ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》པར་འགྲེམ་བྱས་པ།༢

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དོན་དངོས་ཀྱི་གནས་ཚུལ་མ་ཤེས་པར་བཙན་ཤེད་ཀྱིས་བྱ་འགུལ་ནང་ཞུགས་སུ་བཅུག་པ་དང་།སྐྱོན་བརྗོད་སློབ་གསོ་བཏང་རྗེས་སྔ་འགྱོད་ཕྱི་འདོམས་ཀྱི་བསམ་པ་ཡོད་ཚེ།ཆད་པ་མིད་པར་བཟོ་བའམ་ཡང་ན་ཆད་པ་མ་བཅད་ན་ཆོག

ཏང་དང་རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་ཇུས་དང་འགལ་བའི་བྱ་སྤྱོད་གཞན་པ་ཡོད་ཚེ།གནས་ཚུལ་དེ་འདྲའི་ཚབས་ཆེན་མིན་ན།ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས་ལ།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

དོན་ཚན་ང་དྲུག་པ།ཆོས་ལུགས་སྟོབས་ཤུགས་རྩ་འཛུགས་དང་བེད་སྤྱོད་བྱས་ཏེ་ཏང་དང་རྒྱལ་ཁབ་ཀྱི་བྱེད་ཕྱོགས་སྲིད་ཇུས་དང་ཇུས་ཆོད་བཀོད་སྒྲིག་ལག་བསྟར་བྱེད་པར་འགལ་རྐྱེན་བཟོ་བ་དང་།ཡང་ན་ཏང་གི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་གཏོར་བརླག་བཏང་ཚེ།ཇུས་འགོད་མཁན་དང་རྩ་འཛུགས་མཁན།རྐང་འཛིན་པ་བཅས་ལ།ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པ་དང་ཡང་ན་ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

བྱ་འགུལ་ནང་ཞུགས་མཁན་གཞན་པ་ལ།གནས་ཚུལ་དེ་འདྲའི་ཚབས་ཆེན་མིན་ན། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས་ལ།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

དོན་དངོས་ཀྱི་གནས་ཚུལ་མ་ཤེས་པར་བཙན་ཤེད་ཀྱིས་བྱ་འགུལ་ནང་ཞུགས་སུ་བཅུག་པ་དང་།སྐྱོན་བརྗོད་སློབ་གསོ་བཏང་རྗེས་སྔ་འགྱོད་ཕྱི་འདོམས་ཀྱི་བསམ་པ་ཡོད་ཚེ།ཆད་པ་མིད་པར་བཟོ་བའམ་ཡང་ན་ཆད་པ་མ་བཅད་ན་ཆོག

དོན་ཚན་ང་བདུན་པ།རྩ་འཛུགས་ཞིབ་བཤེར་བྱེད་པར་འགྲན་རྒོལ་བྱེད་པར་གཤམ་གསལ་བྱ་སྤྱོད་ལས་གཅིག་ཡོད་ན།ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས་ལ།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

  (གཅིག)ཁ་མཐུན་ངོས་ལེན་དང་ཡང་ན་བདེན་དཔང་རྫུན་བཟོ་དང་མིད་པར་བཟོ་བ།གནས་སྤོར་བ།སྐུང་སྦེད་བཅས་བྱས་པ།

  (གཉིས)གཞན་གྱིས་ཐེར་འདོན་བྱེད་པ་དང་བདེན་དཔང་རྒྱུ་ཆ་འདོན་སྤྲོད་བྱེད་པ་བཀག་འགོག་བྱས་པ།

  (གསུམ)སྒྲིག་འགལ་ཟླ་རོགས་སྦ་འགེབས་བྱས་པ།

  (བཞི)རྩ་འཛུགས་ལ་གནས་ཚུལ་རྫུན་མ་འདོན་སྤྲོད་བྱས་ནས་དོན་དངོས་འགེབས་སྲུང་བྱས་པ།

  (ལྔ)རྩ་འཛུགས་ཀྱིས་ཞིབ་བཤེར་བྱེད་པར་འགྲན་རྒོལ་བྱེད་པའི་བྱ་སྤྱོད་གཞན་དག་ཡོད་པ།

དོན་ཚན་ང་བརྒྱད་པ།མིངས་དད་བྱ་འགུལ་རྩ་འཛུགས་བྱེད་མཁན་ལ།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས་ལ།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

མིངས་དད་བྱ་འགུལ་ལ་ཞུགས་ནས་ཤུགས་རྐྱེན་ངན་པ་བཞག་པ་ལ།ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས་ལ།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

དོན་དངོས་ཀྱི་གནས་ཚུལ་མ་ཤེས་པར་བྱ་འགུལ་ནང་ཞུགས་པ་དང་།སྐྱོན་བརྗོད་སློབ་གསོ་བཏང་རྗེས་སྔ་འགྱོད་ཕྱི་འདོམས་ཀྱི་བསམ་པ་ཡོད་ཚེ།ཆད་པ་མིད་པར་བཟོ་བའམ་ཡང་ན་ཆད་པ་མ་བཅད་ན་ཆོག

དོན་ཚན་ང་དགུ་པ།རྒྱལ་ཁབ(མངའ་ཁོངས)ཕྱི་དང་ཕྱི་རྒྱལ་གྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཁང་དུ་ཆབ་སྲིད་བཙན་བྱོལ་སྙན་ཞུ་ཕུལ་བའམ།ཡང་ན་སྒྲིག་འགལ་བྱས་རྗེས་སུ་རྒྱལ་ཁབ(མངའ་ཁོངས)ཕྱི་དང་ཕྱི་རྒྱལ་གྱི་ཀྲུང་གོར་སྡོད་པའི་གཞུང་ཚབ་ཁང་དུ་བྲོས་པ་ལ།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

