ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》པར་འགྲེམ་བྱས་པ།༣

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དོན་ཚན་དགུ་བཅུ་པ།ཏང་ཡོན་མགོ་ཁྲིད་ལས་བྱེད་པའི་བཟའ་ཟླ་དང་བུ་ཕྲུག བུ་ཕྲུག་གི་བཟའ་ཟླ་བཅས་ཀྱིས་འབྲེལ་ཡོད་གཏན་ཁེལ་དང་འགལ་ཏེ།ཏང་ཡོན་མགོ་ཁྲིད་ལས་བྱེད་པ་གང་དེའི་འགན་དབང་གི་ཡུལ་དུ་གྱུར་པའི་ས་ཁོངས་སམ་ཡང་ན་ལས་སྒོའི་ཁྱབ་ཁོངས་ནས་གཞུང་དོན་དྲང་བདེན་གྱིས་གཉེར་བར་གནོད་སྲིད་པའི་བདག་གཉེར་བྱ་འགུལ་དུ་ཞུགས་པ།ཡང་ན་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་གང་དེའི་འགན་དབང་གི་ཡུལ་དུ་གྱུར་པའི་ས་ཁོངས་སམ་ལས་སྒོའི་ཁྱབ་ཁོངས་ཀྱི་ཕྱི་ཚོང་སྒེར་ཚུགས་ཁེ་ལས་དང་ཀྲུང་ཕྱི་མཉམ་འབྲེལ་ཁེ་ལས་སུ་ཕྱི་རྒྱལ་ཕྱོགས་ནས་མངགས་པའམ་གདན་ཞུ་བསྐོ་བཞག་བྱས་པའི་མཐོ་རིམ་གོ་གནས་ཀྱི་འགན་ཁུར་བར། ཏང་ཡོན་མགོ་ཁྲིད་ལས་བྱེད་པ་གང་དེས་གཏན་ཁེལ་ལྟར་ཡོ་བསྲང་བྱ་འོས།ཡོ་བསྲང་མ་བྱས་ན་མི་རང་ཉིད་ད་ཡོད་གོ་གནས་ལས་འབུད་པའམ་ཡང་ན་རྩ་འཛུགས་ཀྱིས་གོ་གནས་ལེགས་སྒྲིག་བྱ་འོས།ད་ཡོད་གོ་གནས་ལས་མི་འབུད་པའམ་ཡང་ན་རྩ་འཛུགས་ཀྱིས་གོ་གནས་ལེགས་སྒྲིག་བྱས་པ་དང་ལེན་མ་བྱས་ན་ཏང་ནང་གི་གོ་གནས་མིད་པར་བཟོ་བའི་ཆད་པ་གཅོད་དགོས།

དོན་ཚན་གོ་གཅིག་པ།ཏང་དང་རྒྱལ་ཁབ་ཀྱི་ལས་ཁུངས་ཀྱིས་འབྲེལ་ཡོད་གཏན་ཁེལ་དང་འགལ་ནས་ཚོང་གཉེར་བ་དང་ཁེ་ལས་སྒྲུབ་པ་ལ།ཐད་ཀའི་འགན་འཁྲི་པ་དང་མགོ་ཁྲིད་པའི་འགན་འཁྲི་པ་ལ།ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བའི་ཆད་པ་གཅོད་དགོས།

དོན་ཚན་གོ་གཉིས་པ།ཏང་ཡོན་མགོ་ཁྲིད་ལས་བྱེད་པས་བྱ་བ་དང་འཚོ་བའི་འགན་སྲུང་ལམ་ལུགས་ལ་འགལ་ཏེ།འགྲིམ་འགྲུལ་དང་སྨན་བཅོས།ཉེན་སྲུང་སོགས་ཀྱི་ཕྱོགས་ནས་རང་ཉིད་དང་བཟའ་ཟླ།བུ་བུ་མོ་དང་དེའི་བཟའ་ཟླ་སོགས་ཀྱི་གཉེན་ཉེ་ཁྱིམ་མི་དང་གཞན་པའི་དམིགས་བསལ་འབྲེལ་བ་ཡོད་པའི་མི་ལ་དམིགས་བསལ་གྱི་ཐོབ་ཐང་བརྩོན་གཉེར་བྱེད་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་དགོས།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས།

དོན་ཚན་གོ་གསུམ་པ།སྡོད་ཁང་བགོ་བཤའ་དང་ཚུར་ཉོ་བྱེད་པའི་ཁྲོད་རྒྱལ་ཁབ་དང་ཐུན་མོང་གི་ཁེ་ཕན་ལ་གནོད་པ་བསྐྱལ་ཚེ།གནས་ཚུལ་དེ་འདྲའི་ཚབས་ཆེན་མིན་ན།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས་ལ།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

དོན་ཚན་གོ་བཞི་པ།གོ་གནས་ཀྱི་དབང་ཆ་དང་གོ་གནས་སྟེང་གི་ཤུགས་རྐྱེན་བེད་སྤྱད་ནས།རང་ཉིད་ཀྱིས་བདག་གཉེར་བྱེད་པ་མིན་པའི་གཞུང་སྒེར་རྒྱུ་ནོར་བདག་བཟུང་བྱེད་པ་དང་ཡང་ན་མཚོན་བྱེད་རང་བཞིན་གྱིས་སྒོར་མོ་སྤྲོད་པ་སོགས་ཀྱི་བྱེད་སྟངས་ཐོག་ནས་གཞུང་སྒེར་གྱི་རྒྱུ་ནོར་བདག་བཟུང་བྱེད་པ་དང་།རིན་པ་མ་བླངས་པ་དང་ཡང་ན་མཚོན་བྱེད་རང་བཞིན་གྱིས་གླ་ཡོན་སྤྲོད་པ་སོགས་ཀྱི་ཞབས་ཞུ་དང་ལེན་དང་ངལ་རྩོལ་བཀོལ་སྤྱོད་བྱས་ཚེ།གནས་ཚུལ་དེ་འདྲའི་ཚབས་ཆེན་མིན་ན།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས་ལ།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

གོ་གནས་ཀྱི་དབང་ཆ་དང་གོ་གནས་སྟེང་གི་ཤུགས་རྐྱེན་བེད་སྤྱད་ནས།རང་ཉིད་དང་བཟའ་ཟླ།བུ་བུ་མོ་དང་དེའི་བཟའ་ཟླ་སོགས་ཀྱི་གཉེན་ཉེ་ཁྱིམ་མིས་རང་ཉིད་ཀྱིས་སྤྲོད་དགོས་པའི་གྲོན་ཡོན་དག་མངའ་འོག་གི་ལས་ཁུངས་དང་གཞན་པའི་ལས་ཁུངས་སམ་ཡང་ན་གཞན་པས་སྤྲད་པ་དང་རྩིས་ཞུ་བྱས་པ་ཡིན་ན།དོན་ཚན་སྔོན་མའི་གཏན་ཁེལ་ལྟར་ཐག་གཅོད་དགོས།

