ཀྲུང་གོ་བོད་ཀྱི་དྲ་བ།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནགས་ཚལ་དང་རྩྭ་ཐང་མེ་འགོག་ལས་ཀའི་འགན་འཁྲི་བདའ་འདེད་བྱེད་སྟངས་ཀྱི་གནས་ས། ༡

ཡོང་ཁུངས། : ཁམས་པའི་གསར་འགྱུར་དྲ་བ།     སྤེལ་དུས། : 2016-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ལེའུ་དང་པོ། སྤྱིའི་རྩ་དོན།     

དོན་ཚན་དང་པོ། མཛེས་སྡུག་སྐྱེ་ཁམས་འཆམ་མཐུན་བདེ་སྐྱིད་ལྡན་པའི་དཀར་མཛེས་ཁུལ་གསར་བསྐྲུན་བྱ་རྒྱུ་དང་ཁྱོན་ཡོངས་ནས་ནགས་ཚལ་དང་རྩྭ་ཐང་མེ་འགོག་ལས་ཀར་ཤུགས་སྣོན་རྒྱག་རྒྱུ་དང་།ནུས་ལྡན་གྱིས་ནགས་ཚལ་དང་རྩྭ་ཐང་མེ་སྐྱོན་ལ་དོགས་ཟོན་དང་དུས་ཐོག་ཏུ་རྒུད་སྐྱོབ་བྱས་ཏེ་ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས།ནགས་ཁུལ་དང་འབྲོག་ཁུལ་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་ཉེན་མེད་བདེ་འཇགས་ཡོང་བའི་ཆེད་དུ།《ཀྲུང་ཧྭ་མི་དམངས་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས》།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ལྟ་ཞིབ་བཅའ་ཁྲིམས》།《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》།《སྲིད་འཛིན་ལས་ཁུངས་ཀྱི་སྤྱི་ཞབས་པའི་ཆད་གཅོད་སྲོལ་ཡིག》།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོང་དམངས་ཨུ་ཡོན་ལྷན་ཁང་གི་རང་སྐྱོང་བཅའ་ཁྲིམས》།《ནགས་ཚལ་མེ་འགོག་ཁྲིམས་སྲོལ》།《རྩྭ་ཐང་མེ་འགོག་ཁྲིམས་སྲོལ》།《སི་ཁྲོན་ཞིང་ཆེན་གྱི་ནགས་ཚལ་མེ་འགོག་ཁྲིམས་སྲོལ》།《སི་ཁྲོན་ཞིང་ཆེན་གྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས〉ལག་ལེན་བྱེད་ཐབས》།《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྩྭ་ཐང་དོ་དམ་ཁྲིམས་སྲོལ》།《ཏང་སྲིད་འགོ་ཁྲིད་ལས་བྱེད་པར་འགན་འཁྲི་འདྲི་རྒྱུའི་ལག་ལེན་བྱེད་སྟངས་སྐོར་གྱི་གནས་སྐབས་ཆོད་དོན》།《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་སྲིད་འགོ་ཁྲིད་ལས་བྱེད་པར་འགན་འཁྲི་འདྲི་རྒྱུའི་གནས་སྐབས་ཆོད་དོན》བཅས་ཀྱི་འབྲེལ་ཡོད་ཁྲིམས་ལུགས་དང་ཁྲིམས་སྲོལ།དེ་བཞིན་དུ་འབྲེལ་ཡོད་ཆོད་དོན་ལ་གཞིགས་ནས་རང་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་མེ་འགོག་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཆེད་དུ་བྱེད་ཐབས་འདི་གཏན་འཁེལ་བྱས་པ་ཡིན།

དོན་ཚན་གཉིས་པ། ཏང་སྲིད་འགོ་ཁྲིད་ལས་བྱེད་པར་འགན་འཁྲི་འདྲི་རྒྱུའི་ལག་ལེན་བྱེད་སྐབས།རེ་འདུན་གཟབ་ནན་དང་དངོས་ཐོག་བདེན་འཚོལ།འགན་འཁྲི་དང་དབང་ཆ་གཅིག་མཚུངས།ཆད་གཅོད་དང་སློབ་གསོ་ཟུང་འབྲེལ།མང་ཚོགས་ལ་བརྟེན་པ།བཅའ་ཁྲིམས་ལ་བརྟེན་ཞིང་གོ་རིམ་ཡོད་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས།