  རྒྱལ་ཁབ(མངའ་ཁོངས)ཕྱི་རུ་ཏང་དང་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྩོམ་ཡིག་དང་གཏམ་བཤད།བསྒྲགས་གཏམ།གསལ་བསྒྲགས་སོགས་མངོན་གསལ་སྒོས་སྤེལ་བ་ལ།དོན་ཚན་གོང་མ་ལྟར་ཐག་གཅོད་བྱ་དགོས།

བསམ་བཞིན་དུ་གོང་གསལ་བྱ་སྤྱོད་ལ་སྟབས་བདེའི་ཆ་རྐྱེན་འདོན་སྤྲོད་བྱས་པ་ལ།ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའམ་ཡང་ན་ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

དོན་ཚན་དྲུག་ཅུ་པ།ཕྱི་རྒྱལ་དང་འབྲེལ་བ་ཡོད་པའི་བྱ་འགུལ་ཁྲོད་དུ།གཏམ་སྤྱོད་ཀྱིས་ཆབ་སྲིད་སྟེང་དུ་ཤུགས་རྐྱེན་ངན་པ་བཞག་པ་དང་།ཏང་དང་རྒྱལ་ཁབ་ཀྱི་ལ་རྒྱ་དང་ཁེ་ཕན་ལ་གནོད་འཚེ་བཏང་བ་ལ།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས་ལ།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

དོན་ཚན་རེ་གཅིག་པ།ཏང་ཡོན་མགོ་ཁྲིད་ལས་བྱེད་པས་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ལ་རྒྱབ་འགལ་བྱས་པ་སོགས་བསམ་བློ་དང་བྱ་སྤྱོད་ནོར་འཁྲུལ་ཅན་རྒྱ་ཡན་དུ་བཏང་ནས་ཁ་ཡ་མ་བྱས་པར།རྩ་དོན་མི་བརྩི་བའི་འགྲིག་ཐབས་མཐུན་ཐབས་བྱས་ནས་ཤུགས་རྐྱེན་ངན་པ་བཞག་པ་ལ།ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས།

དོན་ཚན་རེ་གཉིས་པ།ཏང་གི་ཕུལ་བྱུང་སྲོལ་རྒྱུན་དང་བྱ་བའི་གོམས་སྲོལ་སོགས་ཏང་གི་སྒྲིག་ལམ་ལ་རྒྱབ་འགལ་བྱས་ནས།ཆབ་སྲིད་སྟེང་དུ་ཤུགས་རྐྱེན་ངན་པ་བཞག་པ་ལ།ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས་ལ།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

ལེའུ་བདུན་པ།རྩ་འཛུགས་ཀྱི་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་ལ་ཆད་པ་གཅོད་པ།

དོན་ཚན་རེ་གསུམ་པ།དམངས་གཙོ་གཅིག་སྡུད་ལམ་ལུགས་ཀྱི་རྩ་དོན་ལ་རྒྱབ་འགལ་བྱས་ནས།ཏང་རྩ་འཛུགས་ཀྱིས་གྲོས་ཐག་བཅད་པའི་གྲོས་ཆོད་གལ་ཆེན་ལག་བསྟར་མ་བྱས་པ་དང་ཡང་ན་བྱུང་རྒྱལ་དུ་བཟོ་བཅོས་བྱས་པ་དང་།ཡང་ན་བགྲོ་གླེང་སྒྲིག་ལམ་ལ་རྒྱབ་འགལ་བྱས་ནས།མི་སྒེར་རམ་མི་ཉུང་ཤས་ཤིག་གིས་གནད་དོན་ཆེན་པོ་ཐག་གཅོད་བྱས་པ་ལ།ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས།

དོན་ཚན་རེ་བཞི་པ།གོང་རིམ་ཏང་རྩ་འཛུགས་ཀྱི་གྲོས་ཆོད་དེ་འོག་རིམ་ཏང་རྩ་འཛུགས་ཀྱིས་ལག་བསྟར་མ་བྱས་པ་དང་ཡང་ན་བྱུང་རྒྱལ་དུ་བཟོ་བཅོས་བྱས་ན།ཐད་ཀའི་འགན་འཁྲི་པ་དང་མགོ་ཁྲིད་འགན་འཁྲི་པ་ལ།ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས།

དོན་ཚན་རེ་ལྔ་པ།ཏང་རྩ་འཛུགས་ཀྱི་བཀོད་སྒྲིག་དང་སྐོང་འཐེན།བརྗེ་རེས་སོགས་གྲོས་ཆོད་ལག་བསྟར་མ་བྱས་པ་ལ།ཐ་ཚིག་སྒྲོག་པ་དང་ཐ་ཚིག་ནན་མོ་སྒྲོག་པའམ།ཡང་ན་ཏང་ནང་གི་གོ་གནས་མིད་པར་བཟོ་བའི་ཆད་པ་གཅོད་དགོས།

དམིགས་བསལ་དུས་སྐབས་དང་གནས་ཚུལ་ཛ་དྲག་འོག་ཏུ།ཏང་རྩ་འཛུགས་ཀྱི་གྲོས་ཆོད་ལག་བསྟར་མ་བྱས་པ་ལ།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས།