དོན་ཚན་གོ་ལྔ་པ།གོ་གནས་ཀྱི་དབང་ཆ་དང་གོ་གནས་སྟེང་གི་ཤུགས་རྐྱེན་བེད་སྤྱད་ནས།འབྲེལ་ཡོད་ཀྱི་གཏན་ཁེལ་དང་འགལ་ཏེ་གཞུང་རྒྱུ་བདག་བཟུང་གིས་རང་གི་ཕྱོགས་སུ་བཀོལ་སྤྱོད་བྱས་པ་དུས་ཡུན་ཟླ་ངོ་དྲུག་ལས་བརྒལ་བར།གནས་ཚུལ་ཅུང་ཟད་ཚབས་ཆེན་ཡིན་ན།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བའི་ཆད་པ་གཅོད་དགོས།བདག་བཟུང་བྱས་པའི་གཞུང་རྒྱུས་ཁེ་ཕན་གཉེར་བའི་བྱ་འགུལ་སྤེལ་བ་ཡིན་ན།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཅུང་ཟད་ཚབས་ཆེན་ཡིན་པ་ལ།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས་ལ།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།གཞུང་རྒྱུ་མི་གཞན་ལ་བསྐྱིས་ནས་ཁེ་ཕན་གཉེར་བའི་བྱ་འགུལ་སྤེལ་བ་ཡིན་ན།དོན་ཚན་སྔོན་མའི་གཏན་ཁེལ་ལྟར་ཐག་གཅོད་དགོས།

དོན་ཚན་གོ་དྲུག་པ།འབྲེལ་ཡོད་ཀྱི་གཏན་ཁེལ་དང་འགལ་ཏེ་གཞུང་རྒྱུ་སྤྲད་པའི་གསོལ་སྟོན་དང་འཛད་སྤྱོད་མཐོ་བའི་རོལ་རྩེད། ལུས་ཕུང་བདེ་ཐང་གི་བྱ་འགུལ་རྩ་འཛུགས་དང་ཡང་ན་དེར་ཞུགས་པ།ཡང་ན་གཞུང་རྒྱུ་སྤྱད་ནས་ལེགས་སྐྱེས་ཉོ་བ་དང་འབུལ་བ་ཡིན་ན།ཐད་ཀར་འགན་ཁུར་མཁན་དང་མགོ་ཁྲིད་འགན་འཁྲི་པ་ལ།གནས་ཚུལ་དེ་འདྲའི་ཚབས་ཆེན་མིན་ན།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས་ལ།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

དོན་ཚན་གོ་བདུན་པ།འབྲེལ་ཡོད་ཀྱི་གཏན་ཁེལ་དང་འགལ་ཏེ་གླ་ཕོགས་རང་གིས་གཏན་ཁེལ་བྱེད་པ་དང་ཡང་ན་གསབ་དངུལ་དང་རོགས་དངུལ་དང་བྱ་དགའ་སོགས་གང་འདོད་དུ་སྟེར་བ་ཡིན་ན།ཐད་ཀར་འགན་འཁྲི་པ་དང་མགོ་ཁྲིད་འགན་འཁྲི་པ་ལ།གནས་ཚུལ་དེ་འདྲའི་ཚབས་ཆེན་མིན་ན།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས་ལ།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

དོན་ཚན་གོ་བརྒྱད་པ།གཤམ་གྱི་བྱ་སྤྱོད་ནང་གི་གཅིག་ལྡན་ན།ཐད་ཀར་འགན་འཁྲི་པ་དང་མགོ་ཁྲིད་འགན་འཁྲི་པ་ལ།གནས་ཚུལ་དེ་འདྲའི་ཚབས་ཆེན་མིན་ན།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས་ལ།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

(གཅིག)གཞུང་སྒོར་བཀོལ་ནས་གནས་སྐོར་བྱེད་པ་དང་གཞུང་དོན་སྒྲུབ་ཏུ་འགྲོ་བའི་གོ་སྐབས་བེད་སྤྱད་ནས་གནས་སྐོར་བྱེད་པའམ་ཡང་ན་གཞུང་དོན་སྒྲུབ་ཏུ་འགྲོ་བའི་མིང་ཐོག་ནས་གནས་སྐོར་བྱེད་པ།

  (གཉིས)རྟོག་ཞིབ་དང་སློབ་སྦྱོང་།གསོ་སྦྱོང་།དཔྱད་གླེང་།ཚོང་འགུགའགྲེམ་སྟོན་ལ་ཞུགས་པ་སོགས་ཀྱི་མིང་ཐོག་ནས་གཞུང་སྒོར་བཀོལ་ནས་ཕྱི་རྒྱལ་དུ་གནས་སྐོར་བྱེད་པ།

དོན་ཚན་གོ་དགུ་པ།གཞུང་དོན་སྣེ་ལེན་དོ་དམ་གྱི་གཏན་ཁེལ་དང་འགལ་ཏེ།ཚད་གཞི་ལས་བརྒལ་བ་དང་ཁྱབ་ཁོངས་ལས་བརྒལ་ནས་སྣེ་ལེན་བྱེད་པའམ་ཡང་ན་གཞུང་དོན་སྣེ་ལེན་གྱི་གོ་སྐབས་བེད་སྤྱད་དེ་རྒྱས་ཟ་རྒྱས་འཐུང་བྱས་ན།ཐད་ཀར་འགན་འཁྲི་པ་དང་མགོ་ཁྲིད་འགན་འཁྲི་པ་ལ།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན། ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བའི་ཆད་པ་གཅོད་དགོས།

དོན་ཚན་བརྒྱ་ཐམ་པ།འབྲེལ་ཡོད་ཀྱི་གཏན་ཁེལ་དང་འགལ་ཏེ་གཞུང་སྤྱོད་རླངས་འཁོར་བཀོད་སྒྲིག་དང་ཚུར་ཉོ།བརྗེ་སྤོར།རྒྱན་སྤྲས།བཀོལ་སྤྱོད་བྱེད་པའམ་ཡང་ན་གཞུང་སྤྱོད་རླངས་འཁོར་དོ་དམ་གྱི་གཏན་ཁེལ་གཞན་པ་དང་འགལ་བའི་བྱ་སྤྱོད་ཡོད་ན།ཐད་ཀར་འགན་འཁྲི་པ་དང་མགོ་ཁྲིད་འགན་འཁྲི་པ་ལ།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན། ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས།

