ཀྲུང་གོ་བོད་ཀྱི་དྲ་བ།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནགས་ཚལ་དང་རྩྭ་ཐང་མེ་འགོག་ལས་ཀའི་འགན་འཁྲི་བདའ་འདེད་བྱེད་སྟངས་ཀྱི་གནས་ས ། ༢

ཡོང་ཁུངས། : ཁམས་པའི་གསར་འགྱུར་དྲ་བ     སྤེལ་དུས། : 2016-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(བཅུ་གཅིག)ནགས་ཚལ་དང་རྩྭ་ཐང་གི་མི་མངོན་པའི་མེ་སྐྱོན་གནས་ཚུལ་དུས་ཐོག་ཏུ་འཐེན་ཞིབ་བྱས་ཏེ་དང་ཐོག་ནས་མི་མངོན་པའི་མེ་སྐྱོན་གནས་ཚུལ་མེད་པ་བཟོས་དགོས།

(བཅུ་གཉིས།)ནགས་ཚལ་དང་རྩྭ་ཐང་མེ་སྐྱོན་གྱི་འཕྲལ་སྐྱོབ་བྱེད་སྟངས་ཀྱི་སྔོན་བཀོད་འཆར་གཞི(ཐག་གཅོད་བྱེད་ཐབས)བཟོས་ནས་དུས་དང་མཐུན་པར་འཁྲབ་སྦྱོང་བྱེད་དགོས།

(བཅུ་གསུམ།)ཉིན་མཚན་ཀུན་ཏུ་ལས་རེས་བྱས་ནས་འགོ་ཁྲིད་ཀྱིས་ལས་རེས་སྣེ་ཁྲིད་བྱ་རྒྱུའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ།མེ་ཡོད་ན་ངེས་པར་དུ་སྙན་སེང་ཞུ་དགོས་པ་སོགས་དུས་ཐོག་ཏུ་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་སྙན་སེང་ཞུ་རྒྱུའི་གཏན་འབེབས་བྱེད་དགོས།

(བཅུ་བཞི།)ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་རྒུད་སྐྱོབ་དང་གནོད་སྐྱོན་ཐེབས་རྗེས་ཀྱི་ལས་ཀ་སྒྲིག་འཛུགས་དང་མཐུན་སྦྱོར།བཀོད་འདོམས་བཅས་བྱེད་དགོས།

(བཅོ་ལྔ།)ཤང(གྲོང་རྡལ།)དང་གྲོང་སྡེ་རིམ་པ་གཉིས་ཀྱི་ནགས་ཚལ་དང་རྩྭ་ཐང་བསྐོར་བསྐྱོད་སྲུང་སྐྱོང་བྱེད་མཁན་ཚོ་ཆུང་བཙུགས་ནས་ཤང(གྲོང་རྡལ།)དང་གྲོང་སྡེ་རིམ་པ་གཉིས་ཀྱི་ལས་བྱེད་པ་དང་།ནགས་ཚལ་སྲུང་མཁན།རྩྭ་ཐང་དོ་དམ་པའི་འགན་འཁྲི་དོན་འཁྱོལ་བྱས་ཏེ་ཁྱོན་ཡོངས་ནས་གྲོང་དམངས་ཀྱིས་རེས་སྐོར་ནས་ལས་རེས་བྱ་རྒྱུའི་ལམ་ལུགས་ལ་སྐུལ་འདེད་བྱེད་དགོས།

(བཅུ་དྲུག)དཔྱད་འདེམས་སྐུལ་སློང་གི་ནང་རྐྱེན་བཙུགས་ནས་ནགས་ཚལ་མེ་འགོག་གི་ལས་ཀ་དང་རྒྱལ་དབང་ནགས་ཚལ་དོ་དམ་བྱེད་སའི་གྲོན་དངུལ།ཐུན་མོང་གི་སྤྱི་ཕན་ནགས་ཚལ་གྱི་སྐྱེ་ཁམས་ཕན་འབྲས་ཀྱི་ཁ་གསབ་རོགས་དངུལ་འཛིན་སྤྲོད་དངུལ་ལེན་བྱ་རྒྱུ་དང་ཟུང་འབྲེལ་བྱས་པ་དང་།རྩྭ་ཐང་གི་མེ་འགོག་ལས་ཀ་དང་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་བྱེད་སའི་ཁ་གསབ་རོགས་དངུལ་འཛིན་སྤྲོད་དངུལ་ལེན་བྱ་རྒྱུ་གཉིས་ཟུང་འབྲེལ་བྱེད་དགོས།

