ཀྲུང་གོ་བོད་ཀྱི་དྲ་བ།

ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་དང་སྒྲིགས་སྲོལ་ལྟར་ཏང་སྐྱོང་བ་རྒྱུན་འཁྱོངས་བྱེད་པ་དང།སྒྲིག་སྲོལ་ནང་རྐྱེན་གསར་གཏོད་བྱས་ཏེ་ཏང་ནང་ཁུལ་གྱི་ལྟ་སྐུལ་ཇེ་དྲག་ཏུ་གཏོད་དགོས།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-05-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

res01_attpic_brief (1).jpg

ཞི་ཅིན་ཕེན་གྱིས་ཀྲུང་དབྱང་སྒྲིགས་ཨུའི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གསུང་བཤད་གལ་ཆེན་གནང་ནས་ནན་གྱིས་བསྟན་དོན།

  ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཟླ1པའི་ཚེས12ཉིན་གྱི་སྔ་དྲོར་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གསུང་བཤད་གལ་ཆེན་གནང་།ཁོང་གིས་ནན་གྱིས་བསྟན་དོན།ཆབ་སྲིད་ཀྱི་ནུས་པ་བརྟན་པོ་རྒྱུན་འཁྱོངས་དང་།ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་དང་སྒྲིགས་སྲོལ་ལྟར་ཏང་སྐྱོང་བ་རྒྱུན་འཁྱོངས་བྱེད་པ།ལྟ་སྐུལ་དང་སྒྲིགས་ལམ་ལག་ཏུ་བསྟར་པའི་འགན་འདྲི་གནད་དུ་ཁེལ་ཏེ།རྩ་ལག་མཉམ་བཅོས་དང་།སྒྲིགས་སྲོལ་དང་ནང་རྐྱེན་གསར་གཏོད།ཁྲིམས་སྲོལ་སྒྲིགས་ལམ་འཐུས་ཚང་དུ་གཏོང་བ།ཏང་ནང་ཁུལ་གྱི་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བ།སྒྲིགས་ལམ་སྔོན་དུ་བསྐྱོད་པ་དང་།ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་དངོས་འབེབས་བྱས་ཏེ།ནུས་ཤུགས་ཡོད་རྒུས་མང་ཚོགས་ཁྲོད་ཀྱི་ཚུལ་མིན་བྱ་སྤྱོད་དང་རུལ་སུངས་གནད་དོན་ཐག་གཅོད་དང་།བློ་ཐག་རྦད་ཆོད་ཀྱིས་རུལ་སུངས་མཆེད་པའི་གནས་ཚུལ་གཏན་འགོག་བྱས་ཏེ།རྒྱུན་མི་འཆད་པར་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་ཐད་ཕན་འབྲས་གསར་པ་ལེན་དགོས།

  ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ལི་ཁེ་ཆང་དང་ཀྲང་ཏེ་ཅང་།ཡུས་ཀྲེང་ཧྲེང་།ལིའུ་ཡུང་ཧྲན།ཀྲང་ཀའོ་ལི་སོགས་གྲོས་ཚོགས་སུ་ཞུགས།ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུའམ་ཀྲུང་དབྱང་སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ཆི་ཧྲན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད།