དོན་ཚན་བརྒྱ་དང་གཅིག་པ།གྲོས་ཚོགས་བྱ་འགུལ་དོ་དམ་གྱི་གཏན་ཁེལ་དང་འགལ་ཏེ།གཤམ་གྱི་བྱ་སྤྱོད་ནང་གི་གཅིག་ལྡན་ན།ཐད་ཀར་འགན་འཁྲི་པ་དང་མགོ་ཁྲིད་འགན་འཁྲི་པ་ལ།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བའི་ཆད་པ་གཅོད་དགོས།

(གཅིག)གྲོས་ཚོགས་བསྡུ་རྒྱུ་བཀག་ཡོད་པའི་མཛེས་ལྗོངས་གྲགས་ཆེན་དུ་སོང་ནས་གྲོས་ཚོགས་བསྡུས་པ།

(གཉིས)དུས་ཆེན་གྱི་དགའ་སྟོན་དང་ཡང་ན་རྟེན་འབྲེལ་ཞུ་བའི་དགའ་སྟོན་འཚོག་རྒྱུ་ཐག་བཅད་པ་དང་ཡང་ན་ཆོག་མཆན་བཀོད་པ།

གང་འདོད་དུ་དམིགས་ཚད་དཔྱད་བསྡུར་གཟེངས་བསྟོད་བྱ་འགུལ་ལམ་ཡང་ན་དམིགས་ཚད་དཔྱད་བསྡུར་གཟེངས་བསྟོད་བྱ་འགུལ་ལ་ཁ་གཡར་ནས་གྲོན་དངུལ་བསྡུས་ན། དོན་ཚན་སྔོན་མའི་གཏན་ཁེལ་ལྟར་ཐག་གཅོད་དགོས།

དོན་ཚན་བརྒྱ་དང་གཉིས་པ།གཞུང་དོན་གྱི་ཁང་པ་དོ་དམ་གྱི་གཏན་ཁེལ་དང་འགལ་ཏེ།གཤམ་གྱི་བྱ་སྤྱོད་ནང་གི་གཅིག་ལྡན་ན།ཐད་ཀར་འགན་ཁུར་མཁན་དང་མགོ་ཁྲིད་འགན་ཁུར་མཁན་ལ།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བའི་ཆད་པ་གཅོད་དགོས།

(གཅིག)གཞུང་སྒྲུབ་ཐོག་ཁང་དང་གསོ་སྦྱོང་ལྟེ་གནས་སོགས་ཀྱི་ཁང་པ་འདྲ་མིན་གསར་སྐྲུན་དང་རྒྱན་སྤྲས་བྱེད་པར་ཐག་བཅད་པ་དང་ཡང་ན་ཆོག་མཆན་བཀོད་དེ།ཚད་གཞི་ལས་བརྒལ་བར་གཞུང་དོན་གྱི་ཁང་པ་བཀོད་སྒྲིག་དང་བཀོལ་སྤྱོད་བྱས་པ།

(གཉིས)གཞུང་སྒོར་བཀོལ་ནས་མགྲོན་ཁང་གླས་པ་དང་བདག་བཟུང་བྱེད་པའམ་ཡང་ན་གཞན་པའི་འདུག་གནས་དག་རང་གིས་བཀོལ་སྤྱོད་བྱས་པ།

དོན་ཚན་བརྒྱ་དང་གསུམ་པ།དབང་གཡེམ་བརྗེ་རེས་སམ་ཡང་ན་རྒྱུ་ནོར་བྱིན་ནས་དངུལ་གཡེམ་བརྗེ་རེས་བྱེད་པ་ཡིན་ན།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

དོན་ཚན་བརྒྱ་དང་བཞི་པ། སྤྱོད་གཙང་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་གཞན་དག་ཡོད་ན།བྱེ་བྲག་གི་གནས་ཚུལ་ལ་བལྟས་ཏེ་ཐ་ཚིག་སྒྲོག་པ་ནས་ཏང་ནང་ནས་ཕྱིར་ཕུད་པའི་བར་གྱི་ཆད་པ་གང་རུང་གཅོད་དགོས།

ལེའུ་དགུ་པ། མང་ཚོགས་ཀྱི་སྒྲིག་ཁྲིམས་ལ་འགལ་བའི་བྱ་སྤྱོད་ལ་ཆད་པ་གཅོད་པ།

དོན་ཚན་བརྒྱ་དང་ལྔ་པ། གཤམ་གྱི་བྱ་སྤྱོད་ནང་གི་གཅིག་ལྡན་ན།ཐད་ཀར་འགན་འཁྲི་པ་དང་མགོ་ཁྲིད་འགན་འཁྲི་པ་ལ།གནས་ཚུལ་དེ་འདྲའི་ཚབས་ཆེན་མིན་ན།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས་ལ།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

(གཅིག)ཚད་གཞི་ལས་བརྒལ་བ་དང་ཁྱབ་ཁོངས་ལས་བརྒལ་ནས་མང་ཚོགས་ལ་མ་དངུལ་རུབ་བསྡུ་དང་ངལ་རྩོལ་བསྡུ་རུབ།གྲོན་དངུལ་བགོ་འགྲེམ་བྱས་ཏེ།མང་ཚོགས་ཀྱི་ཁུར་བོ་ཇེ་ལྗིད་དུ་བཏང་བ།

(གཉིས)འབྲེལ་ཡོད་ཀྱི་གཏན་ཁེལ་དང་འགལ་ཏེ་མང་ཚོགས་ཀྱི་རྒྱུ་ནོར་བཀག་ཉར་དང་སྡུད་ལེན་བྱེད་པའམ་ཡང་ན་མང་ཚོགས་ལ་ཆད་པ་གཅོད་པ།

(གསུམ)མང་ཚོགས་ཀྱི་རྒྱུ་ནོར་བཀག་པའམ་ཡང་ན་འབྲེལ་ཡོད་ཀྱི་གཏན་ཁེལ་དང་འགལ་ཏེ་མང་ཚོགས་ལ་སྒོར་མོའི་དོམ་ཆད་པ།

(བཞི)དོ་དམ་དང་ཞབས་ཞུའི་བྱ་འགུལ་ཁྲོད་དུ་འབྲེལ་ཡོད་ཀྱི་གཏན་ཁེལ་དང་འགལ་ཏེ་གྲོན་དངུལ་བསྡུས་པ།

(ལྔ)མང་ཚོགས་ལ་འབྲེལ་བ་ཡོད་པའི་ལས་དོན་སྒྲུབ་པའི་སྐབས་སུ་མང་ཚོགས་སྡུག་ལ་གཏོད་པ་དང་ཟ་ལེན་འགོག་གསུམ་བྱས་པ།