 དོན་ཚན་དྲུག་པ། ཁུལ་དང་རྫོང་གི་ནགས་ལས་དང་ཕྱུགས་འབྲོག་སྲིད་འཛིན་གཙོ་གཉེར་སྡེ་ཁག་གིས་ཁག་དབྱེ་ནས་རང་ཉིད་ཀྱི་སྲིད་འཛིན་ས་ཁོངས་ནང་གི་ནགས་ཚལ་དང་རྩྭ་ཐང་མེ་འགོག་ལས་ཀར་ལྟ་སྐུལ་དོ་དམ་བྱེད་འགན་འཁུར་ནས།རིམ་པ་རང་ཉིད་ཀྱི་སྲིད་གཞུང་གི་ནགས་ཚལ་དང་རྩྭ་ཐང་མེ་འགོག་བཀོད་འདོམས་ལས་ཁུངས་ཀྱིས་དུས་རྒྱུན་པའི་ལས་ཀ་སྒྲུབ་འགན་འཁུར་དགོས

ཁུལ་དང་རྫོང་གི་ནགས་ཚལ་དང་རྩྭ་ཐང་མེ་འགོག་བཀོད་འདོམས་པུའུ་ཡི་གྲུབ་མི་སྡེ་ཚན་གྱིས་འབྲེལ་ཡོད་ཆོད་དོན་ལྟར་སྲིད་འཛིན་སྡེ་ཁག་གི་འགན་ནུས་བསྒྲུབ་དགོས་པ་རེད།     

དོན་ཚན་བདུན་པ།གྲོང་དམངས་ཨུ་ཡོན་ལྷན་ཁང་གིས་གྲོང་སྡེ་རང་ཉིད་ཀྱི་ནགས་ཚལ་དང་རྩྭ་ཐང་མེ་འགོག་གི་ལས་ཀ་སྒྲུབ་འགན་འཁུར་ནས་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་དཔུང་སྡེ་བཙུགས་ནས།ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འཕྲལ་སྐྱོབ་ཐག་གཅོད་ཀྱི་ལས་ཀ་ཡག་པོ་སྒྲུབ་རོགས་བྱེད་དགོས།

ལེའུ་གསུམ་པ།འགན་འཁྲི་བདའ་འདེད།     

དོན་ཚན་བརྒྱད་པ། འགན་འཁྲི་བདའ་འདེད་ནི་ཐ་ཚིག་སྐུལ་ལྕག་གི་ཁ་བརྡ་དང་ཡོངས་ཁྱབ་སྐྱོན་བརྗོད།འགན་དཀྲི་ནས་ཡིག་ཐོག་ཞིབ་བཤེར་བྱ་རྒྱུ།ལས་འགན་གནས་སྐབས་མེད་པ་བཟོས་ནས་ཞིབ་བཤེར་བྱས་པ་དང་།འགན་འཛོལ་རང་དཀྲི་བྱས་ནས་ལས་འགན་དགོངས་ཞུ་བྱ་རྒྱུ།འགན་དཀྲི་ནས་ལས་འགན་དགོངས་ཞུ་བྱ་རྒྱུ།ལས་འགན་མེད་པ་བཟོ་བ་དང་ཐ་ཚིག་སྒྲོག་པ།སྐྱོན་ཐོ་འགོད་པ།སྐྱོན་ཐོ་ཆེན་པོ་འགོད་པ།གོ་གནས་ཕབ་པ།ལས་འགན་མེད་པ་བཟོ་བ།ཕྱིར་འབུད་བྱ་རྒྱུ་སོགས་སྲིད་ཁྲིམས་ཐག་གཅོད་དང་།དེ་བཞིན་དུ་ཐ་ཚིག་སྒྲོག་པ།ཐ་ཚིག་དྲག་པོ་སྒྲོག་པ།ཏང་ནང་གི་གོ་གནས་མེད་པ་བཟོ་བ།ཏང་ནང་བཞག་ནས་ལྟ་ཞིབ་བྱ་རྒྱུ།ཏང་ནང་ནས་ཕུད་པ་སོགས་ཏང་གི་སྒྲིག་ལམ་གྱི་ཆད་པ་གཅོད་རྒྱུ་ཡིན།