  ཞི་ཅིན་ཕེན་གྱིས་བསྟན་དོན།ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ།ང་ཚོའི་ཏང་གིས་གནས་བབ་གསར་པའི་ལས་འགན་ལ་དམིགས་ཏེ།ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་དེ“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ནང་བཀོད་པ་དང་།ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་དེ་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་ནང་དོན་གལ་ཆེན་དུ་བརྩིས་ཏེ།སྤྱོད་ཚུལ་དྲང་མོ་དང་སྒྲིགས་ལམ་ནན་མོ་བྱས་ནས་རུལ་སུངས་ལ་རྒོལ་བ་དང་ངན་པར་ཆད་གཅོད་བྱས་ཏེ།ནུས་ཤུགས་ཡོད་རྒུས་རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་མི་བྱེད་པ།རུལ་སུངས་བྱེད་མི་འདོད་པའི་སྒྲིགས་སྲོལ་ནང་རྐྱེན་འཛུགས་དགོས།ཀྲུང་དབྱང་སྒྲིགས་ཨུས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིགས་ལག་བསྟར་མཐར་ཕྱིན་དང་།ཏང་གི་སྒྲིགས་ཡིག་གི་ཆོད་དོན་བརྩི་སྲུང་དང་ལྟེ་བའི་ལས་འགན་ཐད་མིག་རྒྱ་ཕྱོགས་ཏེ།ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་ཐད་ཕན་འབྲས་ཆེན་པོ་ལེན་པར་སྐུལ་འདེད་བྱེད་དགོས།ང་ཚོས་ཏང་གི་ཆབ་སྲིད་སྒྲིགས་ལམ་ནན་མོ་དང་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་འགན་འཁྲི་ཇེ་བརྟན་དུ་བཏང་སྟེ།སྒྲིགས་སྲོལ་དང་ནང་རྐྱེན་གསར་གཏོད་དང་།ལམ་ལུགས་ཀྱི་འགག་སྒོ་ནན་སྲུང་། རྒྱུན་འཁྱོངས་ལྷོད་མིད་སྒོས“སྤྱོད་ཚུལ་བཞི”ཡོ་བསྲང་བྱས་ཏེ།ཏང་སྲོལ་དང་དམངས་སྲོལ་བཟང་པོའི་ཕྱོགས་དང་ཡར་རྒྱས་ཡོང་ཐབས་བྱེད་པ་དང་།ཏང་ནང་གི་ལྟ་སྐུལ་ཇེ་དྲག་ཏུ་གཏོང་བ་དང་།སྐོར་ཞིབ་ཀྱི་རལ་གྲི་རྣོ་དབལ་ཅན་གྱི་ནུས་པ་འདོན་སྤེལ་བྱས་ཏེ།རུལ་སུངས་མཁན་ལ་ཆད་གཅོད་དང་ཉེས་བྱོལ་མཁན་རྩད་གཅོད་དང་བརྐུས་ནོར་ཚུར་ལེན་པའི་བྱ་བར་ཤུགས་སྣོན་དགོས།དམངས་སེམས་ནི་ཆེས་ཆེ་བའི་ཆབ་སྲིད་དང་།དྲང་བདེན་ནི་ཆེས་ནུས་ཤུགས་ལྡན་པའི་སྟོབས་ཤུགས་ཡིན་ཕྱིར།རུལ་རྒོལ་ལས་མི་དམངས་མང་ཚོགས་ཀྱིས་ཏང་ལ་ཡིད་ཆེས་པ་དང་རྒྱབ་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་བཏང་བས།མི་དམངས་མང་ཚོགས་ཀྱིས་གདེང་འཇོག་ཚད་མཐོན་པོ་བྱས་པ་རེད།

  ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན།འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པར་རྒྱལ་ཕམ་ཐག་གཅོད་དུས་རིམ་གྱི་རླབས་ཆེན་རྒྱལ་ཁ་ལེན་དགོས་ན།གནད་འགག་ནི་ཏང་ལ་ཐུག་ཡོད།“ལྕགས་བརྡུངས་ན་ཐོ་བ་སྲ་དགོས”ཞེས་པའི་དཔེ་འདི་ནི་ང་ཚོའི་ཏང་གི་ཁས་ལེན་ནན་མོ་ཞིག་ཡིན་པ་དང་།ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་རྒྱུ་ནི་ང་ཚོས་བཀོད་པའི་དམག་བཀའ་ལྟར་བསྒྲུབ་རྒྱུའི་ཁག་ཐེག་ཞུ་ཡིག་ཡིན།ལོ་གསུམ་གྱི་རིང་ལ།ང་ཚོས་ནུས་པ་ཡོད་ཚད་བཏོན་ཏེ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་དེ་གུ་ཡངས་ལས་ཉམས་པ་དང་ལྷོད་གཡེང་ལས་ཉམས་པ།ནུས་མིད་ལས་ཉམས་པའི་གནད་དོན་ཐག་བཅད་དེ།རུལ་སུངས་བྱེད་མི་ཕོད་པའི་འཇིགས་སྐུལ་ནུས་པ་སྔར་ལས་འདོན་སྤེལ་དང་།རུལ་སུངས་མི་བྱེད་པ་དང་རུལ་སུངས་བྱེད་མི་འདོད་པའི་ཕན་ནུས་རགས་ཙམ་ཆགས་ཏེ།རུལ་རྒོལ་འཐབ་རྩོད་ལ་བརྟེན་ནས་དེའི་སྣང་ཚུལ་མར་གནོན་པའི་གནས་ཚུལ་འབྱུང་བཞིན་ཡོད།ཏང་ཀྲུང་དབྱང་གིས་བློ་བརྟན་འགྱུར་མིད་སྒོས་རུལ་སུངས་ལ་རྒོལ་བའི་ཆོད་སེམས་འགྱུར་མིད་པ་དང་།བློ་ཐག་རྦད་ཆོད་ཀྱིས་རུལ་སུངས་སྣང་ཚུལ་མཆེད་པའི་གནས་ཚུལ་བཀག་འགོག་བྱེད་པའི་དམིགས་འབེན་འགྱུར་མིད།ཏང་ཀྲུང་དབྱང་གིས་རུལ་རྒོལ་འཐབ་རྩོད་བྱེད་པའི་ཆོད་སེམས་དེར་ཏང་ཡོངས་ཀྱི་བློ་མཐུན་ལ་ཡིད་ཆེས་བརྟན་པོ་ཡོད་པ་དང་།རུལ་རྒོལ་འཐབ་རྩོད་ཐད་གྲུབ་འབྲས་ལེན་པར་ཡིད་ཆེས་ཆེན་པོ་ཡོད་དགོས་ལ།རུལ་རྒོལ་འཐབ་རྩོད་ལས་འཐོབ་པའི་དྲང་ཕྱོགས་ཀྱི་ནུས་ཚད་དང་།རུལ་རྒོལ་འཐབ་རྩོད་ཀྱི་འོད་སྟོང་འབར་བའི་མདུན་ལྗོངས་ལ་ཡིད་ཆེས་ཆེན་པོ་ཡོད་དགོས།

  ཞི་ཅིན་ཕེན་གྱིས་བསྟན་དོན།ད་ལོའི་བྱ་བ་ལེགས་པོར་བསྒྲུབ་དགོས་ན།གཙོ་བོ་གཤམ་གསལ་གྱི་གནད་འགའ་ཚོད་འཛིན་བྱེད་དགོས་པ་སྟེ།གཅིག་ནི་ཏང་གི་སྒྲིགས་ཡིག་ལ་བརྩི་བཀུར་བྱས་ཏེ།ཚད་གཞི་དང་སྲོལ་ཡིག་ལག་བསྟར་ནན་མོ་བྱེད་དགོས།ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་དགོས་ན་ཐོག་མར་ཏང་གི་སྒྲིགས་ཡིག་བརྩི་སྲུང་བྱེད་དགོས།རིམ་པ་སོ་སོའི་ཏང་ཨུ་དང་སྒྲིགས་ཨུས་ཐོག་མར་ཏང་གི་སྒྲིགས་ཡིག་སྲུང་སྐྱོབ་དང་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས།སྲིད་ཇུས།གྲོས་ཆོད་བཅས་ལག་ཏུ་བསྟར་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་པ་དང་། 