དོན་ཚན་རེ་དྲུག་པ།གནད་དོན་ཚབས་ཆེན་དང་དོན་དག་གལ་ཆེན་བྱུང་ན།འབྲེལ་ཡོད་གཏན་ཁེལ་དང་བྱ་བའི་བླང་བྱ་ལྟར་རྩ་འཛུགས་ལ་སྙན་སྒྲོན་དང་ཡར་ཞུ་མ་བྱས་པ་ལ།ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས།མི་སྒེར་གྱི་བཞུད་བགྲོད་བླང་བྱ་ལྟར་ཡར་ཞུ་མ་བྱས་པ་དང་ཡང་ན་དོན་དངོས་ལྟར་ཡར་ཞུ་མ་བྱས་པ་ལ།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་དགོས།

དོན་ཚན་རེ་བདུན་པ།གཤམ་གྱི་བྱ་སྤྱོད་གཅིག་ཡོད་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་དགོས་ཏེ།

(གཅིག)མི་སྒེར་གྱི་འབྲེལ་ཡོད་དོན་དག་ཡར་ཞུ་བྱེད་པའི་གཏན་ཁེལ་ལ་རྒྱབ་འགལ་བྱས་ནས།ཡར་ཞུ་མ་བྱས་པ་དང་དོན་དངོས་ལྟར་ཡར་ཞུ་མ་བྱས་པ།

  (གཉིས)རྩ་འཛུགས་ཀྱིས་ཁ་བརྡ་དང་དྲི་རྨེད་བྱེད་དུས།རྩ་འཛུགས་ལ་དོན་དངོས་ལྟར་གནད་དོན་གསལ་བཤད་མ་བྱས་པ།

  (གསུམ)མི་སྒེར་གྱི་ཡིག་ཚགས་རྒྱུ་ཆ་དོན་དངོས་ལྟར་མ་བྲིས་པ།

མི་སྒེར་གྱི་ཡིག་ཚགས་རྒྱུ་ཆ་བཟོ་བཅོས་དང་རྫུན་བཟོ་བྱས་པ་ལ།ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས།

ཏང་ནང་དུ་མ་ཞུགས་པའི་སྔོན་གྱི་ནོར་འཁྲུལ་ཚབས་ཆེན་སྦས་སྐུང་བྱས་པ་ལ།སྤྱིར་བཏང་དུ་ཏང་ནང་ནས་འཕུད་རྒྱུ།ཏང་ནང་དུ་ཞུགས་རྗེས་ཀྱི་རྣམ་འགྱུར་བཟང་བ་ལ།ཐ་ཚིག་ནན་མོ་སྒྲོག་པ་དང་།ཏང་ནང་གི་གོ་གནས་མིད་པར་བཟོ་བའམ་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས།

དོན་ཚན་རེ་བརྒྱད་པ།ཏང་ཡོན་མགོ་ཁྲིད་ལས་བྱེད་པས་འབྲེལ་ཡོད་གཏན་ཁེལ་ལ་རྒྱབ་འགལ་བྱས་ནས་ཡུལ་མི་ཚོགས་པ་དང་སློབ་གྲོགས་ཚོགས་པ།འཐབ་གྲོགས་ཚོགས་པ་སོགས་རྩ་འཛུགས་བྱས་པ་ལ།གནས་ཚུལ་ཚབས་ཆེན་ཡིན་ན།ཐ་ཚིག་སྒྲོག་པ་དང་ཐ་ཚིག་ནན་མོ་སྒྲོག་པའམ།ཡང་ན་ཏང་ནང་གི་གོ་གནས་མིད་པར་བཟོ་བའི་ཆད་པ་གཅོད་དགོས།

དོན་ཚན་རེ་དགུ་པ།མི་གཞན་ལ་སྒྲིག་ཁྲིམས་རྩད་གཅོད་བྱེད་པའི་ཆེད་དུ་སྙོན་འཛུགས་ཞུ་སྦྱོར་དང་མ་ཉེས་ཁག་གཡོགས་བྱས་པ་ལ། ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས་ལ།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

དོན་ཚན་བདུན་ཅུ་པ།ཏང་ཡོན་གྱི་བརྡས་ཐག་གཅོད་པའི་ཁེ་དབང་དང་འདེམ་བསྐོ་བྱེད་པའི་ཁེ་དབང་།གདམ་བྱའི་ཁེ་དབང་ལ་གནོད་འཚེ་བཟོས་པ་ལ།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས་ལ།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

བཙན་ཤུགས་དང་འཇིགས་སྐུལ།མགོ་སྐོར།འབྲིད་འཐེན་སོགས་བྱེད་ཐབས་སྤྱད་དེ།ཏང་ཡོན་གྱིས་རང་འགུལ་སྒོས་བརྡས་ཐག་གཅོད་པའི་ཁེ་དབང་དང་འདེམ་བསྐོ་བྱེད་པའི་ཁེ་དབང་།གདམ་བྱའི་ཁེ་དབང་སྤྱོད་པར་གནོད་འཚེ་བཏང་བ་ལ།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའམ།ཡང་ན་ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

དོན་ཚན་དོན་གཅིག་པ།གཤམ་གྱི་བྱ་སྤྱོད་གཅིག་ཡོད་པ་ལ།ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས་ལ།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས་ཏེ།