དོན་ཚན་དགུ་པ། རྫོང་མི་དམངས་སྲིད་གཞུང་གིས་རེ་འདུན་ལྟར་བྱེད་ཐབས་འདིའི་དོན་ཚན་ལྔ་པའི་ཆོད་དོན་ལྟར་འགན་འཁྲི་མ་སྒྲུབ་པ་དང་།ནགས་ཚལ་དང་རྩྭ་ཐང་མེ་སྐྱོན་བྱུང་སྐབས་ལས་བགོས་འགན་གཉེར་བྱེད་མཁན་གྱི་འགོ་ཁྲིད་ལ་དམིགས་བསལ་གྱི་རྒྱུ་རྐྱེན་མེད་ནས་མེ་སྐྱོན་བྱུང་ཡུལ་དུ་སྒྲིག་འཛུགས་བཀོད་འདོམས་བྱེད་སར་སླེབས་མེད་པ་དང་།ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་བྱུང་ནས་ཆོད་དོན་ལྟར་དུས་ཐོག་ཏུ་གོང་རིམ་ལ་སྙན་ཞུ་བྱེད་མེད་མཁན་བཅས་ལ་ཁུལ་ནགས་ཚལ་དང་རྩྭ་ཐང་མེ་འགོག་བཀོད་འདོམས་པུའུ་ཡིས་དག་ཐེར་བཅོས་སྐྱོང་བྱ་རྒྱུའི་བརྡ་ཐོ་བཏང་ནས་དུས་བཀག་ནང་དག་ཐེར་བཅོས་སྐྱོང་བྱ་རྒྱུའི་འགན་དཀྲི་དགོས།     དག་ཐེར་བཅོས་སྐྱོང་བྱེད་ཤུགས་མི་འདང་མཁན་ཡིན་ཕྱིར།རྫོང་མི་དམངས་སྲིད་གཞུང་གི་འགོ་ཁྲིད་གཙོ་བོར་སྐྱོན་བརྗོད་སློབ་གསོ་བྱེད་དགོས།ཏང་སྲིད་ཀྱི་ལས་བགོས་འགན་གཉེར་བྱེད་མཁན་གྱི་འགོ་ཁྲིད་ལ་ཐ་ཚིག་སྐུལ་ལྕག་གི་ཁ་བརྡ་བྱེད་དགོས།     ལོ་འཁོར་ནང་།ས་ཁོངས་རང་ཉིད་ཀྱི་འགན་འཁུར་སའི་ཁྱབ་ཁོངས་ནང་གཤམ་གསལ་གྱི་གནད་དོན་གཅིག་ཡོད་ཕྱིར།སྲིད་གཞུང་གི་གཙོ་བོའི་འགོ་ཁྲིད་ཀྱིས་ཡིག་ཐོག་ཞིབ་བཤེར་བྲིས་དགོས་ལ།བཀའ་སློབ་མཛུབ་སྟོན་བྱ་རྒྱུ་རེད།ཏང་སྲིད་ཀྱི་ལས་བགོས་འགན་གཉེར་བྱེད་མཁན་འགོ་ཁྲིད་ལ་ཡོངས་ཁྱབ་སྐྱོན་བརྗོད་བྱས་པས་མ་ཚད།གནས་ཚུལ་ཚབས་ཆེ་ཆུང་ལ་བལྟས་ནས་བལྟོས་བཅས་ཀྱིས་ཏང་དང་སྲིད་འཛིན་སྒྲིག་ལམ་གྱི་ཆད་གཅོད་བྱེད་དགོས།