དོན་ཚན་གསུམ་པ། ནགས་ཚལ་དང་རྩྭ་ཐང་མེ་འགོག་གི་ལས་ཀར་འགན་འཁྲི་བདའ་འདེད་བྱ་ཡུལ་ནི་རང་སྐྱོང་ཁུལ་རང་ཉིད་ཀྱི་སྲིད་འཛིན་ས་ཁོངས་ནང་གི་རྫོང་ཁག(དུང་དཀར་ལུང་པའི་མཛེས་ལྗོངས་དོ་དམ་ཅུས་དང་ཉི་སྟེང་གི་མཛེས་ལྗོངས་དོ་དམ་ཅུས)སོ་སོའི་ཏང་ཨུ(ཏང་གི་ལས་སྒྲུབ་ཨུ་ལྷན།)དང་མི་དམངས་སྲིད་གཞུང་།ཤང(གྲོང་རྡལ།)ཏང་ཨུ་དང་མི་དམངས་སྲིད་གཞུང(ཁྲོམ་ལམ་དོན་གཅོད་ཁྲུའུ)།ཁུལ་ནགས་ལས་ཅུས་དང་ཁུལ་ཕྱུགས་འབྲོག་སྲིད་འཛིན་གཙོ་གཉེར་སྡེ་ཁག  ཆོད་དོན་ལྟར་ནགས་ཚལ་དང་རྩྭ་ཐང་མེ་འགོག་གི་ལས་འགན་ཡོད་མཁན་གྱི་སྡེ་ཚན།གྲོང་སྡེའི་ཏང་ཀྲི་པུའུ་ཨུ་ཡོན་ལྷན་ཁང་དང་གྲོང་དམངས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་མི་སྣ་དང་ནགས་ཚལ་སྲུང་མཁན།རྩྭ་ཐང་དོ་དམ་པ་བཅས་འདུས་ཡོད་པ་རེད།

དོན་ཚན་བཞི་པ། ནགས་ཚལ་དང་རྩྭ་ཐང་མེ་འགོག་ལས་ཀ་ནི་རིམ་ཁག་ཏང་ཨུས་འགོ་ཁྲིད་གནང་འོག   ས་གནས་རིམ་པ་ཁག་གི་མི་དམངས་སྲིད་གཞུང་གི་སྲིད་འཛིན་དཔོན་པོའི་འགན་འཁྲི་ལམ་ལུགས་ལག་ལེན་བྱེད་དགོས།ནགས་ཚལ་དང་རྩྭ་ཐང་མེ་འགོག་ལས་ཀའི་འགན་འཁྲི་ལམ་ལུགས་བདའ་འདེད་འདི་ཁོངས་གཏོགས་ས་ཆའི་ནང་དོ་དམ་དང་རིམ་བགོས་འགན་འཁུར་བྱ་རྒྱུ་ལག་ལེན་བྱེད་དགོས།རྫོང་ཨུའི་ཧྲུའུ་ཅི་དང་རྫོང་དཔོན།ཤང(གྲོང་རྡལ)ཏང་ཨུའི་ཧྲུའུ་ཅི་དང་ཤང(ཀྲེན་ཀྲང་།)ཀྲང་།གྲོང་སྡེའི་ཏང་ཀྲི་པུའུ་ཧྲུའུ་ཅི།གྲོང་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ནི་ཁོངས་གཏོགས་ས་ཁུལ་ནང་གི་ནགས་ཚལ་དང་།རྩྭ་ཐང་མེ་འགོག་ལས་ཀ་འགན་འཁུར་མཁན་ཨང་དང་པོ་ཡིན་ཞིང་།ལས་བགོས་འགན་གཉེར་བྱེད་མཁན་གྱི་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་དང་རྫོང་དཔོན་གཞོན་པ།ཤང(གྲོང་རྡལ)ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཤང(ཀྲེན་ཀྲང་།)ཀྲང་གཞོན་པ་ནི་ཁོངས་གཏོགས་ས་ཆའི་ནང་ནགས་ཚལ་དང་རྩྭ་ཐང་མེ་འགོག་ལས་ཀ་འགན་འཁུར་མཁན་གཙོ་བོ་ཡིན་པ་རེད།ནགས་ལས་ཅུས་ཀྱི་ཅུས་ཀྲང་དང་ཅུས་ཀྲང་གཞོན་པ།ཕྱུགས་འབྲོག་ཅུས་ཀྱི་ཅུས་ཀྲང་དང་ཅུས་ཀྲང་གཞོན་པ།ཆེད་བསྐོ་བཀོད་འདོམས་པ།མེ་འགོག་གཞུང་ལས་ཁང་གི་ཀྲུའུ་རེན།ཤང(གྲོང་རྡལ)གི་ནགས་ཚལ་དང་རྩྭ་ཐང་མེ་འགོག་བྱེད་མཁན་གྱི་ཆེད་བསྐོ་མི་སྣ།ཁུལ་དང་རྫོང་གི་ནགས་ཚལ་དང་རྩྭ་ཐང་མེ་འགོག་ལས་ཀ་དངོས་སུ་འགན་འཁུར་མཁན་ཡིན།ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་བཀོད་འདོམས་པུའུ་ཡི་གྲུབ་མི་ནི་འབྲེལ་ཡོད་འགན་འཁུར་མི་སྣ་ཡིན་པ་རེད།