  (གཅིག)སྐྱོན་བརྗོད་དང་ཐེར་འདོན།ཞུ་སྦྱོར་བཅས་བྱེད་པར་བཀག་འགོག་དང་གནོན་ཐབས་བྱས་པ་དང་།ཡང་ན་སྐྱོན་བརྗོད་དང་ཐེར་འདོན།ཞུ་སྦྱོར་བཅས་བྱེད་པའི་དཔྱད་གཞི་དག་མི་སྒེར་གྱིས་བཀག་ཉར་དང་མིད་པར་བཟོས་པ།ཡང་ན་བསམ་བཞིན་དུ་དཔྱད་གཞི་དེ་དག་མི་གཞན་ལ་བཤད་པ།

  (གཉིས)ཏང་ཡོན་གྱི་དག་འབུད་དང་དག་སེལ།བདེན་དཔང་སོགས་མནན་ནས་མཇུག་འབྲས་ངན་པ་བཟོས་པ།

  (གསུམ)ཏང་ཡོན་གྱི་དག་སེལ་དགོས་པའི་ཞུ་འབུལ་མནན་ནས་མཇུག་འབྲས་ངན་པ་བཟོས་པ།ཡང་ན་ཏང་ཡོན་གྱི་དག་སེལ་དགོས་པའི་ཞུ་འབུལ་ལ་འབྲེལ་ཡོད་གཏན་ཁེལ་ལྟར་ཐག་གཅོད་མ་བྱས་པ།

  (བཞི)ཏང་ཡོན་གྱི་ཁེ་དབང་ལ་གནོད་འཚེ་བཏང་བའི་བྱ་སྤྱོད་གཞན་དག་གིས་མཇུག་འབྲས་ངན་པ་བཟོས་པ།

  སྐྱོན་བརྗོད་མཁན་དང་ཐེར་འདོན་མཁན།ཞུ་སྦྱོར་མཁན།བདེན་དཔང་པ་བཅས་དང་།དེ་འབྲེལ་མི་གཞན་པ་ལ་འཁོན་ལན་སློག་པ་ལ།དོན་ཚན་གོང་མའི་གཏན་ཁེལ་ལྟར་ཆད་པ་ནན་མོ་གཅོད་པའམ་ཡང་ན་དྲག་ཆད་གཅོད་རྒྱུ།ཏང་རྩ་འཛུགས་ལ་གོང་གསལ་བྱ་སྤྱོད་ཡོད་ན།ཐད་ཀའི་འགན་འཁྲི་པ་དང་མགོ་ཁྲིད་འགན་འཁྲི་པ་ལ།དོན་ཚན་དང་པོའི་གཏན་ཁེལ་ལྟར་ཐག་གཅོད་བྱ་རྒྱུ།

དོན་ཚན་དོན་གཉིས་པ།གཤམ་གསལ་བྱ་སྤྱོད་གཅིག་ཡོད་པ་ལ།ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས་ལ།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས་ཏེ།

  (གཅིག)དམངས་གཙོའི་འོས་སྦྱོར་དང་དམངས་གཙོའི་དཔྱད་འདེམས།རྩ་འཛུགས་རྟོག་ཞིབ།ཏང་ནང་གི་འདེམ་བསྐོ་བཅས་ཀྱི་ཁྲོད་དུ་འདེམ་ཤོག་འགུག་པ་དང་འདེམ་རོགས་བྱེད་པ་སོགས་རྩ་འཛུགས་མ་བྱས་པའི་བྱ་འགུལ་སྤེལ་བ།

  (གཉིས)བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་འདེམ་ཤོག་འཕེན་པ་དང་འདེམ་བསྐོ་བྱེད་པའི་བྱ་འགུལ་ཁྲོད་དུ་རྩ་འཛུགས་ཀྱི་རྩ་དོན་ལ་རྒྱབ་འགལ་བྱས་ཏེ་རྩ་འཛུགས་མ་བྱས་པའི་བྱ་འགུལ་སྤེལ་ནས།མི་གཞན་པ་རྩ་འཛུགས་དང་ངན་སྐུལ།སླུ་བྲིད་བཅས་བྱས་ནས་འདེམ་ཤོག་འཕེན་དུ་བཅུག་པ་དང་བརྡས་ཐག་གཅོད་དུ་བཅུག་པ།

  (གསུམ)འདེམ་བསྐོ་བྱེད་པའི་ཁྲོད་དུ་ཏང་གི་སྒྲིག་ཡིག་དང་ཏང་ནང་གི་ཁྲིམས་སྲོལ་དང་འབྲེལ་ཡོད་སྒྲིག་ཡིག་ལ་རྒྱབ་འགལ་བྱས་པའི་བྱ་འགུལ་གཞན་དག་སྤེལ་བ།

དོན་ཚན་དོན་གསུམ་པ།ལས་བྱེད་པ་འདེམ་བསྐོ་བྱེད་དུས་འདེམ་བསྐོའི་གཏན་ཁེལ་དང་འགལ་བ་ཡིན་ན།ཐད་ཀའི་འགན་འཁྲི་པ་དང་མགོ་ཁྲིད་པའི་འགན་འཁྲི་པར།གནས་ཚུལ་དེ་འདྲའི་ཚབས་ཆེན་མིན་ན།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས་ལ།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