(གཅིག)ལོ་གཅིག་ལ་སྤྱིར་བཏང་གི་མེ་སྐྱོན་ཐེངས5ཤོར་ན་མིས་བྱེད་པའི་ནགས་ཚལ་མེ་སྐྱོན་ལ་རྩིས་རྒྱུ་དང་།

(གཉིས།)ལོ་གཅིག་ལ་མེ་སྐྱོན་ཅུང་ཆེན་པོ་ཐེངས2ཤོར་ན་མིས་བྱེད་པའི་ནགས་ཚལ་མེ་སྐྱོན་ལ་རྩིས་རྒྱུ་དང་།

(གསུམ།)ལོ་གཅིག་ལ་སྤྱིར་བཏང་གི་མེ་སྐྱོན་ཐེངས5ཤོར་ན་མིས་བྱེད་པའི་རྩྭ་ཐང་མེ་སྐྱོན་ལ་རྩིས་རྒྱུ་དང་།

(བཞི།)ལོ་གཅིག་ལ་ཅུང་ཆེ་བའི་མེ་སྐྱོན་ཐེངས2ཤོར་ན་མིས་བྱེད་པའི་རྩྭ་ཐང་མེ་སྐྱོན་ལ་རྩིས་རྒྱུ་ཡིན་པ་རེད།     ལོ་འཁོར་ནང་ས་ཁོངས་རང་ཉིད་ཀྱི་འགན་འཁུར་སའི་ཁྱབ་ཁོངས་ནང་གཤམ་གྱི་གནས་ཚུལ་བྱུང་ན།ཏང་ཨུའི་འགོ་ཁྲིད་གཙོ་བོས་ཡིག་ཐོག་ཞིབ་བཤེར་བྲིས་དགོས་པས་མ་ཚད།གནས་ཚུལ་ཚབས་ཆེ་ཆུང་ལ་བལྟས་ནས་བལྟོས་བཅས་ཀྱིས་ཏང་གི་སྒྲིག་ལམ་གྱི་ཆད་གཅོད་བྱེད་དགོས།སྲིད་གཞུང་གི་འགོ་ཁྲིད་གཙོ་བོའི་ལས་འགན་གནས་སྐབས་མེད་པ་བཟོས་ནས་ཞིབ་བཤེར་བྱས་པས་མ་ཚད།གནས་ཚུལ་ཚབས་ཆེ་ཆུང་ལ་བལྟས་ནས་སྲིད་འཛིན་སྒྲིག་ལམ་གྱི་ཆད་གཅོད་བྱེད་དགོས།ཏང་དང་སྲིད་གཞུང་གི་ལས་བགོས་འགན་གཉེར་བྱེད་མཁན་གྱི་འགོ་ཁྲིད་ལ་འགན་འཛོལ་རང་དཀྲི་བྱས་ནས་ལས་འགན་དགོངས་ཞུ་བྱ་རྒྱུ་དང།གནས་ཚུལ་ཚབས་ཆེ་ཆུང་ལ་བལྟས་ནས་ཏང་དང་སྲིད་འཛིན་སྒྲིག་ལམ་གྱི་ཆད་གཅོད་བྱེད་དགོས།

(གཅིག)ལོ་གཅིག་ལ་སྤྱིར་བཏང་གི་མེ་སྐྱོན་ཐེངས6ཤོར་ན་མིས་བྱེད་པའི་ནགས་ཚལ་མེ་སྐྱོན་ལ་རྩིས་རྒྱུ་དང་།

(གཉིས།)ལོ་གཅིག་ལ་མེ་སྐྱོན་ཅུང་ཆེན་པོ་ཐེངས3ཤོར་ན་མིས་བྱེད་པའི་ནགས་ཚལ་མེ་སྐྱོན་ལ་རྩིས་རྒྱུ་དང་།

(གསུམ།)ལོ་གཅིག་ལ་སྤྱིར་བཏང་གི་མེ་སྐྱོན་ཐེངས6ཤོར་ན་མིས་བྱེད་པའི་རྩྭ་ཐང་མེ་སྐྱོན་ལ་རྩིས་རྒྱུ་དང་།