ཏང་གི་གཅིག་སྡུད་དང་གཅིག་གྱུར་ཁག་ཐེག་བྱས་ཏེ།ཏང་ཀྲུང་དབྱང་གི་སྲིད་འཛིན་བཀའ་རྒྱ་ཐོགས་མིད་དུ་ལག་ཏུ་བསྟར་བར་ཁག་ཐེག་བྱེད་དགོས།གཉིས་ནི་ཡང་དང་བསྐྱར་དུ་རྒྱུན་འཁྱོངས་བྱས་ཏེ།སྤྱོད་ཚུལ་འཛུགས་སྐྲུན་མཐར་ཐུག་བར་འཛིན་དགོས།སྒྲིགས་ལམ་ནན་མོ་སྤྱད་དེ་ཕྱི་ཚུལ་ནས་བསམ་གཟས་ནས་སྒྲིགས་འགལ་བྱེད་པའི་བྱ་སྤྱོད་སྣ་ཚོགས་འཆུན་འདོམས་བྱས་ཏེ།ཅི་ཙམ་ཡོད་ན་དེ་ཙམ་ཐག་གཅོད་བྱ་དགོས།སྤྱོད་ཚུལ་འཛུགས་སྐྲུན་འཛིན་དགོས་ན་ཕྱི་ཚུལ་དོར་ནས་ནང་སྙིང་འཛིན་པ་དང་རྨང་གཞི་སྲ་བརྟན་དུ་བཏང་སྟེ།ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་པའི་དུས་མཚུངས་སུ།ཀྲུང་ཧྭའི་ཁྱད་དུ་འཕགས་པའི་སྲོལ་རྒྱུན་རིག་གནས་དར་སྤེལ་བྱེད་དགོས།མགོ་ཁྲིད་ལས་བྱེད་པས་ཁྱིམ་ཚང་གི་སྤྱོད་ཚུལ་འཛུགས་སྐྲུན་དེ་གོ་གནས་གལ་ཆེན་དུ་བཞག་སྟེ།སྤྱོད་གཙང་བློ་སྦྱོང་དང་སྤྱོད་གཙང་གིས་ཁྱིམ་ཚང་སྐྱོང་དགོས།གསུམ་ནི་རུལ་སུངས་བྱེད་མི་ཕོད་པ་མངོན་འགྱུར་བྱས་ཏེ།བློ་ཐག་རྦད་ཆོད་ཀྱིས་རུལ་སུངས་སྣང་ཚུལ་མཆེད་པའི་གནས་ཚུལ་གཏན་འགོག་བྱེད་དགོས།རུལ་སུངས་ལ་ཆད་པ་གཅོད་པ་འདི་ངེས་པར་དམ་འཛིན་བྱས་ནས་ལྷོད་གཡེང་དུ་མི་གཏོང་བར་རལ་གྲི་རྣོ་དབལ་ཅན་མཐོན་པོར་བསྒྲེངས་ཏེ།མི་བརྟོལ་པའི་གནས་མིད་པ་དང་མི་ཁེབས་པའི་གནས་མིད་པ། གུ་གཡེང་ཡེ་ནས་མིད་པ་རྒྱུན་འཁྱོངས་བྱེད་དགོས།རྒྱལ་སྤྱིའི་ཉེས་ཅན་བྲོས་བྱོལ་བདའ་འདེད་དང་བརྐུས་ནོར་ཚུར་ལེན་བྱེད་ཤུགས་ཇེ་ཆེར་གཏོང་དགོས།བཞི་ནི་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་དེ་གཞི་རིམ་དུ་བསྲིང་པར་སྐུལ་འདེད་དང་།གཞི་རིམ་གྱི་རུལ་སུངས་དང་ཁྲིམས་བསྟར་དྲང་གཞག་མིན་པ་སོགས་ཀྱི་གནད་དོན་ཡོ་བསྲང་ནན་མོ་དང་ཐག་གཅོད་ནན་མོ་བྱེད་པ་དང་།མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་སྲུང་སྐྱོབ་བྱས་ཏེ།མང་ཚོགས་ལ་སྔར་ལས་ཀྱང་རུལ་རྒོལ་གཙང་སྤེལ་གྱི་ཕན་འབྲས་དངོས་མྱོང་དུ་འཇུག་དགོས།ལྔ་ནི་རྩ་ལག་མཉམ་བཅོས་བྱས་ཏེ་ཆབ་སྲིད་ཀྱི་སྐྱེ་ཁམས་ཇེ་གཙང་ལ་གཏོང་དགོས།རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་དང་ཁྱད་པར་དུ་མཐོ་རིམ་ལས་བྱེད་པས་རང་སྟེང་ནས་མགོ་བརྩམས་ཏེ།སྤྱོད་གཙང་གིས་དབང་བཀོལ་བ་དང་སྒྲིགས་བརྩི་ཁྲིམས་སྲུང་གི་མིག་དཔེ་བྱེད་དགོས།དུས་མཚུངས་སུ་རྩ་དོན་རྒྱུན་འཁྱོངས་དང་འཛིན་ཕོད་པ་དང་དོ་དམ་བྱེད་ཕོད་པ།“སྒྲིགས་ལམ་གསལ་པོ”འཛུགས་པ་དང་།“མི་མངོན་པའི་ལམ་སྲོལ”གཏོར་བ་བཅས་བྱས་ནས།སྒྲིགས་སྲོལ་དང་ནང་རྐྱེན་བཅོས་བསྒྱུར་དང་།ལམ་ལུགས་གསར་སྐྲུན་བྱས་པ་བརྒྱུད་ནས་ཆབ་སྲིད་ཀྱི་སྐྱེ་ཁམས་རྒྱུན་ཆད་མིད་པར་ལེགས་སྒྱུར་བྱེད་དགོས།