མི་སྣ་བསྐོ་བཞག་གི་ནོར་འཁྲུལ་ལས་མཇུག་འབྲས་ཚབས་ཆེན་བྱུང་ན།ཐད་སོར་གྱི་འགན་ཁུར་པ་དང་མགོ་ཁྲིད་འགན་ཁུར་པ་ལ་གོང་གི་གཏན་ཁེལ་ལྟར་ཐག་གཅོད་བྱ་དགོས།

དོན་ཚན་དོན་བཞི་པ།ལས་བྱེད་པ་དང་ལས་བཟོ་པ་སྡུད་ལེན་དང་ཞིབ་བཤེར།གོ་གནས་གོང་སྤོར།ལས་ཐོབ་དཔྱད་འཇོགདམག་མི་བསྡུ་བ།ཕྱིར་ལོག་པ་དང་ལས་གནས་སྤར་བའི་དམག་མིར་བཀོད་སྒྲིག་བྱེད་པ་སོགས་ཀྱི་ཁྲོད་ནས།དོན་དངོས་ལ་སྦ་གསང་དང་འཁྱོག་བསྒྱུར།ཡང་ན་འབྲེལ་ཡོད་གཏན་ཁེལ་དང་རྒྱབ་འགལ་གྱིས་ལས་གནས་ཀྱི་དབང་ཆའམ་ལས་ཐོག་གི་དབང་ཤུགས་བེད་སྤྱད་དེ་མི་རང་ཉིད་དམ་གཞན་གྱི་ཆེད་དུ་སྒེར་ཕན་གཉེར་བ་ལ།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས་ལ།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

མགོ་བསྐོར་རྫུན་བཟོ་ལ་བརྟེན་ནས་གོ་གནས་དང་གོ་མིང་།ལས་ཐོབ།ཟླ་ཕོགས།ཐོབ་ཐང་།བསླབ་རིམ།བསླབ་གནས།གཟེངས་རྟགས་དང་ཁེ་ཕན་གཞན་པ་བསླུས་ན་གོང་གི་གཏན་ཁེལ་ལྟར་ཐག་གཅོད་དགོས།

དོན་ཚན་དོན་ལྔ་པ།ཏང་གི་སྒྲིག་ཡིག་དང་ཏང་ནང་གི་སྒྲིག་སྲོལ་གཞན་དག་གི་གཏན་ཁེལ་དང་འགལ་ཞིང་།མགོ་བསྐོར་རྫུན་བཟོའམ་བྱེད་ཐབས་གཞན་ལ་བརྟེན་ནས་ཏང་ཡོན་གྱི་ཆ་རྐྱེན་མི་ཚང་བའི་མི་ཏང་ནང་དུ་ལེན་པ་དང་།ཡང་ན་ཏང་ཡོན་མིན་པ་ལ་ཏང་ཡོན་གྱི་ཐོབ་ཐང་བདེན་དཔང་སྤྲོད་པ་ལ།ཐད་ཀའི་འགན་འཁྲི་པ་དང་མགོ་ཁྲིད་པའི་འགན་འཁྲི་པར།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

འབྲེལ་ཡོད་གཏན་ཁེལ་གྱི་འགྲོ་ལུགས་དང་འགལ་ནས་ཏང་ནང་དུ་བླངས་པ་ལ། ཐད་ཀའི་འགན་འཁྲི་པ་དང་མགོ་ཁྲིད་པའི་འགན་འཁྲི་པར།གོང་གི་གཏན་ཁེལ་ལྟར་ཐག་གཅོད་དགོས།

དོན་ཚན་དོན་དྲུག་པ།འབྲེལ་ཡོད་གཏན་ཁེལ་དང་རྒྱབ་འགལ་གྱིས་ཕྱི་རྒྱལ་གྱི་རྒྱལ་ཁོངས་སམ་ཕྱི་རྒྱལ་ནས་གཏན་སྡོད་ཀྱི་ཐོབ་ཐང་དང་ཡུན་རིང་དུ་སྡོད་རུང་བའི་ཆོག་མཆན་ཐོབ་པ་ལ།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པ།ཡང་ན་ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

དོན་ཚན་དོན་བདུན་པ།འབྲེལ་ཡོད་གཏན་ཁེལ་དང་རྒྱབ་འགལ་གྱིས་སྒེར་དོན་དུ་ཕྱི་རྒྱལ་ལ་འགྲོ་བའི་དཔང་ཡིག་དང་ཞང་ཀང་དང་ཨོ་མིན་ལ་འགྲོ་བའི་དཔང་ཡིག་བསྒྲུབས་པ།ཡང་ན་ཆོག་མཆན་མ་ཐོབ་པར་ཕྱི་རྒྱལ་ལ་འགྲོ་བར། གནས་ཚུལ་དེ་འདྲའི་ཚབས་ཆེན་མིན་ན།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བའི་ཆད་པ་གཅོད་དགོས་ལ།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས

དོན་ཚན་དོན་བརྒྱད་པ།ཕྱི་སྡོད་ལས་ཁུངས་སམ་སྐབས་ཐོག་ཏུ་ཕྱི་རྒྱལ་ལ་འགྲོ་བའི་ཚོགས་པའི(ཚན་ཆུང)ནང་གི་ཏང་ཡོན་སྒེར་ངོས་ནས་རྩ་འཛུགས་དང་བྲལ་བའམ།ཡང་ན་ཕྱི་འབྲེལ་ལས་དོན་དང་གསང་བའི་ལས་དོན།དམག་དོན་སོགས་ཀྱི་བྱ་བ་གཉེར་བའི་ཏང་ཡོན་གྱིས་འབྲེལ་ཡོད་གཏན་ཁེལ་ལ་རྒྱབ་འགལ་གྱིས་ཕྱི་རྒྱལ་གྱི་ལས་ཁུངས་དང་མི་སྣར་འབྲེལ་འདྲིས་བྱས་ན།ཐ་ཚིག་སྒྲོག་པ་དང་ཐ་ཚིག་ནན་མོ་སྒྲོག་པ། ཡང་ན་ཏང་ནང་གི་གོ་གནས་མིད་པར་བཟོ་བའི་ཆད་པ་གཅོད་དགོས།