(བཞི།)ལོ་གཅིག་ལ་ཅུང་ཆེ་བའི་མེ་སྐྱོན་ཐེངས3ཤོར་ན་མིས་བྱེད་པའི་རྩྭ་ཐང་མེ་སྐྱོན་ལ་བརྩིས་རྒྱུ་ཡིན་པ་རེད།     ལོ་འཁོར་ནང་ས་ཁོངས་རང་ཉིད་ཀྱི་འགན་འཁུར་སའི་ཁྱབ་ཁོངས་ནང་གཤམ་གསལ་གྱི་གནས་ཚུལ་བྱུང་ན།ཏང་ཨུའི་འགོ་ཁྲིད་གཙོ་བོས་ཡིག་ཐོག་ཞིབ་བཤེར་བྲིས་དགོས་པས་མ་ཚད།གནས་ཚུལ་ཚབས་ཆེ་ཆུང་ལ་བལྟས་ནས་བལྟོས་བཅས་ཀྱིས་ཏང་གི་སྒྲིག་ལམ་གྱི་ཆད་གཅོད་བྱེད་དགོས།སྲིད་གཞུང་གི་འགོ་ཁྲིད་གཙོ་བོའི་ལས་འགན་གནས་སྐབས་མེད་པ་བཟོས་ནས་ཞིབ་བཤེར་བྱས་པས་མ་ཚད།གནས་ཚུལ་ཚབས་ཆེ་ཆུང་ལ་བལྟས་ནས་སྲིད་འཛིན་སྒྲིག་ལམ་གྱི་ཆད་གཅོད་བྱེད་དགོས།ཏང་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་ལ་འགན་འཛོལ་རང་དཀྲི་བྱས་ནས་ལས་འགན་དགོངས་ཞུ་བྱ་རྒྱུ་དང།ཏང་དང་སྲིད་གཞུང་གི་ལས་བགོས་འགན་གཉེར་བྱེད་མཁན་འགོ་ཁྲིད་ཀྱི་གོ་གནས་མེད་པ་བཟོས་རྒྱུ་ཡིན་པས་མ་ཚད།གནས་ཚུལ་ཚབས་ཆེ་ཆུང་ལ་བལྟས་ནས་ཏང་དང་སྲིད་འཛིན་སྒྲིག་ལམ་གྱི་ཆད་གཅོད་བྱེད་དགོས།

(གཅིག)ལོ་གཅིག་ལ་སྤྱིར་བཏང་གི་མེ་སྐྱོན་ཐེངས8ཤོར་ན་མིས་བྱེད་པའི་ནགས་ཚལ་མེ་སྐྱོན་ལ་རྩིས་རྒྱུ་དང་།

(གཉིས།)ལོ་གཅིག་ལ་མེ་སྐྱོན་ཅུང་ཆེན་པོ་ཐེངས5ཤོར་ན་མིས་བྱེད་པའི་ནགས་ཚལ་མེ་སྐྱོན་ལ་རྩིས་རྒྱུ་དང་།

(གསུམ།)ལོ་གཅིག་ལ་ཚབས་ཆེ་ཡན་ཆད་ཤོར་ན་མིས་བྱེད་པའི་ནགས་ཚལ་མེ་སྐྱོན་ལ་རྩིས་རྒྱུ་དང་།

(བཞི།)ལོ་གཅིག་ལ་སྤྱིར་བཏང་གི་མེ་སྐྱོན་ཐེངས8ཤོར་ན་མིས་བྱེད་པའི་རྩྭ་ཐང་མེ་སྐྱོན་ལ་རྩིས་རྒྱུ་དང་།

(ལྔ།)ལོ་གཅིག་ལ་ཅུང་ཆེ་བའི་མེ་སྐྱོན་ཐེངས5ཡན་ཆད་ཤོར་ན་མིས་བྱེད་པའི་རྩྭ་ཐང་མེ་སྐྱོན་ལ་རྩིས་རྒྱུ།

(དྲུག)ལོ་གཅིག་ལ་མེ་སྐྱོན་ཚབས་ཡན་ཆད་ཤོར་ན་མིས་བྱེད་པའི་རྩྭ་ཐང་མེ་སྐྱོན་ལ་རྩིས་རྒྱུ་ཡིན་པ་རེད།