 (དྲུག)མང་ཚོགས་ཀྱི་ཁེ་ཕན་ལ་གནོད་སྐྱེལ་བའི་བྱ་སྤྱོད་གཞན་དག་ཡོད་པ་བཅས་སོ།།

དོན་ཚན་བརྒྱ་དང་དྲུག་པ། མང་ཚོགས་ཀྱི་ཐོན་སྐྱེད་བདག་གཉེར་གྱི་རང་བདག་དབང་ཆ་ལ་ཐེ་གཏོགས་བྱས་ནས།མང་ཚོགས་ཀྱི་རྒྱུ་ནོར་ལ་གྱོང་གུད་ཅུང་ཆེ་བ་ཐེབས་སུ་བཅུག་པ་ཡིན་ན།ཐད་ཀར་འགན་འཁྲི་པ་དང་མགོ་ཁྲིད་འགན་འཁྲི་པ་ལ།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བའམ་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས།

དོན་ཚན་བརྒྱ་དང་བདུན་པ། སྤྱི་ཚོགས་འགན་སྲུང་དང་སྲིད་ཇུས་རོགས་སྐྱོར།གནོད་འགོག་རྒུད་སྐྱོབ་ཀྱི་རྒྱུ་ནོར་བགོ་བཤའ་སོགས་ཀྱི་ལས་དོན་ཁྲོད་གཉེན་ཉེ་དང་གྲོགས་པོ་ལ་ཕྱོགས་ཞེན་བྱས་པ་དང་མངོན་གསལ་གྱིས་སྤྱི་སྙོམས་མིན་པ་ཡིན་ན།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བའམ་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས།

དོན་ཚན་བརྒྱ་དང་བརྒྱད་པ།གཤམ་གྱི་བྱ་སྤྱོད་ནང་གི་གཅིག་ལྡན་ན།ཐད་ཀར་འགན་འཁྲི་པ་དང་མགོ་ཁྲིད་འགན་འཁྲི་པ་ལ།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཚབས་ཆེན་ཡིན་པ་ལ།ཏང་ནང་གི་གོ་གནས་མིད་པར་བཟོ་བའམ་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས་ཏེ

(གཅིག)མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བ་སོགས་རང་ཉིད་ཀྱི་བདེ་རྩའི་ཁེ་ཕན་ལ་ཐུག་པའི་གནད་དོན་དེ་སྲིད་ཇུས་སམ་ཡང་ན་འབྲེལ་ཡོད་ཀྱི་གཏན་ཁེལ་ནང་ལྟར་ཐག་གཅོད་ཐུབ་ནའང་དུས་ལྟར་ཐག་གཅོད་མ་བྱས་པར། ཤན་ཤུགས་ངན་པ་བཟོས་པ།

(གཉིས)སྲིད་ཇུས་དང་མཐུན་པའི་མང་ཚོགས་ཀྱི་རེ་ཞུ་ལ་རང་སྣང་གིས་ཁྲལ་སེལ་སླ་བཅོས་དང་རང་ཁག་གཞན་འགེལ།ཏང་དང་མང་ཚོགས་བར་དང་ལས་བྱེད་མང་ཚོགས་བར་གྱི་འབྲེལ་བར་གནོད་བསྐྱལ་བ།

(གསུམ)མང་ཚོགས་ལ་ཁ་ཡ་བྱེད་པའི་རྣམ་འགྱུར་མི་ལེགས་པ་དང་སྟབས་བདེ་རྩུབ་སྤྱོད་བསྟན་ནས།ཤན་ཤུགས་ངན་པ་བཟོས་པ།

(བཞི)མི་བདེན་རྫུན་སྒྲིག་དང་གོང་འདྲིད་འོག་བསླུ་བྱས་ནས།མང་ཚོགས་ཀྱི་ཁེ་ཕན་ལ་གནོད་འཚེ་བཏང་བ་བཅས་སོ།།

དོན་ཚན་བརྒྱ་དང་དགུ་པ།མང་ཚོགས་ཀྱི་འདོད་བློ་ལ་མི་བལྟ་བར་མུན་འཐོམས་ཀྱིས་བྱ་བ་གང་མང་སྒྲུབ་པ་དང་ལས་གཞིར་བཀོད་ནས།རྒྱལ་ཁབ་དང་ཐུན་མོང་ངམ་ཡང་ན་མང་ཚོགས་ཀྱི་རྒྱུ་ནོར་དང་ཁེ་ཕན་ལ་གནོད་འཚེ་ཅུང་ཆེན་པོ་ཐེབས་སུ་བཅུག་པ་ཡིན་ན།ཐད་ཀར་འགན་འཁྲི་པ་དང་མགོ་ཁྲིད་འགན་འཁྲི་པ་ལ།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཚབས་ཆེན་ཡིན་པ་ལ།ཏང་ནང་གི་གོ་གནས་མིད་པར་བཟོ་བའམ་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས།

དོན་ཚན་བརྒྱ་དང་བཅུ་ཐམ་པ།རྒྱལ་ཁབ་ཀྱི་རྒྱུ་རྫས་དང་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་ལ་འཇིགས་སྐུལ་ཚབས་ཆེན་ཐེབས་པའི་ཚེ།སྐྱོབ་ཐུབ་ཀྱང་མི་སྐྱོབ་པ་ཡིན་ན།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་འམ་ཡང་ན་ཏང་ནང་གི་གོ་གནས་མིད་པར་བཟོ་བའི་ཆད་པ་གཅོད་པ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའམ་ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

དོན་ཚན་བརྒྱ་དང་བཅུ་གཅིག་པ། གཏན་ཁེལ་ལྟར་ཏང་དོན་དང་སྲིད་དོན་དང་བཟོ་གྲྭའི་དོན།སྡེ་དོན་བཅས་ཁྱབ་བསྒྲགས་མི་བྱེད་པར། མང་ཚོགས་ཀྱི་གནས་ཚུལ་ཤེས་དབང་ལ་གནོད་པ་བཟོས་པ་ཡིན་ན།ཐད་ཀར་འགན་འཁྲི་པ་དང་མགོ་ཁྲིད་འཁྲི་པ་ལ།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཚབས་ཆེན་ཡིན་པ་ལ།ཏང་ནང་གི་གོ་གནས་མིད་པར་བཟོ་བའམ་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས།

དོན་ཚན་བརྒྱ་དང་བཅུ་གཉིས་པ།མང་ཚོགས་ཀྱི་སྒྲིག་ཁྲིམས་གཏན་ཁེལ་ལ་འགལ་བའི་བྱ་སྤྱོད་གཞན་དག་ཡོད་པ་ལ།དེའི་བྱེ་བྲག་གི་གནས་ཚུལ་དངོས་ལ་བལྟས་ནས་ཐ་ཚིག་སྒྲོག་པ་དང་ཐ་ན་ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