དོན་ཚན་དོན་དགུ་པ།ཕྱི་སྡོད་ལས་ཁུངས་སམ་སྐབས་ཐོག་ཏུ་ཕྱི་རྒྱལ་ལ་འགྲོ་བའི་ཚོགས་པའི(ཚན་ཆུང)ནང་གི་ཏང་ཡོན་སྒེར་ངོས་ནས་རྩ་འཛུགས་དང་བྲལ་ནས་ཟླ་དྲུག་མ་འགོར་བར་རང་འགུལ་གྱིས་ཕྱིར་ལོག་པ་ལ།ཏང་ནང་གི་གོ་གནས་མིད་པར་བཟོ་བའམ་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་པ།རྩ་འཛུགས་དང་བྲལ་ནས་ཟླ་དྲུག་འགོར་ཟིན་པ་ལ་རང་འགུལ་གྱིས་ཏང་དང་བྲལ་བ་ལྟར་ཐག་གཅོད་པ་དང་ཏང་ནང་ནས་ཕྱིར་ཕུད་དགོས།

བསམ་བཞིན་དུ་མི་གཞན་པར་རྩ་འཛུགས་དང་འབྲལ་བར་སྟབས་བདེ་བསྐྲུན་པ་ལ་ཐ་ཚིག་སྒྲོག་པ་དང་ཐ་ཚིག་ནན་མོ་སྒྲོག་པ།ཡང་ན་ཏང་ནང་གི་གོ་གནས་མིད་པར་བཟོ་བའི་ཆད་པ་གཅོད་དགོས།

ལེའུ་བརྒྱད་པ།སྤྱོད་གཙང་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་ལ་ཆད་པ་གཅོད་པ།

དོན་ཚན་བརྒྱད་ཅུ་པ།ལས་གནས་ཀྱི་དབང་ཆའམ་གོ་གནས་ཀྱི་ཤུགས་རྐྱེན་བེད་སྤྱད་ནས་གཞན་གྱི་ཆེད་དུ་ཁེ་ཕན་གཉེར་བ་དང་།མི་རང་ཉིད་ཀྱི་བཟའ་ཟླ་དང་བུ་ཕྲུག བུ་ཕྲུག་གི་བཟའ་ཟླ་སོགས་ཉེ་འབྲེལ་དང་འབྲེལ་མི་གཞན་དག་གིས་གཞན་གྱི་རྒྱུ་ནོར་བླངས་པ་ལ།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའམ་ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

དོན་ཚན་གྱ་གཅིག་པ།ལས་གནས་ཀྱི་དབང་ཆའམ་གོ་གནས་ཀྱི་ཤུགས་རྐྱེན་བེད་སྤྱད་ནས་ཕན་ཚུན་དང་དེའི་བཟའ་ཟླ་དང་བུ་ཕྲུགབུ་ཕྲུག་གི་བཟའ་ཟླ་སོགས་ཉེ་འབྲེལ་དང་།ཉེ་འགྲམ་གྱི་ལས་བྱེད་མི་སྣ་དང་འབྲེལ་མི་གཞན་དག་གི་ཆེད་དུ་ཁེ་ཕན་གཉེར་རེས་དང་དབང་ཐོག་གི་བརྗེ་རེས་བྱས་པ་ལ།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས་ལ།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

དོན་ཚན་གྱ་གཉིས་པ།བཟའ་ཟླ་དང་བུ་ཕྲུགདེ་མིན་བུ་ཕྲུག་གི་བཟའ་ཟླ་སོགས་ཉེ་འབྲེལ་དང་ཉེ་འགྲམ་གྱི་ལས་བྱེད་མི་སྣ་བཅས་ཀྱིས་ཏང་ཡོན་ལས་བྱེད་པ་རང་ཉིད་ཀྱི་ལས་གནས་དབང་ཆ་དང་གོ་གནས་ཀྱི་ཤུགས་རྐྱེན་སོགས་སྤྱད་ནས་སྒེར་དོན་གཉེར་དུ་བཅུག་པ་ལ།གནས་ཚུལ་དེ་འདྲའི་ཚབས་ཆེན་མིན་ན།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས་ལ།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

ཏང་ཡོན་ལས་བྱེད་པའི་བཟའ་ཟླ་དང་བུ་ཕྲུགབུ་ཕྲུག་གི་བཟའ་ཟླ་བཅས་ཀྱིས་དོན་དུ་བྱ་བ་སྒྲུབ་ཀྱིན་མིད་ནའང་གླ་ཕོགས་ལེན་གྱིན་ཡོད་པའམ་ཡང་ན་བྱ་བ་སྒྲུབ་ཀྱིན་ཡོད་ནའང་གླ་ཕོགས་དང་ལས་གནས་མཉམ་པའི་གླ་ཕོགས་ཀྱི་ཚད་གཞི་ལས་མངོན་གསལ་གྱིས་བརྒལ་ཡོད་ན་ཡང་།ཏང་ཡོན་ལས་བྱེད་པས་ཤེས་བཞིན་དུ་ཡོ་བསྲང་མ་བྱས་པ་ལ་གོང་གི་གཏན་ཁེལ་ལྟར་ཐག་གཅོད་དགོས།

