མཚོ་ནུབ་ཁུལ་སྲིད་གཞུང་གི་ལས་དོན་སྙན་ཞུ།---2019ལོའི་ཟླ2པའི་ཚེས26ཉིན་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་ལྔ་པའི་སྟེང་།

འཐུས་མི་རྣམ་པ།  

ད་ལྟ་ངས་མཚོ་ནུབ་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་སེང་འབུལ་རྒྱུ་ཡིན་པས།གྲོས་ཞིབ་གནང་བར་མ་ཟད།ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་དང་ཟུར་ཞུགས་མི་སྣས་ཀྱང་དགོངས་འཆར་འདོན་རོགས།

གཅིག   2018ལོའི་བྱ་བར་ཕྱིར་དྲན།

2018ལོ་ནི་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་ལ། རྒྱལ་སྤྱི་དང་རྒྱལ་ནང་གི་ཁོར་ཡུག་འགྱུར་ལྡོག་བྱུང་ཚུལ་སྣ་མང་དང་གཏན་འཁེལ་མེད་པའི་རྒྱུ་རྐྱེན་མང་དུ་ཕྱིན་པ།དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ཇེ་ཆེར་ཕྱིན་པ་བཅས་ཀྱི་གནས་ཚུལ་ལ་དམིགས་ཏེ། ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་ཁྲིད་དུ་བྱེད་པར་རྒྱུན་འཁྱོངས་བྱས་ཤིང་། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་སྲ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག  ཁུལ་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྒོས་སྣེ་ཁྲིད་བྱས་ནས།ཚད་མཐོའི་ཆབ་སྲིད་རང་འགུལ་དང་དངོས་སྒྲུབ་ཀྱི་འགན་འཁྲི་ལ་བརྟེན་ནས།  “འདུ་ཤེས་བཞི”དང“ཡིད་རྟོན་བཞི”སྲ་བརྟན་དུ་ཆགས་སུ་བཅུག   “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་འཛིན་ཐུབ་པར་བྱས། གོང་འཕེལ་གྱི་འདུ་ཤེས་གསར་པ་ལག་ལེན་མཐར་ཕྱིན་བྱེད་པ་དང་།བརྟན་པའི་ཁྲོད་ནས་ཡར་ཐོན་ཡོང་བའི་བྱ་བ་སྤྱིའི་འཕེལ་རིམ་ལ་རྒྱུན་འཁྱོངས་བྱས། “ལྔ་བཞིའི་འཐབ་ཇུས”ལག་བསྟར་གཏིང་ཟབ་བྱས་ཏེ།“ལེགས་གཅིག་མཐོ་གཉིས”ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ།བརྟན་པོའི་ངང་འཕར་བ་དང་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། གྲུབ་ཚུལ་ལེགས་སྒྲིག དམངས་འཚོར་ཕན་གཉེར། ཉེན་ཁ་འགོག་སྲུང་བཅས་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་བ་དང་། དུས་ཐོག་ཏུ་དམིགས་སའི་རང་བཞིན་ལྡན་པའི་བྱེད་ཐབས་སྤྱད་དེ།དཀའ་ངལ་དང་འགྲན་སློང་ཁྲོད་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་ཡོང་བར་རྒྱུན་འཁྱོངས་བྱས་ཤིང་། ཁུལ་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་སྟེང་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཅུང་ལེགས་པོའི་ངང་འགྲུབ་ཅིང་། ལས་སླ་པོར་ཐོབ་པ་ཞིག་མིན་པའི་གྲུབ་འབྲས་བླངས་ནས་ཁུལ་ཡོངས་སུ་དུས་ལྟར་སྒོ་ཀུན་ནས་འབྱོར་འབྲིང་གི་སྤྱི་ཚོགས་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིངས།

ལོ་ཧྲིལ་པོར་ས་ཁུལ་གྱི་ཐོན་སྐྱེད་རིན་གྲངས་བསྡོམས་འབོར་སྒོར་དུང་ཕྱུར625.27མངོན་འགྱུར་བྱུང་བ་དང་། ན་ནིང་ལས8.3%འཕར། གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་འཇོག་གྲངས9.1%འཕར་བ་དང་།   ཚད་གཞི་སྟེང་གི་བཟོ་ལས་འཕར་སྣོན་རིན་གྲངས7.8%ཡར་འཕར། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་ཚོང་སྤྱིའི་གྲངས་སྒོར་དུང་ཕྱུར81.04འཕར་བ་དང7%ཡར་འཕར། ས་གནས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་ཡོང་སྒོ་སྒོར་དུང་ཕྱུར54.48ལ་སླེབས་པ་དང8.7%ཡར་འཕར།སྡོད་དམངས་སྤྱིའི་ཆ་སྙོམས་སུ་བཀོད་སྒྲིག་བྱས་ཆོག་པའི་ཡོང་སྒོ་སྒོར་དུང་ཕྱུར27772ལ་སླེབས་པ་དང་།9%ཡར་འཕར། ཞིང་གྲོང་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་སུ་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར13755ལ་སླེབས་པ་དང9.1%ཡར་འཕར།  ན་གོར་མོ་དང་གཏེར་ལེན་ཁ་གྲོང་ཁྱེར་གཉིས་ཀྱིCPIའཕར་ཚད2.6%ཡིན།

ལོ་གཅིག་གི་རིང་ལ། ང་ཚོས་མི་མངོན་པའི་ནུས་ཤུགས་གཏིང་ཟབ་ཏུ་བསྔོགས་ཏེ།འཕར་སྣོན་བརྟན་པོ་དང་སྤུས་ཚད་ཡར་འདེགས་བྱས་ནས།ཐོན་ལས་འཕེལ་རྒྱས་སྔར་བས་མཐུན་སྦྱོར་ཡོང་བ་བྱས།

ཐོན་ལས་དང་པོར་ལེགས་ཕྱོགས་ཕན་ཐོན་བྱུང་། ཐོན་ལས་དང་པོའི་འཕར་སྣོན་རིན་གྲངས་སྒོར་དུང་ཕྱུར33.36ལེགས་གྲུབ་བྱུང་ཞིང7.6%ཡར་འཕར་ཡོད།ཞིང་ལས་སྐྱེ་དངོས་སྣ་ཚོགས་ཀྱི་འདེབས་ཁྱོན་མུའུ་ཁྲི85.44ཟིན་པ་དེ3.3%ཡར་འཕར་ཡོད།འབྲུ་རིགས་ལོ་ཏོག་གི་སྤྱིའི་ཐོན་འབོར་ཏུན་ཁྲི9.7ཐོན་པ་དང7.9%ཡར་འཕར་།འཕང་འབྲས་ཐོན་ཚད་ཏུན་ཁྲི8.2ཟིན་ཞིང4.8%ཡར་འཕར།ལི་གྲོ་ཐོན་རྫས་དངོས་སུ་ཨ་རུ་ལ་ཕྱིར་འཚོང་བྱས་ཤིང་།ཁེ་ལས5ལ་རྒྱལ་ཁབ་སྐྱེས་ལྡན་བརྗེ་བསྒྱུར་དཔང་ཡིག་ཐོབ།ཁེ་ལས2ལ་རྒྱལ་ཡོངས་ཀྱི་སྐོར་དང་པོའི་སྐྱེས་ལྡན་འཕང་འབྲས་ཐོན་རྫས་ཀྱི་དཔང་ཡིག་ཐོབ།  ཐོན་ལས་གཉིས་པས་བསྟུད་མར་ཡར་འཕེལ་བཏེགས། ཐོན་ལས་གཉིས་པའི་འཕར་སྣོན་རིན་གྲངས་སྒོར་དུང་ཕྱུར428.4ལེགས་འགྲུབ་བྱུང་ཞིང8%ཡར་འཕར། ཚད་གཞི་སྟེང་གི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་བསྡོམས་འབོར་སྒོར་དུང་ཕྱུར68.5འགྲུབ་ཟིན་པ་དང6%ཡར་འཕར། བཟོ་ལས་ཀྱིས་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར74.3ཟིན་པ་དང11.3%ཡར་འཕར། ལྕགས་ལམ་ཐོག་དངོས་ཟོག་དབོར་འདྲེན་བྱས་ཚད་ཏུན་ཁྲི2650ཟིན་པ་དང5.4%ཡར་འཕར།ཐོན་ལས་གོང་འོག་སྦྲེལ་མཐུད་བྱེད་པའི་མ་དངུལ་སྒོར་དུང་ཕྱུར200དང་། ཁེ་ལས་ཆུང་གྲས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར178.6ཟིན་པ་དང10.9%ཡར་འཕར་ཡོད།ཐོན་ལས་གསུམ་པ་མྱུར་བར་འཕེལ།   ཐོན་ལས་གསུམ་པའི་འཕར་སྣོན་རིན་གྲངས་སྒོར་དུང་ཕྱུར163.51ལེགས་གྲུབ་བྱུང་ཞིང9.1%ཡར་འཕར་ཡོད།ཚད་གཞི་སྟེང་གི་ཁེ་ལས20གསར་དུ་འཕར་སྣོན་བྱུང།རྒྱུན་གཏན་ཅན་དུ་ཀྲུང་གོ་དང་ཡོ་རོབ་གླིང་གི་འགྲུལ་སྐྱེལ་མེ་འཁོར་གཏོང་འགོ་བརྩམས་པ་དང་།   རྒྱལ་སྤྱིའི་གཞུང་ལམ་དང་ལྕགས་ལམ། མཚོ་ལམ་ཚོང་དོན་མཉམ་འདྲེན་འགྲུམ་སྐྱེལ་ཐོག་མར་གཏོང་འགོ་ཚུགས།  ཕྱིར་གཏོང་ནང་འདྲེན་གྱི་རིན་གྲངས་བསྡོམས་འབོར་ཨ་སྒོར་དུང་ཕྱུར1.35འགྲུབ་པ་དང101.7%ཡར་འཕར་ཡོད།  གློག་རྡུལ་ཚོང་དོན་གྱི་ཉོ་ཚོང་དངུལ་གྲངས་སྒོར་དུང་ཕྱུར2.4མངོན་འགྱུར་བྱས་པ་དང20%ཡར་འཕར།     ན་གོར་མོ་གྲོང་ཁྱེར་དང་གཏེར་ལེན་ཁ་གྲོང་ཁྱེར་གཉིས་རྒྱལ་ཁབ་གློག་རྡུལ་ཚོང་དོན་གྲོང་གསེབ་ཏུ་བསྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་རྫོང་དུ་བདམས།རྫོང་དང་ཞང་གི་མཁོ་ཚོང་མཉམ་འབྲེལ་ཁང19བཙུགས། ཡུལ་སྐོར་བ་མི་ཐེངས་ཁྲི1711.7སྣེ་ལེན་བྱས་ཤིང་།  ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར98.7མངོན་འགྱུར་བྱུང་།    སོ་སོ24.5%དང14.9%ཡར་འཕར་ཡོད།

ལོ་གཅིག་གི་རིང་ལ། ང་ཚོས་མཉམ་ཤུགས་གཅིག་སྒྲིལ་དང་ལས་གཞི་གཙོ་བོར་སྒུལ་ཤུགས་ཆེ་རུ་བཏང་ནས། དགེ་མཚན་ཆེ་ཙམ་མྱུར་བར་ཕྱོགས་བསྡུས་བྱུང་།

ལས་གཞིའི་དངུལ་གཏོང་བརྟན་ཞིང་ཕན་འབྲས་ཐོན།“ཉིན་བརྒྱའི་སྲ་གཏོར”དང“དུས་ཚིགས་བཟང་པོའི་དམག་འཐབ”། “དབྱར་དུས་འཐབ་སྟངས”ཞེས་པ་བཅས་ཀྱི་ཆེད་དོན་ལས་འགུལ་དང་།“དམིགས་སར་བསྐྱོད་དགོས་པ་བཞི”ཞེས་པའི་དོན་འཁྱོལ་ནན་འཛིན་བྱེད་སྒོ་དང“ལས་གཞི་ལེགས་འགྲུབ་ལོ”ཞེས་པ་བཅས་ཀྱི་བྱེད་སྒོ་ཏན་ཏིག་གིས་སྤེལ་བར་སྐུལ་འདེད་བྱས།ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྔོན་རྩིས་ནང་གི་མ་དངུལ་གཏོང་བའི་རྣམ་གྲངས177བརྩོན་ལེན་བྱས་པ་དང་།མ་དངུལ་སྒོར་དུང་ཕྱུར16.5དོན་ཐོག་ཏུ་འཁྱོལ།རྣམ་གྲངས་ཁག600གཅིག་སྡུད་ཐོག་བསྐྱར་སྐྲུན་གྱི་བྱེད་སྒོ་སྐོར་གཉིས་སྤེལ།དམངས་ཁྲོད་དངུལ་གཏོང56.8%ཡར་འཕར་ཞིང་།ཁུལ་ཡོངས་ཀྱི་བརྟན་འཇགས་རྒྱུ་ནོར་མ་འཇོག་གི40%ཟིན་ཡོད། གླིང་ཁུལ་གྱི་དཔལ་འབྱོར་བརྟན་པོར་འཕར།  “སྟོང་ཅན་ལྔའི”ཐོན་ལས་ཁྱུ་ཚོགས་འཛུགས་སྐྲུན་འཆར་གཞི་གཏན་འབེབས་བྱས་ཤིང།གློག་རྐྱང་ཞུན་སྦྱངས་མའེ་བྱེ་ཏུན་ཁྲི3དང་ཅཱ་ལུད་ཏུན་ཁྲི30བཅས་རྣམ་གྲངས15ཡི་ལས་གཞི་ལེགས་འགྲུབ་བྱུང་། གློག་གསོག་རིམ་པའི་ཏུན་ཁྲི2ཀྱི་ཐཱན་སྐྱུར་ལའེ་དང་།སྤུས་མཐོ་རྣམ་ལེགས་ཀྱི་ཡའེ་ཞི་རུབ་འདུས་ཚི་སྣ་ཏུན་ཁྲི1སོགས་ལས་གཞི52ཀྱི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།  ན་གོར་མོའི་བཟོ་ལས་གླིང་ཚན་རྩལ་གསར་གཏོད་རྟེན་གཞི་དང་ཚྭ་འདམ་ཆེ་བའི་ཡུན་མཱ་འགག་ཐོན་ལས་གླིང་གི་བཟོ་གྲྭའི་བཙོག་ཆུ་ཐག་གཅོད་བཟོ་གྲྭ་སོགས་ལས་གཞི16གི་སྔོན་འགྲོའི་ལས་དོན་ཧུར་ཐག་གིས་སྤེལ།   ཕྱི་ཕྱོགས་མཉམ་འབྲེལ་ཕན་འབྲས་མངོན་གསལ་དོད།   ཚྭ་འདམ་གཞོང་གི་ཅཱ་ལུད་དང་བུལ་ཏོག་སྤུས་གཙང་།འཕང་འབྲས་བཅས་གསུམ་གྱི་རིན་གོང་སྟོན་གྲངས་རྩ་འཛུགས་སྒོས་ཁྱབ་བསྒྲགས་བྱས།2018ལོའི་ཅཱ་ཚྭ་ཅཱ་ལུད་ཀྱི་སྐུལ་སྤེལ་ཚོགས་འདུ་དང་སྐྱེས་ལྡན་འཕང་འབྲས་དུས་སྟོན། ཚྭ་འདམ་གཞོང་སའི་གཏེར་ཁ་ལེགས་ཤོས་འཚོལ་ཞིབ་ཚོགས་ཆེན།མཚོ་ནུབ་ཁུལ་གྱི་ཡུལ་སྐོར་ངོ་སྤྲོད་སྐུལ་སྤེལ་གྲོས་ཚོགས། “བརྩེ་བ་ཚྭ་འདམ་གཞོང་དུ་ཡོད་ཅིང་།   ཕུགས་འདུན་ཆན་ཐང་ཅང་ན་ཡོད”ཅེས་པའི་རིག་གནས་བརྩེ་འཁུ་སོགས་ཀྱི་བྱེད་སྒོ་སྤེལ།ཞིང་ཆེན་ཕྱི་ནང་གི་དཔལ་འབྱོར་ཉོ་ཚོང་བྱེད་སྒོ་ཐེངས25སྒྲིག་འཛུགས་བྱས་ནས་གྲོས་མཐུན220བཞག་པ་དང་།མ་དངུལ་སྒོར་དུང་ཕྱུར207.2དམིགས་སར་འབྱོར། ཁ་གཏད་རོགས་སྐྱོར་དང་ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་མཉམ་འབྲེལ་བརྟན་པོའི་ངང་ལག་བསྟར་དང་།ཀྲེ་ཅང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་མ་དངུལ་སྒོར་དུང་ཕྱུར2.2དང་།ཁ་གཏད་རོགས་སྐྱོར་མ་དངུལ་སྒོར་ཁྲི3200བརྩོན་ལེན་བྱས་ཏེ།རོགས་སྐྱོར་འཛུགས་སྐྲུན་བྱེད་པའི་ལས་གཞི100ལྷག་ཙམ་ལག་བསྟར་བྱས།གསར་གཏོད་ནང་རྐྱེན་ཐད་བསྟུད་མར་ཤུགས་བཏོན། ཚྭ་མཚོ་ལས་ཅཱ་ལི་བཅུད་འདྲེན་ཕྱོགས་བསྡུས་བེད་སྤྱོད་སོགས་བཟོ་སྐྲུན་ལག་རྩལ་ཞིབ་འཇུག་ལྟེ་གནས3འཛུགས་སྐྲུན་བྱེད་པའི་ཐད་འགག་སྒྲོལ་རང་བཞིན་གྱི་གྲུབ་འབྲས་ཐོབ།འཛམ་གླིང་ཡོངས་སུ་ཐོག་མར་ཚྭ་ལུད་ཆུའི་ཐོན་རྫས་ཐོན་སྐྱེད་ཏུན1500ལ་སླེབས། རྒྱལ་ནང་གི་ཐོག་མའི་རྐྱང་གློག་གསོག་ནུས་ཅན་སྟོང་ཝ་ཁྲི5ཡོད་པའི་གློག་ཚིགས་བཙུགས་ཤིང་དྲ་སྦྲེལ་བྱས།རྒྱལ་ནང་གི་ཐོག་མའི་རང་བདག་ཤེས་བྱའི་ཐོན་དངོས་བདག་དབང་ཡོད་པའི་ཀྲའོ་ཝ50ཅན་གྱི་མཆོད་རྟེན་དབྱིབས་ཅན་དང་།ཐོག་མའི་ཀྲའོ་ཝ50ཅན་གྱི་གཞོང་དབྱིབས་ཉི་དྲོད་གློག་འདོན་ལས་གཞི་བསྐྲུན་ཞིང་དྲ་སྦྲེལ་བྱས་ནས་རྒྱལ་ནང་གི་ལག་རྩལ་སྟོང་ཆར་ཁ་གསབ་བྱས།ན་གོར་མོ་དང་གཏེར་ལེན་ཁ་གཉིས་ཀྱིས་རྒྱལ་ཁབ་ཀོན་ཧྥུ་གློག་འདོན་བེད་སྤྱོད་དབུ་འཁྲིད་གནས་གཞི་བསྐྲུན་ཞིང་དྲ་སྦྲེལ་གློག་འདོན་བྱས།ནུས་ཁུངས་གསར་བའི་དྲ་སྦྲེལ་སྒྲིག་སྦྱོར་བྱས་པའི་གློག་འདོན་འཕྲུལ་འཁོར་གྱི་གློག་འདོན་ཚད་སྟོང་ཝ་ཁྲི1000ལས་བརྒལ་བ་དང་།དེའི་ཁྲོད་དུ་སྟོང་ཝ760དྲ་སྦྲེལ་མངོན་འགྱུར་བྱུང་། ཞིང་ཆེན་ཡོངས་ཀྱི62.5%ཟིན།ཡོན་ཧྲི་ལས་དོན་ས་ཚིགས5ལ་དངོས་སུ་སྒོ་བྱང་བཀལ།རིགས་མི་འདྲ་བའི་ཕུལ་བྱུང་ཅན་དང་སྣེ་ཁྲིད་པ།རྩེར་སོན་ཤེས་ལྡན་པ་བརྒྱ་ལྷག་ནང་འདྲེན་བྱས།རྣམ་གྲངས98ཀྱི་གསར་གཏོད་འགག་སྒྲོལ་དང་བསྒྱུར་བཀོད་ཡར་སྤེལ།ཁེ་ལས་ཀྱི་ལག་རྩལ་གསར་གཏོད་སོགས་ཀྱི་ལས་གཞི་འཕེལ་རིམ་བདེ་བླག་ངང་སྤེལ། ཞིང་ཆེན་ཡན་གྱི་ཚན་རྩལ་རྣམ་གྲངས་ཀྱི་གྲོན་དངུལ་སྒོར་ཁྲི8060བརྩོན་ལེན་བྱས་པ་དང་།ཁུལ་ནོར་སྲིད་ནས་ཚན་རྩལ་གསར་སྐྲུན་ཐད་མ་དངུལ་བཏང་སྟེ་མ་དངུལ་སྒོར་དུང་ཕྱུར1གི་ཐེབས་རྩ་བཙུགས་པར་སྐུལ་འཁྲིད་བྱས།མཚོ་ནུབ་ཁུལ་གྱི་ཚན་རྩལ་བློ་འདྲི་ས་མི15དང་མཚོ་ནུབ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བའི་མཐོ་རིམ་བློ་འདོན་པ4གདན་ཞུ་བྱས་ཏེ།རྒྱལ་ནང་གི་ཆེས་ལེགས་པའི་ཚན་ཞིབ་ལས་ཁུངས་དང་མཉམ་དུ་ཚྭ་མཚོ་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཞིབ་འཇུག་ལྟེ་གནས་སོགས་མཉམ་ལས་གྲོས་མཐུན10བཀོད།

ལོ་གཅིག་གི་རིང་ལ། ང་ཚོའི་བརྩོན་ཤུགས་ཀྱིས་འགོག་ཤུགས་གཏོར་བ་དང་བསྒྱུར་བཅོས་ལ་དམ་འཛིན་བྱས་ཏེ་ཐོད་བརྒལ་དང་འཕེལ་རྒྱས་ཀྱི་གསོན་ཤུགས་ཕན་ཚུན་འགྲན་བཞིན་འཕེལ་བར་བྱས།

“འཐེན་ཆག་གསབ”གསུམ་གཞི་གཅིག་ཅན་དུ་སྤེལ། ཁེ་ལས་རིགས་ཁག་གི་ཁྲལ་འབབ་སྒོར་དུང་ཕྱུར21.5མར་ཆག་པར་བྱས་ཤིང།གཙོ་གནད་ཁེ་ལས་ཀྱི་ཟོག་འདྲེན་རླངས་འཁོར་ལམ་དང་ཟམ་པ་བརྒལ་བའི་འགྲོ་གྲོན་སྒོར་ཁྲི1069མར་ཆག་པར་བྱས།སྲིད་གཞུང་གི་མངོན་མེད་བུ་ལོན་ཧུར་བརྩོན་བརྟན་བརླིང་ངང་མེད་པར་བཟོས་པ་དང་། དངུལ་རྩའི་བཀན་ཤིང་བརྟན་པོ་ནུས་ལྡན་ངང་ཇེ་བརྟན་དུ་བཏང།ས་ཁོངས་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་ཐོན་པའི་མ་མཐའི་ཚད་གཞི་སྲུང་འཛིན་ཐུབ་པ་བྱུང་།   དྲོད་རིན་ཁ་གསབ་རོགས་དངུལ་སྒོར་ཁྲི6530བརྩོན་ལེན་བྱས་ཤིང་།ཁེ་ལས7ཞིང་ཆེན་ཡོངས་ཀྱི་ཐད་ཀར་གློག་ཉོ་སྒྲུབ་བྱེད་པའི་ཁྱབ་ཁོངས་སུ་བཅུག་པ་དང་།    གློག་རིན་དམིགས་བསལ་སྒོར་ཁྲི5065ལོངས་སུ་སྤྱོད་པར་བཅུག གསོག་ཉར་ཁང་པ1991མེད་པར་བཟོས།   “གཤམ་སྤྲོད་དོ་དམ་ཞབས་ཞུ”བཅས་གནས་མང་ཙམ་དུ་ཐོད་བརྒལ་བྱུང་། ཁྱབ་ཁོངས་ཆེ་གྲས་ལྔ་ཡི་གཙོ་གནད་སྒྱུར་བཅོས་ཁག122ལ་གཅིག་གྱུར་སྒོས་སྐུལ་འདེད་བཏང་། སྲིད་འཛིན་ཞིབ་མཆན་འགོད་པའི་དོན་དག་ལེགས་སྒྲིག་ཁག16མེད་པར་བཟོས་ནས་ཞིང་ཆེན་རིམ་པས་གཤམ་སྤྲོད་བྱས་པའི་རྣམ་གཞག3དང་ལེན་བྱས།རྩིས་ཐོ་ཁག་ཚད་ལྡན་ཅན་དུ་འགྱུར་བ་དང་ཡང་དག་ཅན་དུ་འགྱུར་བའི་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ།  “མྱུར་སྒྲུབ་དང་དྲ་ཐོག་ནས་སྒྲུབ་པ།མྱུར་བར་སྒྲུབ་པ།    ཐེངས་གཅིག་གིས་སྒྲུབ་པ”བཅས་ཀྱི་ཞིབ་མཆན་འགོད་པའི་ཞབས་ཞུར་ཁྱོན་ཡོངས་ནས་ཁྱབ་གདལ་བཏང་བ་དང་།      “འཕྲལ་དུ་སྒྲུབ་གཉེར”གྱི་དོན་ཚན130དང“མ་མཐར་ཐེགས་གཅིག་ལ་རྒྱུག་པའི”རྣམ་གཞག83དང་།“ངོ་མི་ཐུག་པའི”རྣམ་གཞག14བཅས་དག་སྒྲིག་བྱས།  སྲིད་འཛིན་ཞིབ་མཆན་འགོད་པ་དང་སྤྱི་པའི་ཞབས་ཞུའི་བྱ་གཞག་དྲ་ཐོག་ཏུ་སྒྲུབ་པའི་ཚད52%ཟིན་ཡོད།   བཟོ་ཚོང་ཐོ་བཀོད་ཀྱི“དཔང་ཡིག་ཞེ་གཅིག་ཆིག་སྒྲིལ”མངོན་འགྱུར་བྱུང་།  ཐོ་སུབ་ལམ་ལུགས་སྟབས་བདེ་ཡོང་བར་བསྟུད་མར་སྐུལ་སྤེལ་བྱས།གཞི་ཁྱོན་ཡན་གྱི་ཁེ་ལས་དུད་ཚང15དང་ཁེ་ལས་ཆུང་གྲས9443གསོ་སྐྱོང་བྱས་ཤིང་ཁྲོམ་རའི་གཙོ་གཞི10%འཕར། བཅོས་བསྒྱུར་གྱི་ཁྱོན་ཡོངས་ནས་མེད་ཏོག་བཞད་པར་སྐུལ། གཞུང་གཉེར་སྨན་ཁང་ཁྱོན་ཡོངས་ནས་སྔོན་རྩིས་དོ་དམ་ལ་སྐུལ་འདེད་དང་ཐུན་མོང་གི་སྨན་བཅོས་ཁྲོད་ཀྱི་སྨན་རྫས་དང་སྤྱིར་བཏང་གི་རྒྱུ་ཆ་གཅིག་བསྡུས་སུ་ཉོ་སྒྲུབ་དང་སྡེབ་སྐྱེལ་བྱས་ཏེ།རིམ་དབྱེའི་ནད་བརྟག་སྨན་བཅོས་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་སྟེ་རྫོང་ཁོངས་ཀྱི་སྨན་བཅོས་བྱས་ཚད90%ཡན་ལ་སླེབས།གཞུང་གཉེར་སྨན་ཁང་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་དཔེ་མཚོན་ཉམས་མྱོང་སྤེལ་སྟངས་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྱབ་བསྒྲགས་བྱས་ཤིང་གཟེངས་བསྟོད་བྱས།འབྲིང་རྒྱུགས་བསྒྱུར་བཅོས་ལག་བསྟར་དང“དྲ་སྦྲེལ+སློབ་གསོའི”རྣམ་པ་ཁྱབ་སྤེལ་བྱེད་པར་ཤུགས་ཆེན་བཏང་སྟེ།སློབ་གསོའི་སྟེགས་བུའི་དུས་སྐབས་དང་པོའི་ལས་གཞི་འགྲུབ་པ་དང། ཁེ་ལས3གྱི་དབང་བའི་ལམ་ལུགས་མཉམ་བསྲེས་ཀྱི་བསྒྱུར་བཅོས་ལེགས་འགྲུབ་བྱུང་།གཞུང་ཁོངས་ཁེ་ལས5ཡི་སྤྱི་ཚོགས་འགན་ནུས་ལོགས་སུ་དབྱེ་ནས་བརྒྱུད་སྤྲོད་བྱ་རྒྱུར་མྱུར་བར་སྐུལ་འདེད་བཏང་། སྒོ་ཀུན་ནས་མཚོ་ནུབ་ཏུ་ཁྱིམ་ཐོ་འགོག་ཆོག་པར་བཏང་སྟེ་ཁུལ་ཡོངས་ཀྱི་ཁྱིམ་ཐོ་མེད་པའི་མི་འབོར་གྲོང་རྡལ་དུ་གཞིས་