ལེའུ་གཉིས་པ།ལས་འགན་གཙོ་བོ།     

དོན་ཚན་ལྔ་པ། ནགས་ཚལ་དང་རྩྭ་ཐང་མེ་འགོག་ལས་ཀ་ནི་ཏང་དང་སྲིད་གཞུང་གིས་འགན་མཉམ་འཁུར་བྱེད་དགོས།རྫོང་ཁག་སོ་སོ་དང་།ཤང(གྲོང་རྡལ)ཏང་ཨུ་དང་སྲིད་གཞུང་གི་ལས་འགན་གཙོ་བོ་འདུས་པ་རེད།

(གཅིག)《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནགས་ཚལ་བཅའ་ཁྲིམས》དང་《ཀྲུང་ཧྭ་མི་དམངས་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས》།《ནགས་ཚལ་མེ་འགོག་ཁྲིམས་སྲོལ》།《རྩྭ་ཐང་མེ་འགོག་ཁྲིམས་སྲོལ》།《སི་ཁྲོན་ཞིང་ཆེན་གྱི་ནགས་ཚལ་མེ་འགོག་ཁྲིམས་སྲོལ》།《སི་ཁྲོན་ཞིང་ཆེན་གྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས〉ལག་ལེན་བྱེད་ཐབས》།《སི་ཁྲོན་ཞིང་ཆེན་གྱི་ནགས་ཁུལ་རི་ཁྲོད་ཀྱི་མེའི་འབྱུང་ཁུངས་དོ་དམ་བྱེད་ཐབས》།《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་རྩྭ་ཐང་དོ་དམ་ཁྲིམས་སྲོལ》།《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ནགས་ཁུལ་རི་ཁྲོད་དུ་མེ་སྤྱོད་དོ་དམ་བྱེད་ཐབས》སོགས་ཀྱི་ཁྲིམས་ལུགས་དང་ཁྲིམས་སྲོལ།རྒྱལ་ཁབ་དང་ཞིང་ཆེན།རང་སྐྱོང་ཁུལ་གྱི་ནགས་ཚལ་དང་རྩྭ་ཐང་མེ་འགོག་ལས་ཀའི་བཀོད་སྒྲིག་ལག་ལེན་དོན་འཁྱོལ་བྱེད་དགོས།

(གཉིས།)ནགས་ཚལ་མེ་འགོག་གི་ལས་ཀ་འདི་ཉིན་ཐོའི་གྲོས་རིམ་ནང་བཞག་ནས་དུས་དང་མཐུན་པར་ནགས་ཚལ་དང་།རྩྭ་ཐང་མེ་འགོག་གི་ལས་ཀར་ཞིབ་འཇུག་བྱས་ཏེ་དུས་ཐོག་ཏུ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལས་ཀའི་ནང་གནས་པའི་གལ་ཆེའི་གནད་དོན་ཐག་གཅོད་བྱེད་དགོས།