དོན་ཚན་གྱ་གསུམ་པ།དྲང་བདེན་གྱིས་གཞུང་དོན་གཉེར་བར་གནོད་སྲིད་པའི་ལེགས་སྐྱེས་དང་སྐྱེས་དངུལ།འཛད་སྤྱོད་བྱང་བུ་སོགས་བླངས་པ་ལ།གནས་ཚུལ་དེ་འདྲའི་ཚབས་ཆེན་མིན་ན།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས་ལ།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས།

སྤྱིར་བཏང་གི་འགྲོ་འོང་ལས་བརྒལ་བའི་ལེགས་སྐྱེས་དང་སྐྱེས་དངུལ། འཛད་སྤྱོད་བྱང་བུ་གཞན་པ་བླངས་པ་ལ་གོང་གི་གཏན་ཁེལ་ལྟར་ཐག་གཅོད་དགོས།

དོན་ཚན་གྱ་བཞི་པ།གཞུང་ཞབས་ཀྱི་བྱ་བ་སྒྲུབ་པའི་མི་སྣ་དང་དེའི་བཟའ་ཟླ།བུ་ཕྲུག་དང་དེའི་བཟའ་ཟླ་སོགས་ཉེ་འབྲེལ་དང་གཞན་པའི་འབྲེལ་མིས་སྤྱིར་བཏང་གི་འགྲོ་འོང་ལས་བརྒལ་བའི་ལེགས་སྐྱེས་དང་སྐྱེས་དངུལ།འཛད་སྤྱོད་བྱང་བུ་སོགས་སྟེར་བ་ལ།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས།

དོན་ཚན་གྱ་ལྔ་པ།ལས་གནས་དབང་ཆའམ་གོ་གནས་ཀྱི་ཤུགས་རྐྱེན་བེད་སྤྱད་ནས་གཉེན་དོན་དང་འདས་དོན་གྱི་ཆོ་ག་སྤེལ་ཏེ་སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་བཞག་པ་ལ།ཐ་ཚིག་སྒྲོག་པའམ་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས།

གཉེན་སྟོན་དང་འདས་དོན་གྱི་ཆོ་ག་སྤེལ་བའི་གོ་སྐབས་ལ་བསྟུན་ནས་རྒྱུ་ནོར་ལེན་པའམ་ཡང་ན་རྒྱལ་ཁབ་དང་ཐུན་མོང་།མི་དམངས་བཅས་ཀྱི་ཁེ་ཕན་ལ་གནོད་པའི་སྦྱོར་བ་གཞན་པ་ལྷུར་བླངས་པ་ལ།གོང་གི་གཏན་ཁེལ་ལྟར་ཆད་པ་ནན་མོ་གཅོད་པ་དང་།ཐ་ན་ཏང་ནང་ནས་ཕུད་དགོས།

དོན་ཚན་གྱ་དྲུག་པ།དྲང་གཞག་གིས་གཞུང་དོན་གཉེར་བར་གནོད་སྲིད་པའི་མགྲོན་བསུའམ་ཡང་ན་གནས་སྐོར།ལུས་ཕུང་སྦྱོང་རྡར།རོལ་རྩེད་སོགས་ཀྱི་བྱ་འགུལ་བཀོད་སྒྲིག་བྱས་པ་དང་ལེན་བྱས་པར།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས།

དོན་ཚན་གྱ་བདུན་པ།འབྲེལ་ཡོད་གཏན་ཁེལ་དང་རྒྱབ་འགལ་གྱིས་ལུས་རྩལ་སྦྱོང་རྡར་བྱང་བུ་དང་རོལ་རྩེད་ཁང་དང་མཉམ་སྤྲོ་ཁང་གི་ཁོངས་མིའི་བྱང་བུ།གོལ་སྤོ་བྱང་བུ་སོགས་འཛད་སྤྱོད་བྱང་བུ་སྣ་ཚོགས་ཐོབ་པ་དང་དབང་བ།བེད་སྤྱོད་པ་བཅས་དང་།ཡང་ན་འབྲེལ་ཡོད་གཏན་ཁེལ་དང་རྒྱབ་འགལ་གྱིས་མི་སྒེར་གྱི་རོལ་རྩེད་ཁང་དུ་འགྲོ་བ་ལ།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས།

དོན་ཚན་གྱ་བརྒྱད་པ།འབྲེལ་ཡོད་གཏན་ཁེལ་དང་རྒྱབ་འགལ་གྱིས་ཁེ་ཕན་གཉེར་བའི་བྱ་འགུལ་དུ་ཞུགས་ཏེ།གཤམ་གྱི་བྱ་སྤྱོད་ལས་གཅིག་ཡོད་པ་ལ།གནས་ཚུལ་དེ་འདྲའི་ཚབས་ཆེན་མིན་ན།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བ་དང་ཡང་ན་ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས་ལ།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས་ཏེ།