དོན་ཚན་བཅུ་པ། ཤང(གྲོང་རྡལ།)གིས《ནགས་ཚལ་མེ་འགོག་ཁྲིམས་སྲོལ》དང《རྩྭ་ཐང་མེ་འགོག་ཁྲིམས་སྲོལ》།《སི་ཁྲོན་ཞིང་ཆེན་〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས〉ལག་ལེན་སྲོལ་ཡིག》དང་《སི་ཁྲོན་ཞིང་ཆེན་གྱི་ནགས་ཚལ་མེ་འགོག་ཁྲིམས་སྲོལ》སོགས་འབྲེལ་ཡོད་ཆོད་དོན་ལག་ལེན་བྱེད་ཤུགས་མི་འདང་མཁན་དང་།ཤང(གྲོང་རྡལ།)གྲོང་སྡེ་རིམ་པ་གཉིས་ཀྱི་ནགས་ཚལ་དང་རྩྭ་ཐང་མེ་འགོག་གི་འགན་འཁྲི་དོན་འཁྱོལ་མི་བྱེད་མཁན།ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་ཤོར་དུས་ཏང་སྲིད་ཀྱི་འགོ་ཁྲིད་གཙོ་བོ་ལ་དམིགས་བསལ་གྱི་རྒྱུ་རྐྱེན་མེད་ནས་མེ་སྐྱོན་ཤོར་ཡུལ་དུ་ཕྱིན་ནས་བཀོད་འདོམས་རྒུད་སྐྱོབ་ཀྱི་སྒྲིག་འཛུགས་བྱེད་སར་སླེབས་མེད་མཁན།མངའ་ཁོངས་སུ་ནགས་ཚལ་དང་རྩྭ་ཐང་མེ་སྐྱོན་གྱི་མི་མངོན་པའི་གནས་ཚུལ་དུས་ཐོག་ཏུ་སྒྲིག་འཛུགས་བྱས་ཏེ་ལེགས་བཅོས་བྱེད་མེད་མཁན་བཅས་ལ་རྫོང་གི་ནགས་ཚལ་དང་རྩྭ་ཐང་མེ་འགོག་བཀོད་འདོམས་པུའུ་ཡིས་ལེགས་བཅོས་བྱ་རྒྱུའི་བརྡ་ཐོ་བཏང་ནས་དུས་བཀག་ནང་དག་ཐེར་ལེགས་བཅོས་བྱ་རྒྱུའི་བཀའ་ཕབས་དགོས།

དག་ཐེར་ལེགས་བཅོས་བྱེད་ཤུགས་མི་འདང་མཁན་གྱི་ཤང(གྲོང་རྡལ།)མི་དམངས་སྲིད་གཞུང་གི་འགོ་ཁྲིད་གཙོ་བོར་སྐྱོན་བརྗོད་སློབ་གསོ་བྱས་པ་དང་།ལས་བགོས་འགན་གཉེར་བྱེད་མཁན་གྱི་འགོ་ཁྲིད་ལ་ཐ་ཚིག་སྐུལ་ལྕག་གི་ཁ་བརྡ་བྱེད་དགོས།     ལོ་འཁོར་ནང་།ས་ཁོངས་རང་ཉིད་ཀྱི་འགན་འཁུར་སའི་ཁྱབ་ཁོངས་ནང་གཤམ་གསལ་གྱི་གནད་དོན་གཅིག་ཡོད་ཕྱིར།ཏང་ཨུའི་འགོ་ཁྲིད་གཙོ་བོས་ཡིག་ཐོག་ཞིབ་བཤེར་བྲིས་དགོས་ལ།གནས་ཚུལ་ཚབས་ཆེ་ཆུང་ལ་བལྟས་ནས་བལྟོས་བཅས་ཀྱིས་ཏང་གི་སྒྲིག་ལམ་གྱི་ཆད་གཅོད་བྱེད་དགོས།སྲིད་གཞུང་གི་འགོ་ཁྲིད་གཙོ་བོར་གོ་གནས་མཚམས་བཞག་ནས་ཞིབ་བཤེར་བྱས་པས་མ་ཚད།གནས་ཚུལ་ཚབས་ཆེ་ཆུང་ལ་བལྟས་ནས་བལྟོས་བཅས་ཀྱིས་སྲིད་འཛིན་སྒྲིག་ལམ་གྱི་ཆད་གཅོད་བྱེད་དགོས།ཏང་སྲིད་ཀྱི་ལས་བགོས་འགན་གཉེར་བྱེད་མཁན་གྱི་འགོ་ཁྲིད་ལ་བཀའ་སློབ་མཛུབ་སྟོན་བྱེད་དགོས་པས་མ་ཚད།གནས་ཚུལ་ཚབས་ཆེ་ཆུང་ལ་བལྟས་ནས་ཏང་དང་སྲིད་འཛིན་སྒྲིག་ལམ་གྱི་ཆད་གཅོད་བྱེད་དགོས།