ཆགས་པར་སྐུལ་འདེད་བྱས། ཞིང་ཕྱུགས་ལས་མཉམ་ལས་ཁང་དང“དབང་གསུམ་ལོགས་དབྱེ”ཡི་བཅོས་སྒྱུར་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། ཞིང་སྡེའི་ས་ཞིང་འགན་གཙང་ལེན་གྱི་དབང་ཆ་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་ཀ་དེ་སྔོན་ལ་ཞིང་ཆེན་ཡོངས་ཀྱི་ཁུལ་ཡོངས་ཁྲོད་དུ་ཞིང་ཆེན་རིམ་པའི་ཞིབ་བཤེར་རྩིས་ལེན་ཐོབ་པ་རེད།གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡེ་ཁུལ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས། གྲོང་ཁྱེར་དང་གྲོང་གསེབ་སྡེ་ཁུལ་གྱི་ཕྱོགས་བསྡུས་ཞབས་ཞུའི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་བཏང།ཁུལ་དང་རྫོང་གི་ཏང་སྲིད་ལས་ཁུངས་ཀྱི་ལས་དོན་ལས་ཁུངས་བསྒྱུར་བཅོས་ཀྱི“གཏན་འབེབས་དགུ”ཡི་འཆར་གཞི་ཞིབ་འཇུག་བྱས་ནས་བཟོས།མང་ནེ་དང་ལུའུ་ཧུའུ་སྲིད་ཨུ་བསྒྱུར་ནས་གཞི་གཅིག་ཏུ་སྡེབ་ཏེ་མང་ནེ་གྲོང་ཁྱེར་བཙུགས།དམག་ཁོངས་ཕྱིར་འཐེན་དམག་མིའི་ལས་དོན་ཅུའུ་དང་མཚོ་ནུབ་ཁུལ་ཁྲལ་དོན་ཅུའུ་ཡི་སྒོ་བྱང་བཀལ།

ལོ་གཅིག་གི་རིང་ལ། ང་ཚོས་ནུས་ཤུགས་གང་ཡོད་བཏོན་ནས་འབྱུང་རྩ་ནས་ཚོད་འཛིན་དང་ཡུན་རིང་ཕན་འབྲས་ཐོན་པར་ཁག་ཐེག་བྱས་ཏེ།སྣོད་བཅུད་ཁོར་ཡུག་རྒྱུན་མཐུད་ལེགས་བཅོས་བྱུང་།

སྦགས་བཅོས་འགག་སྒོ་ལས་བཙན་གྱིས་གྲོལ་བར་བྱས། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་གཡུལ་འགྱེད་གྱི་མཚོན་བྱེད་རང་བཞིན་གྱི་གཡུལ་འགྱེད་ཐེངས་བརྒྱད་ལ་དུས་རིམ་གྱི་རང་བཞིན་ལྡན་པའི་རྒྱལ་ཁ་ཐོབ་ཡོད།མེ་གློག ཨར་འདམ་སོགས་ཀྱི་ལས་རིགས་སུ་མུ་ཟི་དང་ཟེ་ཚྭ་འདོན་པའི་སྒྲིག་བཀོད་འཛུགས་སྐྲུན་དང་སྦགས་མེད་ཐོན་སྐྱེད་བསྒྱུར་བཀོད་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་བཏང་།མཁར་གྲོང་འཚོ་བའི་བཙོག་ཆུ་གཙང་བཅོས་བྱས་ཚད79.5%ལ་སླེབས་པ་དང་།གད་སྙིགས་གནོད་མེད་ཅན་དུ་གཙང་བཅོས་བྱས་ཚད92.5%ལ་སླེབས།གཏེར་ལེན་ཁ་དང་ན་གོར་མོ་གྲོང་ཁྱེར་གཉིས་ཀྱི་མཁའ་དབུགས་སྤུས་ཚད་ལེགས་པའི་ཚད་སོ་སོ94.1%དང89.7%ལ་སླེབས་ཡོད།ཁོར་ཡུག་སྲུང་སྐྱོང་བཅོས་བསྒྱུར་ཁྱོན་ཡོངས་སུ་སྐུལ་སྤེལ་བྱས། འཐུང་ཆུའི་ཆུ་མགོའི་ཁོར་ཡུག་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་བ་དང་།འབྱུང་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཏང་བར་སྐྱིན་གསབ་འཇལ་བའི་ལམ་ལུགས་དང་། ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ཚད་ལེན་གྱི་ལྟ་ཞིབ་ཁྲིམས་བསྟར་ཐད་གཏུག་དོ་དམ་ལམ་ལུགས་བརྟན་པོའི་ངང་སྤེལ།སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ཕོག་པར་གུན་གསབ་འཇལ་བའི་ལམ་ལུགས་ཐོག་མ་བཙུགས།བཙོག་འབུད་ཆོག་འཐུས་འཁྲོལ་འཛིན་སྤྲོད་རྒྱུ་ལྟེ་བར་བྱས་ནས།ཁོར་ཡུག་དཔྱད་ཞིབ་དང“གསུམ་གཅིག་མཚུངས”ཀྱི་ལམ་ལུགས་འབྲེལ་མཐུད་བྱེད་པའི་དོ་དམ་ལམ་སྲོལ་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་བ་དང་།ཁུལ་ཡོངས་ཀྱི་རྡོ་སྣུམ་དང་གསོལ་སྦྱངས།  མདོག་ལྡན་ལྕགས་རིགས་བཙོ་སྦྱངས་སོགས་ལས་རིགས་ཀྱི་བཙོག་འབུད་ཆོག་འཐུས་ལག་ཁྱེར་དཔྱད་སྤྲོད་ལས་ཀ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང།གཙང་བོ(མཚེའུ)དོ་དམ་དཔོན་ལམ་ལུགས་ཀྱི་བྱ་བའི་རྒྱུན་ལྡན་གྱི་དཔྱད་འཇོག་དང་ལྟ་སྐུལ་ཞིབ་བཤེར་རྒྱུན་རྣམ་ཅན་དུ་སོང་བ་མངོན་འགྱུར་བྱས་ཡོད། རྒྱལ་ཁབ་ས་ཁོངས་ལྗང་བསྒྱུར་ལ་གྲུབ་འབྲས་མངོན་གསལ་ཐོབ།མདོ་ལ་རིང་མོའི་རི་ཆུ་ནགས་ཞིང་མཚོ་སྤང་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོའི་ཚོད་ལྟའི་རྣམ་གྲངས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་།མ་དངུལ་སྒོར་དུང་ཕྱུར1.8བཏང་བ་འགྲུབ།རྒྱལ་ཁབ་ས་ཁོངས་ལྗང་སྒྱུར་བྱས་ཚད་མུའུ་ཁྲི119.5མངོན་འགྱུར་བྱུང་ཞིང་།ལོའི་འཕར་ཚད་ལོ་རེའི་ནང་གི་ཡང་རྩེ་རུ་སླེབས།ཁུལ་ཡོངས་ཀྱི་ནགས་སའི་རྒྱ་ཁྱོན་མུའུ་ཁྲི4.3གསར་དུ་འཕར་སྣོན་བྱུང་བ་དང་།བྱེ་འགྱུར་ས་ཁྱོན་མུའུ་ཁྲི8.5ཇེ་ཉུང་དུ་སོང་ཞིང་། ནགས་སའི་རྒྱ་ཁྱོན་དང་ནགས་ཚལ་ཁེབས་ཁྱོན་དུ་ཟུང་འཕར་མངོན།

ལོ་གཅིག་གི་རིང་ལ། ང་ཚོས་མུ་མཐུད་དུ་ཁོར་ཡུག་ལེགས་བཅོས་དང་ནུས་པ་རྒྱ་བསྐྱེད་དེ།མཁར་གྲོང་གི་རྣམ་པ་གསར་པ་ཞིག་ཆགས་ཡོད།

དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་གྲོང་ཁྱེར་གྱི་སྤུས་ཀ་སྔར་བས་ལེགས་པ་བྱུང་།ན་གོར་མོ་གྲོང་ཁྱེར་གྱི་བྱང་རྒྱུད་ཀྱི་ས་ཁུལ་ལྔ་དང་གཏེར་ལེན་ཁ་གྲོང་ཁྱེར་གྱི་གྲོང་བར་དུ་གནས་པའི་སྡེ་བའི་བསྒྱུར་བཀོད་ལ་སྐུལ་འདེད་ཤུགས་ཆེན་བཏང་།ཁུལ་ཡོངས་ཀྱི་དྲོད་སྐྱིལ་ཁང6647གྱི་འཛུགས་སྐྲུན་འགོ་བརྩམས་ཤིང་།དྲོད་སྐྱིལ་ཁང5347གྱི་འཛུགས་སྐྲུན་ཕལ་ཆེར་འགྲུབ། གཞིས་ཁུལ་རྙིང་བའི་ཕྱོགས་བསྡུས་བཅོས་སྐྱོང་རྣམ་གྲངས14དང་ཁང་པ3945ལག་བསྟར་བྱས་ནས་ཡོངས་སུ་ལས་མཇུག་སྒྲིལ། རོང་འབྲོག་དུད་ཁྱིམ1366ཀྱི་ཉེན་ཁང་སྒྱུར་བཀོད་བྱས་ཏེ་དུད་ཁྱིམ1004ཡི་སྒྱུར་བཀོད་འགྲུབ།གྲངས་འཛིན་ཅན་གྱི་གྲོང་ཁྱེར་དོ་དམ་སྟེགས་བུ་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་།གཏེར་ལེན་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་གཙང་སྦྲ་གྲོང་ཁྱེར་རྒྱལ་ཁའི་གསར་སྐྲུན་བྱས་པ་དང་གཏེར་ལམ་རྫོང་གིས་རྒྱལ་ཁའི་ངང་ཞིང་ཆེན་རིམ་པའི་གཙང་སྦྲའི་རྫོང་གསར་འཛུགས་བྱས།རྣམ་པར་འགྱུར་ལྡོག་ཆེན་པོ་བྱུང་བས་གྲོང་རྡལ་གྱི་རྣམ་པ་སྔར་བས་མཛེས་སྡུག་ལྡན།རོང་འབྲོག་ཁུལ་གྱི་སྡོད་གནས་ཁོར་ཡུག་བཅོས་སྐྱོང་ལོ་གསུམ་གྱི་བྱ་སྤྱོད་ལག་བསྟར་ཇུས་གཞི་བཟོས་ཤིང་།ཁུལ་ཡོངས་ཀྱི་འཚོ་བའི་གད་སྙིགས་སྦས་ས8ལ་ཞིང་ཆེན་རིམ་པའི་གནོད་མེད་ཅན་དུ་བསྒྱུར་བའི་དཔྱད་འདེམས་གཏན་འཁེལ་ཐོབ་པར་མ་ཟད།   རོང་འབྲོག་ས་ཁུལ་གྱི90%ཡན་གྱི་གྲོང་ཚོའི་འཚོ་བའི་གད་སྙིགས་བཅོས་སྐྱོང་བྱས་ཡོད། “གསང་སྤྱོད་གསར་བརྗེ”གོ་རིམ་ལྡན་པའི་སྒོ་ནས་སྤེལ་ཞིང་།སྤྱོད་ཁང་སྣ་ཚོགས3170ལེགས་འགྲུབ་བྱུང་ཞིང་། རོང་འབྲོག་ཁྱིམ་དུད་དུ་གཙང་སྦྲའི་སྤྱོད་ཁང་ཁྱབ་གདལ་བཏང་ཚད90%ཡན་ཟིན་པ་རེད།མཐོ་སྒང་གི་མཛེས་པའི་ཞིང་གྲོང་འཛུགས་སྐྲུན་ཁྱབ་ཚད75%ཡིན།གྲོང་ཚོ་སྡེ་ཁུལ་གཞུང་ལམ་བསྐྲུན་ཚད90%ལ་སླེབས་པ་དང་། སྡེ་བར་ཁེབས་ཚད70%ལ་སླེབས་ཡོད།སྒྲིག་ཆས་ཚང་སྐྲུན་ཡར་འདེགས་ཆེན་པོ་བྱུང་སྟེ་རྨང་གཞིའི་སྒྲིག་ཆས་སྔར་བས་འཐུས་ཚང་དུ་གྱུར།མཚོ་བོད་ལྕགས་ལམ་གྱི་ན་གོར་མོ་ནས་ལྷ་སའི་བར་གྱི་བསྒྱུར་བཀོད་བྱེད་པའི་ལས་སྐྲུན་གཙོ་བོ་འཛུགས་སྐྲུན་བྱས་ཚར་བ་དང་།ནུབ་མཚོ་ནས་ཐེམ་ཆེན(ཁུལ་ཁོངས)བར་དང་མཚོ་དཀར་རིས་བར་གྱི་མྱུར་བགྲོད་གཞུང་ལམ་དང་། སུའེ་པའེ་ནས་ཚྭ་ཁམས་བར་གྱི་རིམ་པ་གཉིས་པའི་གཞུང་ལམ་སོགས་བསྟུད་འཛུགས་རྣམ་གྲངས3ལ་བརྟན་པོའི་ངང་སྐུལ་སྤེལ་བཏང་།རྒྱལ་ལམ215ན་གོར་མོ་ནས་ཚྭ་ཁམས་གཞུང་ལམ་གྱི་ལམ་ངོས་བཅོས་སྒྲིག་དང་། ཧའེ་ཐུའུ་ཐཱ་ལ་ནས་ཙོང་རྒྱ་གྲོང་རྡལ་བར་གྱི་གཞུང་ལམ་བཅས་ཀྱི་རྣམ་གྲངས4དོན་ཐོག་ཏུ་འཁྱོལ་བར་བྱས།ཞིང་གྲོང་གི་གཞུང་ལམ་སྤྱི་ལེ1037ལ་མཐུད་སྐྲུན་དང་གསར་སྐྲུན། བཅོས་སྐྲུན་བཅས་བྱས་པ་དང་། གྲོང་གསེབ་ཏུ་འགྲུལ་སྐྱེལ་ལམ་ཐིག15གསར་སྐྲུན་དང་སྣུར་སྲིང་བྱས།སྡེ་བར་རླངས་འཁོར་གཏོང་ཚད80%ལ་སླེབས་ཡོད། ཕྱུགས་སྐྱིལ་འགག་དང་ན་རིང་ཀི་ལི་གཙང་བོའི་ཆུ་བེད་སོགས་ཆུ་བེད་བཟོ་སྐྲུན་གལ་ཆེན་གྱི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ཞིང་།བཏུང་ཆུ་ཉེན་མེད་སྲ་བརྟན་མཐོར་འདེགས་བཏང་བ་དང་ཞིང་ཆུ་འདྲེན་ཁུལ་བསྒྱུར་བཀོད་དང་། བཞུར་ཆུ་ཆུང་འབྲིང་བཅོས་སྐྲུན་སོགས་དམངས་འཚོའི་ཆུ་བེད་བཟོ་སྐྲུན་ལ་བསྟུད་མར་སྐུལ་འདེད་བཏང་།

ལོ་གཅིག་གི་རིང་ལ། ང་ཚོས་གནད་ལ་ཁེལ་ནས་ཤུགས་བཏོན་ཞིང་།ཞན་ཆ་ཁ་གསབ་དང་དམངས་འཚོར་ཕན་པ་བསྒྲུབས་ནས། འཕེལ་རྒྱས་ཀྱི་གྲུབ་འབྲས་མི་ཚང་མས་མཉམ་སྤྱོད་བྱས།        

དབུལ་སྒྲོལ་འགག་སྒྲོལ་གྱི་ཞྭ་མོ་སྔོན་ལ་ཕུད་པ་ཡིན།ཀྲུང་དབྱང་དང་ཞིང་ཆེན།ཁུལ་བཅས་ཀྱི་ནོར་སྲིད་ཀྱི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར2.74དོན་འཁྱོལ་བྱས་པ་དང་།ཁྱད་ལྡན་ཡུལ་སྐོར་དབུལ་སྐྱོར་དང་འོད་ཤུགས་ཐོན་ལས་དབུལ་སྐྱོར་སོགས་རྣམ་གྲངས7ལག་བསྟར་བྱས་ཤིང།དབུལ་པོ་མིན་པའི་གྲོང་ཚོ176ཀྱི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་རོགས་བྱས་པས།སྲིད་འཛིན་གྲོང་ཚོ་ཡོངས་ལ་ཐོན་ལས་གོང་འཕེལ་གཏོང་རྒྱུའི་མ་དངུལ་གཏོང་བ་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་ཡོད།དབུལ་པོའི་མི་འབོར་གྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་ཡན་འཕར་བ་དང་།ཁུལ་ཡོངས་ཀྱི་དབུལ་ཕོངས་རྫོང་དང་དབུལ་ཕོངས་གྲོང་ཚོ། དབུལ་ཕོངས་དུད་ཚང་བཅས་ཚང་མས་ལོ་གཉིས་སྔོན་ལ་ཞྭ་མོ་ཕུད་པ་དང།རྒྱལ་ཡོངས་ཀྱི་བོད་ཁུལ་ཡོངས་སུ་སྔོན་ལ་མངའ་ཁོངས་ཧྲིལ་པོ་དབུལ་ཐར་བྱས་ཡོད།དམངས་འཚོའི་བཟོ་སྐྲུན་གྱི་མྱུར་ཚད་ཇེ་མཐོར་བཏང་ཡོད།དམངས་འཚོའི་མ་དངུལ་སྒོར་དུང་ཕྱུར106.4བཏང་ཞིང་། ཁུལ་ཡོངས་ཀྱི་སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་གཏོང་སྒོ་ལས77%ཟིན་ཡོད།སྤྱི་ཚོགས་འགན་བཅོལ་གྱི་ལས་ཞུགས་ཁ་གསབ་མ་དངུལ་སྒོར་དུང་ཕྱུར5.4བཏང་བ་དང་། ཁུལ་ཡོངས་སུ་རིམ་རྩིས་ལྟར་ན་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་གྲངས་ཁྲི1.35གསར་སྣོན་བྱས་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད2.6%ཟིན་ཡོད།གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་པའི་ནུས་རྩལ་གྱི་གསོ་སྦྱོང་སྤེལ་བ་མི 7908ཡོད་པ་དང་། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ལས་ཞུགས་ལ་བསྒྱུར་བའི་མིའི་ཐེངས་གྲངས་ཁྲི8.15ཡོད་ལ། ངལ་ལས་ཡོང་འབབ་སྒོར་དུང་ཕྱུར4.8མངོན་འགྱུར་བྱུང་ཡོད།གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་སྲུང་བྱ་ཡུལ་མི་གྲངས་ཁྲི1.02ཡིན་པ་དང་། དེར་འགན་སྲུང་མ་དངུལ་སྒོར་ཁྲི6480བཏང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་སྨན་བཅོས་འགན་བཅོལ་གྱི་མ་དངུལ་གྲབས་གསོག་ཚད་གཞི་དེ་སྒོར680ནས་སྒོར776ལ་ཇེ་མཐོར་བཏང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་ནད་རིགས་ལྗིད་མོའི་སྨན་བཅོས་འགན་བཅོལ་གྱི་མ་དངུལ་གྲབས་གསོག་ཚད་གཞི་དེ་སྔོན་གྱི་མི་རེ་རེར་ལོ་རེར་སྒོར60ནས་སྒོར80བར་ཇེ་མཐོར་བཏང་།སྤྱི་ཚོགས་ལས་དོན་གསོན་ཉམས་དོད་པོ་ལྡན།སྤྱོད་བཟང་མི་སྣའི་རྩ་བའི་ལས་འགན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ།སློབ་གྲྭ་འབྲིང་ཆུང་བུ་བཅོལ་གཞི་གཅིག་ཅན་གྱི་ཀུན་སྤྱོད་མ་ལག་འཛུགས་སྐྱོང་བྱས་ལ། སློབ་གསོའི་སློབ་ཁྲིད་ཀྱི་སྤུས་ཚད་དང་ཆ་འཕྲིན་ཅན་གྱི་ཆུ་ཚད་མུ་མཐུད་མཐོ་རུ་བཏང་ཞིང་།མཐོ་རྒྱུགས་ཀྱི་འཕྲོད་ཚད96.8%ཟིན་ཡོད།ཞིང་ཆེན་ཡོངས་སུ་སྔོན་ལ་རྫོང་ཁོངས་འོས་འགན་སློབ་གསོ་ཕལ་ཆེར་ཆ་སྙོམས་ཡིན་པའི་རྒྱལ་ཁབ་ཀྱིས་ངོས་འཛིན་དཔྱད་དཔོག་གི་གྲོས་འཆམ་ཐོབ་པ་དང་།ཞིང་ཆེན་ཡོངས་སུ་སྔོན་ལ་སློབ་མཚམས་འཇོག་པ་ཚོད་འཛིན་འགན་སྲུང་དང་སློབ་གྲྭར་ཕྱིར་ལོག་པའི་ལས་འགན་འགྲུབ་པ་རེད། གཏེར་ལེན་ཁ་དང་ན་གོར་མོས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གྲོང་ཁྱེར་གྱི་སྐད་ཡིག་ལས་དོན་ལྟ་སྐུལ་སློབ་སྟོན་གྱི་དཔྱད་དཔོག་གྲོས་འཆམ་བླངས་པ་དང་། ཁུལ་ལས་རིགས་ལག་རྩལ་སློབ་གྲྭ་དེ་རྒྱལ་ཁབ་ཀྱི་འབྲིང་རིམ་ལས་རིགས་སློབ་གསོ་བཅོས་སྒྱུར་གོང་འཕེལ་གཏོང་བའི་དཔེ་སྟོན་སློབ་གྲྭར་གཏན་ཁེལ་བྱས། རྫོང་ཁོངས་ཀྱི་སྤྱི་པའི་སྨན་བཅོས་ཁང7བཙུགས་པ་དང་།སྤྱི་པའི་སྨན་བཅོས་ཁང་འཛུགས་སྐྲུན་ཁྱོན་ཡོངས་ལ་ཁེབས་པ་མངོན་འགྱུར་བྱས། ཁུལ་རིམ་པའི་སྨན་པ་མིང་གྲགས་ཀྱི་ལས་དོན་ཁང5བཙུགས་ལ།ཀྲུང་སོག་བོད་ལུགས་གསོ་རིག་ཁང39དང་།  ཁུལ་དང་རྫོང་རིམ་པ་གཉིས་ཀྱི་བྲང་གཟེར་ལྟེ་གནས་སོགས་ཆེ་ཁག་ལྟེ་གནས5འཛུགས་སྐྱོང་བྱས་ཤིང། ཁྱིམ་ཚང་གི་སྨན་པའི་ཞབས་ཞུའི་ཚོགས་པ158བཙུགས་པ་དང་། རྒྱུན་སྡོད་མི་འབོར་གྱིས་གན་རྒྱ་བཞག་ཚད55.8%ལ་བསླེབས་ཡོད། རྒྱལ་ཡོངས་ཀྱི་བདེ་སྐྱིད་ཁྱིམ་ཚང་གི་བྱ་འགུལ་སྤེལ་སའི་དཔེ་སྟོན་ཁུལ་རྒྱལ་ཁའི་ངང་འཛུགས་སྐྱོང་བྱས།རིག་གནས་ལུས་རྩལ་གྱི་དམངས་ཕན་རྣམ་གྲངས་ཁག121གསར་དུ་བསྐྲུན་པ་དང་། རིམ་པ་བཞི་པོའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་མིང་གཞུང་མ་ལག་རྩ་བའི་ཆ་ནས་བཙུགས་ཤིང་།དྲིལ་བསྒྲགས་སློབ་གསོ་དང་རིག་རྩལ་མཉམ་འཁྲབ་ཀྱི་བྱེད་སྒོའི་རིགས་སྣ་ཚོགས་ཐེངས250ལྷག་ཙམ་སྤེལ་བ་ཡིན། རིག་གནས་ཐོན་ལས་ཕྱིར་འཚོང་གི་ཡོང་འབབ་སྒོར་དུང་ཕྱུར6.37ལེགས་འགྲུབ་བྱས་ལ། 20.1%འཕར་ཡོད། སྐབས་དང་པོའི་རྒྱལ་སྤྱིའི་མཐོ་སྒང་གི་དར་མའི་ཆུ་རྐྱལ་གདན་ཞུའི་འགྲན་བསྡུར་དང་།ཞིང་ཆེན་དང་ལྗོངས་བརྒྱད་ཀྱི་སོག་རིགས་གནའ་གཞུང་མཉམ་སྒྲུབ་ཚོགས་འདུ། ཞིང་ཆེན་དང་ལྗོངས་བརྒྱད་ཀྱི“མེང་ཧུ་ཀཱ་ལཱ”རིག་གནས་ཡུལ་སྐོར་དུས་ཆེན་དང་སྟོད་སོག་གི་སྐབས་བཅོ་ལྔ་པའི་རིག་གནས་སྒྱུ་རྩལ་འགྲེམས་སྟོན་ཚོགས་འདུ་བཅས་འཚོགས་ཤིང་།བཅོས་བསྒྱུར་སྒོ་འབྱེད་ལོ་འཁོར40ལོན་པའི་གློག་བརྙན《མཁའ་དབྱིངས》ཞེས་པ་སྤྲོ་སེམས་འཁོལ་བའི་ངང་ནས་བསུས།  གཏན་འཇགས་གོང་འཕེལ་ཡོང་བར་མཉམ་འགོག་མཉམ་བཅོས་བྱས།རྒྱལ་ཁབ་བདེ་འཇགས་སྲུང་ཡོལ་སྔར་ལས་ཇེ་བརྟན་དུ་བཏང་བ་དང་།བདེ་འཇགས་མཚོ་ནུབ་དང་ཁྲིམས་སྐྱོང་གི་མཚོ་ནུབ་འཛུགས་སྐྲུན་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས།སྤྱི་ཚོགས་བདེ་འཇགས་ཀྱི་ཁྱོན་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་། སྤྱི་པའི་བདེ་འཇགས་ཉེན་ཁ་འགོག་ཟོན་ལ་ཚོད་འཛིན་ནུས་ལྡན་བྱས་ཡོད།ནག་སེལ་གཤེད་བཅོམ་དང་བྲོས་བྱོལ་ཆེད་དོན་གྱི“སྟོན་རླུང་འགུལ་སྐྱོད”གཏིང་ཟབ་སྤེལ་བ་དང།  “དཀར་གསལ་ལས་གྲྭ”དང་། འགལ་ཟླ་རྩད་ཞིབ་འདུམ་སེལ་སོགས་ཀྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ཡོད།ཟས་རིགས་དང་སྨན་རྫས་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་ཆེར་བཏང་སྟེ།ཁུལ་ཡོངས་ཀྱི་ཐོན་སྐྱེད་བདེ་འཇགས་ལས་འཛོལ་བྱུང་གྲངས་དང་། ཤི་རྨས་བྱུང་བའི་མི་གྲངས།ཐད་ཀའི་དཔལ་འབྱོར་གྱོང་གུན་བཅས་བསྟུད་མར་མར་ཆག་པ་དང་། མཉམ་སྐྲུན་མཉམ་སྐྱོང་མཉམ་སྤྱོད་ཀྱི་སྤྱི་ཚོགས་བཅོས་སྐྱོང་བྱེད་ཐབས་གསར་པ་ཞིག་རིམ་བཞིན་གྲུབ་ཅིང་།མང་ཚོགས་ཀྱི་བདེ་འཇགས་ཚོར་བ་དང་བློ་ཡིད་ཚིམ་ཚད་གཉིས་ཀ་མཐོར་འདེགས་སུ་བཏང་།