  (གཅིག)ཚོང་ལས་གཉེར་ནས་ཁེ་ལས་སྒྲུབ་པ།

  (གཉིས)ཁྲོམ་ཞུགས་མ་བྱས་པའི་ཀུང་ཟིའི(ཁེ་ལས)མ་རྐང་ངམ་དཔང་འཛིན་ཡོད་པ།

  (གསུམ)མ་རྐང་ཉོ་ཚོང་བྱེད་པའམ་ཡང་ན་གཞན་པའི་དཔང་འཛིན་གྱི་མ་དངུལ་གཏོང་བའི་ལས་བྱེད་པ།

  (བཞི)གླ་ཡོད་པའི་བར་ཁེ་བྱ་འགུལ་ལ་ཞུགས་པ།

  (ལྔ)ཕྱི་རྒྱལ་ནས་ཀུང་ཟི་ཐོ་འགོད་བྱེད་པའམ་ཡང་ན་མ་རྐང་འཇོག་པ།

  (དྲུག)འབྲེལ་ཡོད་གཏན་ཁེལ་དང་འགལ་ནས་ཁེ་ཕན་གཉེར་བའི་བྱ་འགུལ་སྤེལ་བའི་ལས་དོན་གཞན་དག

ལས་གནས་དབང་ཆའམ་ཡང་ན་གོ་གནས་ཀྱི་ཤུགས་རྐྱེན་བེད་སྤྱད་ནས།རང་ཉིད་ཀྱི་བཟའ་ཟླ་དང་བུ་ཕྲུག བུ་ཕྲུག་གི་བཟའ་ཟླ་སོགས་ཉེ་འབྲེལ་དང་གཞན་པའི་འབྲེལ་མིའི་བདག་གཉེར་བྱ་འགུལ་ལ་ཕན་ཁེ་གཉེར་བ་ལ།གོང་གི་གཏན་ཁེལ་ལྟར་ཐག་གཅོད་དགོས།

འབྲེལ་ཡོད་གཏན་ཁེལ་དང་རྒྱབ་འགལ་གྱིས་དཔལ་འབྱོར་གཉེར་བའི་ལས་ཁུངས་དང་སྤྱི་ཚོགས་ཀྱི་ཚོགས་པ་སོགས་སུ་ཞོར་ལས་གཉེར་བ་དང་།ཡང་ན་ཆོག་མཆན་ཐོབ་སྟེ་ཞོར་ལས་གཉེར་ན་ཡང་གླ་ཕོགས་དང་བྱ་དགའ།ཕོགས་སྣོན་སོགས་ཀྱི་ཁེ་ཕན་ལྷག་མ་རེག་པ་ལ།གཏན་ཁེལ་དང་པོ་ལྟར་ཐག་གཅོད་དགོས།

དོན་ཚན་གྱ་དགུ་པ།ཏང་ཡོན་མགོ་ཁྲིད་ལས་བྱེད་པ་ལས་ཐོག་ནས་གྱེས་པའམ་ཡང་ན་ལས་འཁྱུར་ངལ་གསོ་བྱས་རྗེས།འབྲེལ་ཡོད་གཏན་ཁེལ་དང་འགལ་ཏེ་སྔོན་གྱི་འགན་དབང་གི་ཡུལ་དུ་གྱུར་པའི་ས་ཁུལ་དང་ལས་སྒོའི་ཁྱབ་ཁོངས་ཀྱི་ཁེ་ལས་དང་བར་ཁེ་སྡེ་ཁག་གིས་གདན་ཞུ་བསྐོ་བཞག་བྱས་པ་དང་།ཡང་ན་རང་སྒེར་ནས་སྔོན་གྱི་འགན་དབང་གི་ཡུལ་དུ་གྱུར་པའི་ལས་སྒོ་དང་འབྲེལ་བའི་ཁེ་ཕན་གཉེར་བའི་བྱ་འགུལ་དུ་ཞུགས་པ་ལ།གནས་ཚུལ་དེ་འདྲའི་ཚབས་ཆེན་མིན་ན།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བའི་ཆད་པ་གཅོད་དགོས་ལ།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས།

ཏང་ཡོན་མགོ་ཁྲིད་ལས་བྱེད་པ་ལས་ཐོག་ནས་གྱེས་པའམ་ཡང་ན་ལས་འཁྱུར་ངལ་གསོ་བྱས་རྗེས།འབྲེལ་ཡོད་གཏན་ཁེལ་དང་འགལ་ཏེ་ཁྲོམ་ཞུགས་ཀུང་ཟི་དང་ཐེབས་རྩ་དོ་དམ་ཀུང་ཟིའི་སྒེར་ཚུགས་ལས་འཛིན་དང་སྒེར་ཚུགས་ལྟ་ཞིབ་པ་སོགས་ཀྱི་གོ་གནས་འགན་ལེན་བྱས་པ་ལ།གནས་ཚུལ་དེ་འདྲའི་ཚབས་ཆེན་མིན་ན།ཐ་ཚིག་སྒྲོག་པ་དང་ཡང་ན་ཐ་ཚིག་ནན་མོ་སྒྲོག་པའི་ཆད་པ་གཅོད་པ་དང་།གནས་ཚུལ་ཅུང་ཚབས་ཆེན་ཡིན་ན།ཏང་ནང་གི་གོ་གནས་མིད་པར་བཟོ་བའི་ཆད་པ་གཅོད་དགོས་ལ།གནས་ཚུལ་ཚབས་ཆེན་ཡིན་ན།ཏང་ནང་དུ་བཞག་ནས་ལྟ་ཞིབ་བྱེད་པའི་ཆད་པ་གཅོད་དགོས།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།