(གཅིག)ལོ་གཅིག་ལ་སྤྱིར་བཏང་གི་མེ་སྐྱོན་ཐེངས3ཤོར་ན་མིས་བྱེད་པའི་ནགས་ཚལ་མེ་སྐྱོན་ལ་རྩིས་རྒྱུ་དང་།

(གཉིས།)ལོ་གཅིག་ལ་མེ་སྐྱོན་ཅུང་ཆེན་པོ་ཐེངས1ཤོར་ན་མིས་བྱེད་པའི་ནགས་ཚལ་མེ་སྐྱོན་ལ་རྩིས་རྒྱུ་དང་།

(གསུམ།)ལོ་གཅིག་ལ་སྤྱིར་བཏང་གི་རྩྭ་ཐང་མེ་སྐྱོན་ཐེངས3ཤོར་ན་མིས་བྱེད་པའི་རྩྭ་ཐང་མེ་སྐྱོན་ལ་རྩིས་རྒྱུ་དང་།

(བཞི།)ལོ་གཅིག་ལ་ཅུང་ཆེ་བའི་རྩྭ་ཐང་མེ་སྐྱོན་ཐེངས1ཤོར་ན་མིས་བྱེད་པའི་རྩྭ་ཐང་མེ་སྐྱོན་ལ་རྩིས་རྒྱུ་ཡིན་པ་རེད།     ལོ་འཁོར་ནང་།ས་ཁོངས་རང་ཉིད་ཀྱི་འགན་འཁུར་སའི་ཁྱབ་ཁོངས་ནང་གཤམ་གསལ་གྱི་གནད་དོན་གཅིག་ཡོད་ཕྱིར།ཏང་ཨུའི་འགོ་ཁྲིད་གཙོ་བོས་ཡིག་ཐོག་ཞིབ་བཤེར་བྲིས་དགོས་པས་མ་ཚད།གནས་ཚུལ་ཚབས་ཆེ་ཆུང་ལ་བལྟས་ནས་བལྟོས་བཅས་ཀྱིས་ཏང་གི་སྒྲིག་ལམ་གྱི་ཆད་གཅོད་་བྱེད་དགོས།སྲིད་གཞུང་གི་འགོ་ཁྲིད་གཙོ་བོར་བཀའ་སློབ་མཛུབ་སྟོན་བྱེད་དགོས་པས་མ་ཚད།གནས་ཚུལ་ཚབས་ཆེ་ཆུང་ལ་བལྟས་ནས་སྲིད་འཛིན་སྒྲིག་ལམ་གྱི་ཆད་གཅོད་བྱེད་དགོས།ཏང་སྲིད་ཀྱི་ལས་བགོས་འགན་གཉེར་བྱེད་མཁན་གྱི་འགོ་ཁྲིད་ལ་གོ་གནས་མེད་པ་བཟོས་རྒྱུའི་ཆད་གཅོད་བྱས་པས་མ་ཚད།གནས་ཚུལ་ཚབས་ཆེ་ཆུང་ལ་བལྟས་ནས་བལྟོས་བཅས་ཀྱིས་ཏང་དང་སྲིད་འཛིན་སྒྲིག་ལམ་གྱི་ཆད་གཅོད་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།