཁུངས་འདེད་ཐུབ་པའི་ཚུར་ལན་ལམ་སྲོལ་འཛུགས་པ་བཅས་བྱེད་དགོས། དབང་ཆ་དང་འགན་འཁྲི་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱས་ཏེ་དབང་ཆ་འཁོར་སྐྱོད་ཀྱི་ལྷུ་ཚིགས་ཁག་ལ་དམ་པོར་དམིགས་པ་དང་། གནད་དོན་ཤེས་རྟོགས་དང་། ཞན་ཆ་ཡོ་བསྲང་། འགན་འཁྲི་བདའ་འདེད་གནད་འཕིགས་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དབང་ཆར་བརྟེན་ནས་ཁེ་ཕན་སྤྲོད་ལེན་བྱེད་པའི་བར་མཐོངས་ཆུང་དུ་གཏོང་བ་བཅས་བྱེད་དགོས།

(གསུམ) རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྐུལ་འདེད་གཏོང་བའི་གཞི་གཅིག་གི་སྒྲིག་སྲོལ་ལམ་སྲོལ་འཛུགས་དགོས། བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་བཏང་སྟེ། ཆབ་སྲིད་ཀྱི་གནད་དོན་དང་དཔལ་འབྱོར་གྱི་གནད་དོན་ཉིས་བརྩེགས་ཀྱི་རུལ་སུངས་གྱོད་གཞི་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་པ་དང་། “རི་དྭགས་རུབ་རྒྱག”དང“རི་དྭགས་རུབ་རྒྱག”ནང་ཚུད་འདོད་པའི་ཁེ་ཕན་གྱི་འབྲེལ་ཐག་མཐའ་གཅིག་ཏུ་གཅོད་པ། དབང་ཆ་དང་རྒྱུ་ནོར་ཉོ་ཚོང་གི་འབྲེལ་བའི་དྲ་བ་མཐའ་གཅིག་ཏུ་མེད་པ་བཟོ་བ་བཅས་བྱེད་དགོས། རྩ་ལག་མཉམ་བཅོས་གཏིང་ཟབ་བྱས་ཏེ། ཞིབ་མཆན་ལ་ལྟ་འདོམས་དང་། ཁྲིམས་བསྟར་ཁྲིམས་འཛིན། ལས་གྲྭ་འཛུཌ་སྐྲུན། ཐོན་ཁུངས་གསར་སྤེལ། དངུལ་རྩའི་ཡིད་རྟོན་དངུལ་བུན། སྤྱི་པའི་ཐོན་ཁུངས་ཉོ་ཚོང་། སྤྱི་པའི་ནོར་སྲིད་གཏོང་སྒོ་སོགས་གཙོ་གནད་ཁྱབ་ཁོངས་ལ་ལྟ་སྐུལ་བྱེད་པའི་ལམ་སྲོལ་སྒྱུར་བཅོས་དང་ལམ་ལུགས་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་ཁབ་ཀྱི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་སྤེལ་གཏོང་བ། བསམ་བློ་ཀུན་སྤྱོད་དང་ཏང་སྒྲིག་རྒྱལ་ཁྲིམས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས།

བཅོ་ལྔ། ཏང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས།

ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་ནི་ཏང་ཡོངས་ཀྱི་འཐབ་ཇུས་ལས་འགན་གལ་ཆེན་ཞིག་རེད། དེས་ན་ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་གྱུར་འགོ་ཁྲིད་འོག་སྤེལ་དགོས་པ་དང་། ཚན་རིག་དང་མཐུན་པའི་ངང་ཇུས་འགོད་དང་། སྒྲིག་འཛུགས་ཚགས་ཚུད། འཕྲལ་ཕུགས་ཟུང་འབྲེལ། སྤྱི་ཡོངས་ལ་སྐུལ་འདེད་བཅས་བཏང་སྟེ། ད་ཐེངས་ཀྱི་ཚང་འཛོམས་གྲོས་ཚོགས་ཐོག་གཏན་ལ་འཁེལ་བའི་དམིགས་ཚད་ལས་འགན་ཁག་ཚང་མ་ཕྱོགས་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།