འཐུས་མི་རྣམ་པ། ལོ་གཅིག་གི་རིང་ལ།  ང་ཚོས་བསམ་བློ་བཅིངས་འགྲོལ་དང་བཅོས་བསྒྱུར་གསར་སྐྲུན་བྱས་པས། སྲིད་གཞུང་གིས་ཁྲིམས་སྐྱོང་དང་སྤྱོད་གཙང་ཕན་ནུས་། སྤྱོད་ཚུལ་ལེགས་སྐྱོང་བཅས་ཀྱི་ཐད་ཡར་རྒྱས་གསར་པ་བྱུང་ཡོད།ཚད་ལྡན་རང་བཞིན་གྱི་ཡིག་ཆ355 གཙང་བཤེར་བྱས་པ་དང་།  ཚད་ལྡན་རང་བཞིན་གྱི་ཡིག་ཆ24ལ་ཞིབ་བཤེར་བྱས་ཡོད། མི་དམངས་འཐུས་མིའི་ཚོགས་ཆེན་གྱི་བཅའ་ཁྲིམས་ལྟ་སྐུལ་དང་སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱས་ཏེ།ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་བཞི་པའི་འཐུས་མིའི་གྲོས་གཞི་དང་།ཁུལ་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གསུམ་པའི་ཨུ་ཡོན་གྱི་གྲོས་གཞི88ཚང་མ་བསྒྲུབས་ཤིང་ལན་བཏབ་ཚར་བ་རེད།མི་རིགས་མཐུན་སྒྲིལ་དང་རྒྱལ་སྲུང་སྐུལ་སློང་། གཉིས་བཀུར་ལེགས་སྐྱོར་བཅས་ལ་ཕན་འབྲས་མངོན་གསལ་བྱུང་། རྩིས་བཤེར་དང་བསྡོམས་རྩིས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཤིང་།  བུད་མེད་དང་བྱིས་པ།གཞོན་ནུ་ལོ་ཆུང་། རྒྱ་གྲམ་དམར་པོ། དབང་པོ་སྐྱོན་ཅན། བགྲེས་སོང་བྱམས་སྐྱོང་སོགས་ཀྱི་བྱ་གཞག་ཁག་སྐྱོན་བྲལ་ངང་གོང་དུ་འཕེལ་བ་དང་།རླུང་བརྙན་འཕྲིན་དང་། གནམ་གཤིས་དང་སྦྲག་སྲིད། ས་ཡོམ་གནོད་འགོག ལོ་རྒྱུས་ཡིག་ཚགས་སོགས་ཀྱི་ལས་དོན་སྐས་རིམ་གསར་པར་འཛེགས་པ་རེད།
   འཐུས་མི་རྣམ་པ།  2018ལོ་ནི་བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ40འཁོར་བའི་ལོ་ཞིག་ཡིན།  ལོ་ངོ40ཡི་འབད་འཐབ་བྱེད་རིམ་ལ་ཕྱིར་མིག་བལྟས་ན།    ཁུལ་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལྡབ86འཕར་སྣོན་བྱུང་བ་དང་།    སྤྱི་པའི་ནོར་སྲིད་སྔོན་རྩིས་ཀྱི་ཡོང་འབབ་ལྡབ141འཕར་ཡོད་ལ།      སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་དངུལ་གཏོང་ཚད་ལྡབ162འཕར་ཡོད།འཆར་གཞི་ཡན་གྱི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང་ལྡབ་42འཕར་ཡོད་པ་དང་། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་སྤྱི་འབོར་ལྡབ123 འཕར་སྣོན་བྱུང་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལྡབ81འཕར་སྣོན་བྱུང་ཡོད།  རང་ཁུལ་དུ་རྩ་བའི་ཆ་ནས་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱེད་པ་ལྟེ་བ་ཡིན་ལ། སྣུམ་རླངས་འདྲེས་པའི་རྫས་འགྱུར་བཟོ་ལས་དང་། ལྕགས་རིགས་བཞུ་བ། རྡོ་སོལ་ཕྱོགས་བསྡུས་བེད་སྤྱོད།ནུས་ཁུངས་གསར་པ། རྒྱུ་ཆ་གསར་པ།  ས་མཐོའི་ཁྱད་ཆོས་ལྡན་པའི་སྐྱེ་དངོས་བཅས་གཙོ་ཁྲིད་ཡིན་པའི་ཐོན་ལས་ཀྱི་མ་ལག་ཆེན་པོ་བདུན་གྲུབ་ཡོད་པ་དང་། ཁུལ་ཡོངས་ཀྱི་ཕྱོགས་བསྡུས་དངོས་ཤུགས་ལ་ལོ་རྒྱུས་རང་བཞིན་གྱི་འཕེལ་འགྱུར་ཆེན་པོ་བྱུང་ཞིང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པར་ལོ་རྒྱུས་རང་བཞིན་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དབུལ་ཐར་འགག་སྒྲོལ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་།དམངས་འཚོའི་ཆུ་ཚད་ལ་འགན་སྲུང་བྱེད་པར་ལོ་རྒྱུས་རང་བཞིན་གྱི་མཐོ་རུ་ཕྱིན་ཡོད་ལ། ཚྭ་འདམ་གཞོང་ས་ཆེན་མོར་གནམ་ས་མགོ་རྟིང་སློག་པའི་འཕོ་འགྱུར་ཆེན་པོ་བྱུང་ཡོད།

འཐུས་མི་རྣམ་པ།གྲུབ་འབྲས་འདི་དག་ཐོབ་པ་ལས་སླ་མོ་ཞིག་མིན། འདི་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གཅིག་རྒྱུན་གཅིག་འཛིན་དང་། སྲ་བརྟན་གྱི་འགོ་ཁྲིད།དམིགས་བསལ་གྱི་ཐུགས་ཁུར་བཅས་གནང་བའི་འབྲས་བུ་ཡིན་པ་དང་། ཁུལ་ཨུ་ཁུལ་སྲིད་གཞུང་གིས་ལག་བསྟར་རྒྱུན་སྲིང་དང་ཚན་རིག་དང་མཐུན་པའི་ཇུས་ཐག་བཅད་པ།ཡར་རྒྱས་བརྩོན་ལེན་བྱས་པའི་འབྲས་བུ་ཡིན་ལ།  རྒྱལ་ཁབ་ཀྱི་འབྲེལ་ཡོད་པུའུ་ཨུ་དང་།ཀྲུང་དབྱང་ཁེ་ལས་དང་ཀྲེ་ཅང་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱིས་སྔ་མ་ནང་བཞིན་དང་སྒེར་སེམས་མེད་པར་རོགས་སྐྱོར། ཤུགས་ཆེན་པོའི་རྒྱབ་སྐྱོར་བཅས་བྱས་པའི་འབྲས་བུ་ཡིན་ཞིང། ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས་ཀྱིས་གཅིག་མཐུན་མཉམ་ལས་དང་། ཐབས་འདོན་ཇུས་འབུལ། ཚན་རིག་དང་མཐུན་པའི་ལྟ་སྐུལ་བཅས་བྱས་པའི་འབྲས་བུ་ཡིན་པ་མ་ཟད། རིམ་པ་ཁག་གི་སྡེ་ཁག་སོ་སོ་དང་ཁུལ་ཡོངས་ཀྱི་མི་རིགས་ཁག་མཉམ་དུ་མདུན་བསྐྱོད་དང་འབད་བརྩོན་ལྷོད་མེད།གསར་གཏོད་གསར་འབྱེད་བཅས་བྱས་པའི་འབྲས་བུ་ཡིན། འདི་ནས། ངས་ཁུལ་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས།ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་དང་། མཚོ་ནུབ་ཀྱི་འཛུགས་སྐྲུན་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རིམ་པ་ཁག་གི་འགོ་ཁྲིད་དང་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ།དམངས་ཆེན་གྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན། དམངས་གཙོ་ཏང་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས།ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་བཅས་དང་། ཀྲུང་དབྱང་དང་ཞིང་ཆེན་གྱི་ཁུལ་སྡོད་ལས་ཁུངས་དང་།ཁུལ་སྡོད་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་དྲག་ཆས་ཉེན་རྟོག་པའི་དཔོན་དམག  སྤྱི་བདེའི་ལས་བྱེད་ཉེན་རྟོག་པ་བཅས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་ཡིན།

དེ་དང་དུས་མཚུངས་སུ་ང་ཚོས་གསལ་པོར་ཤེས་ཐུབ་པ་ཞིག་ལ།མཚོ་ནུབ་འཕེལ་རྒྱས་འགྲོ་བར་ད་དུང་དཀའ་ངལ་དང་འགྲན་སློང་མི་ཉུང་བ་ཞིག་ལ་འཕྲད་ཡོད་པ་དང་། གཙོ་བོ་ནི་ཕྱི་རོལ་ཡུལ་གྱི་ཁོར་ཡུག་དང་དུས་ཡུན་རིང་ཐུང་གི་རྒྱུ་རྐྱེན་སོགས་ཕྱོགས་མང་པོའི་ཤུགས་རྐྱེན་ཐེབས་ནས།དཔལ་འབྱོར་གོང་འཕེལ་གྱི་འདེགས་སྐྱོར་སྒུལ་ཤུགས་ཇེ་ཞན་དུ་སོང་བ་དང་། རིམ་པ་ཟབ་པའི་གྲུབ་ཚུལ་རང་བཞིན་གྱི་འགལ་བ་དང་གནད་དོན་ལ་ཕྱི་ཕྱོགས་ཀྱིས་ཕོག་ཐུག་བཏང་བས་མངོན་གསལ་ཅན་དུ་གྱུར་ལ།དཔལ་འབྱོར་མར་ཆག་པའི་གནོན་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད། གཙོ་གནད་ཁྱབ་ཁོངས་ཁག་ཅིག་གི་བཅོས་བསྒྱུར་སྒོ་འབྱེད་ཅུང་རྗེས་ལུས་ཡིན་པ་དང་།དམངས་འཚོའི་ཁྱབ་ཁོངས་ཀྱི་ཞན་ཆ་དང་མི་འདང་ས་སྔར་བཞིན་མང་པོ་ཡོད་ལ། ཐོན་ཁུངས་ཁོར་ཡུག་གི་བཀག་རྒྱ་ཉིན་རེ་བཞིན་ཛ་དྲག་ཡིན་ཞིང།སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ལས་འགན་དཀའ་ཚེགས་ཆེ་བ་རེད། བཟོ་ལས་ཀྱི་རྣམ་པ་བསྒྱུར་ནས་འཕེལ་རྒྱས་འགྲོ་བའི་གོམ་སྟབས་དལ་བ་དང་།ཐོན་ལས་ཀྱི་གྲུབ་ཚུལ་རགས་རིམ་ཙམ་ཡིན་ལ། སྲོལ་རྒྱུན་གྱི་ཐོན་ལས་ཚུལ་སྒྱུར་རིམ་སྤར་བྱེད་པའི་ལས་འགན་ལྕི་ལ་ལམ་བུ་རིང་བ་རེད།བཟང་ཆ་ལྡན་པའི་ཐོན་ལས་ཀྱི་སྲོག་ཤིང་དང་འདེགས་སྐྱོར་རྣམ་གྲངས་དཀོན་པ་དང་། ལག་རྩལ་མཐོ་གསར་གྱི་ཐོན་ལས་ཀྱི་གཞི་ཁྱོན་ཆུང་བ་དང་འཕེལ་རྒྱས་དལ་ལ།ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་མང་པོ་མེད་པ་དང་། ཤན་ཤུགས་ཀྱི་སྐུལ་ཁྲིད་ནུས་པ་ཆུང་ཞིང་།  ཚན་རྩལ་གསར་གཏོད་དང་མི་ཤུགས་ཐོན་ཁུངས་ཀྱི་འདེགས་སྐྱོར་མི་འདང་བ་རེད།  ཐོན་སྐྱེད་རང་བཞིན་གྱི་ཞབས་ཞུའི་ལས་རིགས་ཆུ་ཚད་སྤྱི་ཡོངས་ནས་མི་མཐོ་བ་དང་།འཚོ་བ་རང་བཞིན་གྱི་ཞབས་ཞུ་ནུས་ལྡན་གྱིས་འདོན་སྤྲོད་མི་འདང་ལ། ཚན་རྩལ་ཞབས་ཞུ་དང་དེང་རབས་ཟོག་འདྲེན།མཉམ་འབྲེལ་དྲ་རྒྱ+ གློག་རྡུལ་ཚོང་དོན། གཞི་གྲངས་ཆེ་རིགས་སོགས་ཀྱི་ཐོན་ལས་གསར་པ་དང་།ལས་རྣམ་གསར་པ། མ་དཔེ་གསར་པ་བཅས་ད་དུང་འཚོལ་ཞིབ་བྱེད་འགོ་ཚུགས་པའི་དུས་རིམ་དུ་གནས་ཡོད། ཁེ་ལས་ཁ་ཤས་དང་ལྷག་པར་དུ་ཁེ་ལས་འབྲིང་ཆུང་གཉེར་སྐྱོང་བྱ་རྒྱུར་ད་དུང་དཀའ་ངལ་ཧ་ཅང་ཆེན་པོ་ཡོད་པ་དང་། ས་གནས་ཁ་ཤས་སུ་བཅོས་བསྒྱུར་གསར་གཏོད་དང་། དོན་འཁྱོལ་ལ་དམ་འཛིན། མང་ཚོགས་ལ་ཞབས་ཞུ་སྒྲུབ་པ་བཅས་ཀྱི་འདུ་ཤེས་ད་དུང་དྲག་ཏུ་གཏོང་དགོས་ལ།ལས་བྱེད་པ་འགའ་ཞིག་གི་འགན་འཁྲི་ཁུར་ཕོད་པར་ད་དུང་ཧེ་བག་ཆེན་པོ་ཡོད་ཅིང་། ཕྱི་ཚུལ་རིང་ལུགས་དང་།དཔོན་ཉམས་རིང་ལུགས་ལའང་མངོན་ཚུལ་གསར་པ་ཡོད། དེར་བརྟེན། ང་ཚོས་ཚད་མཐོའི་མཐོང་ཆེན་དང་རང་འགུལ་ངང་ལས་འགན་སྒྲུབ་ནས།ནནཏན་གྱིས་ཐག་གཅོད་བྱ་རྒྱུ་ཡིན།

2019ལོའི་བྱ་བའི་སྤྱིའི་བླང་བྱ་དང་ལས་འགན་གཙོ་བོ།

1920ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བ་དང་། མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་ངོ70འཁོར་བ་ཡིན་ལ། མཚོ་ནུབ་ཀྱིས་སྔོན་ལ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པའི་མཇུག་བསྡུ་བའི་ལོ་ཞིག་ཀྱང་ཡིན།ད་ལོའི་སྲིད་གཞུང་གི་བྱ་བའི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ།ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པ་དང་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ།བཅོས་བསྒྱུར་སྒོ་འབྱེད་ལོ་ངོ40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན།ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་བཅས་ལག་ལེན་མཐར་ཕྱིན་བྱས་ནས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བའི་བླང་བྱ་ལྟར།ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་།ཁུལ་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་ཐབས་ཇུས་བཀོད་སྒྲིག་ལ་དམིགས་ནས། “གནས་ལྔ་གཞི་གཅིག”གི་སྤྱིའི་ཡོངས་ཀྱི་བཀོད་སྒྲིག་གཅིག་གྱུར་འཆར་འགོད་གྱིས་སྐུལ་སྤེལ་དང་།“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་མཐུན་སྦྱོར་ངང་སྐུལ་སྤེལ་བྱས་ཏེ།“ཏན་ཏིག་བཞིའི” བླང་བྱ་གལ་ཆེན་དོན་འཁྱོལ་གཏིང་ཟབ་བྱ་དགོས།བྱ་བ་སྤྱིའི་རྩ་བའི་དགོངས་དོན་བརྟན་ཐོག་གོང་འཕེལ་ལ་རྒྱུན་འཁྱོངས་དང་།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པར་རྒྱུན་འཁྱོངས།འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་གཙོ་བོ་ཡིན་པར་རྒྱུན་འཁྱོངས།ཁྲོམ་ར་ཅན་བཅོས་བསྒྱུར་གཏིང་ཟབ་དང་སྤུས་ཚད་མཐོ་བའི་སྒོ་ནས་སྒོ་འབྱེད་རྒྱ་བསྐྱེད་ལ་རྒྱུན་འཁྱོངས་བཅས་བྱས་ཏེ།ནུས་ཤུགས་ཡོད་རྒུས“སྔོན་ཐོབ་གཅིག་དང་སྤུས་མཐོ་གཉིས”སྐུལ་སྤེལ་བྱ་དགོས།མགྱོགས་མྱུར་ངང་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་བསྐྲུན་པ་དང་།  འགག་སྒྲོལ་གྱི་དམག་འཐབ་ཆེན་མོ་གསུམ་མུ་མཐུད་ཡག་པོ་རྒྱག་དགོས་ལ།བྱེ་བྲག་གི་གྲུབ་ཆ་གཙོ་བོའི་གསོན་ཤུགས་སློབ་བར་ཤུགས་འདོན་དགོས།བརྟན་ཐོག་གོང་འཕེལ་དང་བསྒྱུར་བཅོས་ལ་སྐུལ་འདེད། གྲུབ་ཚུལ་ལེགས་སྒྲིག དམངས་འཚོར་ཕན་འདོགས།ཉེན་ཁ་སྔོན་འགོག སྐྱེ་ཁམས་ལེགས་སྐྱོང་སོགས་ཀྱི་ལས་དོན་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་སྤེལ་བྱ་དགོས་ལ།སྔར་ལས་ལྷག་པའི་སྒོ་ནས་ལས་ཞུགས་བརྟན་པོ་དང་དངུལ་རྩ་བརྟན་པོ།ཕྱི་ཕྱོགས་ཉོ་ཚོང་བརྟན་པོ། ཕྱི་དངུལ་བརྟན་པོ། མ་འཇོག་བརྟན་པོ། སྔོན་དཔག་བརྟན་པོ་བཅས་ཡོང་བ་བྱས་ཏེ། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་ཁོངས་ཡིན་པར་རྒྱུན་མཐུད་བྱ་དགོས།མི་དམངས་ཀྱི་འཚོ་བ་བསྟུད་མར་ལེགས་བཅོས་ལ་སྐུལ་འདེད་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་།བདེ་སྣང་བཅས་མཐོ་རུ་གཏང་དགོས་པ་དང་། ཁྱོན་ཡོངས་ནས“སྔོན་དུ་གཉིས” མངོན་འགྱུར་བྱས་ནས། “སྐས་རིམ་གསུམ”སྤོ་བར་རྨང་གཞི་འཇོག་དགོས་ལ།ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་ངོ70འཁོར་བར་ལེགས་སྐྱེས་འབུལ་རྒྱུ།

ད་ལོར་རེ་བ་བཏོན་པའི་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་སྤེལ་གཏོང་བའི་སྔོན་དཔག་གི་དམིགས་འབེན་གཙོ་བོ་ནི།ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར8% ཡས་མས་འཕར་སྣོན་བྱ་དགོས་པ་དང་།དེའི་ཁྲོད་ཐོན་ལས་དང་པོའི་འཕར་སྣོན་རིན་ཐང་འཕར་ཚད7% ཡིན་དགོས་ལ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་སྣོན་རིན་ཐང8.5%ཡས་མས་འཕར་སྣོན་ལ་བརྩོན་ལེན་བྱ་དགོས་ཤིང།ཐོན་ལས་གསུམ་པའི་འཕར་སྣོན་རིན་ཐང7.5% འཕར་སྣོན་བྱ་དགོས།  གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་གཏོང་ཚད10%ཡན་དུ་འཕར་དགོས་པ་དང་།ས་གནས་ཀྱི་སྤྱི་པའི་ནོར་སྲིད་སྤྱིར་བཏང་སྔོན་རྩིས་ཀྱི་ཡོང་སྒོ6.5%ཡས་མས་འཕར་དགོས་ལ། སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་འཚོང་སྤྱི་འབོར8% འཕར་སྣོན་བྱ་དགོས། གྲོང་ཁྱེར་དང་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱིས་འཛད་སྤྱོད་ཆོག་པའི་ཡོང་སྒོ 8%འཕར་བར་བརྩོན་ལེན་བྱ་དགོས་པ་དང་། སྡོད་དམངས་ཀྱི་འཛད་སྤྱོད་རིན་ཐང་གི་སྟོན་གྲངས་དང་ནུས་སྲི་སྙིགས་འཕྲི། སྦགས་བཙོག་དངོས་པོ་གཙོ་བོ་ཉུང་འཕྲི། སྐྱེ་ཁམས་ཁོར་སྲུང་གི་དམིགས་ཚད་བཅས་ཞིང་ཆེན་གྱིས་གཏན་ཁེལ་བྱས་པའི་དམིགས་འབེན་ནང་ཁུལ་དུ་ཚོད་འཛིན་བྱ་དགོས།གོང་གསལ་གྱི་སྔོན་དཔག་དམིགས་འབེན་དེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བླང་བྱར་འབྲེལ་མཐུད་བྱེད་པ་དང་། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་གོང་འཕེལ་གྱི་དམིགས་འབེན་དང་ཕན་ཚུན་མཐུན་འགྲིག་བྱུང་དགོས་ལ།དུས་རབས་གསར་པའི་རྒྱུན་རྣམ་གསར་པའི་འོག་དཔའ་ངར་ཆེར་སྐྱེད་ཀྱིས་འབད་འཐབ་བྱེད་པའི་དངོས་ཡོད་ཀྱི་དགོས་མཁོ་དང་ཕན་ཚུན་མཐུན་དགོས་ཤིང་།ཁུལ་ཡོངས་ཀྱི་དཔལ་འབྱོར་གོང་འཕེལ་གྱི་དོན་དངོས་དང་ཕན་ཚུན་མཐུན་དགོས། སྔོན་དཔག་གི་དམིགས་འབེན་མངོན་འགྱུར་བྱེད་ཆེད།ད་ལོར་ང་ཚོས་མཚོ་ནུབ་ཀྱི་འཕེལ་རྒྱས་གཏོང་བའི་འཐབ་ཇུས་གོ་སྐབས་གལ་ཆེན་མུ་མཐུད་དུ་དམ་འཛིན་དང་ལེགས་པར་སྤྱོད་དགོས་ལ།ཡིད་ཆེས་བརྟན་པོར་གཏང་བ་དང་།  ངེས་ཤུགས་དམ་འཛིན། རང་འགུལ་བྱེད་ཤུགས་རྒྱུན་འཛིན།མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། འགལ་བ་གཙོ་བོ་གཅིག་ཏུ་འདུས་པ་བཅས་བྱས་ཏེ།  བློ་བརྟན་འགྱུར་མེད་ཀྱིས་མཚོ་ནུབ་རང་ཉིད་ཀྱི་ལས་དོན་ལེགས་པོར་བསྒྲུབ་དགོས།