ལེའུ་བཅུ་པ། བྱ་བའི་སྒྲིག་ཁྲིམས་ལ་འགལ་བའི་བྱ་སྤྱོད་ལ་ཆད་པ་གཅོད་པ།

དོན་ཚན་བརྒྱ་དང་བཅུ་གསུམ་པ།ཏང་རྩ་འཛུགས་ཀྱི་འགན་ཁུར་པས་བྱ་བའི་ཁྲོད་འགན་མི་འཁུར་བའམ་ཡང་ན་དོ་དམ་སྣང་མིད་དུ་བཞག་ནས། གཤམ་གྱི་གནས་ཚུལ་ནང་གི་གཅིག་ཡོད་པས། ཏང་དང་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན།དེ་མིན་སྤྱི་པའི་རྒྱུ་ནོར་ལ་གྱོང་གུད་ཅུང་ཆེན་པོ་བཟོས་པ་ཡིན་ན།ཐད་ཀར་འགན་འཁྲི་པ་དང་མགོ་ཁྲིད་འགན་འཁྲི་པ་ལ།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གྱོང་གུད་ཚབས་ཆེན་བཟོས་པ་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་། ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའམ།ཡང་ན་ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས་ཏེ།

(གཅིག)ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་དང་ཇུས་ཆོད་བཀོད་སྒྲིག་དྲིལ་བསྒྲགས་ལག་བསྟར་མ་བྱས་པ་དང་ཞིབ་བཤེར་སྐུལ་འདེད་མ་བྱས་པ།ཡང་ན་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་དང་ཇུས་ཆོད་བཀོད་སྒྲིག་དང་འགལ་བའི་ནོར་འཁྲུལ་ཅན་གྱི་ཇུས་ཆོད་བཏོན་པ།

(གཉིས)རང་ས་ཁུལ་དང་རང་སྡེ་ཁགརང་མ་ལགརང་སྡེ་ཚན་བཅས་ཀྱི་ནང་དུ་ཏང་གི་གཞི་རྩའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས།གཞི་རྩའི་རྩ་འཛིན། གཞི་རྩའི་ཉམས་མྱོང་།གཞི་རྩའི་བླང་བྱ་བཅས་དང་ཡང་ན་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་དང་ཇུས་ཆོད་བཀོད་སྒྲིག་ལ་སྤྱི་གསལ་སྒོས་ངོ་རྒོལ་བྱེད་པའི་བྱ་སྤྱོད་ལྡན་པ།

དོན་ཚན་བརྒྱ་དང་བཅུ་བཞི་པ།ཏང་རྩ་འཛུགས་ཀྱིས་ཁྱོན་ཡོངས་ནས་ཏང་ནན་མོར་སྐྱོང་བའི་འགན་འཁྲི་གཙོ་བོ་མི་འཁུར་བའམ་ཡང་ན་ཁྱོན་ཡོངས་ནས་ཏང་ནན་མོར་སྐྱོང་བའི་འགན་འཁྲི་གཙོ་བོ་ཁུར་པ་མི་བཟང་བར།གྱོང་གུན་ཚབས་ཆེན་བཟོས་པའམ་ཡང་ན་ཤུགས་རྐྱེན་ངན་པ་བཟོས་ན།ཐད་ཀའི་འགན་འཁྲི་པ་དང་མགོ་ཁྲིད་འགན་འཁྲི་པ་ལ་ཐ་ཚིག་སྒྲོག་པ་དང་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་དགོས་ལ།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བའམ་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས།

དོན་ཚན་བརྒྱ་དང་བཅོ་ལྔ་པ། ཏང་རྩ་འཛུགས་ལ་གཤམ་གྱི་བྱ་སྤྱོད་ནང་གི་གཅིག་ལྡན་ན།ཐད་ཀའི་འགན་འཁྲི་མཁན་དང་མགོ་ཁྲིད་འགན་འཁྲི་མཁན་ལ།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་དགོས་པ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བའམ་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས་ཏེ། 

(གཅིག)ཏང་ཡོན་ལ་ཁྲིམས་ལྟར་ཉེས་ཆད་བཅད་རྗེས།གཏན་ཁེལ་ལྟར་ཏང་གི་སྒྲིག་ཁྲིམས་དང་འགལ་བའི་ཆད་པ་མི་གཅོད་པ་དང་།ཡང་ན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་འགལ་བའི་བྱ་སྤྱོད་ལྡན་པར།ཏང་གི་སྒྲིག་ཁྲིམས་དང་འགལ་བའི་ཆད་པ་གཅོད་དགོས་ནའང་ཆད་པ་མི་གཅོད་པ།

(གཉིས)ཏང་གི་སྒྲིག་ཁྲིམས་དང་འགལ་བའི་ཆད་པ་གཅོད་རྒྱུའི་ཐག་གཅོད་དང་ཡང་ན་རྒྱུ་མཚན་ཞུ་འབུལ་ལམ་བསྐྱར་བཤེར་བྱེད་རྒྱུའི་ཐག་གཅོད་བྱས་རྗེས།གཏན་ཁེལ་ལྟར་ཐག་གཅོད་ཁྲོད་ཀྱི་ཆད་པ་གཅོད་ཡུལ་གྱི་ཏང་གི་ཐོབ་ཐང་དང་གོ་གནས།གོ་གནས་ཀྱི་རིམ་པ།ཐོབ་ཆ་སོགས་སྐོར་གྱི་དོན་བྱ་དོན་འཁྱོལ་མ་བྱས་པ།

(གསུམ)ཏང་ཡོན་ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་རྗེས། ལས་བྱེད་པའི་དོ་དམ་དབང་མཚམས་དང་རྩ་འཛུགས་ཀྱི་འབྲེལ་བ་ལྟར་ཆད་པ་བཅད་པའི་ཏང་ཡོན་ལ་དུས་རྒྱུན་གྱི་སློབ་གསོ་དང་དོ་དམ།ལྟ་སྐུལ་དོ་དམ་བཅས་ཀྱི་བྱ་བ་མ་བསྒྲུབས་པ།

དོན་ཚན་བརྒྱ་དང་བཅུ་དྲུག་པ།བྱ་བར་འགན་འཁྲི་མ་འཁུར་བའི་དབང་གིས་དོ་དམ་བྱེད་ཀྱིན་པའི་མི་སྣ་རྒྱལ་ཁབ་ཕྱི་རུ་བྲོས་བྱོལ་བྱས་ན།ཐད་ཀའི་འགན་འཁྲི་པ་དང་ཡང་ན་མགོ་ཁྲིད་འགན་འཁྲི་པར།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་དགོས་ལ།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བའི་ཆད་པ་གཅོད་དགོས།