  ཞི་ཅི་ཕེན་གྱིས་ནན་གྱིས་བསྟན་དོན།ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་དེ་དུས་ནམ་ཡང་ལམ་དུ་ཡོད།རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་གཙོ་གཞིའི་འགན་འཁུར་དགོས།ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་སྲོག་ཤིང་ནི་ཏང་གི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་།རྨང་གཞི་ནི་ཁྱོན་ཡོངས།གནད་འགག་ནི་གཟབ་ནན།སྲོག་རྩ་ནི་བཅོས་སྐྱོང་བྱ་རྒྱུ་དེ་ཡིན།སྒྲིགས་ཁྲིམས་འཛུགས་སྐྲུན་བྱེད་པ་དེ་སྔར་བས་འབུར་དུ་ཐོན་པའི་གོ་གནས་སུ་འཇོག་པ་དང་།སྒྲིགས་ལམ་ཁྲིམས་ལས་བཙན་པ་དང་སྒྲིགས་ལམ་ཁྲིམས་ཀྱི་སྔོན་དུ་ཡོད་པ་རྒྱུན་འཁྱོངས་བྱས་ནས།ལམ་ལུགས་འཐུས་ཚང་དུ་གཏོང་དགོས།སྒྲིགས་ཁྲིམས་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས་སྒྲིགས་ཁྲིམས་ལག་ཏུ་བསྟར་བར་ལྟ་སྐུལ་བྱེད་པ་དམ་འཛིན་བྱེད་པ་དང་།སྒྲིགས་ཁྲིམས་ཐད་རང་རྟོགས་ཡིན་པ་གོམས་སུ་བཅུག་ནས་སྒྲིགས་ཁྲིམས་ཀྱིས་ཏང་ཡོན་ཡོངས་ལ་དོ་དམ་བྱེད་དགོས།མགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་ཀྱི་དོགས་ཟོན་རང་བཞིན་དང་ཆབ་སྲིད་ཀྱི་གོ་འབྱེད་ནུས་པ་ཇེ་དྲག་ཏུ་བཏང་ནས།རིམ་པ་སོ་སོའི་ལས་བྱེད་པ་དང་ཁྱད་པར་དུ་མགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་ཐད་ནས་གནད་དོན་ལ་ལྟ་མཁས་པ་དང་།ལངས་ཕྱོགས་བརྟན་པོ་དང་ཁ་ཕྱོགས་མི་ནོར་བ་བྱས་ཏེ།ཐོག་མཐའ་བར་གསུམ་དུ་ཏང་ལ་བློ་སེམས་དཀར་བ་དང་ཆབ་སྲིད་ཀྱི་འགན་འཁྲི་ཡིད་ལ་དམ་པོར་འཛིན་དགོས།ཚད་གཞི་མཐོན་པོ་དང་ཚད་ཐིག་སྲུང་བ་གཉིས་སྲུང་དུ་སྦྲེལ་བ་རྒྱུན་འཁྱོངས་བྱེད་དགོས་པ་དང་།ཆད་གཅོད་བསླབ་འདོམས་ཚད་ལྡན་དུ་གཏོང་བ་དང་སྒྲིགས་ཁྲིམས་ཀྱི་ཚད་ཐིག་གཟབ་ནན་དང་གསལ་པོ་ཡིན་པར་གཙིགས་ཆེན་བྱེད་དགོས་ལ།མི་རྣམས་བཟང་ཕྱོགས་དང་ཡར་རྒྱས་ཡོང་བར་ཁྲིད་སྟོན་དང་།གུང་ཁྲན་ཏང་མིའི་བསམ་བློའི་རེ་སྙེག་དམ་སྲུང་བྱས་ཏེ།བསམ་བློའི་ཀུན་སྤྱོད་ཀྱི་བསླད་སྐྱོན་འགོག་ཐབས་དང་ངོ་འགྱུར་སྔོན་འགོག་གི་འགོག་རགས་བརྟན་པོ་བྱེད་དགོས།