གཅིགབརྟན་ཐོག་གོང་འཕེལ་དང་མ་འཇོག་རྒྱ་བསྐྱེད་གཙོ་གནད་དུ་བཟུང་སྟེ། མཚོ་ནུབ་སྤུས་ཀ་ལེགས་ཤིང་ཕན་འབྲས་ཆེ་བའི་ངང་འཕེལ་རྒྱས་འགྲོ་བ་ཇེ་མགྱོགས་སུ་གཏོང་དགོས།
   སྲིད་ཇུས་དོན་ཐོག་ཏུ་འཁྱོལ་རྒྱུར་དམ་འཛིན་བྱ་དགོས།  ཀྲུང་དབྱང་གི“སྲ་བརྟན་གཏོང་བ་དང་། ཤུགས་ཆེ་རུ་གཏོང་བ།མཐོ་རུ་གཏོང་བ། ཤར་སྐྱོད་ཐུབ་པ”བཅས་ཀྱི་བྱེད་ཕྱོགས་དང་།  “ལས་ཞུགས་བརྟན་པོ་དང་དངུལ་རྩ་བརྟན་པོ།ཕྱི་ཕྱོགས་ཉོ་ཚོང་བརྟན་པོ།  ཕྱི་དངུལ་བརྟན་པོ། མ་འཇོག་བརྟན་པོ། སྔོན་དཔག་བརྟན་པོ”བཅས་ཀྱི་བླང་བྱ་སོགས་ཁྱོན་ཡོངས་ནས་དོན་འཁྱོལ་མཐར་ཕྱིན་བྱ་དགོས་པ་དང་། རེས་སྐོར་གསར་པའི་ནུབ་རྒྱུད་གསར་སྤེལ་ཆེན་མོ་དང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན། གྲོང་གསེབ་དར་སྤེལ།མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་སོགས་ཀྱི་སྲིད་ཇུས་གོ་སྐབས་དམ་འཛིན་བྱ་དགོས་ལ། བྱེད་ཐབས་ཆ་འགྲིག་འཐུས་ཚང་དུ་བཟོ་དགོས། “སྔོན་ཐོབ་གཅིག་དང་སྤུས་མཐོ་གཉིས”ལག་ལེན་གཏིང་ཟབ་བྱས་ནས།མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏང་དགོས། “སྲིད་ཇུས་དོན་འཁྱོལ་གྱི་ལོའི”བྱ་འགུལ་ཡག་པོ་སྤེལ་བ་དང་།སྔར་ལས་ལྷག་པའི་སྒོ་ནས་དཔྱ་ཁྲལ་དང་རིན་པ་ཇེ་ཡང་དུ་འགྲོ་བ་སྐུལ་སྤེལ་བྱེད་པ་དང་།འབར་རླངས་དང་གློག  སྐྱེལ་འདྲེན་སོགས་ཀྱི་རྒྱུ་རྐྱེན་གཙོ་བོའི་མ་གནས་དམའ་རུ་གཏོང་བར་ཤུགས་འདོན་དགོས།ཀྲུང་དབྱང་གི་དམངས་གཉེར་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་དང་ཞིང་ཆེན་ཡོངས་ཀྱི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་རྒྱུའི་བཞུགས་མོལ་ཚོགས་འདུའི་སྲིད་ཇུས་དང་བྱེད་ཐབས་ཀྱི་མ་ལག་ལ་དབྱེ་ཞིབ་དང། ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྲིད་ཇུས་ལག་བསྟར་བྱེད་སྟངས་འཐུས་ཚང་བཏང་སྟེ། ཁེ་ལས་དང་འབྲེལ་བའི་ཕན་ལྡན་གྱི་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་།དམངས་གཉེར་དཔལ་འབྱོར་ཚུལ་སྒྱུར་རིམ་སྤོར་དང་།སྤུས་འདེགས་ཕན་འཕར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་དགོས་ལ། ལེགས་ཤིང་སྟོབས་ལྡན་པ་ཞིག་ཏུ་བསྐྲུན་དགོས།

བཟོ་ལས་དཔལ་འབྱོར་གྱི་འཕར་སྣོན་བརྟན་པོ་ཡོང་བ་བྱ་དགོས།ཕྱོགས་བསྒྱུར་རིམ་སྤར་ཇེ་མགྱོགས་སུ་གཏོང་རྒྱུ་དེ་བཟོ་ལས་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བའི་དམ་འཛིན་བྱེད་གཞི་ནུས་ལྡན་ཞིག་ཏུ་བརྩིས་ནས།“འཕར་ཚད”དང་“གསོག་འབོར་”བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ།དཀོན་ཞིང་ལེགས་པའི་ཐོན་ཁུངས་མང་པོ་ཐོན་ལས་གསར་པ་དང་། ལས་རྣམ་གསར་པ། ཐོན་རྫས་གསར་པ་བཅས་ཀྱི་ཕྱོགས་སུ་གཏོང་དགོས།སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་རིམ་སྤར་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ནུས་ཁུངས་གསར་པ་དང་།རྒྱུ་ཆ་གསར་པ། སྒྲིག་ཆས་བཟོ་སྐྲུན། སྐྱེ་དངོས་སྨན་རྫས། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་།དམག་དམངས་མཉམ་འདྲེས་སོགས་གསར་དར་ཐོན་ལས་ཁག་ཅིག་སྐྱེད་སྲིང་ཧུར་ཐག་བྱས་ཏེ། བཟོ་ལས་གོང་འཕེལ་གཏོང་བའི་སྒུལ་ནུས་གསར་པ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས།ཚད་གཞི་མཐོ་ཤོས་ནས་ཁུལ་ཡོངས་ཀྱི་ཁྱད་ལྡན་ཐོན་ཁུངས་ལེགས་སྒྲིག་བྱས་ཏེ། སྐུལ་ཁྲིད་ཀྱི་ནུས་པ་ཆེ་བ་དང་། བྱས་རྗེས་ཆེ་བ། འཕེལ་རྒྱས་ཀྱི་མདུན་ལམ་བཟང་བ་བཅས་ཀྱི་སྣེ་འདྲེན་བཟོ་ལས་ཁེ་ལས་ཁག་ཅིག་སྐྱེད་སྲིང་ལ་ཤུགས་འདོན་དགོས། མཉམ་འབྲེལ་དྲ་རྒྱ+། གཞི་གྲངས་ཆེན་མོ། མི་བཟོས་རིག་ནུས་སོགས་ལག་རྩལ་རྒྱ་ཆེར་སྤྱད་དེ། དཔེ་སྟོན་གྱི་སྣེ་ཁྲིད་ཕན་ནུས་ཅུང་ཆེ་བའི“གྲངས་འཛིན་ཁེ་ལས”དང“གྲངས་འཛིན་འཁོར་ཁང”ཁག་ཅིག་བསྐྲུན་དགོས་ལ།ཆ་འཕྲིན་ཅན་དང་བཟོ་ལས་ཅན་གཏིང་ཟབ་ངང་མཉམ་འདྲེས་ཕྱོགས་སུ་བར་བརྒལ་ཐུབ་པར་བརྩོན་ལེན་བྱ་དགོས།ཕན་མེད་ཀྱི་རྒྱུ་རྐྱེན་སྣ་ཚོགས་ལ་ཧུར་ཐག་གིས་ཁ་གཏད་ཐག་གཅོད་བྱེད་པ་དང་། བཟོ་ལས་དཔལ་འབྱོར་འཁོར་སྐྱོད་ཀྱི་བཀོད་གཏོང་དང་སྲིད་ཇུས་དོན་འཁྱོལ།རྒྱུ་རྐྱེན་གཙོ་བོའི་འགན་སྲུང་། ཁེ་ལས་ཀྱི་རོགས་སྐྱོར། དངུལ་ཁང་དང་ཁེ་ལས་འབྲེལ་མཐུད།ཐོན་ལས་རྣམ་གྲངས་གཙོ་བོ་སྐུལ་སྤེལ་བྱེད་པ་སོགས་ཀྱི་ལས་དོན་དམ་འཛིན་ནན་པོ་བྱས་ཏེ། ཚོང་ར་ཡོད་པ་དང་ཕན་ནུས་ལྡན་པའི་གཙོ་གནད་རྣམ་གྲངས་ཁག་ཅིག་གི་ལས་མཇུག་འགྲིལ་ནས་ཐོན་སྐྱེད་བྱེད་འགོ་ཚུགས་པར་མགྱོགས་མྱུར་སྐུལ་འདེད་གཏང་དགོས།འཚར་ལོངས་འབྱུང་བ་ལེགས་ཤིང་ཆ་རྐྱེན་དང་མཐུན་པའི་ཁེ་ལས་དུས་ཐོག་ཏུ་ནང་འཇུག་བྱེད་པར་མཛུབ་སྟོན་དང་རོགས་རམ་བྱས་ནས།འཆར་གཞི་ནང་ཞུགས་པའི་བཟོ་ལས་དང་ཁེ་ལས་དུད་ཚང15ཡན་གསོ་སྐྱོང་དང་གསར་སྣོན་བྱ་དགོས།

རྣམ་གྲངས་མ་འཇོག་ལ་ཤུགས་ཆེན་པོས་སྐུལ་འདེད་གཏོང་དགོས།རྣམ་གྲངས་འཛུགས་སྐྲུན་གྱི“གནད་འགག”དམ་འཛིན་བྱས་ཏེ། རྣམ་གྲངས་ཀྱི་མུ་མཐུད་ཚད་བརྒལ་བྱེད་པའི་ཤུགས་རྒྱག་ས་དེ་རྣམ་གྲངས་སྤུས་དག་དང་སྣེ་ཁྲིད་རྣམ་གྲངས་ཐོག་འཇོག་དགོས་ཤིང་།ཁ་ཕྱོགས་ལ་འགྱུར་བ་མི་གཏོང་བ་དང་ངང་ཚུལ་མི་ཆུང་བ་། ཤུགས་ཚད་ཆུང་དུ་མི་གཏོང་བ་བཅས་ལ་རྒྱུན་འཁྱོངས་དང་། བློ་རྩ་བརྟན་ཞིང་སེམས་ཐག་ཆོད་པ་དང་བློ་བརྟན་འགྱུར་མེད་ངང་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས། ཞིང་ཆེན་ཡོངས་ཀྱི“ལས་གཞི་ཆེན་པོ་བརྒྱའི”ལས་གྲྭ་གལ་ཆེན་དོན་འཁྱོལ་བྱེད་པ་དང་།ལས་གཞི་མཉམ་འགུལ་སྐུལ་སྤེལ་བྱེད་པའི་ལམ་སྲོལ་འཛུགས་དགོས་ལ།  ཞན་ཆ་གསབ་ཚད་ཇེ་མགྱོགས་སུ་གཏོང་བ་དང་།དུས་འགོའི་འགག་སྒྲོལ། ཞིབ་བཤེར་མཆན་འགོད་འཁྱགས་གཏོར་བཅས“ལས་གྲྭ་ཆེན་པོ་གསུམ”ལག་བསྟར་བྱ་དགོས། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་རྣམ་གྲངས་ལ་བརྩོན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས།ཞིང་ཆེན་རིམ་པ་ཡན་གྱི་ཆེད་སྤྱོད་ཁ་གསབ་རོགས་དངུལ་འཕར་ཚད10%ལས་མི་དམའ་བ་བྱ་དགོས། ཚྭ་འདམ་གྱི་གནོད་མེད་གཏེར་འཚོལ་རྩད་ཞིབ་བྱེད་པའི་ཚོགས་ཆེན་གཏིང་ཟབ་ཏུ་ལག་བསྟར་བྱས་ནས།ས་གཤིས་རྩད་ཞིབ་མ་དངུལ་རིགས་སྣ་ཚོགས་བརྩོན་ལེན་བྱེད་པ་དང་། ཤར་གྱི་ཁུ་ནུ་དང་མཚོ་བོད་ལྕགས་ལམ་ལམ་རྒྱུད།ཚྭ་འདམ་གྱི་བྱང་ཁུལ། བྱང་ཕྱོགས་ཀྱི་མདོ་ལ་སོགས་གནད་ཆེའི་ས་ཁུལ་དང་། གཏེར་ཁུལ་གཙོ་བོའི་བརྟག་ཞིབ་གོམ་སྟབས་ཇེ་མགྱོགས་སུ་གཏང་དགོས།ཏུན་ཁྲི60ཡི་ཞཱི་ཐུན་དང་ཤར་རི་ཁ་མུའུ་ཉིའེ་ཀུའུ་གཏེར་ཁ་འདེམ་སྔོག  ཏུན3གྱི་ཐཱན་སྐྱུར་ལིས་སོགས་རྣམ་གྲངས་གལ་ཆེན་མགྱོགས་མྱུར་ངང་བཟོ་སྐྲུན་བྱ་དགོས།  ན་གོར་མོ་ནས་ལྷ་ས་བར་གྱི་སྣུམ་འདྲེན་སྦུག་ལམ་དང་གནམ་གྲུ་གཅིག་བསྡུས་བསྡུ་ཉར་དང་གནོད་མེད་ཚུར་བསྡུའི་ལྟེ་གནས།   མང་ནེ་དང་ཚྭ་འདམ་ཆེ་བའི་ཟོག་འདྲེན་བསྡུ་འགྲེམས་ལྟེ་གནས་སོགས་རྣམ་གྲངས་ཀྱི་སྔོན་གྲབས་ལས་དོན་སྒྲུབ་ཚད་ཇེ་མགྱོགས་སུ་གཏོང་དགོས།   དམངས་ཁྲོད་ཀྱི་མ་འཇོག་བྱེད་ཤུགས་སྐུལ་སྤེལ་བྱས་ཏེ།    དམངས་ཁྲོད་ཀྱི་མ་འཇོག25%འཕར་སྣོན་ལེགས་འགྲུབ་ཐུབ་པར་བརྩོན་ལེན་བྱ་དགོས།

དངུལ་རྩའི་ཉེན་ཁ་ཆེན་མོར་སྔོན་འགོག་དང་དག་སེལ་བྱ་དགོས།  ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་མོ་དང་།ནམ་ཡང་ཚད་མཐོ་བོའི་དོགས་ཟོན་དེ་རྒྱུན་འཁྱོངས་དང་སྲིད་ཇུས་ཀྱི་གོ་སྐབས་ལ་བེད་སྤྱོད་ཡག་པོ་དང་བབ་བསྟུན་གྱིས་སྤྱོད་དགོས། མུ་མཐུད་དུ་དངུལ་རྩའི་ཉེན་ཁ་ཆེན་མོ་སྔོན་འགོག་དང་སེལ་བའི་འགག་སྒྲོལ་གྱི་དམག་འཐབ་རྒྱལ་ཁའི་ངང་རྒྱག་དགོས།   ལྷག་པར་དུ་རྒྱལ་དབང་ཁེ་ལས་ཀྱིས་འདེགས་ཤིང་བཀོལ་བར་འཕྲི་འཐེན་བྱེད་པ་ལེགས་པོ་བཟུང་སྟེ་ཁེ་ལས་ཀྱི་རྒྱུ་ནོར་བཀོད་སྒྲིག་ལེགས་བསྒྱུར་དང་།  ཐད་ཀར་མ་དངུལ་བསྡུ་བ་དང་ལྷག་པར་དུ་མ་རྐང་བསྡུ་བའི་བསྡུར་ཚད་ཇེ་མཐོ་གཏོང་ཞིང་།  ཚོང་ར་ཅན་དང་ཁྲིམས་སྐྱོང་ཅན་གྱི་བུ་ལོན་མ་རྐང་དུ་བསྒྱུར་བ་ལ་སྐུལ་འདེད་བྱ་དགོས།  “སྲ་བརྟན་དང་ཚོད་འཛིན་བྱེད་ཆོག་པ། གོ་རིམ་ལྡན་པ།   འོས་འཚམ”བཅས་ཀྱི་བླང་བྱ་ལྟར།  སྲིད་གཞུང་བུ་ལོན་གྱི་གཞི་ཁྱོན་སྔོན་རྩིས་དང་མ་དངུལ་ཚོད་འཛིན་གྱི་དོ་དམ་བཅས་ཇེ་དྲག་ཏུ་གཏོང་བ་དང་།  བུ་ལོན་གྱི་ཐབས་ལམ་དང་མ་དངུལ་གྱི་སྤྱོད་སྒོ་ལ་ཚོད་འཛིན་ནན་མོ་བྱ། རིགས་བགོས་ཏེ་གཟབ་ནན་གྱིས་ས་གནས་སྲིད་གཞུང་གི་བུ་ལོན་ཉེན་ཁ་ཐག་གཅོད་དང།  

གཉིས།བྱེད་ཐབས་བཞི་དོན་ཐོག་ཏུ་འཁྱོལ་བ་གཙོ་ཐིག་ཏུ་བཟུང་སྟེ། ལྗང་མདོག་དང་ཐཱན་དམའི་འཁོར་རྒྱུག་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས།
  ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་བྱེད་པའི་མཐོ་ས་བསྐྲུན་དགོས།  འཛམ་གླིང་གི་ཅཱའི་གྲོང་ཁྱེར་ཆེན་མོ་དང་དང་མྰེ་ཡི་གྲོང་ཁྱེར་ཆེན་མོ། ལིས་གྲོང་ཁྱེར་ཆེན་མོ་བཅས་བཟོ་རྒྱུ་དམིགས་ཡུལ་དུ་བཟུང་ནས།ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་ངང་གསར་སྤེལ་དང་བེད་སྤྱོད་བྱེད་པར་མགྱོགས་སྐུལ་གཏོང་དགོས། ཞྭ་རིམ་པ་ལྡན་པའི་ཚྭའི་རྒྱུ་ཆས་བཟོ་ཆས་དང་ཚྭ་མཚོའི་ལི་ལེན་འདུས་རྫས་བཟོ་སྣོན་སོགས་ཀྱི་ཚན་རྩལ་འགག་སྒྲོལ་ལག་ལེན་དང་། བསྲེས་མའི་ཚྭ་གློག་རྒྱུ་ཆའི་སྨད་རྒྱུད་ཀྱི་ཐོན་རྫས་གསར་སྤེལ་ཧུར་ཐག་བྱ་ཞིང་། ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ།དབྱི་ལི་ཕིང་ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་དང་པིན་ཏི་ཅཱ་ལིད་ཏུན་ཁྲི་བརྒྱ་ཐམ་པའི་ནུས་སྐྱེད་བསྒྱུར་བཀོད།ཙང་ཀོའི་གློག་རྫས་ཏུན་ཁྲི1གི་ཐཱན་སྐྱུར་ལིས།  ལན་ཁོ་ལིས་ལས་རིགས་གློག་རྫས་ཏུན་ཁྲི2ཅན་གྱི་ཐཱན་སྐྱུར་ལིས། ཝང་ཧྥུན་དབྱང་འགྱུར་མཱེ་སྤུས་ལེགས་ཅན་ཏུན་ཁྲི2དང་ཆིན་དབྱང་འགྱུར་རྫས་ཏུན་ཁྲི1སོགས་རྣམ་གྲངས་གཙོ་བོའི་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་གཏོང་བ་དང་། ཏ་ལང་ཐེན་ཚྭ་མཚོའི་འགྲམ་རྒྱུད་ཀྱི་ཐོན་ཁུངས་ཧྲིལ་བོ་གཅིག་སྒྲིལ་བྱ་ཞིང་། ཀྲུང་ནུང་ཞིན་ཡོན་ཅཱ་ལིད་དང་ཐཱན་སྐྱུར་ལིས་ཐོན་སྐྱེད་གཞི་ས་འཛུགས་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་།

རྒྱལ་ཁབ་རིམ་པའི་ནུས་རྒྱུ་གཙང་མའི་དཔེ་སྟོན་ཁུལ་བསྐྲུན་དགོས།“གསར་བརྗེ་བཞི་དང་མཉམ་ལས་གཅིག”གི་བླང་བྱ་ལག་བསྟར་ནན་མོ་བྱེད་དགོས་ཤིང་། རྒྱལ་ཁབ་ཀྱི་ཐཱན་མི་དགོས་པའི་དྭངས་གཙང་ནུས་ཁུངས་དཔེ་སྟོན་རྟེན་གཞི་འཛུགས་སྐྱོང་བྱ་རྒྱུ་དམ་འཛིན་བྱེད་སར་བཟུང་སྟེ། ཞིབ་འཇུག་གསར་སྤེལ་དང་སྒྲིག་ཆས་བཟོ་སྐྲུན།  གློག་ཁུངས་འཛུགས་སྐྲུན།  གཉེར་སྐྱོང་། ཁེ་གཉེར།  ཕྱིར་གཏོང་བཅས་གཞི་གཅིག་ཏུ་འབྲེལ་བའི་ནུས་ཁུངས་ཐོན་ལས་གསར་སྤེལ་གྱི་རྣམ་པ་གང་མགྱོགས་བཟོ་དགོས།སྟོང་ཝ་ཁྲི་སྟོང་རིམ་པ་ཅན་གྱི་ནུས་ཁུངས་གཙང་མའི་རྟེན་གཞིའི་རྣམ་གྲངས་གཉིས་པ་དེ་ལས་འགོ་ཚུགས་རྒྱུར་བརྩོན་ལེན་བྱེད་པ་དང་། གློག་སྟོང་ཝ་ཁྲི195ཡི་དྲ་སྦྲེལ་ལས་གཞི་དུས་ལྟར་འགན་ལེན་བྱ་རྒྱུ་དང་། མཚོ་ནུབ་ཁུལ་དུ་ཉི་ནུས་རྒྱལ་ཁབ་ཀྱི་དཔེ་སྟོན་རྣམ་གྲངས་ཁག་གཉིས་པ་དངོས་སུ་འགྲུབ་ཐུབ་པ་བྱ་རྒྱུ། ནུས་ཁུངས་གཙང་མའི་ནུས་ཁུངས་གསོག་ཉར་རྣམ་གྲངས་འཛུགས་སྐྲུན་བྱེད་པར་བསྔགས་སྐུལ་བྱས་ནས། འབར་འཁྱགས་དང་བྲག་རྡོ་སོལ་རླངས་སོགས་ནུས་ཁུངས་གསར་འབྱེད་དང་བེད་སྤྱོད་ཞིབ་འཇུག་ཡག་པོ་བྱ་དགོས།ནུས་རྒྱུ་གཙང་མའི་གོང་འཕེལ་དང་དམངས་འཚོ་ལེགས་བཅོས་བྱ་རྒྱུ་ཟུང་འབྲེལ་དམ་ཟབ་ཡོང་བར་སྐུལ་འདེད་བཏང་སྟེ་འོད་ཤུགས་དབུལ་སྐྱོར་གྱི་འགག་སྒྲོལ་ལས་དོན་ཡག་པོ་སྒྲུབ་དགོས།