བྱ་བར་འགན་འཁྲི་མ་འཁུར་བའི་དབང་གིས་དོ་དམ་བྱེད་པའི་མི་སྣ་ཕྱི་རུ་སོང་ན།ཐད་ཀའི་འགན་འཁྲི་པ་དང་ཡང་ན་མགོ་ཁྲིད་འགན་འཁྲི་པར།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་དགོས་པ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བའི་ཆད་པ་གཅོད་དགོས།

དོན་ཚན་བརྒྱ་དང་བཅུ་བདུན་པ།གོང་རིམ་སྡེ་ཁག་གིས་བྱ་བའི་ཞིབ་བཤེར་དང་གཟིགས་ཞིབ་བྱེད་པ་དང་ཡང་ན་གོང་རིམ་སྡེ་ཁག་ལ་བྱ་བའི་སྙན་ཞུ་དང་ཡར་ཞུ་འབུལ་སྐབས་ཡར་ཞུ་བྱ་དགོས་པའི་ནང་དོན་ཡར་ཞུ་མ་བྱས་པའམ་ཡང་ན་གནས་ཚུལ་ངོ་མ་ཡར་ཞུ་མ་བྱས་པར། གྱོང་གུན་ཚབས་ཆེན་དང་ཤུགས་རྐྱེན་ངན་པ་བཟོས་ན།ཐད་ཀའི་འགན་འཁྲི་པ་དང་མགོ་ཁྲིད་འགན་འཁྲི་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བའམ་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས།

དོན་ཚན་བརྒྱ་དང་བཅོ་བརྒྱད་པ།ཏང་ཡོན་མགོ་ཁྲིད་ལས་བྱེད་པས་འབྲེལ་ཡོད་གཏན་ཁེལ་དང་འགལ་བའི་སྒོ་ནས་ཚོང་རའི་དཔལ་འབྱོར་བྱ་འགུལ་ལ་ཐེ་གཏོགས་དང་ཇུས་གཏོགས་བྱས་པར།གཤམ་གྱི་བྱ་སྤྱོད་ནང་གི་གཅིག་ལྡན་པ་དང་།ཤུགས་རྐྱེན་ངན་པ་བཟོས་ན་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་དགོས་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཏང་གི་གོ་གནས་མིད་པར་བཟོ་བའམ་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས་ཏེ།

(གཅིག)བཟོ་འགོད་ལས་གཞི་འགན་གཙང་ལེན་དང་གཙང་སྤྲོད་དང་། ས་ཞིང་བཀོལ་སྐྱོད་དབང་ཆ་བརྒྱུད་སྤྲོད།སྲིད་གཞུང་གི་ཉོ་སྡུད།ཁང་གཞིས་གསར་སྤེལ་དང་བདག་གཉེར། གཏེར་ཁའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད།བར་སྨྱན་ལས་ཁུངས་ཀྱི་ཞབས་ཞུ་སོགས་ཀྱི་བྱ་འགུལ་ལ་ཐེ་གཏོགས་དང་ཇུས་གཏོགས་བྱས་པ།

(གཉིས)རྒྱལ་དབང་ཁེ་ལས་བསྐྱར་སྒྲིག་ལུགས་སྒྱུར་དང་ཟླ་སྒྲིལ།མ་རྩ་བརྡིབས་པ།ཐོན་དབང་ཉོ་ཚོང་། རྒྱུ་རྫས་གཙང་བཤེར་དང་མ་རྩར་ཞིབ་རྩིས།རྒྱུ་ནོར་ལ་དཔྱད་དཔགརྒྱུ་ནོར་བརྒྱུད་སྤྲོད།ལས་གཞི་གལ་ཆེན་ལ་མ་དངུལ་གཏོང་བ་བཅས་དང་གཞན་ད་རུང་བདག་གཉེར་བྱ་འགུལ་གལ་ཆེན་སོགས་ཀྱི་དོན་བྱར་ཐེ་གཏོགས་དང་ཇུས་གཏོགས་བྱས་པ།

(གསུམ)སྲིད་འཛིན་ཆོག་འཐུས་སྣ་ཚོགས་དང་མ་དངུལ་བསྐྱི་བ་སོགས་ཀྱི་དོན་བྱར་ཆོག་མཆན་འགོད་པར་ཐེ་གཏོགས་དང་ཇུས་གཏོགས་བྱས་པ།

(བཞི)དཔལ་འབྱོར་རྩོད་གཞི་ལ་ཐེ་གཏོགས་དང་ཇུས་གཏོགས་བྱས་པ།

(ལྔ)ཐུན་མོང་གི་རྒྱུ་ནོར་དང་མ་རྩ།ཐོན་ཁུངས་བཅས་ཀྱི་བཀོལ་སྤྱོད་དང་བགོ་བཤའ།འགན་གཙང་ལེན། བོགས་མར་གཏོང་བ་སོགས་ཀྱི་དོན་བྱར་ཐེ་གཏོགས་དང་ཇུས་གཏོགས་བྱས་པ་བཅས་སོ།།

དོན་ཚན་བརྒྱ་དང་བཅུ་དགུ་པ།ཏང་ཡོན་མགོ་ཁྲིད་ལས་བྱེད་པས་འབྲེལ་ཡོད་གཏན་ཁེལ་དང་འགལ་ཏེ་ཁྲིམས་འཛིན་བྱ་འགུལ་དང་ཁྲིམས་སྐྱོང་སྒྲིག་སྐྱོང་བྱ་འགུལ་ལ་ཐེ་གཏོགས་དང་ཇུས་གཏོགས་བྱེད་པ་དང་།འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་ལ་བརྡ་གཏོང་བ་དང་ངོ་ཆེན་ཞུ་བ།ཡང་ན་བྱེད་ཐབས་གཞན་པས་ཁྲིམས་འཛིན་བྱ་འགུལ་དང་ཁྲིམས་སྐྱོང་སྒྲིག་སྐྱོང་བྱ་འགུལ་ལ་མནོན་ཤུགས་སྟེར་བ་སོགས་བྱས་པར།གནས་ཚུལ་དེ་འདྲའི་ཚབས་ཆེན་མིན་ན།ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་དགོས་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བའམ་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