ཞི་ཅིན་ཕེན་གྱིས་བསྟན་དོན།ཏང་ནང་གི་ལྟ་སྐུལ་ཇེ་དྲག་ཏུ་གཏོང་དགོས་ན།ངེས་པར་དམངས་གཙོ་གཅིག་བསྡུས་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་།དོན་འཁྱོལ་བཅས་བྱས་ཏེ།ཏང་ནང་གི་ལྟ་སྐུལ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པར་ཁག་ཐེག་བྱེད་དགོས།ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།ལྟ་སྐུལ་མ་ལག་གི་རྩེ་གྲས་ཇུས་འགོད་ལེགས་པོ་བྱེད་དགོས་ན་ཏང་ནང་གི་རང་ཉིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་དགོས་ལ།རྒྱལ་ཁབ་ཀྱི་འཕྲུལ་ཆས་ཀྱི་ལྟ་སྐུལ་ལ་ཡང་ཤུགས་སྣོན་དགོས།འགན་འདྲི་ལམ་ལུགས་བུབ་སྒྲིལ་དང་འགན་འདྲིའི་ནང་རྐྱེན་འཐུས་ཚང་དུ་བཏང་ནས།འགན་འཁྲི་ཡོད་ན་ངེས་པར་འདྲི་བ་དང་འགན་འདྲི་བྱས་པ་ངེས་པར་གཟབ་ནན་ཡིན་པ་རྒྱུན་འཁྱོངས་བྱེད་དགོས།རྒྱལ་ཁབ་ཀྱི་ལྟ་ཞིབ་རྩ་འཛུགས་སྒྲོམ་གཞི་འཐུས་ཚང་དུ་བཏང་ནས།ཕྱོགས་ཡོངས་ལ་ཁེབས་པའི་རྒྱལ་ཁབ་ལས་ཁུངས་དང་གཞུང་ཞབས་པའི་རྒྱལ་ཁབ་ལྟ་ཞིབ་མ་ལག་ཆགས་པར་བྱེད་རྒྱུ།སྐོར་ཞིབ་ལྟ་སྐུལ་ཇེ་དྲག་ཏུ་བཏང་ནས།སྐོར་ཞིབ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བྱེད་དགོས།སྐོར་ཞིབ་བྱེད་སྐབས་ཤེས་པའི་གནད་དོན་དང་ཁུངས་སྣེ་རིགས་དགར་ནས་ཐག་གཅོད་དགོས་པ་དང་།གཅིག་འདོམས་བྱེད་པར་དོ་སྣང་བྱས་ནས་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་བའི་ཐད་གཅིག་བསྡུས་ཀྱིས་ནུས་ཤུགས་འདོན་དགོས།སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པའི་མཚོན་ཆ་འདི་ལེགས་པོར་བཀོལ་ནས།སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ་དེ་ཏང་ཡོན་ཚང་མ་དང་ལས་བྱེད་པ་ཚང་མས་ངེས་པར་བསླབ་དགོས་པའི་སློབ་ཚན་དུ་འགྱུར་དུ་འཇུག་དགོས།“གནད་འགག་གི་གྲངས་ཉུང”དམ་འཛིན་བྱས་ནས།མགོ་ཁྲིད་པ་དང་པོས་ལྟ་སྐུལ་བྱེད་པའི་དཀའ་གནད་བསལ་ཏེ།མགོ་ཁྲིད་ལས་བྱེད་པའི་འགན་འཁྲི་སྔར་བས་ཇེ་ལྕི་དང་ལས་རྐང་སྔར་བས་གལ་ཆེན་ཡིན་ན།ལྟ་སྐུལ་དོ་དམ་ལ་དེ་བས་ཤུགས་སྣོན་དགོས།

  ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན།སྒྲིགས་ཨུ་ནི་ཏང་ནང་གི་ལྟ་སྐུལ་གྱི་ཆེད་བཙུགས་ལས་ཁུངས་དང་།ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་སྟོབས་ཤུགས་གཙོ་བོ་ཡིན།རིམ་པ་སོ་སོའི་ཏང་ཨུས་མགོ་ཁྲིད་ལ་ཤུགས་སྣོན་དང་དར་ཆ་གསལ་སྒྲེང་སྒོས་སྒྲིགས་ཨུས་བྱ་བ་བསྒྲུབ་པར་རྒྱབ་སྐྱོར་བྱེད་དགོས།རིམ་པ་སོ་སོའི་སྒྲིགས་ཨུས་ཁྱོན་ཡོངས་ནས་ཏང་གི་སྒྲིགས་ཡིག་གིས་བསྩལ་བའི་འགན་འཁྲི་ལག་བསྟར་བྱེད་པ་དང་།སྣེ་འཁྲིད་དེ་ཏང་གི་སྒྲིགས་ཡིག་གོང་བཀུར་བྱས་ནས།ཏང་གི་སྒྲིགས་ཡིག་དང་ཏང་ནང་གི་སྒྲིགས་སྲོལ་གཞན་དག་སྲུང་སྐྱོབ་བྱེད་པ་དེ་ལས་འགན་གཙོ་བོར་བརྩི་བ་དང་།ཏང་གི་སྒྲིགས་ཡིག་བརྩི་སྲུང་དང་ཏང་གི་སྒྲིགས་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་པར་ཤུགས་སྣོན་དང་།ཏང་གི་སྒྲིགས་ཡིག་དང་ཏང་གི་སྒྲིགས་སྲོལ།ཏང་གི་སྒྲིགས་ཁྲིམས་བཅས་ལ་འགལ་བའི་བྱ་སྤྱོད་རྩད་ཞིབ་དང་ཐག་གཅོད་ནན་མོ་བྱས་ཏེ།ཏང་གི་སྒྲིགས་ཡིག་གི་དབང་གྲགས་མཐའ་གཅིག་ཏུ་སྲུང་སྐྱོབ་བྱས་ནས།ཏང་གི་སྒྲིགས་ཡིག་མཐའ་གཅིག་ཏུ་ལག་བསྟར་བྱེད་མཁན་དང་བློ་དཀར་སྲུང་སྐྱོབ་མཁན་བྱེད་རྒྱུ།རིམ་པ་སོ་སོའི་སྒྲིགས་ཨུས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པར་ཚད་གཞི་སྔར་བས་མཐོ་བ་དང་སྒྲིགས་ཁྲིམས་སྔར་བས་གཟབ་ནན་ཡིན་པའི་བླང་བྱ་བཏོན་ནས།དཔུང་སྡེའི་དྭངས་གཙང་རང་བཞིན་རྒྱུན་སྲུང་བྱས་ཏེ།ཧུར་ཐག་གིས་བློ་དཀར་དང་གཙང་མ།འགན་འཁུར་ཕོད་པའི་སྒྲིག་བཤེར་ལྟ་ཞིབ་པའི་དཔུང་སྡེ་ཞིག་འཛུགས་དགོས།