མཐོ་སྒང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་ལས་ཀྱི་མ་ལག་གསར་བཟོ་བྱ་དགོས།  ཁྱོན་ཡོངས་ནས་རྫས་ལུད་ཞིང་སྨན་ཉུང་གཏོང་དང་ཕན་ནུས་ཇེ་མཐོ་གཏོང་བའི་བྱ་བ་སྤེལ་འགོ་ཚུགས་དགོས།  འཕང་འབྲས་དང་ལི་གྲོ་སོགས་ཁྱད་ལྡན་སྐྱེ་དངོས་ནི་སྣེ་ཁྲིད་དུ་རྟེན་ཏེ། སྟོབས་ཤུགས་ཡོད་རྒུས་རྫས་གསུམ་རྟགས་གཅིག་ལ་ཁས་ལེན་པར་སྐུལ་འདེད་དང་།  སྐྱེ་ལྡན་འཕང་འབྲས་མུའུ5000ལ་ཁས་ལེན་ཐོབ་པར་ལེགས་འགྲུབ་བྱུང་དགོས།  མཚོ་ནུབ་ཁུལ་གྱིས་འཕང་འབྲས་ཐོན་ལས་འཕེལ་རྒྱས་ལ་སྲུང་སྐྱོང་གི་སྲོལ་ཡིག་གཏན་འབེབ་དང་།   འཕང་འབྲས་དང་ལི་གྲོ་རིགས་སོ་སོའི་ཚད་གཞི་བརྡ་ཁྱབ་དུ་གཏོང་ཞིང་།  རིམ་བཞིན་ཚྭ་འདམ་ཞིང་ཕྱུགས་ཐོན་རྫས་ཀྱི་ཚད་གཞི་དོ་དམ་མ་ལག་ཁ་ཚང་དུ་གཏོང་བ་དང་།  ཁྱད་ཆོས་ལྡན་པའི་དྲོད་འཛིན་ཐོན་རྫས་ཀྱི་འཁྱགས་པའི་སྦྲེལ་མཐུད་དངོས་ཟོག་གཏོང་བའི་མ་ལག་འཛུགས་སྐྲུན་དང་། ནུས་ཤུགས་ཡོད་རྒུས་སྐྱེ་ལྡན་ཟས་རིགས་དང་སྐྱེ་དངོས་སྨན་རྫས་སོགས་ཁྱད་ལྡན་སྐྱེ་དངོས་ཀྱི་ཐོན་ལས་གསོ་སྐྱོང་བྱེད་དགོས།     ས་གཙང་དང་སེ་མོད་སྐྱེ་ལྡན།  གནོད་མེད་སྐྱོན་བྲལ་བཅས་ཀྱི་ཁྱད་ལྡན་སྤུས་རྟགས་གཏོད་པ་དང་སྤུས་རྟགས་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་སྟེ་སྤུས་རྟགས་མིང་གྲགས་ཆོད་ཚད་ཇེ་མཐོ་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུ།ཞིང་ཕྱུགས་ལས་དེང་རབས་ཅན་དུ་འགྱུར་བར་མགྱོགས་སྐུལ་གཏོང་ཞིང་ཞིབ་བསྡུས་ཅན་དང་ཆེད་ལས་ཅན།རྩ་འཛུགས་ཅན། སྤྱི་ཚོགས་ཅན་བཅས་སུ་འགྱུར་བ་དང་ཟུང་འབྲེལ་བྱེད་པའི་ཞིང་ཕྱུགས་ལས་ཀྱི་གཉེར་སྐྱོང་མ་ལག་གསར་པ་འཛུགས་སྐྱོང་བྱ་དགོས།གཏེར་ལམ་ནི་རྒྱལ་ཁབ་རིམ་པའི་དེང་རབས་ཀྱི་ཞིང་ལས་ཐོན་ལས་གླིང་དང་མོ་ཧུ་ནི་ཞིང་ཆེན་རིམ་པའི་ཁྱད་ལྡན་གསོ་སྤེལ་ཐོན་ལས་གླིང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་མགྱོགས་སྐུལ་གཏོང་དགོས།

མཐོ་སྒང་གི་ཁྱད་ཆོས་ལྡན་པའི་རིག་གནས་ཡུལ་སྐོར་རྟེན་གཞི་བསྐྲུན་དགོས། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ངང་གོང་འཕེལ་ཡོང་བར་སྐུལ་འདེད་ཤུགས་ཆེ་གཏོང་བ་དང་། དེང་རབས་ཀྱི་སྤྱི་སྤྱོད་རིག་གནས་ཞབས་ཞུའི་མ་ལག་དང་ཡུལ་སྐོར་གྱི་སྤྱི་སྤྱོད་ཞབས་ཞུའི་མ་ལག་མགྱོགས་མྱུར་ངང་བཙུགས་ནས། རིག་གནས་བྱ་གཞག་དང་རིག་གནས་ཐོན་ལས། ཡུལ་སྐོར་ཐོན་ཁུངས་བཅས་གསར་སྤེལ་བྱ་རྒྱུར་སྔར་བས་གཅིག་གྱུར་གྱིས་འཆར་འགོད་ཡག་པོ་བྱས་ཏེ། ཧུར་ཐག་གིས་མཚོ་ནུབ་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་གསར་གཏོད་རང་བཞིན་འཕོ་འགྱུར་དང་འཕེལ་རྒྱས་གཏོང་བར་སྐུལ་འདེད་གཏོང་།ཁུལ་ཡོངས་ཀྱི་དུས་ཚིགས་ཀུན་ཏུ་ཡུལ་སྐོར་བྱེད་ཐུབ་པར་འབད་བརྩོན་དང་རང་ལྗོངས་ཀྱིས་ཡུལ་སྐོར་དཔེ་སྟོན་ཁུལ་གཏོད་ནས་ཀྲུང་གོའི་ནུབ་རྒྱུད་ལ་ཤུགས་རྐྱེན་ཐེབས་ཤུགས་ཆེ་ཤོས་ལྡན་པའི་ཡུལ་སྐོར་དམིགས་ས་ཡག་ཤོས་དེ་གཏོད་དགོས། ངོ་མཚར་ལྡན་ཞིང་ཡ་མཚན་ཆེ་བའི་ཡཱ་ཏིན་དང་རིགས་ཚོགས་ཀྱི་ལྷུན་པོ། ནམ་མཁའི་མེ་ལོང་ཡུལ་ལྗོངས3འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་ནས་ལྗོངས་རྒྱུའི་ལམ་ཐིག་རྩེ་གྲ10ཁྱབ་གདལ་གཏོང་དགོས། ཚྭ་ཁ་ཚྭ་མཚོA5རིམ་པའི་མཛེས་ལྗོངས་ཁུལ་མགྱོགས་མྱུར་ངང་བསྐྲུན་རྒྱུ་དང་།མཁའ་དབྱིངས་ཀྱི་ཏེན་རྟགས་དང་ཆུ་ཐོག་ཡར་ཀླུང་སོགས་མཛེས་ལྗོངས་ཁུལ་གཙོ་བོའི་རིམ་སྤོར་བྱ་བར་སྐུལ་འདེད་གཏོང་རྒྱུ།ཚྭ་ཁམས་ཚྭ་མཚོའི་དང་མརྒཏ་མཚོ།  ཅིན་ཙི་མཚོ།  དྲེད་ལུང་སོགས་ཀྱི་མཛེས་ལྗོངས་གཙོ་གནད་དུ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་དགོས།དགུན་དཔྱིད་དུས་ཀྱི་ཡུལ་སྐོར་གཟིགས་སྐྱོང་གི་སྲིད་ཇུས་གཏན་འབེབས་བྱས་ཏེ་དམངས་སྲོལ་ཡུལ་སྐོར་དང་།གངས་འཁྱག་ཡུལ་སྐོར། རིག་གནས་ལྗོངས་རྒྱུ་སོགས་དགུན་དཔྱིད་དུས་ཀྱི་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་སྐྲུན་དགོས།

རྒྱལ་ཁབ་རིམ་པའི་ལྷད་མེད་དང་ཐཱན་དམའ་བའི་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་བསྐྲུན་དགོས།མཚོ་ནུབ་ཀྱི་ལྗང་མདོག་ཐཱན་ཉུང་འཁོར་སྐྱོད་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་འཆར་འགོད་སྒྲིག་བཟོ་བྱེད་པ་ཇེ་མགྱོགས་སུ་བཏང་སྟེ།ཚྭ་མཚོའི་ཐོན་ཁུངས་གསར་སྤེལ་དེ་རྒྱལ་ཁབ་ཀྱི་འཐབ་ཇུས་སུ་འཕར་བར་སྐུལ་འདེད་བྱ་དགོས།   སྟོབས་ཤུགས་ཡོད་རྒུས་གླིང་ཁུལ་དཔལ་འབྱོར་གོང་འཕེལ་དུ་གཏོང་ཞིང“སྟོང་ལྔའི”ཐོན་ལས་ཁྱུ་ཚོགས་འཛུགས་སྐྲུན་བྱེད་པར་གཟབ་ནན་གྱིས་སྐུལ་འདེད་དང། རྒྱུ་རྐྱེན་གཙོ་བོ་འདུས་ཁུལ་དང་། ཁེ་ལས་དག་གླིང་ཁུལ་ཕྱོགས་སུ་འདུས་སྡོད་དང་། ཐོན་ལས་གླིང་ཁུལ།རྣམ་གྲངས་གླིང་ཁུལ་བཅས་སུ་གཅིག་བསྡུས་ཡོང་བར་སྐུལ་འདེད་གཏོང་ཞིང་།         གླིང་ཁུལ་ལྟེ་བའི་ཁེ་ལས་མྱུར་དུ་གསོ་སྐྱོང་བྱེད་པ་དང་ན་གོར་མོའི་ཁྱད་ལྡན་སྐྱེ་དངོས་ཐོན་ལས་སྡེ་གླིང་། ལུན་ཧུའུ་བཟོ་ལས་གླིང་།  གཏེར་ལམ་དེང་རབས་ཚན་རྩལ་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་། ན་གོར་མོའི་བཟོ་ལས་གླིང་གི་ཉིས་སྤེལ་ལྟེ་གནས།  གཏེར་ལེན་ཁ་བཟོ་ལས་གླིང་ཆེད་སྤྱོད་ལྕགས་ལམ་དང་།  ཚྭ་འདམ་ཆེ་བའི་ཡུན་མཱ་འགག་ཐོན་ལས་གླིང་གི་བཙོག་ཆུ་དབྱེ་སེལ་བཟོ་གྲྭ གཏེར་ལམ་རྫོང་བཟོ་ལས་གླིང་གི་ཁྱད་ལྡན་སྐྱེ་དངོས་བཟོ་ལས་གླིང་གི་ཚད་ལྡན་ཅན་གྱི་ཁང་པ་དང་དེའི་ཆ་འགྲིག་རྨང་གཞིའི་སྒྲིག་བཀོད་ལག་བསྟར་བྱ་རྒྱུ་དང། བཟོ་ལས་གླིང་གི་ནུས་པ་དང་ཆ་འགྲིག་བྱེད་ནུས། སྐུལ་ཁྲིད་ཀྱི་ནུས་པ་དང་། ཞབས་ཞུའི་ནུས་པ་བཅས་དང་ཟེར་བའི་སྣེ་ཁྲིད་ཀྱི་ནུས་པ་ཆེ་རུ་གཏོང་དགོས།  《དམག་དམངས་མཉམ་འདྲེས་ཀྱི་ཐོན་ལས་གླིང་གི་ཐོན་ལས་གོང་སྤེལ་འཆར་འགོད》གང་མགྱོགས་བཟོས་ནས།  དམག་དམངས་མཉམ་འདྲེས་ཀྱི་ཐོན་ལས་འབྲེལ་ཐག་དང་གསར་གཏོད་འབྲེལ་རྡང་།མ་དངུལ་ཕྲེང་རྡང་། ཞབས་ཞུའི་འབྲེལ་རྡང་བཅས་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ་དང་། དམག་དམངས་མཉམ་འདྲེས་ཀྱི་ཐོན་ལས་འདུ་ཁུལ་ཧུར་ཐག་བསྐྲུན་དགོས།

གསུམ། མཁར་གྲོང་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་གོ་སྐབས་སུ་བཟུང་ནས། ནུབ་རྒྱུད་གྲོང་ཁྱེར་གྱི་ཁོར་ཡུག་བསྐྲུན་དགོས།

མཐོ་གནས་སུ་སྐུལ་འདེད་གཏོང་བར་འཆར་འགོད་དང་སྣེ་ཁྲིད་བྱ་དགོས། ཞིང་ཆེན་གྱིས་མཚོ་ནུབ་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་རྣམ་པ་གཞན་བསྒྱུར་གྱི་གོ་སྐབས་བེད་སྤྱོད་གང་ལེགས་བྱས་ཏེ།གཙོ་བོ་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤྱིའི་འཆར་འགོད་དཔྱད་དཔོག་དང་། བཟོ་བཅོས། ཞིབ་བཤེར།ཞིབ་བཤེར་མཆན་འགོད་བཅས་ཀྱི་བྱ་བར་སྐུལ་འདེད་གཏོང་དགོས། མཚོ་ནུབ་ཁུལ་གྱི་མཁར་གྲོང་ཅན་མ་ལག་གི་འཆར་འགོད་དང་།མཱང་ནེ་གྲོང་ཁྱེར་གྱི་སྤྱིའི་འཆར་འགོད་དང་གྲོང་ཁྱེར་གཞན་དག་གི་སྤྱིའི་འཆར་འགོད་བཟོ་བའི་ལས་དོན་ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས། ཁུལ་ཡོངས་ཀྱི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་འཆར་འགོད་དང་དེ་བཞིན་ཚོད་འཛིན་རང་བཞིན་གྱི་སྒྲིག་སྲོལ་ཞིབ་ཕྲ་བཟོ་དགོས། མཚོ་ནུབ་ཁུལ་ལོ་ལྔའི་འཆར་འགད་བཅུ་གསུམ་པའི་དབྱིབས་གསར་བའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཕེལ་རྒྱས་ཀྱི་འཆར་འགོད་དང་ལོ་ལྔའི་་འཆར་འགོད་བཅུ་གསུམ་པའི་དངོས་རིགས་རྒྱུན་མཐུད་ལས་འཕེལ་རྒྱས་གཏོང་བའི་དུས་སྐབས་ཀྱི་ཚོད་དཔག་ལས་དོན་ལ་སྐུལ་འདེད་གཏོང་དགོས།

“རྒྱུད་གཅིག་ལམ་གཅིག”གི་སྦྲེལ་ཚིགས་གྲོང་ཁྱེར་བསྐྲུན་དགོས།ན་གོར་མོ་ཞིང་ཆེན་ཡོངས་ཀྱི “ལྟེ་གནས་ཕལ་བའི”གྲོང་ཁྱེར་དང་གཏེར་ལེན་ཁ་ནི་ཁུལ་ནང་གྲོང་ཁྱེར་གྱི་ལྟེ་གནས་བཅས་འཛུགས་པ་དང་།མཱང་ནེ་གྲོང་ཁྱེར་ནི་རམ་འདེགས་ཡིན་ལ། ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དང་བཟང་ཆ་ཕན་ཚུན་ཁ་གསབ་བྱེད་རེས་ཀྱི་མཚོ་སྔོན་ནུབ་རྒྱུད་ཀྱི་དེང་རབས་གྲོང་ཁྱེར་གྱི་ཡུལ་སྐོར་ཁུལ་ཞིག་བསྐྲུན་དགོས།ན་གོར་མོ་གྲོང་ཁྱེར་གྱི་གྲོང་ཁུལ་རྙིང་པ་དང་བྱང་ངོས་ཡུག་ཁུལ་ལྔ་དང་ཁུལ་གསར་་བའི“ཁུལ་གསུམ་མཉམ་འཛུགས”ལ་སྐུལ་འདེད་ཇེ་མགྱོགས་སུ་གཏོང་བ་དང་།མཚོ་བོད་ཀྱི་རྒྱལ་སྤྱིའི་སྐམ་སའི་གྲུ་ཁ་དང་རྒྱལ་ཁབ་ཀྱི་ཟོག་འདྲེན་ལྟེ་གནས་གྲོང་ཁྱེར་བཅས་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་གཏོང་དགོས།ན་གོར་མོའི་འགག་སྒོ་འཛུགས་སྐྲུན་དགོས་པ་དང་།  རང་མོས་ཉོ་ཚོང་ཚོད་ལྟའི་ཁུལ་གྱི་ཞུ་ཡིག་འབུལ་བར་སྐུལ་འདེད་གཏོང་དགོས།གཏེར་ལེན་ཁའི་རྒྱལ་ཡོངས་ཀྱི་གྲོང་ཁྱེར་སྐོར་གཉིས་པའི་འཆར་འགོད་ཚོད་ལྟའི་བྱ་བ་ལེགས་འཛིན་དང་གཏེར་ལེན་གྲོང་ཁྱེར་གྱི་སྤྱིའི་འཆར་འགོད་སྔར་ལས་འཐུས་ཚང་དུ་གཏོང་བ་དང་།གྲོང་ཁྱེར་གྱི་རྣམ་པ་ཇེ་ལེགས་སུ་བཏང་སྟེ། གྲོང་ཁྱེར་དཀྱིལ་གྱི་སྡེ་བའི་བསྒྱུར་བཀོད་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།འགོ་འཛུགས་ས་མཐོ་བའི་འཆར་འགོད་དང་ཚད་གཞི་མཐོ་བའི་འཛུགས་སྐྲུན་མཐའ་འཁྱོངས་བྱས་ནས་ནོར་སྲིད་ནས་མ་དངུལ་མང་དུ་བཏང་སྟེ་མང་ནེ་གྲོང་ཁྱེར་འགྲིམ་འགྲུལ་གྱི་རྣམ་པ་དང་།སྐྱེ་ཁམས་ཀྱི་རྣམ་པ། ཐོན་ལས་ཀྱི་རྣམ་པ།  ཡུལ་སྐོར་གྱི་རྣམ་པ་བཅས་ཀྱི་བྱེ་ཐང་སྤང་ལྗོངས་ཞེས་དེང་རབས་ཅན་གྱི་གྲོང་གསར་དུ་མགྱོགས་སྐྲུན་བྱ་དགོས།

མཁར་ཤང་མཐུན་སྦྱོར་ངང་གོང་འཕེལ་ཡོང་བར་གཅིག་གྱུར་གྱིས་འཆར་འགོད་བྱ་དགོས།རྫོང་ཁོངས་ཐོན་ལས་གོང་སྤེལ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་སྤྱོད་ཞབས་ཞུ་བགོ་སྒྲིག་བཅས་ལ་ཕྱོགས་བསྡུས་ཀྱིས་བསམ་གཞིགས་གནང་སྟེ། མི་འབོར་ཞང་དང་གྲོང་རྡལ་གནས་ས་དང་ཐོན་ལས་གོང་སྤེལ་ས་ཁུལ་དུ་འདུས་སྡོད་བྱེད་པར་ཁྲིད་སྟོན་དང་། གྲོང་ཁྱེར་དང་གྲོང་རྡལ་ཀྱིས་ཡུལ་ཚོ་ལ་སྐུལ་ཁྲིད་བྱེད་ནུས་ཆེ་རུ་གཏོང་དགོས།  ཆུ་ཚད་མཐོན་པོས་མཛེས་སྡུག་ལྡན་པའི་གྲོང་རྡལ་དང་མཐོ་སྒང་གི་མཛེས་པའི་ཞིང་སྡེ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།ནོར་སྲིད་ནས་མ་དངུལ་འཇོག་པ་དང་།  རྨང་གཞིའི་སྒྲིག་བཀོད།  སྤྱི་སྤྱོད་ཞབས་ཞུ་བཅས་རོང་འབྲོག་ཁུལ་ལ་ཕྱོགས་པ་དང་མཆེད་རྒྱ་ཆེ་རུ་གཏོང་བར་སྐུལ་འདེད་གཏོང་བ་དང་།རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་།  སྤྱི་སྤྱོད་ཞབས་ཞུ།  དམངས་འཚོའི་འདུ་འགོད་གལ་ཆེན་ཁག་ཅིག་སྒྲིག་འཛུགས་ལག་ལེན་བསྟར་བ། གྲངས་འཛིན་ལག་རྩལ་གྱིས་འགྲིམ་འགྲུལ་དང་གློག་དྲ།  སྨན་བཅོས། ཁོར་ཡུག་སྲུང་སྐྱོང་སོགས་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་དང་དམངས་འཚོའི་ཁྱབ་ཁོངས་སུ་བེད་སྤྱོད་གཏིང་ཟབ་བྱེད་པར་སྐུལ་འདེད་གཏོང་དགོས།གྲོང་ཁྱེར་དང་གྲོང་གསེབ་གཞི་གཅིག་ཏུ་འགྱུར་བའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་སྤྱོད་ཞབས་ཞུའི་མ་ལག་འཛུགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་བསྟུད་མར་ཇེ་དྲག་ཏུ་གཏོང་དགོས།ན་གོར་མོ་ནས་འཁོར་ལོའི་བར་དང་། ན་གོར་མོ་ནས་ཏུན་ཧུང་བར་གྱི་ལྕགས་ལམ།  མཚོ་བོད་ལྕགས་ལམ་གྱི་ན་གོར་མོ་ནས་ལྷ་སའི་བར་གྱི་བསྒྱུར་བཀོད་རྒྱ་བསྐྱེད་གཏོང་ཐུབ་པའི་འཛུགས་སྐྲུན་ལེགས་འགྲུབ་བྱ་དགོས་པ་དང་། ན་གོར་མོ་ནས་ཁྲིན་ཏུའུ་ཡི་བར་དང་ཡུན་ནན་ཏ་ལུགས་ནས་ན་གོར་མོའི་བར། ཟི་ཞིང་ནས་ན་གོར་མོའི་བར་གྱི་མྱུར་འགྲོའི་ལྕགས་ལམ་སོགས་ཀྱི་རྣམ་གྲངས་སྔོན་གྲབས་བྱ་བ་དམ་འཛིན་བྱ་དགོས།  ཐེམ་ཆེན་ནས་མཚོ་དཀར་རིས་བར་དང་སེ་པིའུ་ནས་ཚྭ་ཁམས་བར།  ན་གོར་མོ་ནས་མང་ནེ་བར་གྱི་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ལ་སྐུལ་འདེད་ནན་མོ་བྱ་དགོས།གཏེར་ལམ་དང་ཐེམ་ཆེན།  ཚྭ་འདམ་ཆེ་བའི་ཆུ་ཐོག་ཡར་ཀླུང་གཙང་པོའི་རྒྱུན་སྤྱོད་གནམ་གྲུ་ཐང་གང་མགྱོགས་ཀྱིས་འཛུགས་སྐྲུན་དང་། ཁུལ་མངའ་ཁོངས་ཀྱི་ས་གནས་གང་ལའང་འཕུར་ལྡིང་ཐུབ་པར་བརྩོན་ལེན་བྱ་རྒྱུ།   ཉིང་རྡུལ་གློག་འདོན་དང་ཉིང་རྡུལ་ནུས་པའི་ཚ་དྲོད་མཁོ་འདོན་བྱེད་ནུས་དང་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་མཐོ་གནོན་ཕྱིར་སྐྱེལ་བརྒྱུད་ལམ་སོགས་ལས་གཞིའི་སྔོན་གྲབས་བྱ་བར་མྱུར་དུ་སྐུལ་འདེད་གཏོང་དགོས།   ཆུ་མཛོད་བཟོ་སྐྲུན་གཙོ་བོའི་ཚྭ་འདམ་འཕེལ་རྒྱས་གཏོང་བ་དང་ཤངས་སྡེ་ཆུ་མཛོད་དང་དེ་མིན་ཆུ་འདྲེན་ཁུལ། སྣེ་མོང་དཔུང་ཆུ་མཛོད།  ཚྭ་འདམ་གཞོང་སའི་ཆུའི་ཐོན་ཁུངས་བཀོད་སྒྲིག་སོགས་རྣམ་གྲངས་གནད་འགག་ཅན་གྱི་སྔོན་གྲབས་བྱ་བར་སྐུལ་འདེད་ཧུར་ཐག་བཏང་།

བཞི།གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུ་དམ་འཛིན་བྱེད་སར་བཟུང་ནས། “ཞིང་གསུམ་ཕྱུགས་གསུམ”འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱ་དགོས།

རོང་འབྲོག་ཁུལ་གྱི་ཕྱོགས་བསྡུས་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས།ཞིང་ཕྱུགས་ལས་ཀྱི་མཁོ་སྤྲོད་ཕྱོགས་གྲུབ་ཚུལ་རང་བཞིན་གྱི་སྒྱུར་བཅོས་བྱེད་རྒྱུར་མགྱོགས་སྐུལ་གཏོང་བ་དང་།གྲོང་གསེབ་ཀྱི་དཔལ་འབྱོར་འཕེལ་རྒྱས་ཁུལ་ཚན་རིག་དང་མཐུན་པར་དབྱེ་ནས་དེང་རབས་ཀྱི་ཞིང་ལས་ཐོན་ལས་གླིང་ཁུལ་དང་།མཐོ་སྒང་གི་གྲང་འཁྱག་ཆེ་བའི་ཁྱད་ལྡན་སྐྱེ་དངོས་ཐོན་ལས་ཀྱི་རྟེན་གཞི་དང་སྐྱེ་ལྡན་ཞིང་ལས་ཐོན་སྐྱེད་ཀྱི་དཔེ་སྟོན་རྟེན་གཞི་བཅས་གཙོ་གནད་དུ་བཟུང་སྟེ་འཛུགས་སྐྲུན་བྱ་དགོས།རོང་འབྲོག་ཁུལ་གྱི་འགན་གཙང་ལེན་པའི“དབང་གསུམ་ལོགས་དབྱེ”ལམ་ལུགས་དོན་འཁྱོལ་བྱས་ཏེ་ཞིང་ཕྱུགས་ལས་གཉེར་སྐྱོང་གི་མ་ལག་གསར་པ་གཏོད་དགོས།རོང་འབྲོག་ཁུལ་གྱི་ཐུན་མོང་རྒྱུ་ནོར་བདག་དབང་ལམ་ལུགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་རོང་འབྲོག་ཁུལ་གྱི་མཉམ་སྡེབ་རྒྱུ་ནོར་གཙང་བཤེར་དང་མ་རྩ་ཞིབ་བཤེར། ཐུན་མོང་ཁོངས་མིའི་ཐོབ་ཐང་ཁས་ལེན།  ཐུན་མོང་དཔལ་འབྱོར་རྩ་འཛུགས་བཅས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་དགོས།ས་རྒོད་གསར་སྦོལ་བསྒྱུར་བཅོས་དང་གཞུང་དབང་ས་ཆའི་བདག་དབང་གཏན་འཁེལ་ཐོ་འགོད་ལག་ཁྱེར་སྤྲོད་རྒྱུར་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས།ཞིང་ཕྱུགས་ལས་ཀྱི་འགན་བཅོལ་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་བ་དང་འགན་བཅོལ་རིགས་སྣ་རྒྱ་ཆེར་གཏོང་བ།དངུལ་རྩའི་ཞིང་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་ཕྱུགས་ལས་དང་རོང་འབྲོག་ཁུལ་གྱི་ཐོན་ཁུངས་གང་འགབ་ཅི་སྤྱོད་བཅས་བྱ་རྒྱུ།