ཏང་ཡོན་མགོ་ཁྲིད་ལས་བྱེད་པས་འབྲེལ་ཡོད་གཏན་ཁེལ་དང་འགལ་བའི་སྒོ་ནས་སྤྱི་པའི་རྒྱུ་ནོར་བགོ་བཤའ་རྒྱག་པ་དང་།ལས་གཞི་འཛུགས་པར་ཞིབ་དཔྱད་བྱེད་པ།སྲིད་གཞུང་གིས་བྱ་དགའ་བྱིན་ནས་གཟེངས་བསྟོད་བྱེད་པ་སོགས་ཀྱི་བྱ་འགུལ་ལ་ཐེ་གཏོགས་དང་ཇུས་གཏོགས་བྱས་ཏེ། གྱོང་གུན་ཚབས་ཆེན་དང་ཡང་ན་ཤུགས་རྐྱེན་ངན་པ་བཟོས་ཡོད་ན།གོང་གི་གཏན་ཁེལ་ལྟར་ཐག་གཅོད་བྱ་དགོས།

དོན་ཚན་བརྒྱ་དང་ཉི་ཤུ་པ།ཏང་རྩ་འཛུགས་ཀྱི་ལས་བྱེད་པ་འདེམ་བསྐོ་བཀོལ་སྤྱོད་དང་སྒྲིག་ཁྲིམས་ཞིབ་བཤེར་སོགས་ཐད་ཀྱི་སྤྱི་བསྒྲགས་མ་བྱས་པའི་དོན་བྱ་དང་ཡང་ན་གསང་བྱའི་ནང་དོན་ཕྱི་རུ་བརྟོལ་བ་དང་ཁྱབ་སྤེལ་བྱེད་པ།ཡང་ན་ལྐོག་ལེན་བཅས་བྱས་ན།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བའམ་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

རང་སྟེང་ནས་ཏང་རྩ་འཛུགས་ཀྱི་ལས་བྱེད་པ་འདེམ་བསྐོ་བཀོལ་སྤྱོད་དང་སྒྲིག་ཁྲིམས་ཞིབ་བཤེར་སོགས་དང་འབྲེལ་བའི་དཔྱད་གཞིའི་ཡིག་རིགས་ཉར་ཚགས་བྱས་པར།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བའི་ཆད་པ་གཅོད་དགོས།

དོན་ཚན་བརྒྱ་དང་ཉེར་གཅིག་པ།རྒྱུགས་ལེན་པ་དང་ཡང་ན་མི་སྡུད་ལེན་བྱེད་པའི་བྱ་བའི་ཁྲོད། རྒྱུགས་གཞི་ཕྱི་རུ་གཏོར་བ་དང་རྒྱུགས་ར་ནས་གཡོ་སྒྱུ་བྱེད་པ།རྒྱུགས་ཤོག་བསྒྱུར་བཅོས་བྱེད་པ།ཁྲིམས་འགལ་སྡུད་ལེན་བྱེད་པ་སོགས་ཀྱི་འབྲེལ་ཡོད་གཏན་ཁེལ་དང་འགལ་བའི་བྱ་སྤྱོད་ལྡན་ན།ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན། ཏང་ནང་གི་གོ་གནས་མིད་པར་བཟོ་བའམ་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

དོན་ཚན་བརྒྱ་དང་ཉེར་གཉིས་པ།ཚུལ་ལྡན་མིན་པའི་བྱེད་ཐབས་ཀྱིས་རང་ཉིད་དང་ཡང་ན་མི་གཞན་པ་གཞུང་དངུལ་སྤྱད་དེ་ཕྱི་རྒྱལ(མངའ་ཁོངས་ཕྱི)དུ་འགྲོ་བར་བརྩོན་ལེན་བྱས་པར།གནས་ཚུལ་དེ་འདྲའི་ཚབས་ཆེན་མིན་ན།ཐ་ཚིག་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་དགོས།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བའི་ཆད་པ་གཅོད་དགོས།

དོན་ཚན་བརྒྱ་དང་ཉེར་གསུམ་པ།གནས་སྐབས་སུ་ཕྱི་རྒྱལ(མངའ་ཁོངས་ཕྱི)དུ་འགྲོ་བའི་ཚོགས་པ(ཚན་ཆུང)དང་ཡང་ན་མི་སྣའི་ཁྲོད་ཀྱི་ཏང་ཡོན་གྱིས་གང་འདོད་དུ་ཕྱི་རྒྱལ(མངའ་ཁོངས་ཕྱི)ནས་འདུག་པའི་དུས་ཡུན་ཇེ་རིང་དུ་གཏོང་བའམ་ཡང་ན་གང་འདོད་དུ་ལམ་ཐིག་བསྒྱུར་ན།ཐད་ཀའི་འགན་འཁྲི་པ་དང་ཡང་ན་མགོ་ཁྲིད་འགན་འཁྲི་པར་ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བའི་ཆད་པ་གཅོད་དགོས།

དོན་ཚན་བརྒྱ་དང་ཉེར་བཞི་པ།ཕྱི་རྒྱལ་གྱི་ལས་ཁུངས་སུ་སྡོད་པའམ་ཡང་ན་གནས་སྐབས་སུ་ཕྱི་རྒྱལ(མངའ་ཁོངས་ཕྱི)དུ་འགྲོ་བའི་ཚོགས་པའི(ཚན་ཆུང)ཁྲོད་ཀྱི་མི་སྣས།སྡོད་སའི་རྒྱལ་ཁབ་དང་ས་ཁུལ་གྱི་བཅའ་ཁྲིམས་དང་བཀའ་ཁྲིམས་དང་འགལ་བའི་བྱ་བ་བསྒྲུབས་པ་དང་ཡང་ན་སྡོད་སའི་རྒྱལ་ཁབ་དང་ས་ཁུལ་གྱི་ཆོས་ལུགས་གོམས་སྲོལ་ལ་བརྩི་འཇོག་མ་བྱས་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བའམ་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པ།ཡང་ན་ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

དོན་ཚན་བརྒྱ་དང་ཉེར་ལྔ་པ།ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་དང་རྩ་འཛུགས།དྲིལ་བསྒྲགས།འཐབ་ཕྱོགས་གཅིག་གྱུར་བཅས་ཀྱི་བྱ་བ་དང་ལས་ཁུངས་ཀྱི་བྱ་བ་སོགས་བྱ་བ་གཞན་པའི་ཁྲོད།འགན་འཁྲི་དང་ལེན་མ་བྱས་པའམ་ཡང་ན་འགན་འཁྲི་ཡང་དག་གིས་དང་ལེན་མ་བྱས་པར།གྱོང་གུན་དང་ཡང་ན་ཤུགས་རྐྱེན་ངན་པ་བཟོས་ན།བྱེ་བྲག་གི་གནས་ཚུལ་ལ་བལྟས་ནས་ཐ་ཚིག་སྒྲོག་པ་དང་ཐ་ན་ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

ལེའུ་བཅུ་གཅིག་པ། འཚོ་བའི་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་ལ་ཆད་པ་གཅོད་པ།