ལམ་ལུཌ་ཀྱི་གསོན་ཤུགས་ནི་ལག་བསྟར་བྱ་རྒྱུར་ཐུག་ཡོད། རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་དེ་བཞིན་རིམ་ཁག་འགོ་ཁྲིད་ལས་བྱེད་པས་ལམ་ལུགས་ཀྱི་འདུ་ཤེས་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་སྟེ། ལམ་ལུགས་ཀྱི་དབང་གྲགས་ལ་སྲུང་སྐྱོང་བྱ་རྒྱུར་སྣེ་ཁྲིད་དང་ལམ་ལུགས་ལག་བསྟར་བྱ་རྒྱུར་མིག་དཔེ་བཏོན་ནས་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་རང་རྟོགས་ངང་ལམ་ལུགས་གོང་དུ་བཀུར་རྒྱུ་དང། ལམ་ལུགས་ལག་བསྟར་ནན་པོ་བྱ་རྒྱུ། ལམ་ལུགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་རྒྱུ་བཅས་ལ་ཁྲིད་སྟོན་བྱེད་དགོས། སྒམ་བཙན་དང་ཕན་ཆེའི་སྒོ་ནས་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་ལམ་ལུགས་ལག་བསྟར་གྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་སྟེ། གདམ་ག་བྱེད་པ་དང་། སྟབས་བསྟུན་འགྱུར་ལྡོག་གཏོང་བ། འཐེན་འཕྲི་བྱེད་པ་བཅས་ཀྱི་སྣང་ཚུལ་མཐའ་གཅིག་ཏུ་འགོག་དགོས།

ལམ་ལུགས་ཀྱི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ངོ་བོའི་ཁྱད་ཆོས་དང་ཁྱད་འཕགས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ། ལམ་ལུགས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་དེ་ཡུན་རིང་ལག་ལེན་གྱི་ཞིབ་བཤེར་བརྒྱུད་ཅིང་། ལས་སླ་པོར་ཐོབ་པ་ཞིག་མིན་པས་ངེས་པར་དུ་གཅེས་སྤྲས་ལྡབ་བརྒྱ་བྱེད་དགོས་པའི་ངོས་འཛིན་ཐུབ་རྒྱུར་ཁྲིད་སྟོན་བྱེད་དགོས། རང་རྒྱལ་གྱི་རྒྱལ་ཁབ་ལམ་ལུགས་དང་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་གཏོང་བར་ངེས་པར་དུ་རྒྱལ་བབ་དང་བསྟུན་པ་དང་དོན་དངོས་དང་བསྟུན་རྒྱུ་མཐའ་འཁྱོངས་བྱས་ཏེ། དུས་ཡུན་རིང་པོའི་ནང་གྲུབ་པའི་ལོ་རྒྱུས་རྒྱུན་འཛིན་ལ་སྟངས་འཛིན་བྱེད་དགོས་ལ། ཏང་དང་མི་དམངས་ཀྱིས་རང་རྒྱལ་གྱི་རྒྱལ་ཁབ་ལམ་ལུགས་འཛུགས་སྐྱོང་དང་རྒྱལ་ཁབ་བཅོས་སྐྱོང་ཐད་བརྒྱུད་པའི་ལམ་བུ་དང་། བསགས་པའི་ཉམས་མྱོང་། གྲུབ་པའི་རྩ་དོན་བཅས་ལ་སྟངས་འཛིན་བྱེད་པ་ལས་རྒྱལ་ཁབ་གཞན་གྱི་ལམ་ལུགས་འདྲ་སྤོ་འདྲ་བཤུ་བྱེད་མི་རུང་། སྒོ་རྒྱག་རེངས་འགྱུར་གྱི་ལམ་རྙིང་པར་མི་འགྲོ་ལ་དར་ཆ་བརྗེ་བསྒྱུར་གྱི་ལོག་ལམ་དུ་དེ་བས་མི་འགྲོ་བར་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་དུ་བསྐྱོད་དགོས།

བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་རྒྱུ་དེ་དུས་རབས་གསར་པའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་ལས་འགན་གལ་ཆེན་ལ་བརྩི་དགོས། བསམ་བློའི་ཚོད་བགམ་དང་། ཆབ་སྲིད་ཀྱི་ཞུན་བརྡར། ལག་ལེན་གྱི་སྦྱོང་བརྡར། ཆེད་ལས་ཀྱི་སྦྱོང་བརྡར་བཅས་ལ་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་ལས་བྱེད་པ་ཚོས་ལམ་ལུགས་ལ་ནན་པོར་གཞིགས་ནས་འགན་འཁྲི་སྒྲུབ་པ་དང་། དབང་ཆ་སྤྱོད་པ། ལས་དོན་སྤེལ་བ་བཅས་ལ་སྐུལ་འདེད་གཏོང་བ་དང་། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་ཁག་གི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས། ཏང་གིས་ལས་བྱེད་པར་དོ་དམ་བྱེད་པའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་ལས་བྱེད་པའི་ཚད་གཞི་དོན་འཁྱོལ་ཡག་པོ་བྱེད་པ་དང་། ཡང་དག་པའི་མི་སྤྱོད་སྟོན་ཕྱོགས་བཙུགས་ནས་ལམ་ལུགས་ལག་བསྟར་བྱེད་ཤུགས་དང་བཅོས་སྐྱོང་འཇོན་ཐང་དེ་ལས་བྱེད་པ་འདེམས་བསྐོ་དང་དཔྱད་ཞིབ་གདེང་འཇོག་གི་གཞི་འཛིན་ས་གལ་ཆེན་དུ་བརྩི་དགོས། ཤེས་ཡོན་ལ་བརྩི་འཇོག་དང་ཤེས་ལྡན་པར་བརྩི་འཇོག་བྱས་ཏེ། ཤེས་ལྡན་པའི་ལམ་ལུགས་དང་སྲིད་ཇུས་གསར་གཏོད་བྱེད་མགྱོགས་སུ་བཏང་ནས་རིགས་ཁག་གི་ཤེས་ལྡན་པས་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུར་རྒྱབ་སྐྱོར་བྱེད་དགོས།

ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུར་སྐུལ་འདེད་གཏོང་བར། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་བཅོས་སྐྱོང་མ་ལག་གི་བརྟན་པོའི་རང་བཞིན་དང་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་བྱེད་དགོས་ལ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་འཕྲལ་མཁོའི་ལམ་ལུགས་དང་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་གསར་པ་སྐོང་བའི་དགོས་ངེས་ཀྱི་ལམ་ལུགས་བཟོ་རྒྱུར་དམ་འཛིན་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་ཆད་མེད་པར་རང་ངོས་འཐུས་ཚང་དང་། འཕེལ་རྒྱས། སྐྱེ་སྟོབས་དང་གསོན་ཤུགས་ཡུན་གནས་ཡོང་བ་བཅས་ལ་སྐུལ་འདེད་གཏོང་དགོས།

ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་གདེང་ཚོད་བརྟན་པོ་དང་། ངེས་ནུས་རྒྱུན་འཁྱོངས། ཡར་རྒྱས་ལྷུར་ལེན། གསར་འབྱེད་གསར་གཏོད་བཅས་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་བཏང་སྟེ། “ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས། །

(ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ11ཚེས5ཉིན་འབྱོར་པའི་གློག་འཕྲིན)

རྩོམ་སྒྲིག་པ། : ཀླུ་མོ་མཚོ།