གྲོང་ཚོའི་འཆར་འགོད་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་ནས་ཁྲིད་སྟོན་བྱ་དགོས།གྲོང་ཚོ་འཛུགས་སྐྲུན་གྱི་འཆར་འགོད་ལེགས་པོར་སྒྲུབ་པ་དང་།གྲོང་ཚོ་འཛུགས་སྐྲུན་གྱི་ལས་འགན་སྒྲུབ་པའི་གོ་རིམ་སྒྲིག་སྟེ་གསལ་རྟོགས་བྱེད་དགོས་ཤིང་།ཐོན་ཁུངས་སྣ་ཚོགས་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ།   སྟོབས་ཤུགས་གཅིག་སྡུད་དང་གཙོ་གནད་འབུར་ཐོན་བྱེད་པ། རོང་འབྲོག་ཁུལ་གྱི་འཕེལ་རྒྱས་ཀྱི་ཞན་ཆ་གསབ་སྒྲིག་ཇེ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་ཞིང་གྲོང་གི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་ལེགས་སྒྱུར་བྱ་དགོས།ཀྲེ་ཅང་གི“སྡེ་སྟོང་གི་དཔེ་སྟོན་དང་གྲོང་ཚོ་ཁྲི་སྒྲིག་བཅོས་བྱེད་པའི”ཉམས་མྱོང་ལ་སློབ་སྦྱོང་དང་།  “ཁྱིམ་གཞིས་མཛེས་སྒྱུར”གྱི་བྱ་སྤྱོད་དང་ཞིང་སྡེ་འབྲོག་ཁུལ་གྱི་སྡོད་གནས་ཁོར་ཡུག་ལེགས་བཅོས་བྱས་པའི་ལོ་གསུམ་བྱ་སྤྱོད་གཏིང་ཟབ་ཀྱིས་སྤེལ་དགོས་པ་དང་། “བཞི་ལྡན་གྲོང་གསེབ་ལམ་བཟང”འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ནས། གྲོང་གསེབ་དང་འབྲོག་པའི་གཞིས་ཆགས་ས་དང་གཏན་སྡོད་་བཅོས་སྒྲིག་རྣམ་གྲངས་ལ་གཅིག་གྱུར་གྱིས་བཀོད་སྒྲིག་བྱ་དགོས།

ཐོན་ལས་མཉམ་སྡེབ་འཕེལ་རྒྱས་ཀྱི་མ་ལག་བསྐྲུན་དགོས།སྐྱེ་ཁམས་ཕྱུགས་ལས་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་ཤུགས་ཆེན་གཏོང་བ་དང་།ཏན་ཏིག་གིས“ཧཱ་ཞི་བ་ཡི་རྣམ་པ”དང“མེ་ལོང་དཔེ་དབྱིབས”ཁྱབ་གདལ་དུ་གཏོང་དགོས་པ་དང་།ཞིང་ཕྱུགས་ལས་ཀྱི་ཐོན་ལས་རྒྱ་བསྐྱེད་དང་།  རིག་གནས་ཡུལ་སྐོར་དང་ཚོང་དོན་མཉམ་འདྲེས་ཀྱི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་དགོས།ཁེ་ལས་ལ་འབྲེལ་ཏེ་གྲོང་ཚོ་དར་རྒྱས་གཏོང་བའི“1+1”བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་རོང་འབྲོག་ལས་ཀྱི་ཐོན་སྐྱེད་ནུས་པ་ཟམ་མི་ཆད་པར་རྒྱ་ཆེར་བཏང་ནས་ཞིང་ཕྱུགས་ཐོན་ལས་ལ་ལས་སྣོན་ཞིབ་ཚགས་དང་སྤུས་ཚད་ལེགས་པའི་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། “ཞིང་ཕྱུགས་ལ+”ཀྱི་ལས་རྣམ་གསར་པ་ཧུར་ཐག་གིས་སྐྱེད་སྲིང་བྱེད་པ་དང་། ཞིང་གྲོང་གི་ཡུལ་སྐོར་དང་གསར་གཏོད་ལྟ་སྐོར།  ཞིང་དོན་ཉམས་ལེན།  སྤྲོ་གསེང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་དངོས་ཟོག་བགོ་སྐྱེལ་སོགས་ཀྱི་ཐོན་ལས་གོང་འཕེལ་ཇེ་མགྱོགས་སུ་གཏོང་བ་དང་།ཞིང་ཕྱུགས་ལས་ཀྱི་ཐོན་ལས་འབྲེལ་ཐག་གི་རྒྱུན་སྲིང་བ་དང་རིན་ཐང་མཐོ་རུ་གཏོང་ཞིང་འདོན་སྤྲོད་ལེགས་བསྒྱུར་བྱ་དགོས། ནོར་སྲིད་ཀྱི་རོགས་སྐྱོར་དང་ཁྲལ་འབབ་ཆག་ཡང་། དངུལ་རྩའི་རྒྱབ་སྐྱོར། ས་ཞིང་བེད་སྤྱོད།ཚན་རྩལ་གྱིས་འདེགས་སྐྱོར། ཞིང་ཕྱུགས་ལས་ཀྱི་གློག་སྤྱོད་སོགས་ཐད་ཀྱི་སྲིད་ཇུས་དངོས་སུ་བཏོན་ནས་ཐོན་ལས་གཉིས་པ་དང་གསུམ་པ་མཉམ་འདྲེས་ཐོག་ནས་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་དང“གཅིག་རྗེས་གཉིས་མཐུད”ཀྱི་འཕེལ་རྒྱས་རྣམ་པ་གསར་པ་ཆགས་པར་བྱ་དགོས།

 ཁྱོན་ཡོངས་ནས་གྲོང་གསེབ་བཅོས་སྐྱོང་བྱ་དགོས།  ཞིང་འབྲོག་ཁུལ་གཞི་རིམ་གྱི་གཞི་རྩའི་བྱ་བར་ཤུགས་སྣོན་པ་དང་། གྲོང་གསེབ་ཀྱི་ཏང་རྩ་འཛུགས་ཀྱི་འགོ་ཁྲིད་གསོན་ཤུགས་ལྡན་པའི་ངང་སྡེ་མིས་རང་སྐྱོང་གི་རྐྱེན་སྲོལ་འཐུས་ཚང་དང་གསར་གཏོད་བྱེད་ཅིང་། སྡེ་མིའི་ཚོགས་འདུ་དང་སྡེ་མིའི་གྲོས་བསྡུར་ཚོགས་འདུ། སྡེ་མིའི་ལས་འཛིན་ཚོགས་འདུ་བཅས་ལ་བརྟེན་ནས། དམངས་དོན་དམངས་ཀྱིས་གྲོས་མོལ་བྱེད་པ་དང་དམངས་དོན་དམངས་ཀྱིས་སྒྲུབ་པ། དམངས་དོན་དམངས་ཀྱིས་དོ་དམ་བྱེད་པའི་རིམ་པ་སྣ་མང་གི་གཞི་རིམ་གྲོས་མོལ་གྱི་ཆགས་སྟངས་སྒྲིག་དགོས།སྔར་ལས་ལྷག་པའི་སྒོ་ནས་སྡེ་དོན་ཁྲོམ་བསྒྲགས་ལ་སྐུལ་འདེད་གཏོང་བ་དང། རྩ་འཛུགས་བྱེད་པ་མ་ཟད་སྡེ་མི་སྣེ་ཁྲིད་ནས་གྲོང་གསེབ་ཀྱི་བཅོོས་སྐྱོང་ཁྲོད་དུ་ཞུགས་ནས།དམངས་གཙོ་འདེམས་བསྐོའི་རྨང་གཞི་སྟེང་འཐུས་ཚང་དུ་གཏང་བ་དང་། དམངས་གཙོ་ཇུས་ཐག་གཅོད་པའི་རྐྱེན་སྲོལ་ཚད་ལྡན་དུ་གཏང་དགོས།སྡེ་མི་དང་གཞི་རིམ་གྱི་ཏང་རྩ་འཛུགས་སམ་སྲིད་གཞུང་གི་འབྲེལ་ལམ་རྒྱ་བསྐྱེད་པ་དང་། མང་ཚོགས་ཀྱི་ཤེས་རྟོགས་དབང་ཆ་དང་ཇུས་ཐག་གཅོད་པའི་དབང་ཆ་དོན་འཁྱོལ་བྱ་དགོས། ཞིང་སྡེའི་སྤྱི་སྤྱོད་རིག་གནས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། སྤྱི་སྤྱོད་སྒྲིག་ལམ་དང་ཡུལ་སྲོལ་ལེགས་པོར་དར་སྤེལ་བྱེད་པ། ཡུལ་སྲོལ་ཡ་རབས་དང་ཁྱིམ་སྲོལ་ལེགས་པོ།  དམངས་སྲོལ་གཞུང་དྲང་བཅས་ལ་སྐུལ་འདེད་གཏང་དགོས། གཅིག་བསྡུས་སྲིད་འཛིན་ཁྲིམས་བསྟར་བྱེད་པའི་བཅོས་བསྒྱུར་གཞི་རིམ་དུ་སྲིང་བར་སྐུལ་འདེད་གཏང་པ་དང།གཏིང་ཟབ་སྒོས་ནག་སེལ་གཤེད་བཅོམ་གྱི་ཆེད་དོན་འཐབ་རྩོད་སྤེལ་དགོས།  རིམ་པ་སྣ་མང་དང་ཁ་ཕྱོགས་ཡོད་ཚད།འགྲེང་གཟུགས་ཅན་གྱི་གྲོང་གསེབ་ཀྱི་སྤྱི་སྤྱོད་བདེ་འཇགས་མ་ལག་འཐུས་ཚང་དུ་བཏང་སྟེ། གྲོང་གསེབ་དང་འབྲོག་ཁུལ་གྱི་འཕེལ་རྒྱས་ཁོར་ཡུག་གཙང་བཟོ་བྱ་དགོས།

ལྔ།བཅོས་བསྒྱུར་གསར་གཏོད་ཀྱིས་སྣེ་ཁྲིད་དེ། “ཚྭ་འདམ”སྒོ་འབྱེད་ཀྱི་གནས་བབ་གསར་པ་བཞེངས་དགོས།

མུ་མཐུད་དུ་བཅོས་བསྒྱུར་ཟབ་མོ་བྱ་དགོས།ཆབ་སྲིད་ཀྱི་འགྲེང་གནས་མཐོར་འདེགས་གཏང་བ་དང་། བཅོས་བསྒྱུར་ཀྱི་ཁ་ཕྱོགས་འབུར་དུ་ཐོན་པ། བཅོས་བསྒྱུར་གྱི་རྩ་དོན་ལ་གདེང་ཚོད་ཟིན་པ། དུས་ཚོད་ཀྱི་སྦྲེལ་ཚིགས་གཟབ་ནན་ཡིན་པ། སྲིད་གཞུང་སྡེ་ཁག་བཅོས་བསྒྱུར་དང་སྲིད་གཞུང་གི་རླངས་འཁོར་སྤྱོད་པའི་ལམ་ལུགས་བཅོས་བསྒྱུར་བཅས་ལ་བརྟན་པོའི་ངང་སྐུལ་འདེད་བཏང་སྟེ།སྐྱེ་ཁམས་དང་སྨན་བཅོས་འཕྲོད་བསྟེན། ཁྲིམས་འཛིན་བཅས“རྒྱལ་རྟགས”ཆེན་པོ་གསུམ་གྱི་བཅོས་བསྒྱུར་ལ་ཏན་ཏིག་ངང་སྐུལ་འདེད་གཏང་བ་དང་། གཏིང་ཟབ་ངང་བཅོས་བསྒྱུར་ལྟ་ཞིབ་བྱ་བར་སྐུལ་འདེད་གཏང་དགོས།   མུ་མཐུད་དུ“གློད་སྡོམ་ཞབས”ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་གཏང་བ་དང།   དྲ་ངོས་སྟེགས་བུ་གཅིག་ནས་ལས་དོན་ཡོངས་སུ་སྒྲུབ་པ་དང་སྒོ་ནང་དུ་ཐེངས་གཅིག་མ་གཏོགས་འཛུལ་མི་དགོས་པ། ཐེངས་གཅིག་མ་གཏོགས་འགྲོ་མི་དགོས་པ། ཁ་པར་ཨང་གྲངས་གཅིག་མ་གཏོགས་གཏོང་མི་དགོས་པ།རྣམ་གྲངས་ཞིབ་བཤེར་ཆོག་མཆན་ཇེ་མགྱོགས་སུ་གཏོང་བ།སྨན་བཅོས་འགན་སྲུང་སྡོམ་རྩིས་རྒྱག་པ་སྟབས་བདེ་ཡིན་པ་སོགས་ཀྱི་དོན་དངོས་དྲུག་ལེགས་པོར་བསྒྲུབ་དགོས།ས་གནས་ཀྱི་སྲིད་གཞུང་གི་སྤྱི་བཏང་གི་བུ་ལོན་གསར་བ་ཁ་སྣོན་བྱེད་པ་ལེགས་པོར་བསྒྲུབ་པ་དང་།མུ་མཐུད་དུ་དཔལ་འབྱོར་སྒྲིག་གཞི་བཅོས་བསྒྱུར་ལ་སྐུལ་འདེད་གཏང་དགོས་ལ།ཁྲེལ་དོན་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏང་དགོས།  ལས་ཁྲལ་ནས་འཕར་ཁྲལ་དུ་བསྒྱུར་བ་དང་མི་སྒེར་གྱི་ཐོབ་ཁྲལ་གྱི་ཆེད་སྤྱོད་ཟུར་འཐེན་སོགས་ཀྱི་ཁྲལ་བསྒྱུར་སྲིད་ཇུས་དོན་འཁྱོལ་ལེགས་པོར་བྱ་དགོས།མ་དངུལ་བསྡུ་གཏོང་དང་རྒྱལ་ཁབ་ལ་དབང་བའི་ཁེ་ལས། དབང་བའི་ལམ་ལུགས་མཉམ་བསྲེས་སོགས་པའི་གནད་འགག་གི་ལྷུ་ཚིགས་སུ་བསྒྱུར་བཅོས་བྱེད་པར་སྐུལ་འདེད་བཏང་ནས།དེང་རབས་ཀྱི་ཁེ་ལས་ལམ་ལུགས་དང་ཁྲིམས་མི་བདག་སྐྱོང་བྱེད་པའི་སྒྲིག་ཚུལ་འཐུས་ཚང་དུ་གཏང་དགོས།བཟོ་ལས་གླིང་ཁུལ་སྒྲིག་གཞིའམ་རྐྱེན་སྲོལ་གྱི་བསྒྱུར་བཅོས་དང་གསར་གཏོད་ལ་སྐུལ་འདེད་བཏང་སྟེ།གླིང་ཁུལ་གྱི་འཕེལ་རྒྱས་དང་བསྟུན་པའི་འགོ་ཁྲིད་མ་ལག་དང་དོ་དམ་མ་ལག འཁོར་སྤྱོད་མ་ལག ཞབས་ཞུ་མ་ལགའགན་སྲུང་མ་ལག་སོགས་འཛུགས་སྐྲུན་དང་འཐུས་ཚང་དུ་གཏང་བ་དང།གླིང་ཁུལ་གྱི་ནང་སྐྱེས་སྒུལ་ཤུགས་ལ་སྐུལ་མ་གཏང་དགོས། “དམངས་ལ་སྟབས་བདེ་བསྐྲུན་པར”སྐུལ་འདེད་དང“ཕན་ཚུན་སྦྲེལ་བ”ཤུགས་ཆེ་རུ་གཏོང་བ། “གསར་སྐྲུན་གཉིས”ལ་སྐུལ་འདེད་གཏོང་བ། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གོང་འཕེལ་གཏོང་བའི་རྒྱབ་སྐྱོར་གྱི་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས།

གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་མ་གཏོང་བར་རྒྱུན་འཁྱོངས་བྱ་དགོས།ཚན་རིག་ཞིབ་འཇུག་གི་སྒྲིག་སྲོལ་བསྒྱུར་བཅོས་ལ་སྐུལ་འདེད་གཏང་བ་དང་།སྲིད་གཞུང་གིས་ཁྲིད་སྟོན་དང་ཁེ་ལས་ཀྱིས་གཙོ་ཁྲིད། སྤྱི་ཚོགས་ཞུགས་པ། ཚོང་རའི་འཁོར་སྐྱོད་བཅས་ཀྱི་ཚན་རིག་ཞིབ་འཇུག་གི་རྐྱེན་སྲོལ་མགྱོགས་མྱུར་ངང་འཛུགས་སྐྲུན་བྱ་དགོས།སྤུས་ཚད་མཐོ་བ་དང་ཁྱད་ཆོས་ལྡན་པའི་གསར་གཏོད་མ་ལག་འཛུགས་སྐྲུན་བྱས་ཏེ།སྤྱི་སྤྱོད་ཚན་རིག་ཞིབ་འཇུག་ལས་སྟེགས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་།རྒྱལ་ཁབ་ཀྱི་ཚོད་ལྟ་ཁང་དང་ཚན་རྩལ་རྨང་གཞི་སྒྲིག་ཆས་གལ་ཆེན་བརྩོན་ལེན་བྱས་ནས་མཚོ་ནུབ་ཏུ་གཞིས་ཆགས་པ་དང།གསར་གཏོད་སྟེགས་བུ་སོ་སོ་སྤུད་ཚད་མཐོ་ཞིང་འཕར་ཚད་མཐོ་དགོས། ཚན་རྩལ་ཅན་གྱི་ཁེ་ལས་དང་ལག་རྩལ་མཐོ་བའི་ཁེ་ལས་ཀྱི“ལྡབ་འཕར་གཉིས”བཟོ་སྐྲུན། ལག་རྩལ་མཐོ་བའི་ཁེ་ལས་ཀྱི“ཡར་འཕར་ཆུང་བའི” འཆར་གཞི་གཏིང་ཟབ་ངང་ལག་བསྟར་བྱེད་པ་དང་།ཚྭ་མཚོའི་རྫས་བཟོ་དང་ནུས་ཁུངས་གསར་པ། རྒྱུ་ཆ་གསར་པ། ཁྱད་ཆོས་ལྡན་པའི་སྐྱེ་དངོས་ལ་སོགས་པའི་ཁྱབ་ཁོངས་ལ་དམིགས་ཏེ།མཉམ་འབྲེལ་གྱིས་འགག་སྒྲོལ་ཤུགས་ཚད་ཆེ་རུ་གཏང་བ་དང་། ལག་རྩལ་སྲོག་ཤིང་གཙོ་བོ་ཡིན་པའི་ཁག་ཅིག་ཧུར་ཐག་སྒོས་འགག་སྒྲོལ་བྱ་དགོས།ན་གོར་མོ་དང་གཏེར་ལེན་ཁའི་ཞིང་ཆེན་རིམ་པའི་ལག་རྩལ་གསར་བའི་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་བྱེད་པ་མགྱོགས་མྱུར་ངང་འགོ་རྩོམ་དགོས། “ བཅུ བརྒྱ། སྟོང་། ཁྲི”ཞེས་པའི་མི་སྣ་འཇོན་ཐང་ཅན་གྱི་འཐབ་ཇུས་གཏིང་ཟབ་ངང་ལག་བསྟར་བྱེད་པ་དང་།མི་སྣ་འཇོན་ཐང་ཅན་དང་ཤེས་ལྡན་ཅན་ནང་འདྲེན་བྱེད་པའི་སྲིད་ཇུས་འཐུས་ཚང་དང།མི་སྣ་འཇོན་ཐང་ཅན་དང་ཤེས་རིག་ཅན་ནང་འདྲེན་བྱེད་པའི་ཤུགས་ཚད་ཇེ་ཆེ་རུ་བཏང་སྟེ། ས་གནས་དང་མི་སྣ་འཇོན་ཐང་ཅན་ནང་འདྲེན་བཅས་ཀྱི་གསོ་སྐྱོང་དང་འགན་སྲུང།དོ་དམ། བེད་སྤྱོད་བཅས་གཅིག་གྱུར་སྒོས་དམ་འཛིན་ཡག་པོ་བྱ་དགོས།

ཕྱི་ཕྱོགས་སུ་སྒོ་འབྱེད་རྒྱ་ཆེ་རུ་གཏོང་དགོས།“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ནང་དུ་འདྲེས་ཏེ་ཁུལ་ཡོངས་ཀྱི་ཕྱི་རོལ་དུ་སྒོ་འབྱེད་པ་སྣེ་ཁྲིད་བྱས་ཏེ།ཞིང་ཆེན་ཡོངས་ཀྱི“སྲོག་ཤིང་གཉིས་དང་ལྟེ་བ་གཅིགསྒང་ས་གཅིག”གི་ས་ཁོངས་འཕེལ་རྒྱས་ཀྱི་འཐབ་ཇུས་གསར་བ་ལ་ཡང་དག་སྒོས་མཐུད་པ་དང།ནུས་ཤུགས་ཡོད་རྒུས“ཚྭ་འདམ་སྒོ་འབྱེད”ཀྱི་སྲོག་ཤིང་འཕར་སྣེ་བཞེངས་དགོས་ལ།ཕྱི་རོལ་ལ་སྒོ་འབྱེད་པའི་འདྲེན་བྱེད་དངོས་པོ་འཛུགས་སྐྲུན་བྱེད་པ་དང་།མུ་མཐུད་དུ་མཚོ་ནུབ་ཀྱི་དཔལ་འབྱོར་ཁུལ་རྒྱ་བསྐྱེད་དགོས།ཁུལ་ནང་དུ་ནུས་པ་ལྡན་པའི་ཁེ་ལས་ཀྱིས་ཨེ་ཤ་ཡ་ནུབ་མ་དང་ཨེ་ཤ་ཡ་དབུས་རྒྱུད་དུ་ཐོན་ཁུངས་གསར་སྤེལ་དང་བཙོ་སྦྱོང་ལས་སྣོན་བྱེད་པར་རྒྱབ་སྐྱོར་དགོས།ཚྭ་མཚོའི་ཐོན་ལས་དེའི་ཕྱི་རྒྱལ་དུ་ཐོན་སྐྱེད་རྟེན་གཞི་འཛུགས་སྐྲུན་བྱེད་པར་སྐུལ་མ་གཏང་དགོས།ཕྱི་རྒྱལ་དུ་མ་དངུལ་གཏོང་བ་བརྟོལ་པར་ཧུར་ཐག་སྒོས་མངོན་འགྱུར་འབྱུང་དགོས།  ཤར་རྒྱུད་དར་རྒྱས་ས་ཁུལ་དང་ལྷག་པར་དུ་ཀྲེ་ཅང་ཞིང་ཆེན་གྱི་བརྗེ་རེས་མཉམ་ལས་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་ཏེ།ཤེས་རིག་དང་ཐོན་ལས་དབུལ་སྐྱོར་གྱི་མངའ་ཁུངས་གསར་བ་གསར་གཏོད་བྱེད་པ་དང་། ཁ་གཏད་རོགས་སྐྱོར་ཐོབ་པའི་བྱ་བ་དེ་སྔར་ལས་གོ་རིམ་གཏིང་ཟབ་པ་དང་ནུས་རིམ་གསར་བ་བཅས་ལ་སྐུལ་འདེད་གཏང་བ་དང་།བཟང་ཆ་གསབ་རེས་དང་གཉིས་ཕན་མཉམ་རྒྱལ་གྱི་གནས་བབ་གསར་པ་ཆགས་པར་སྐུལ་འདེད་གཏང་དགོས། ཕྱི་རྒྱལ་གྱི་མ་དངུལ་དང་ཕྱི་རྒྱལ་གྱི་ཉོ་ཚོང་བྱ་བའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང།རྒྱུན་རྣམ་ཅན་གྱི་ཀྲུང་གོ་དང་ཡོ་རོབ་གླིང་གི་མེ་འཁོར་ཤར་གཏོང་བྱས་ནས །མཚོ་བོད་བཟོ་ལས་གླིང་འཕེལ་རྒྱས་འགྲོ་བར་མཐུན་སྦྱོར་ངང་སྐུལ་འདེད་གཏང་དགོས།  ཀྲེ་ཅང་གི་བཟོ་ལས་གླིང་དང་གཏེར་ལེན་ཁའི་ཀྲུང་གོ་དང་བལ་བོའི་ཐོན་སྐྱེད་གླིང་དོན་ཐོག་ཏུ་འཁྱོལ་བ་དང།ཚྭ་མཚོའི་རྫས་འགྱུར་བཟོ་ལས་དང་ཁྱད་ཆོས་ལྡན་པའི་སྐྱེ་དངོས་སོགས་བཟང་ཆ་ལྡན་པའི་ཐོན་རྫས་རྒྱལ་སྤྱིའི་ཁྲོམ་རར་བསྐྱོད་པར་སྐུལ་འདེད་བྱས་ཏེ།ཁུལ་ཡོངས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་སྤྱིའི་གྲངས་འབོར་བརྒྱ་ཆའི8.5འཕར་བར་བརྩོན་ལེན་བྱ་དགོས།