(གསུམ།)ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལས་ཀའི་སྲིད་འཛིན་དཔོན་པོའི་འགན་འཁྲི་ལམ་ལུགས་དོན་འཁྱོལ་བྱས་ཏེ་རིམ་པ་རེ་རེ་བཞིན་དུ་ནགས་ཚལ་དང་རྩྭ་ཐང་མེ་འགོག་གི་འགན་འཁྲི་ཡེ་གེ་བཞག་དགོས།

(བཞི།)རྫོང་མི་དམངས་སྲིད་གཞུང་གིས་ནགས་ཚལ་དང་རྩྭ་ཐང་མེ་འགོག་གི་བཀོད་འདོམས་ལས་ཁུངས་བཙུགས་ནས་འཐུས་སྒོ་ཚང་དུ་བཏང་སྟེ་ཆེད་བསྐོས་ལས་འགན་ཡོད་པའི་བཀོད་འདོམས་པ་གཞོན་པ་བསྐོ་བཞག་བྱས་པ་དང་།ཁག་དབྱེ་ནས་ནགས་ཚལ་མེ་འགོག་གཞུང་ལས་ཁང་དང་རྩྭ་ཐང་མེ་འགོག་གཞུང་ལས་ཁང་གི་དུས་རྒྱུན་གྱི་ལས་ཀ་འགན་འཁུར་མཁན་གྱི་ཆེད་བསྐོས་མི་སྣ་གཏན་འཁེལ་དང་བཀོད་སྒྲིག་བྱེད་དགོས།ཤང(གྲོང་རྡལ།)གིས་ནགས་ཚལ་དང་རྩྭ་ཐང་མེ་འགོག་བཀོད་འདོམས་ལས་ཁུངས་བཙུགས་ནས་ཤང(གྲོང་རྡལ།)ཀྲང་གིས་རང་ཉིད་ཀྱི་སྲིད་འཛིན་ཁྱབ་ཁོངས་ནང་གི་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་ལས་ཀ་འགན་འཁུར་དགོས།

(ལྔ།)ནགས་ཚལ་དང་རྩྭ་ཐང་མེ་འགོག་གི་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་ནང་བཞག་ནས་ནུས་ཤུགས་ཡོད་རྒུས“དཔུང་སྡེ་ཡོད་པ།གྲོན་དངུལ་ཡོད་པ།ལམ་ལུགས་ཡོད་པ།སྔོན་བཀོད་འཆར་གཞི་ཡོད་པ།སྒྲིག་ཆས་ཡོད་པ།བྱེད་ཐབས་ཡོད་པ”བཅས་དྲུག་ལྡན་གྱི་ཤང་དང་གྲོང་རྡལ་བསྐྲུན་པར་སྐུལ་འདེད་བཏང་ནས་ཤུགས་ཆེན་པོས་ནགས་ཚལ་དང་རྩྭ་ཐང་གི་མེ་སྐྱོན་འགོག་བཅོས་བྱེད་ནུས་མཐོར་འདེགས་བྱེད་དགོས།

(དྲུག)ནགས་ཚལ་དང་རྩྭ་ཐང་མེ་འགོག་དྲིལ་བསྒྲགས་བྱེད་སའི་གྲོན་དངུལ་དང་ལས་ཀའི་གྲོན་དངུལ།གསོ་སྦྱོང་བྱེད་སའི་གྲོན་དངུལ་དང་དེ་བཞིན་དུ་ནགས་ཚལ་དང་རྩྭ་ཐང་མེ་འགོག་རྒུད་སྐྱོབ་བྱེད་སའི་གྲོན་དངུལ་བཅས་རིམ་པ་རང་ཉིད་ཀྱི་ནོར་སྲིད་སྔོན་རྩིས་ནང་བཞག་ནས་ཆེད་སྤྱོད་གྲོན་དངུལ་བཀོད་སྒྲིག་བྱས་པས་མ་ཚད།དོན་དངོས་ལ་གཞིགས་ནས་ལོ་རེ་བཞིན་འཕར་སྣོན་བྱེད་དགོས།