  ཝང་ཆི་ཧྲན་གྱིས་གྲོས་ཚོགས་ལ་མགོ་འཛིན་མཛད་སྐབས་བསྟན་དོན།ཏང་ཀྲུང་དབྱང་གིས་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་རྒྱུན་འཁྱོངས་བྱས་ཏེ།དར་ཆ་གསལ་སྒྲེང་གི་ཆབ་སྲིད་ལངས་ཕྱོགས་དང་དཔའ་ངར་ཞུམ་མིད་ཀྱི་ཆབ་སྲིད་བློ་སྤོབས།བློ་བརྟན་འགྱུར་མིད་ཀྱི་ཆབ་སྲིད་ནུས་ཤུགས་ཀྱིས།ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་གཏིང་ཟབ་ཏུ་སྐུལ་འདེད་བྱེད་དགོས།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་ནི་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས།སྔར་བཞིན་ཇེ་དྲག་དང་ཪྙོག་འཛིང་ཆེ་བའི་གནས་བབ་ལ་དབྱེ་ཞིབ་ཟབ་མོ་བྱས་ཏེ།ད་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་དམིགས་འབེན་ལས་འགན་གསལ་པོ་བཏོན་ཡོད་པས།གསུང་བཤད་ནི་གནད་དོན་ལ་ཐད་ཀར་ཁ་གཏད་ཡོད་པ་དང་དེ་དུས་ཀྱི་སྐྱོན་གནད་ལ་ཁེལ་ཡོད་ལ།ཡིད་ཆེས་ཀྱིས་ཁེངས་པ་དང་མི་རྣམས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་པར་ཡར་སྐུལ་བྱེད་པ་ཞིག་ཀྱང་ཡིན་པས།སྲ་ཞིང་བརྟན་པའི་ཏང་གཤིས་རྩ་དོན་དང་ཏང་ཀྲུང་དབྱང་གི་འགན་འཁྲི་ཁུར་ཕོད་པ་མཚོན་ཡོད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་ལེན་མཐར་ཕྱིན་བཅས་བྱེད་པ་ནི་ཏང་ཡོངས་ཀྱི་ཆབ་སྲིད་ལས་འགན་གཙོ་བོ་ཡིན།སློབ་སྦྱོང་བྱེད་པའི་གནད་འགག་ནི་གོ་བ་ལེན་པ་དང་དོན་ཐོག་ཏུ་འཁྱོལ་རྒྱུ་དེ་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པར་ཟུང་དུ་སྦྲེལ་བ་དང་།བསམ་བློ་དང་བྱ་བའི་དོན་དངོས་ལ་སྦྲེལ་བ།གོ་བ་ཟབ་མོ་བླངས་ནས་གོ་དོན་མཐིལ་རྟོགས་པར་བྱེད་པ་དང་།ནང་སེམས་དང་ཕྱིའི་ཀུན་སྤྱོད་འདུལ་བར་བྱས་ཏེ།ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ།རྩ་ལག་མཉམ་བཅོས་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ནས།ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་དེ་བློ་བརྟན་འགྱུར་མིད་སྒོས་གཏིང་ཟབ་ཏུ་སྤེལ་དགོས།

  ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ཟླ1པའི་ཚེས12ཉིན་པེ་ཅིན་ནས་མགོ་བརྩམས།ཀྲུང་དབྱང་སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས།ཚེས12ཉིན་གྱི་ཕྱི་དྲོར་ཝང་ཆི་ཧྲན་གྱིས་ཀྲུང་དབྱང་སྒྲིགས་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་མཛད་དེ་ཁ་བྱང་ལ《ཁྱོན་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བ་དང་།སྒྲིགས་ཁྲིམས་མདུན་དུ་བསྐྱོད་དུ་བཅུག་ནས་ཏང་གི་སྒྲིགས་ཡིག་གིས་གནང་བའི་འགན་འཁྲི་རླབས་པོ་ཆེ་བློ་སེམས་དཀར་པོས་ལག་ཏུ་བསྟར་རྒྱུ》ཞེས་པའི་བྱ་བའི་སྙན་ཞུ་ཕུལ།

2016ལོའི་ཟླ1པའི་ཚེས12ཉིན།ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི།ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕེན་གྱིས་ཀྲུང་དབྱང་སྒྲིགས་ཨུའི་སྐབས་བཅོ་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྟེང་གསུང་གལ་ཆེན་གནང་།།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།