ཚོང་འགུག་དངུལ་འདྲེན་ཇེ་དྲག་ཏུ་གཏོང་དགོས། ཁུལ་ཚོང་འགུག་སྐུལ་སྤེལ་ཞབས་ཞུ་ཨུ་ཡོན་ལྷན་ཁང་གི་འགན་ནུས་སྡེབ་སྒྲིག་དང་སྐུལ་འདེད་གཏོང་བ་དང་།སྡེ་ཁག་གི་ཚོང་འགུག་རྐྱེན་སྲོལ་བཙུགས་ཏེ། རྒྱུ་ཆ་གསར་བ་དང་སྐྱེ་དངོས་སྨན་རྫས། སྒྲིག་ཆས་བཟོ་སྐྲུན།དེང་རབས་ཀྱི་ཆ་འཕྲིན་ལག་རྩལ། དེང་རབས་ཀྱི་དངོས་ཟོག་སྐྱེལ་འདྲེན་སོགས་ཀྱི་ཁྱབ་ཁོངས་སུ་རྩེ་གཅིག་ཏུ་དམིགས་དགོས་ལ།ཐོན་ལས་མཉམ་འདྲེས་བྱེད་ཚད་མཐོ་བ་དང་མདུན་ལྗོངས་ལེགས་པོ་ཡིན་པ་བཅས་ཀྱི་རྣམ་གྲངས་ཆེན་པོ་ཁག་ཅིག་འཆར་འགོད་དང། ལག་རྩལ་གཙོ་བོ་སྲོག་ཤིང་ཡིན་པ་དང་ཞིབ་འཇུག་གསར་སྤེལ་བྱེད་ནུས་ཅུང་ཆེ་བའི་ཁེ་ལས་ཁག་ཅིག་ནང་འདྲེན་བྱས་ནས་གཏེར་ལེན་ཁ་རུ་གཞིས་ཆགས་པར་བྱ་དགོས།ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་གནད་ལ་ཁེལ་བའི་ཚོང་འདྲེན་དང་ས་ཁུལ་གྱི་ས་ཁུལ་ཚོང་འགུག་བྱེད་པ་ལག་བསྟར་བྱ་དགོས།ཁེ་ལས་ཀྱི་ཚོང་འགུག་དང་ཚོང་ལས་ཀྱི་ཚོང་འགུག་བྱེད་པ་གཏིང་ཟབ་ངང་སྤེལ་དགོས།ལོ་ཧྲིལ་པོའི་ནང་ཚོང་འགུག་དངུལ་འདྲེན་ཐད་སྒོར་དུང་ཕྱུར430འཇོག་པ་དང་སྒོར་དུང་ཕྱུར210གནད་སྨིན་ཡོང་བར་བརྩོན་ལེན་བྱ་དགོས། ཨ་ལི་པཱ་པཱ་སོགས་གློག་རྡུལ་ཚོང་དོན་གྱི་ཕྱོགས་བསྡུས་ཞབས་ཞུའི་ཐོན་ཁུངས་ནང་འདྲེན་ཧུར་ཐག་སྒོས་བྱས་ཏེ།སྤྲིན་རྩིས་གྲངས་མཛོད་ཆེན་མོའི་ཐོན་ལས་འཛུགས་སྐྲུན་བྱེད་པ་དང།འཕེལ་རྒྱས་སྤུས་ཚད་དང་ཕན་འབྲས་ལ་སྐུལ་འདེད་གཏང་དགོས།     གཞི་རྩའི་སྒྲིག་ཆས་ཁོར་ཡུག་སྔར་བས་བཅོས་སྐྱོང་བྱས་ཏེ། བརྩེ་ཟབ་ཀྱི་ཚོང་དོན་འབྲེལ་བ་གསར་པ་འཛུགས་སྐྲུན་བྱ་དགོས་ལ།སྤྱི་ཚོགས་ཡིད་རྟོན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་དང་། དམངས་ཀྱི་ཁེ་ལས་ཞབས་ཞུ་སྒྲུབ་པ་དམ་འཛིན་ཡག་པོ་བྱས་ནས།སྟབས་བདེ་དང་ལས་ཆོད་མཐོ་བ། གཏན་འཇགས་ནང་གསལ་ཡིན་པ། འདྲ་མཉམ་བཅས་ཀྱི་འགྲན་རྩོད་བྱེད་པའི་ཚོང་གཉེར་ཁོར་ཡུག་ཅིག་བསྐྲུན་དགོས།

དྲུགསྐྱེ་ཁམས་སྲུང་སྐྱོང་དམིགས་གསལ་སྒོས་སྣེ་ཁྲིད་དུ་འཛིན་པར་རྒྱུན་འཁྱོངས་བྱས་ཏེ།མུ་མཐུད་དུ་མིའི་འཚོ་གནས་ཀྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས།

སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས།ལྗང་མདོག་གི་འཕེལ་རྒྱས་ཚད་ཐུག་དམ་པོར་འཛིན་པ་དང་།སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱ་དགོས་ལ།ཏན་ཏིག་སྒོས་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་དེ་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས་འཛུགས་སྐྲུན་གྱི་ཕྱོགས་སོ་སོ་དང་གོ་རིམ་ཧྲིལ་པོར་གཏིང་ཟབ་ངང་འཐིམ་དགོས།ཚྭ་འདམ་སྐྱེ་ཁམས་གཅིག་བསྡུས་ཀྱི་བཅོས་སྐྱོང་དང་ལྗང་མདོག་གི་འཕེལ་རྒྱས་འཆར་གཞི་རྩ་འཛུགས་དང་ལག་བསྟར་བྱས་ཏེ།ཚན་རྩལ་འདྲེས་ཚད་མཐོ་བ་དང་དཔལ་འབྱོར་དགེ་མཚན་བཟང་བ། ཐོན་ཁུངས་ཟད་གྲོན་དམའ་བ།ཁོར་ཡུག་འབག་བཙོག་ཉུང་བ། སྐྱེ་ཁམས་འཛུགས་སྐྲུན་དང་ཁོར་ཡུག་འཛུགས་སྐྲུན་གྱི་སྐྱེ་ཁམས་ལས་རིགས།སྐྱེ་ཁམས་ཞིང་ལས།སྐྱེ་ཁམས་ཞབས་ཞུའི་ལས་རིགས་སོགས་ཧུར་ཐག་སྒོས་གསོ་སྤེལ་དང་འཕེལ་རྒྱས་གཏང་བ་དང་།སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏང་དགོས།ཁྱོན་ཡོངས་ནས་ལྗང་མདོག་གི་འཚོ་བ་རོལ་སྟངས་ལག་བསྟར་བྱེད་པ་དང་། འཛད་སྤྱོད་ལྗང་མདོག་ཡིན་པ་དང་བསྐྱོད་པ་ལྗང་མདོག་ཡིན་པ། སྡོད་ཁང་ལྗང་མདོག་ཡིན་པ་བཅས་ལ་ཤུགས་ཆེ་རུ་སྐུལ་འདེད་གཏང་བ་དང་། གྲོན་ཆུང་ཅན་གྱི་སྤྱི་ཚོགས་འཛུགས་སྐྲུན་བྱ་དགོས། མཚོ་ནུབ་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་ཐབས་གསར་བ་དོན་ཚན་བཅུ་གསུམ་དོན་འཁྱོལ་ནན་པོ་བྱེད་པ་དང་།ཁྲིམས་བསྟར་དཔུང་སྡེ་འཛུགས་བསྐྲུན་ཤུགས་ཆེ་རུ་གཏང་དགོས་ལ། ཁོར་ཡུག་ཐད་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་བར་རྒྱུན་འཁྱོངས་བྱས་ཏེ།ཁོར་ཡུག་སྲུང་སྐྱོང་གི་ཁྲིམས་སྲུང་རྒྱུན་རྣམ་གསར་པ་ཞིག་ཆགས་པར་སྐུལ་འདེད་གཏང་དགོས།

སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས། རྩྭ་ཐང་དང་ནགས་ཚལ།མྱ་ངམ་ཐང་།  བརླན་ས།ཆུ་བོ་དང་མཚེའུ་སོགས་ཀྱི་སྐྱེ་ཁམས་མ་ལག་སྲུང་སྐྱོང་གི་ཤུགས་ཚད་སྔར་ལས་ཇེ་ཆེར་གཏང་དགོས། གཞི་ཁྱོན་ཆེ་བའི་ནགས་འཛུགས་ལྗང་སྒྱུར་གྱི་ལས་དོན་སྤེལ་དགོས། ཚྭ་འདམ་དུ་སྤྱི་ལེ་སྟོང་གི་རླུང་འགོག་བྱེ་འཇགས་ཀྱི་ལྕགས་རི་རིང་བོའི་ལྗང་མདོག་འཛུགས་སྐྲུན་བྱ་དགོས། མདོ་ལ་རི་ཁུལ་གྱི་རི་ཆུ་དང་ནགས་ཚལ། ཞིང་ས། མཚེའུ། རྩྭ་ཐང་སོགས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་ཚོད་ལྟ།ཚྭ་འདམ་སྐྱེ་ཁམས་སྲུང་སྐྱོང་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་སྐྱེ་ཁམས་བཟོ་སྐྲུན་གཙོ་གནད་ཅན་ལ་ཏན་ཏིག་སྒོས་སྐུལ་འདེད་གཏང་དགོས།ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་མགྱོགས་མྱུར་ངང་ཡིག་ཐོག་སྙན་ཞུ་འབུལ་དགོས། མྱ་ངམ་ཐང་ཅན་བཅོས་སྐྱོང་དང་བ་ཚྭ་ཅན་དུ་འགྱུར་བའི་ས་གཤིན་བཅོས་སྐྱོང་། བརླན་ས་སྲུང་སྐྱོང་དང་ཆུའི་ཐོན་ཁུངས་ཚན་རིག་དང་མཐུན་པར་བེད་སྤྱོད་བྱེད་པ།གཏེར་རི་བཅོས་སྐྱོང་དང་སླར་གསོ་སོགས་ཀྱི་གཙོ་གནད་བཟོ་སྐྲུན་ལག་བསྟར་བྱེད་པ་དང་། གཏིང་ཟབ་སྒོས་རྒྱལ་ཁབ་ཀྱི་ས་ཁོངས་ལྗང་སྒྱུར་ལོ3ཇེ་མགྱོགས་སུ་གཏོང་བའི་འགུལ་སྤྱོད་ཀྱི་འཆར་གཞི་ལ་སྐུལ་འདེད་གཏང་བ་དང། རྒྱལ་ཁོངས་ལྗང་འགྱུར་མུའུ་ཁྲི62.3ལེགས་གྲུབ་འབྱུང་དགོས་ཞིང་།བྱེ་འགོག་བྱེ་བཅོས་མུའུ་ཁྲི70.1 བྱ་དགོས། ནགས་ཚལ་གྲོང་རྡལ་དང་ནགས་ཚལ་གྲོང་གསེབ་ཁག་ཅིག་འཛུགས་སྐྲུན་བྱེད་པ་དང་།ནགས་ཚལ་དང་ལྗང་མདོག་གི་ཁོར་ཡུག་གཙོ་བོར་འཛིན་པ་དང་།སྐྱེད་ཚལ་དང་གླིང་ཁུལ་གནད་དུ་བཟུང་བའི་གྲོང་དང་གྲོང་གསེབ་ཀྱི་ལྗང་འགྱུར་གྱི་ཡུལ་ལྗོངས་རྣམ་པ་བསྐྲུན་དགོས།སྟབས་བདེ་འཚམ་པོ་དང་གནོད་མེད་ཐཱན་ཉུང་གི་འཚོ་བ་རོལ་སྟངས་ཧུར་ཐག་སྒོས་དར་སྤེལ་བཏང་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་ངང་མཉམ་དུ་འཚོ་གནས་བྱེད་པའི་རིག་གནས་ཁོར་ཡུག་བསྐྲུན་དགོས།

སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་ལས་དོན་ཡག་པོར་བསྒྲུབ་དགོས།ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ།ཞིང་ཆེན་སྲིད་གཞུང་གི་བླང་བྱ་བཀོད་སྒྲིག་བློ་བརྟན་འགྱུར་མེད་ངང་ལག་ལེན་མཐའ་འཁྱོལ་བྱེད་པ་དང་།ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་བཏོན་པའི་གནད་དོན་ལ་དག་ཐེར་ལེགས་བཅོས་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏང་བ་དང་། མུ་ལུ་གཏེར་ཁུལ་སྐྱེ་ཁམས་ཁོར་ཡུག་གཅིག་བསྡུས་བཅོས་སྐྱོང་གི་གྲུབ་འབྲས་སྲ་བརྟན་དང་མཐོར་འདེགས་སུ་གཏང་བ་དང་། གཏེར་ལམ་ཚྭ་འདམ་འོམ་སྐྱའི་ནགས་ཚལ་རང་བྱུང་སྲུང་སྐྱོང་ཁུལ་ནང་དུ་ཁྲིམས་འགལ་གྱི་འཛུགས་སྐྲུན་སོགས་ཕྱོགས་སོ་སོའི་གནད་དོན་དག་ཐེར་ལེགས་བཅོས་ཀྱི་ཤུགས་ཚད་ཆེ་རུ་གཏང་དགོས། དུས་ལྟར་སྤུས་ཚད་མཐོ་བའི་སྒོ་ནས་དག་ཐེར་ལེགས་བཅོས་ཀྱི་འགན་ཁུར་ལེགས་འགྲུབ་འབྱུང་དགོས།  མཚོན་རྟགས་རང་བཞིན་གྱི་འཐབ་འཁྲུག་བརྒྱད་ལ་དམིགས་ཏེ།ཁོར་ཡུག་བཅོས་སྐྱོང་དང་གྲོན་ཆུང་སྙིགས་འཕྲིའི་ལས་དོན་མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་དགོས།རླུང་ཁམས་ཆེན་མོ་དང་ཆུ་ཁོངས། ས་གཤིན་སྦགས་བཙོག་འགོག་བཅོས་བཅས་ཀྱི་བྱ་སྤྱོད་འཆར་གཞི་ལག་བསྟར་ལེགས་པོ་བྱ་དགོས། ཧུར་ཐག་སྒོས་ཆུའི་ཐོན་ཁུངས་སྲུང་སྐྱོང་ལ་ཤུགས་སྣོན་པ་དང། མུ་མཐུད་དུ“ཆུ་དང་མཚེའུ་དཔོན་ལམ་ལུགས”ཀྱི་དཔྱད་ཞིབ་རྩིས་ལེན་ཚོད་དཔག་སོགས་ཀྱི་ལམ་ལུགས་མུ་མཐུད་དུ་འཐུས་ཚང་དུ་བཏང་ནས།འཐུང་ཆུའི་ཆུ་མགོའི་ཁོར་ཡུག་སྲུང་སྐྱོང་ཆེད་དོན་བྱ་འགུལ་སྤེལ་དགོས།གྲོང་ཁྱེར་གྱི་ཐལ་རྡུལ་སྦགས་བཙོག་མུ་མཐུད་དུ་གཏིང་ཟབ་ངང་བཅོས་སྐྱོང་བྱ་དགོས།ཉེན་ཁའི་སྙེགས་རོའི་གོ་རིམ་ཡོངས་ཀྱི་ཁོར་ཡུག་ལྟ་སྐུལ་དོ་དམ་མུ་མཐུད་དུ་ཆེ་རུ་གཏང་བ་དང།ཉེན་ཁའི་སྙིགས་རོ་ཐག་གཅོད་སྒྲིག་ཆས་འཛུགས་སྐྲུན་ལ་གཅིག་གྱུར་ངང་སྐུལ་འདེད་གཏང་དགོས།རྣོ་ལྕགས་ལས་རིགས་དང་འབྲེལ་བའི་ཁེ་ལས་ཀྱིས་ས་ཁོངས་སྤྱོད་པའི་བརྟག་དཔྱད་སྤེལ་ཏེ།ས་གཤིན་འབག་བཙོག་བཅོས་སྐྱོང་དང་སླར་གསོའི་འཆར་གཞི་ལག་བསྟར་བྱས་ནས། རི་ཀླུང་སྔོ་ཞིང་ཆུ་བོ་དྭངས་པ།དགུང་སྔོན་པོ་དང་ས་གཞི་སྔོ་ལྗང་ཡིན་པ་སོགས་ཀྱི་སྐྱེ་ཁམས་མཛེས་སྡུག་ལྡན་པའི་མཚོ་ནུབ་འཛུགས་སྐྲུན་བྱེད་པར་ཧུར་བརྩོན་བྱ་དགོས།

བདུན།རྒྱུ་སྤུས་མཐོ་བའི་འཚོ་བ་བསྐྲུན་པ་དམིགས་ཡུལ་དུ་བཟུང་སྟེ། དམངས་འཚོར་བདེ་སྐྱིད་བསྐྲུན་པའི་ཤུགས་ཚད་ཇེ་ཆེར་གཏོང་དགོས།
     ནོར་སྲིད་ཀྱིས་དམངས་འཚོའི་ཐད་དུ་སྤྱོད་པའི་གཏོང་སྒོའི་བསྡུར་ཚད་བརྒྱ་ཆའི78ལ་བསླེབ་པར་ཁག་ཐེག་བྱེད་པ་དང་།དམངས་འཚོའི་སྤྱི་ཚོགས་འགན་སྲུང་ལས་དོན་ནུས་ཤུགས་ཡོད་རྒུས་ལེགས་པོར་བསྒྲུབས་ནས་མུ་མཐུད་དུ་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང།བདེ་སྣང་བཅས་ལ་སྐུལ་འདེད་གཏང་དགོས།

འབྱོར་འབྲིང་མ་ལག་གི་དམིགས་ཚད་མཁྲེགས་གཏོར་བཟོ་སྐྲུན་སྤེལ་མགོ་རྩོམ་དགོས།

འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་ལེགས་གྲུབ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་ཞིག་ཏུ་བརྩིས་ནས།རྒྱལ་ཁབ་ཀྱི་ནུབ་རྒྱུད་ས་ཁུལ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་སྡོམ་རྩིས་ལྟ་ཞིབ་ཚད་ལེན་གྱི་དམིགས་ཚད་ལ་ནན་ཏན་བྱེད་པ་དང་། གཏིང་ཟབ་ངང་མི་འདང་སར་གསབ་སྣོན་བྱེད་པ། དཔལ་འབྱོར་གོང་འཕེལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་།དམངས་འཚོ་ལེགས་བཅོས་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་མགྱོགས་མྱུར་ངང་མཁྲེགས་གཏོར་འགུལ་སྤྱོད་འགོ་རྩོམ་པ་དང་།གཙོ་བོ་ཇུས་འགོད་དང་མཐོ་གནས་སྐུལ་འདེད་བཅས་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཁྲེགས་གཏོར་གཡུལ་ས་མཐའ་གཅིག་ཏུ་ལེགས་པོར་བསྒྲུབ་དགོས། རིགས་སོ་སོའི་མང་ཚོགས་ཀྱིས་སྤུས་ཚད་མཐོ་བའི་ངང་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་པར་ཁག་ཐེག་བྱ་དགོས།

ཚད་གཞི་མཐོ་བའི་སྒོ་ནས་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།དབུལ་ཐར་གྲུབ་འབྲས་ལོ་གསུམ་ལ་འགུལ་སྤྱོད་ཀྱི་འཆར་གཞིར་སྲ་བརྟན་མཐོར་འདེགས་སུ་གཏང་བར་ཏན་ཏིག་ངང་སྐུལ་འདེད་བྱེད་པ་དང་།ཐོན་ལས་འཕེལ་རྒྱས་དང་རྨང་གཞིའི་སྒྲིག་ཆས། སྤྱི་སྤྱོད་ཞབས་ཞུའི་ཆུ་ཚད། མང་ཚོགས་ནང་སྐྱེས་སྒུལ་ཤུགས་སྐུལ་སྤེལ་སོགས་ཀྱི་ཐད་དུ་གཙོ་གནད་འགག་སྒྲོལ་བྱ་དགོས།དབུལ་ཐར་གྲུབ་འབྲས་ལ་ནོར་སྲིད་དངུལ་གཏོང་གཏན་འཇགས་འགན་སྲུང་རྐྱེན་སྲོལ་ཚང་བསྐྲུན་དང་སྲ་བརྟན་ཡར་འདེགས་ཡོང་དགོས་ཏེ།“1+8+10+3”གྱི་སྲིད་ཇུས་འགན་སྲུང་མ་ལག་མུ་མཐུད་དུ་དོན་འཁྱོལ་བྱེད་པ་དང་རོགས་སྐྱོར་འཕེལ་རྒྱས་ཀྱི་སྲིད་ཇུས་དང་བྱེད་ཐབས་འཐུས་ཚང་དུ་གཏང་བ་དང།ཐོན་ལས་ལ་རོགས་སྐྱོར་བྱེད་པའིཤུགས་ཚད་ཇེ་དྲག་ཏུ་གཏང་དགོས།ཞིང་ཆེན་དང་ཁུལ། རྫོང་བཅས་རིམ་པ་གསུམ་གྱི་ནོར་སྲིད་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར1.1བཀོད་སྒྲིག་བྱེད་པ་དང་།དབུལ་ཕོངས་སྡེ་བ་མིན་པའི་ཐུན་མོང་དཔལ་འབྱོར་རྣམ་གྲངས176འཛུགས་སྐྲུན་བྱ་དགོས།མཐའ་ཁུལ་དུད་ཚང་ལ་རོགས་སྐྱོར་ཡག་པོ་བྱེད་པ་དང་ཐུན་མོང་གི་དཔལ་འབྱོར་ཞན་པའི་སྡེ་བའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་།ལོ་འདིའི་ནང་དུ་སྲིད་འཛིན་སྡེ་བ་ཡོད་ཚད་ཀྱི་ཐུན་མོང་དཔལ་འབྱོར་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་ཡོངས་སུ་ཁྱབ་ཐུབ་པར་ཁག་ཐེག་བྱ་དགོས།

སྤུས་ཚད་མཐོ་བའི་ངང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གྲུབ་འབྲས་སྲ་བརྟན་དང་སྐུལ་འདེད་གཏོང་དགོས། “མི་རིགས་མཐུན་སྒྲིལ་ཡར་ཐོན+” གཏིང་ཟབ་ངང་མཉམ་འདྲེས་འཕེལ་རྒྱས་འགུལ་སྤྱོད་ཀྱི་འཆར་གཞི་ལག་བསྟར་བྱེད་དགོས་དང་།རིགས་སོ་སོའི་བརྗེ་རེས་དང་མཉམ་འདྲེས་བཅས་ལ་སྔར་ལས་སྐུལ་འདེད་བཏང་སྟེ། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་དཔེ་སྟོན་ཁུལ་གྱི་མིག་དཔེ་དང་དཔེ་མཚོན།མཉམ་སྡེབ་བཅས་ལ་བརྩོན་ལེན་བྱ་དགོས།གཞིས་ཁུལ་གྱི་བཀོད་སྒྲིག་ས་གནས་དང་སྡེ་བའི་གྲུབ་པའི་ཐོག་ཁང་ནང་གི་ཁྱིམ་མི་སྒྲིག་གཞིར་ལེགས་སྒྱུར་བྱས་ནས།སྲིད་འཛིན་དང་སློབ་གསོ། རིག་གནས་སོགས་ཀྱི་ཐོན་ཁུངས་ལུགས་མཐུན་ངང་བཀོད་སྒྲིག་བྱེད་པ་དང་།ཚན་རིག་དང་མཐུན་པའི་སྒོ་ནས་ཆོས་ལུགས་བྱེད་སྒོ་སྤེལ་སའི་ཚོགས་ར་བཀོད་སྒྲིག་བྱ་དགོས།གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་དམངས་ཁྲོད་ཀྱི་སྒྱུ་རྩལ་རྒྱུན་འཛིན་དང་སྲུང་སྐྱོང་བྱེད་རྒྱུར་ཤུགས་སྣོན་རྒྱག་དགོས།རྣམ་པ་མང་པོའི་སྒོ་ནས་མི་རིགས་ཀྱི་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་བ་དང་།མི་རིགས་སོ་སོའི་མང་ཚོགས་ཀྱི་དུས་ཆེན་ལ་ཕན་ཚུན་བརྗེ་རེས་བྱེད་པར་སྐུལ་མ་གཏང་དགོས་ལ།མཛེས་སྡུག་ལྡན་པའི་གཞིས་ཁུལ་དང་སྡེ་བ་བཅས་མཉམ་སྐྲུན་མཉམ་སྤྱོད་བྱེད་པ་དར་སྤེལ་བྱ་དགོས།རིགས་སོ་སོའི་མང་ཚོགས་ཀྱི་མཉམ་འདྲེས་ལས་གཏོད་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་།གྲངས་ཉུང་མི་རིགས་མང་ཚོགས་ནང་ལོག་ཏུ་སློབ་སྦྱོང་བྱེད་པ་དང་ཞོར་ལས་བྱེད་པ། ཚོང་གཉེར་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་ནས་ཕྱི་ཕྱོགས་ལ་འགྲོ་བར་རྒྱབ་སྐྱོར་བྱ་དགོས།

ལས་ཞུགས་ཡོང་སྒོ་འཕར་བར་སྐུལ་འདེད་བྱ་དགོས།གཙོ་གནད་མང་ཚོགས་ཀྱི་ལས་ཞུགས་བྱ་བ་ཏན་ཏིག་ངང་ལེགས་པོར་བསྒྲུབ་དགོས།གཞིས་ཁུལ་དང་སྡེ་བའི་སྤྱི་སྤྱོད་ལས་ཞུགས་ཞབས་ཞུའི་ས་ཚིགས་དང་ལས་ཞུགས་འབྲེལ་གཏུག་པའི་ལམ་ལུགས་དོན་འཁྱོལ་བྱེད་པ་ལེགས་པོར་བསྒྲུབ་དགོས།འགུལ་རྣམ་ངང“ལས་ཞུགས་པ་མེད་པའི་ཁྱིམ་ཚང”སེལ་དགོས།གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་མི་གྲངས་ཁྲི1.3འཕར་བ་མངོན་འགྱུར་འབྱུང་དགོས་པ་དང་། ཞིང་འབྲོག་ཁུལ་གྱི་ངལ་རྩོལ་བ་མི་ཐེངས་ཁྲི8ལས་ཞུགས་སྤོ་སྒྱུར་བྱེད་པ་དང་།གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད3.5%ནང་དུ་ཚོད་འཛིན་བྱེད་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ངལ་རྩོལ་བ་ལས་རིགས་ལག་རྩལ་གསོ་སྐྱོང་ལ་མི་གྲངས7500གཏོང་བ་དང་།   མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སྤྱིའི་ལས་ཞུགས་ཚད་ཀྱིས87%ཡན་ཟིན་པ་བཅས་བྱ་དགོས། ཁུལ་ནང་གི་ཁེ་ལས་ཀྱིས་མང་ཚོགས་ཀྱི་ཡོང་སྒོ་འཕར་བའི་སྐུལ་ཁྲིད་ཀྱི་ནུས་པ་གང་ལེགས་སྒོས་འདོན་སྤེལ་དང་། སྐྱེ་ཁམས་འཛུགས་སྐྲུན་དང་ཐོན་ལས་འཕེལ་རྒྱས། རྣམ་གྲངས་སྐུལ་ཁྲིད་དང་དམངས་ཕྱུག་གི་ཡོང་སྒོ་འཕར་བའི་བར་གྱི་བགྲོད་ལམ་བསྐྲུན་དགོས།   དམངས་ཕྱུག་ཡོང་སྒོ་འཕར་བའི་ལས་དོན་ལེགས་པོར་བསྒྲུབ་པ་དང་། སྡོད་དམངས་ཀྱི་ཡོང་སྒོ་དང་དཔལ་འབྱོར་འཕེལ་རྒྱས་ལ་མཉམ་དུ་སྐུལ་འདེད་གཏོང་དགོས།