དོན་ཚན་བརྒྱ་དང་ཉེར་དྲུག་པ།འཚོ་བ་བག་མིད་ཆུད་ཟོས་ཡིན་པ་དང་།ལོངས་སྤྱོད་ལ་ཞེན་ཆགས་པ།ཐ་ཤལ་ཞེན་ཆགས་ལ་བསྙེགས་པ་བཅས་ཀྱིས་ཤུགས་རྐྱེན་ངན་པ་བཟོས་ན།ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བའི་ཆད་པ་གཅོད་དགོས།

དོན་ཚན་བརྒྱ་དང་ཉེར་བདུན་པ།མི་གཞན་པར་ཚུལ་མིན་གྱི་འཁྲིག་སྤྱོད་འབྲེལ་བ་བྱུང་སྟེ།ཤུགས་རྐྱེན་ངན་པ་བཟོས་ན།ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན། ཏང་ནང་གི་གོ་གནས་མིད་པར་བཟོ་བའམ་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

འགན་དབང་དང་སློབ་སྐྱོང་གི་འབྲེལ་བ།ཁོངས་གཏོགས་འབྲེལ་བ་བཅས་དང་གཞན་ད་རུང་རིགས་མཚུངས་ཀྱི་འབྲེལ་བ་གཞན་པ་བེད་སྤྱད་དེ་མི་གཞན་དང་འཁྲིག་སྤྱོད་ཀྱི་འབྲེལ་བ་བྱུང་ན།འཁོད་ཚན་སྔོན་མའི་གཏན་ཁེལ་ལྟར་ཆད་པ་ལྗིད་མོ་གཅོད་དགོས།

དོན་ཚན་བརྒྱ་དང་ཉེར་བརྒྱད་པ།སྤྱི་ཚོགས་ཀྱི་སྤྱི་པའི་སྒྲིག་ལམ་དང་གོམས་སྲོལ་ལ་འགལ་བའི་སྒོ་ནས། མི་དམངས་འདུ་ས་རུ་ཚུལ་མིན་བྱ་སྤྱོད་བྱུང་བ་དང་།ཤུགས་རྐྱེན་ངན་པ་བཟོས་ན།ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བའམ་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

དོན་ཚན་བརྒྱ་དང་ཉེར་དགུ་པ།སྤྱི་ཚོགས་ཀྱི་སྤྱི་པའི་ཀུན་སྤྱོད་དང་ཁྱིམ་ཚང་གི་ཀུན་སྤྱོད་དང་འགལ་བའི་བྱ་སྤྱོད་གཞན་པ་ལྡན་ན།བྱེ་བྲག་གི་གནས་ཚུལ་ལ་བལྟས་ནས་ཐ་ཚིག་སྒྲོག་པ་དང་ཐ་ན་ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

  ཁག་གསུམ་པ།ཞར་བྱུང་།

དོན་ཚན་བརྒྱ་དང་སུམ་ཅུ་པ།ཞིང་ཆེན་དང་རང་སྐྱོང་ལྗོངས།ཐད་གཏོགས་གྲོང་ཁྱེར་སོ་སོའི་ཏང་ཨུས་སྲོལ་ཡིག་འདི་གཞིར་འཛིན་པ་དང་།རང་རང་གི་དོན་དངོས་གནས་ཚུལ་དངོས་དང་བསྟུན་ནས།རྣམ་གྲངས་རྐྱང་མའི་ལག་བསྟར་གཏན་ཁེལ་བཟོ་ཆོག

དོན་ཚན་བརྒྱ་དང་སོ་གཅིག་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་སྲོལ་ཡིག་འདི་གཞིར་འཛིན་པ་དང་།ཀྲུང་གོ་མི་དམངས་བཅངས་འགྲོལ་དམག་དང་ཀྲུང་གོ་མི་དམངས་དྲག་ཆས་ཉེན་རྟོག་དམག་དཔུང་གི་གནས་ཚུལ་དངོས་དང་བསྟུན་ནས།ཁ་གསབ་གཏན་ཁེལ་དང་ཡང་ན་རྣམ་གྲངས་རྐྱང་མའི་གཏན་ཁེལ་བཟོ་ཆོག

དོན་ཚན་བརྒྱ་དང་སོ་གཉིས་པ།སྲོལ་ཡིག་འདི་ལ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་འགན་ཁུར་ཏེ་འགྲེལ་བཤད་བརྒྱག་དགོས།

དོན་ཚན་བརྒྱ་དང་སོ་གསུམ་པ།སྲོལ་ཡིག་འདི2016ལོའི་ཟླ་དང་པོའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ།

སྲོལ་ཡིག་འདི་ལག་བསྟར་མ་བྱས་པའི་སྔོན་ལ།གྱོད་ཐག་བཅད་ཟིན་པའི་གྱོད་དོན་ལ་གལ་ཏེ་བསྐྱར་ཞིབ་དང་བསྐྱར་བཤེར་བྱེད་དགོས་ན། སྐབས་དེའི་གཏན་ཁེལ་དང་ཡང་ན་སྲིད་ཇུས་སྤྱོད་དགོས་པ་དང་།གྱོད་ཐག་བཅད་མིད་པའི་གྱོད་དོན་ལ།གལ་ཏེ་བྱ་སྤྱོད་འབྱུང་སྐབས་ཀྱི་གཏན་ཁེལ་དང་སྲིད་ཇུས་སྟེང་ཁྲིམས་དང་འགལ་མིད་པར་འདོད་པ་དང་།སྲོལ་ཡིག་འདིའི་སྟེང་དུ་ཁྲིམས་དང་འགལ་ཡོད་པར་འདོད་ན།སྐབས་དེའི་གཏན་ཁེལ་དང་སྲིད་ཇུས་ལྟར་ཐག་གཅོད་བྱ་དགོས།གལ་ཏེ་བྱ་སྤྱོད་འབྱུང་སྐབས་ཀྱི་གཏན་ཁེལ་དང་སྲིད་ཇུས་སྟེང་སྒྲིག་ཁྲིམས་དང་འགལ་ཡོད་པར་འདོད་ན།སྐབས་དེའི་གཏན་ཁེལ་དང་སྲིད་ཇུས་ལྟར་ཐག་གཅོད་བྱ་དགོས་མོད།འོན་ཀྱང་སྲོལ་ཡིག་འདིའི་སྟེང་དུ་སྒྲིག་ཁྲིམས་དང་འགལ་མིད་པར་འདོད་པའམ་ཡང་ན་ཐག་གཅོད་ཡང་མོ་བྱེད་དགོས་པར་འདོད་ན།སྲོལ་ཡིག་འདིའི་གཏན་ཁེལ་ལྟར་ཐག་གཅོད་བྱ་དགོས།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།