(བདུན།)རྒྱལ་ཁབ་ཀྱི་རིམ་པ་དང་པོའི་ནགས་ཚལ་ལ་མེ་ཤོར་ཉེན་ཆེ་བའི་རྫོང་དུ་མི100ལས་མི་ཉུང་བའི་ནགས་ཚལ་དང་རྩྭ་ཐང་མེ་འགོག་བྱེད་མཁན་གྱི་ཆེད་ལས་དཔུང་སྡེ་འཛུགས་དགོས།རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་ནགས་ཚལ་ལ་མེ་ཤོར་ཉེན་ཆེ་བའི་རྫོང་དུ་མི62ལས་མི་ཉུང་བའི་ནགས་ཚལ་དང་རྩྭ་ཐང་མེ་འགོག་བྱེད་མཁན་གྱི་ཆེད་ལས་དཔུང་སྡེ་འཛུགས་པ་དང་།ཤང(གྲོང་རྡལ།)གིས་རང་གི་ས་ཁོངས་དང་འཚམ་པའི་ནགས་ཚལ་དང་རྩྭ་ཐང་མེ་འགོག་ལས་ཀར་མཁོ་བའི་འཕྲལ་སྐྱོབ་པའི་ནགས་ཚལ་དང་རྩྭ་ཐང་མེ་འགོག་བྱེད་མཁན་གྱི་དཔུང་སྡེ་འཛུགས་པ་དང་།  གྲོང་དམངས་ཨུ་ཡོན་ལྷན་ཁང་གིས་ནགས་ཚལ་དང་རྩྭ་ཐང་ལ་མེ་འགོག་བྱེད་་མཁན་གྱི་དཔུང་སྡེ་བཙུགས་པས་མ་ཚད།ནགས་ཚལ་དང་རྩྭ་ཐང་ལ་མེ་འགོག་བྱེད་མཁན་དཔུང་སྡེའི་མི་སྣའི་གླ་ཕོགས་དང་ལུས་སྲོག་བསམ་ཡུལ་ལས་འདས་པར་རྨས་སྐྱོན་ཐེབས་པའི་འགན་སྲུང་མ་དངུལ་འདི་ས་གནས་ཀྱི་ནོར་སྲིད་སྔོན་རྩིས་ནང་བཞག་དགོས།

(བརྒྱད།)དགོས་ངེས་ཀྱི་རྒུད་སྐྱོབ་དངོས་རྫས་གསོག་འཇོག་བྱེད་དགོས་པས་མ་ཚད།དུས་དང་མཐུན་པར་ཁ་གསབ་བྱེད་དགོས།

(དགུ)དུས་རྒྱུན་རང་བཞིན་གྱི་ནགས་ཚལ་དང་རྩྭ་ཐང་མེ་འགོག་གི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས་ནགས་ཚལ་དང་རྩྭ་ཐང་མེ་འགོག་བྱེད་སྟངས་ཀྱི་ཤེས་བྱ་ཁྱབ་གདལ་བཏང་ནས།དམངས་ཡོངས་ཀྱི་ནགས་ཚལ་དང་རྩྭ་ཐང་ཐོན་ཁུངས་སྲུང་སྐྱོང་བྱ་རྒྱུའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས།
     (བཅུ།)ས་ཁུལ་རང་ཉིད་ཀྱི་རང་བྱུང་ཆ་རྐྱེན་དང་མེ་སྐྱོན་བྱུང་བའི་ཆོས་ཉིད་ལ་གཞིགས་ནས་ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་བྱུང་ཉེན་ཆེ་བའི་དུས་ཚོད་གཏན་འཁེལ་བྱས་པ་དང་།ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་བྱུང་ཉེན་ཆེ་་བའི་ས་ཁུལ་གཏན་འཁེལ་བྱས་པའི་དུས་མཚུངས་སུ།དགོས་ངེས་ཀྱི་སྐབས་སུ་མེ་བཀག་སྡོམ་བྱ་རྒྱུའི་བཀའ་ཕབས་ནས་རི་ཁྲོད་མཐའ་དག་ལ་མེ་སྤྱོད་མི་ཆོག་པ་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།