སློབ་གསོ་སྔོན་ལ་འཕེལ་རྒྱས་སུ་གཏོང་དགོས།མ་དངུལ་འཇོག་པར་མི་ལ་ཁ་ཕྱོགས་པའི་འདུ་ཤེས་འཛིན་པ་དང་ཆུ་ཚད་མཐོ་བའི་སློབ་ཁྲིད་སྤུས་ཚད་མཐོ་རུ་གཏོང་བ།སྤུས་ཀ་ལེགས་པའི་ཐོག་ནས་དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་།སློབ་གཉེར་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ། སྒྲིག་ཆས་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱ་དགོས།མ་དངུལ་སྒོར་དུང་ཕྱུར1.4བཏང་ནས་མང་ནེའི་སློབ་ཆུང་དང་ན་གོར་མོའི་འབྲིང་རིམ་སོགས་སློབ་གསོའི་རྣམ་གྲངས16ལག་བསྟར་བྱ་དགོས། སློབ་ན་མ་སོན་གོང་གི་སློབ་གསོ་དང་དམིགས་བསལ་སློབ་གསོ།འོས་འགན་སློབ་གསོ །མཐོ་འབྲིང་གི་སློབ་གསོའི་ཞན་ཆ་བཅས་ལ་ཁ་གསབ་གང་ཐུབ་བྱས་ཏེ། སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་སྤུས་ཚད་ཀྱི་བྱ་དགའ་འཛུགས་པ་དང་།ས་གནས་གཞན་དུ་སློབ་གྲྭ་འཛུགས་པའི་རྒྱ་ཁྱོན་ཆེ་རུ་བཏང་ནས། སློབ་གསོའི་ཐོན་ཁུངས་སྤུས་དག་ནང་འདྲེན་བྱ་དགོས།མཁར་གྲོང་གི“འཛིན་གྲྭ་ཆེ་རིགས”ཁྱོན་ཡོངས་ནས་མེད་པ་བཟོ་དགོས་ཤིང།སློབ་གྲྭར་འགྲོ་མཚམས་མི་ཆད་པ་བྱས་ནས་སློབ་ཞུགས་བྱས་པའི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ།འོས་འགན་སློབ་གསོ་སྲ་བརྟན་དུ་གཏོང་ཚད་དེ95%ལས་མི་དམའ་བ་བྱེད་ཐུབ་པར་འགན་ལེན་བྱ་དགོས།

བདེ་ཐང་གི་མཚོ་ནུབ་ཁུལ་ལ་སྐུལ་འདེད་གཏོང་དགོས།གཞུང་གཉེར་སྨན་ཁང་བསྒྱུར་བཅོས་སྔར་ལས་ཟབ་སྤེལ་དང་ཁུལ་མི་དམངས་སྨན་ཁང་གི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་སྟེ།གཞུང་གཉེར་སྨན་ཁང་གི་མི་སྣ་བསྡུ་ལེན་དང་ལས་རྐང་ཐོབ་ཐང་རང་བསྐོའི་དབང་ཆ་དོན་ཐོག་ཏུ་འཁྱོལ་བ་བྱས་ཏེ།སྨན་བཅོས་ཞབས་ཞུའི་བྱ་བ་ལེགས་བཅོས་བྱེད་པའི་འཆར་གཞི་ལག་བསྟར་བྱ་དགོས། མཁར་ཤང་གི་སྤྱི་པའི་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་བཀོད་སྒྲིག་མུ་མཐུད་དུ་ཇེ་ལེགས་སུ་གཏོང་བ་དང་།སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་རྣམ་གྲངས་གནད་ལ་འཁེལ་བའི་ངང་དོན་འཁྱོལ་བྱས་ཏེ། རྫོང་ཁོངས་སུ་དམ་ཟབ་ཡིན་པའི་སྨན་བཅོས་མཉམ་སྤྱོད་འཛུགས་སྐྱོང་ལ་ཤུགས་སྣོ་དགོས་ཤིང།སྨན་བཅོས་ཀྱི་ཐོན་ཁུངས་སྤུས་དག་གཞི་རྩའི་ཆ་ནས་གནད་དུ་འཁེལ་བར་སྐུལ་སྤེལ་དགོས།ངེས་དོན་གྱིས་རོང་འབྲོག་ཁུལ་གྱི་ནད་བལྟ་དཀའ་བ་དང་།སྨན་རིན་མཐོ་བ།ས་ཐག་རིང་བོའི་གནད་དོན་ཐག་གཅོད་བྱ་དགོས་ལ།དམངས་བདེ་དམངས་ཕན་གྱི་བྱ་ཐབས་དོན་འཁྱོལ་བྱས་ཏེ། “དྲ་སྦྲེལ+སྨན་བཅོས་བདེ་ཐང”ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ།གཏན་སྡོད་ཁྱིམ་ཚང་རྨང་གཞིར་འཛིན་པ་དང་།སྡེ་ཁུལ་བརྟེན་སར་འཛིན་པ།སྒྲིག་གཞི་ཁ་གསབ་བྱེད་པ་བཅས་ཀྱི་བདེ་ཐང་གི་རྒན་གསོའི་ཞབས་ཞུའི་མ་ལག་འཛུགས་དགོས།

སྤྱི་ཚོགས་འགན་སྲུང་ཇེ་ལེགས་སུ་གཏོང་དགོས།གཙོ་གཞི་མང་པོའི་མཁོ་སྤྲོད་དང་ཐབས་ལམ་མང་པོའི་འགན་སྲུང་།བོགས་ཉོ་མཉམ་གཉེར་བྱེད་པ་བཅས་ཀྱི་སྡོད་ཁང་ལམ་ལུགས་གང་མགྱོགས་སྒོས་འཛུགས་དགོས། དྲོད་སྐྱིལ་ཁང1500བསྒྱུར་བཀོད་བྱས་པ་དང་ཞིང་སྡེའི་ཉེན་ཁང་དང་ཁང་རྙིང་ཅན་དུད་ཁྱིམ280ལ་བསྒྱུར་བཀོད་བྱས། གཞི་ཐིག་མཐའ་ཚད་དང་ལས་ཚད་དྲ་བ།ལམ་སྲོལ་འཛུགས་པ་བཅས་ཀྱི་བླང་བྱ་ལྟར།དམངས་ཡོངས་ལ་ཁྱབ་པ་དང་མཁར་ཤང་གཅིག་གྱུར་འཆར་འགོད། འགན་དབང་ཁ་གསལ།ཁག་ཐེག་འོས་འཚམ། རྒྱུན་མཐུད་བཅས་ཀྱི་རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་ཁྱོན་ཡོངས་ནས་འཛུགས་དགོས།སྤྱི་ཚོགས་རོགས་སྐྱོབ་དང་སྤྱི་ཚོགས་དགེ་ཕན། དགེ་ལས་བྱ་གཞག ལྟ་སྐྱོང་བཀོད་སྒྲིག་སོགས་ཀྱི་ལས་དོན་ཡག་པོར་བསྒྲུབས་ནས།རོང་འབྲོག་ཁུལ་གྱི་གཞིས་སྲུང་བྱིས་པ་དང་།བུད་མེད། རྒན་རྒོན།  དེ་མིན་དབང་པོ་སྐྱོན་ཅན་བཅས་ལ་བརྩེ་སེམས་བཅངས་པའི་ཞབས་ཞུའི་མ་ལག་ཚང་བསྐྲུན་བྱས་ཏེ་འགན་སྲུང་མཁོར་བར་འགན་སྲུང་ཐོབ་པ་མངོན་དུ་འགྱུར་དགོས།

སྤྱི་ཚོགས་བདེ་འཇགས་ཡོང་བར་འགན་ལེན་དགོས། འཕྲལ་བསྟུན་དོ་དམ་མ་ལག་འཐུས་ཚང་དུ་གཏོང་བ་དང་།བབ་བསྟུན་རོགས་སྐྱོབ་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ། ཉེན་མེད་ཐོན་སྐྱེད་ལ་ལྟ་སྐུལ་དོ་དམ་བྱེད་པར་ཁྲིམས་བསྟར་ནན་མོ་བྱས་ཏེ།བྱུར་ཉེས་ཚབས་ཆེན་འབྱུང་བར་སྔོན་འགོག་དང་བཀག་འགོག་མཐའ་གཅིག་ཏུ་བྱ་དགོས། ཟས་རིགས་དང་སྨན་རྫས་ཐོན་སྐྱེད་འཁོར་རྒྱུག་བྱེད་པའི་ལྷུ་ཚིགས་ཡོངས་ལ་ལྟ་སྐུལ་དོ་དམ་ནན་མོ་བྱེད་པ་དང་ཟས་རིགས་དང་སྨན་རྫས་ཁྲིམས་འགལ་གྱིས་ཉེས་གསོག་བྱེད་པར་རྡུང་རྡེག་ནན་མོ་གཏོང་དགོས།ཁུལ་ཡོངས་གཞི་ཁྱོན་ཡན་གྱི་ཟས་རིགས་ཐོན་སྐྱེད་ཁེ་ལས་ཀྱི་ཉེན་མེད་དབྱེ་འབྱེད་ཚོད་འཛིན་མ་ལག་བདེན་དཔང་ར་སྤྲོད་དང་།བཟའ་བཏུང་ཞབས་ཞུའི“ཚད་འབེབས་རིམ་འབྱེད”ཡོངས་སུ་ཁེབས་པ་མངོན་འགྱུར་བྱེད་པར་བརྩོན་ལེན་བྱེད་དགོས། སྨན་རྫས་ཀྱི་ཚེ་སྲོག་ཧྲིལ་པོའི་དུས་འཁོར་དོ་དམ་ལམ་ལུགས་ལག་བསྟར་དང་། ཟས་རིགས་དང་སྨན་རྫས་ཀྱི་ཁུངས་འདེད་མ་ལག་མགྱོགས་མྱུར་ངང་བསྐྲུན་ནས།ལག་རྩལ་གྱི་འདེགས་སྐྱོར་མ་ལག་དང་ཆ་འཕྲིན་ཅན་གྱི་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་བཏང་སྟེ།མི་དམངས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས”ལ་འགན་སྲུང་བྱ་དགོས། མི་མང་དཔུང་སྡེབ་ཀྱིས་ཟིང་ཆ་སློང་བ་དང་ཟ་བསྙད་ཧམ་འཁྱེར་བྱེད་པ། ཧམ་བཟུང་བྱེད་པ་སོགས་ཀྱི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་གཏོང་བ་དང་།སྤྱི་ཚོགས་ཀྱི་བདེ་འཇགས་ཁོར་ཡུག་བཟང་པོར་སྲུང་སྐྱོང་བྱས་ནས། སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་ཏན་ཏིག་བྱ་དགོས།

རྨང་གཞིའི་སྒྲིག་ཆས་ཇེ་ལེགས་སུ་གཏོང་དགོས།ཁུ་ནུ་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་སྟོན་ཁང་དང་།སྡེ་བ་རིམ་པའི་ཕྱོགས་བསྡུས་རིག་གནས་ཞབས་ཞུའི་ལྟེ་གནས།རྫོང་རིམ་པའི་དམངས་ཡོངས་ཀྱི་ལུས་སྦྱོང་ལྟེ་གནས་སོགས་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། བཏུང་ཆུ་ཉེན་མེད་རིམ་སྤར་དང་ཞིང་ཁའི་ཆུ་བེད་འཛུགས་སྐྲུན།ནུས་ལྡན་སྒོས་ཆུ་གྲོན་ཆུང་བཅས་ཀྱི་རྣམ་གྲངས་ལག་བསྟར་དང་། རོང་འབྲོག་ཁུལ་གྱི་མི་འབོར་ཁྲི1.5ཡི་འཐུང་ཆུའི་ཆ་རྐྱེན་ཇེ་ལེགས་སུ་བཏང་ཞིང་།ཆུ་འདྲེན་རྒྱ་ཁྱོན་མུའུ་ཁྲི4ལེགས་བཅོས་བྱས།གྲོང་གསེབ་ཀྱི་བཙོག་ཆུ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས།ཞིང་སྡེ་དང་འབྲོག་ཁུལ་གྱི་རྩ་བའི་འགྲོ་སྐྱོད་ཆ་རྐྱེན་ཇེ་ལེགས་སུ་བཏང་ཞིང།ཞིང་སྡེའི་གཞུང་ལམ་སྤྱི་ལེ་500ཡན་གསར་སྐྲུན་དང་བཅོས་སྐྲུན་བྱས་ཏེ། ཆ་རྐྱེན་འཛོམས་པའི་སྒྲིག་གཞི་ཚང་བའི་སྡེ་བ་ཚང་མར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་པའི་ཚད90%ལ་བསླེབ་དགོས། བསྟུད་མར“གསང་སྤྱོད་གསར་བརྗེ”ལོ་གསུམ་གྱི་འགག་སྒྲོལ་འཆར་གཞི་སྐུལ་སྤེལ་བྱས་ཏེ།མཁར་གྲོང་སྤྱི་པའི་གསང་སྤྱོད་དང་ཞིང་འབྲོག་ཁུལ། ལམ་རྒྱུད། ཡུལ་སྐོར་མཛེས་ལྗོངས་ཁུལ་བཅས་ཀྱི་སྤྱོད་ཁང་གི་ལས་གཞི་འཛུགས་སྐྲུན་བྱ་དགོས།

ཁྱོན་ཡོངས་ནས་སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་དགོས།

འཐུས་མི་རྣམ་པ།ལོ་རྒྱུས་ཀྱི་འགོ་ཚུགས་ས་གསར་པ་ཞིག་ནས“ལྔ་བཞིའི་འཐབ་ཇུས”ལག་བསྟར་གཏིང་ཟབ་དང“ལེགས་གཅིག་མཐོ་གཉིས”ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ།ཁྱོན་ཡོངས་ནས”སྔོན་ཐོབ་གཉིས“མངོན་འགྱུར་བྱས་ཏེ”སྐས་རིམ་གསུམ“ལ་འཛེག་པར་རྨང་གཞི་བརྟན་པོ་འདིང་དགོས།ང་ཚོས་སྣེ་ཁྲིད་དེ“འདུ་ཤེས་བཞི”བརྟན་པོར་ཆགས་པ་དང“ཡིད་རྟོན་བཞི”སྲ་བརྟན་དུ་གཏོང་དགོས་ཤིང་།“སྲུང་སྐྱོབ་གཉིས”མཐའ་གཅིག་ཏུ་དོན་འཁྱོལ་ཐུབ་པ་བྱས་ཏེ།རྒྱུན་སྲིང་ལྷོད་མེད་ཀྱིས་སྤྱོད་ཚུལ་ལེགས་སྒྱུར་དང་ནུས་ཕྱོད་ཆེ་རུ་གཏོང་བ།འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ།སྲིད་གཞུང་རང་ངོས་འཛུགས་སྐྱོང་བྱས་ནས་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་བྱས་རྗེས་གསར་པ་འཇོག་ཐུབ་པར་སྐུལ་འདེད་དགོས།

བརྩོན་ལྡན་གྲོན་ཆུང་གི་སྲིད་གཞུང་འཛུགས་སྐྲུན་བྱེད་དགོས།འཚོ་བ་དམ་ནན་སྐྱེལ་བའི་བསམ་བློ་བརྟན་པོ་འཛུགས་པ་དང་དཀའ་སྤྱད་འབད་འཐབ་ཀྱི་སྤྱོད་ཚུལ་དར་སྤེལ་ལ་ཤུགས་བརྒྱབ་ཏེ།སྤྱིར་བཏང་རང་བཞིན་གྱི་གཏོང་སྒོ་ཇེ་ཉུང་དུ་གཏོང་དགོས་ལ།“གཞུང་གྲོན་རིགས་གསུམ”གྱི་སྔོན་རྩིས་ལ་ཚོད་འཛིན་ནན་མོ་བྱས་ཏེ།ལས་ཆོད་དམའ་ཞིང་ཕན་མེད་ཀྱི་གཏོང་སྒོ་མེད་པར་གཏོང་དགོས།ནོར་སྲིད་གཏོང་སྒོའི་གྲུབ་ཚུལ་ལེགས་བསྒྱུར་དང་།མ་དངུལ་ལྷག་མ་གང་ལེགས་སྒོས་བེད་སྤྱོད་བྱས་ནས།  ཚད་ཡོད་ནོར་ཤུགས་དང་ཐོན་ཁུངས“གནད་སར”བེད་སྤྱོད་གཏོང་དགོས།ཐབས་བརྒྱ་ཇུས་སྟོང་གིས་ནོར་ཤུགས་དེ་བས་མང་བ་ཐོན་པ་བྱེད་དགོས་ལ།དཔལ་འབྱོར་དང་དམངས་འཚོ་སོགས་གཙོ་གནད་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ།སྲིད་གཞུང་གི་འཚོ་བ་དམ་པོར་བརྟེན་ནས་མི་དམངས་མང་ཚོགས་ལ་འཚོ་བ་ཡག་པོ་བསྐྲུན་དགོས།

ཁྲིམས་ལྟར་སྲིད་འཛིན་གྱི་སྲིད་གཞུང་འཛུགས་སྐྲུན་བྱེད་དགོས།ཁྲིམས་བཅད་དབང་ཚད་དང་གོ་རིམ་ནན་པོར་གཞིགས་ནས་དབང་ཆ་བེད་སྤྱོད་དང་འགན་འཁྲི་གཙང་སྒྲུབ་བྱས་ཐོགལས་ཀ་གལ་ཆེན་དང་གནད་དོན་ཚབས་ཆེན་རྣམས་ཏང་ཨུ་ལ་སྙན་སེང་ཞུ་བར་རྒྱུན་འཁྱོངས་བྱས་ཏེ།རང་འགུལ་དུ་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཅའ་ཁྲིམས་ཀྱི་ལྟ་སྐུལ་དང་།ལས་དོན་ལྟ་སྐུལ། སྲིད་གྲོས་ཀྱི་དམངས་གཙོའི་ལྟ་སྐུལ་བཅས་དང་ལེན་བྱས་ནས། ཁྲིམས་འཛིན་དང་གླེང་ཕྱོགས།མང་ཚོགས་ཀྱི་ལྟ་སྐུལ་བཅས་རང་རྟོགས་ངང་དང་ལེན་དགོས།ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་བྱེད་པའི་ལག་བསྟར་འཆར་གཞི་དོན་འཁྱོལ་བྱས་ནས།བཅའ་ཁྲིམས་ལྟར་སྲིད་འཛིན་བྱེད་པའི་འདུ་ཤེས་བསྟུད་མར་ཇེ་བརྟན་དང་། སྲིད་འཛིན་ཇུས་ཐག་གཅོད་པའི་གོ་རིམ་གལ་ཆེན་ལག་བསྟར་ནན་མོ་བྱེད་དགོས།ཁྲིམས་ལྟར་དང་ཚན་རིག་དང་མཐུན་པ།དམངས་གཙོས་ཇུས་ཐག་གཅོད་པ་བཅས་བྱེད་པར་སྐུལ་འདེད་དང་སྲིད་དོན་ཡོངས་བསྒྲགས་བྱེད་ཚད་གཏིང་ཟབ་ཏུ་བཏང་ནས།སྲིད་དོན་ཞབས་ཞུར་ཤུགས་སྣོན་རྒྱག་པ་དང་སྲིད་གཞུང་གི་སྤྱིའི་ཡིད་རྟོན་ཇེ་མཐོར་གཏང་དགོས།

དངོས་འབེབས་ནུས་ཆོད་ལྡན་པའི་སྲིད་གཞུང་ཞིག་འཛུགས་སྐྱོང་བྱེད་དགོས།མཚོ་སྔོན་བྱ་བའི་སྐོར་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་མཆན་འགོད་གལ་ཆེན་གནང་བའི་དགོངས་དོན་ཁྱོན་ཡོངས་ནས་དངོས་འབེབ་བཟང་བོ་བྱས་ནས།ཁྱོན་ཡོངས་ཀྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་འགན་ཁུར་ལ་ཤུགས་སྣོན་པ་དང་། སྲིད་གཞུང་གི་ལག་བསྟར་ནུས་པ་ཕྱོགས་ཡོངས་ནས་མཐོར་འདེགས་སུ་གཏོང་དགོས།བཅོས་བསྒྱུར་སྒོ་འབྱེད་དང་འཕེལ་རྒྱས་ཀྱི་རིམ་པ་སྤོར་བར་སྐུལ་འདེད། དམངས་འཚོར་འགན་ལེན་དང་ལེགས་གཏོང་སོགས་ཐད་དུ་ནུས་པ་གང་ཡོད་འདོན་པ་དང་།འཐབ་ཇུས་ལེགས་པོ་དང་དངོས་འབེབས་བྱེད་ཐབས་མང་ཙམ་འདོན་དགོས།“710”ལས་དོན་ལམ་ལུགས་ལག་བསྟར་ནན་ཏན་བྱས་ནས། དངོས་འབེབས་དང་ཞིབ་ཚགས། ལེགས་སྒྲུབ་བཅས་ལ་དམིགས་འབེན་གཏན་འཁེལ་བྱས་ཏེ།ངེས་དོན་གྱིས་སྲིད་གཞུང་གི་ནུས་ཆོད་ཇེ་མཐོར་གཏོང་དགོས།

སྤྱོད་བཟང་སྲིད་གཙང་གི་སྲིད་གཞུང་ཞིག་འཛུགས་སྐྱོང་བྱེད་དགོས།“ལས་གནས་གཅིག་ལ་འགན་འཁྲི་གཉིས”རྒྱུན་འཁྱོངས་བྱེད་པ་དང་།ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་བྱེད་ཐབས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ།བར་མཚམས་མེད་པར“སྤྱོད་ཚུལ་བཞི”བཅོས་སྒྲིག་བྱས་ཏེ།ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་དགོས།རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་བའི་ཕུགས་བསམ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བར་ཁྲིད་སྟོན་དང་།ཏང་གཤིས་ཀྱི་རྩ་དོན་མཐའ་འཁྱོངས་བར་བྱས་ཏེ། ཏང་གཤིས་ཀྱི་བསམ་གཞིགས་བྱེད་ཤུགས་ཆེ་རུ་བཏང་སྟེ་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་བྱ་དགོས།སྲིད་འཛིན་ལྟ་སྐུལ་དང་རྩིས་བཤེར་ལྟ་སྐུལ་ལ་ཤུགས་སྣོན་དང་། ཁྱབ་ཁོངས་གཙོ་བོ་དང་གནད་ཆེའི་ལྷུ་ཚིགས།ལས་གནས་གལ་ཆེན་བཅས་ལ་ལྟ་སྐུལ་དོ་དམ་བྱ་རྒྱུར་མངོན་གསལ་དུ་དམ་འཛིན་ལེགས་པོ་དགོས།རུལ་སུངས་སུ་གྱུར་པའི་སྤྱོད་ངན་མཐའ་དག་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ཏེ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་བྱ་སྤྱོད་ཡོ་བསྲང་མཐའ་གཅིག་ཏུ་བྱ་དགོས།    

 འཐུས་མི་རྣམ་པ། ད་ལོའི་སྲིད་གཞུང་གི་ལས་དོན་ལེགས་པོར་བསྒྲུབ་པའི་ལས་འགན་དཀའ་ཚེགས་ཆེ་ཞིང་འགན་འཁྲི་ཧ་ཅང་ལྕི་བ་ཞིག་རེད།ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས།བློ་མཐུན་ཞི་ཅིན་ཕིང་ནི་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་དང་།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ཇུས་གཞི་བཀོད་སྒྲིག་ལག་ལེན་མཐའ་འཁྱོལ་བྱས་ཏེ།ཁུལ་ཏང་ཨུའི་འགོ་ཁྲིད་བརྟན་པོའི་འོག ཁུལ་ཡོངས་ཀྱི་མི་དམངས་ལ་བརྟེན་ནས། བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་འགག་སྒྲོལ་དཀའ་སེལ་སྒོས་དུས་རབས་གསར་པས་ང་ཚོར་བསྩལ་བའི་ལས་འགན་གསར་པ་ལེགས་པོར་བསྒྲུབ་ཏེ།རླབས་ཆེན་གྱི་དུས་རབས་གསར་པར་འོས་མེད་མ་མཆིས་པའི་བྱས་རྗེས་འཇོག་པར་འབད་དེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བརྩོན་ལེན་དང་།ཀྲུང་གོའི་ཕུགས་འདུན་བསྐྱར་དར་རླབས་པོ་ཆེ་དང་མཚོ་ནུབ་ཀྱི་མཛད་རྗེས་ལེགས་པོར་འགོད་ཆེད་སྔར་ལས་ལྷག་པའི་བྱས་རྗེས་གསར་བ་གཞག་དགོས་སོ།།

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།