ཀྲུང་གོ་བོད་ཀྱི་དྲ་བ།

དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས། ༡

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2016-04-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

(2015ལོའི་ཟླ11པའི་ཚེས29ཉིན།)

  2020ལོར་བསླེབ་སྐབས་གྲོང་གསེབ་ཀྱི་དབུལ་པོ་རྣམས་དབུལ་ཕོངས་ལས་ཐར་སྒྲོལ་ཐུབ་པར་འགན་ལེན་བྱ་རྒྱུ་ནི་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་བསྐྲུན་པའི་དཀའ་ཚེགས་ཆེ་ཤོས་ཀྱི་ལས་འགན་ཞིག་ཡིན་པས།ད་ལྟ་དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུའི་ཐད་གཏན་འབེབས་བྱས་པ་གཤམ་གསལ་ལྟར།

  གཅིག དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་ལས་འགན་སྒྲུབ་སེམས་དང་ཁ་ཚ་དགོས་གཏུག་གི་འདུ་ཤེས་ཆེ་རུ་གཏོང་དགོས།

  དབུལ་ཕོངས་སེལ་བ་དང་དམངས་འཚོ་ལེགས་སུ་གཏོང་བ་མཉམ་དུ་ཕྱུག་པོར་འགྱུར་བ་རིམ་བཞིན་མངོན་འགྱུར་ཡོང་བ་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཞིག་ཡིན་པར་མ་ཟད།ང་ཚོའི་ཏང་གི་ལས་འགན་གལ་ཆེན་ཞིག་རེད།བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་ལ་ང་ཚོས་གཞི་ཁྱོན་ཆེ་བའི་དབུལ་སྐྱོར་གསར་སྤེལ་བྱས་པས་གྲོང་གསེབ་ཀྱི་དབུལ་པོ་དུང་ཕྱུར7དབུལ་ཕོངས་ལས་ཐར་ཏེ་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་རླབས་ཆེན་གྱི་གྲུབ་འབྲས་ཐོབ་ནས་མིའི་རིགས་ཀྱིས་དབུལ་ཕོངས་སེལ་བའི་ལོ་རྒྱུས་ཐོག་གི་འོད་སྟོང་འབར་བའི་ལེའུ་ཞིག་བརྩམས་ཡོད།ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་ཚོགས་ཚུན་དུ་ང་ཚོས་དབུལ་སྐྱོར་གསར་སྤེལ་ལས་དོན་དེ“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ནང་བཅུག་ནས།ལོ་བརྒྱ་དང་པོའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་གཙོ་གནད་ལས་དོན་ཞིག་ལ་བརྩིས་པ་དང་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་སྟེ།གནད་ཕིགས་དབུལ་སྐྱོར་ལག་བསྟར་ཤུགས་ཆེན་བྱས་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་དབུལ་སྐྱོར་གསར་སྤེལ་ལམ་བུ་རྒྱུན་ཆད་མིད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་རྒྱ་ཆེར་གཏོང་བ་དང་དབུལ་སྐྱོར་གསར་སྤེལ་བྱ་གཞག་གི་རྣམ་པ་གསར་པ་རྒྱུན་ཆད་མིད་པར་བཏོད་དང་གཏོད་བཞིན་ཡོད།

  རང་རྒྱལ་གྱི་དབུལ་སྐྱོར་གསར་སྤེལ་དེ་དཀའ་ཚེགས་ཆེན་པོར་འཕྲད་པའི་དུས་དང་འགག་སྒྲོལ་མཐའ་མའི་གདོང་མཆོང་བྱེད་པའི་དུས་སུ་སླེབས་ཡོད།དབུས་ནུབ་རྒྱུད་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)གྱི་དབུལ་པོའི་གཞི་ཁྱོན་སྔར་བཞིན་ཆེན་པོ་ཡོད་པ་དང་།དེ་བྱིངས་དབུལ་ཞིང་ཕོངས་ཚད་ཟབ་ཙམ་ཡོད་པས་དབུལ་པོ་ཉུང་གཏོང་གི་མ་གནས་དེ་བས་མཐོ་བ་དང་དབུལ་ཐར་གྱི་དཀའ་གནད་དེ་བས་ཆེ་བ་ཡོད།2020ལོར་བསླེབ་སྐབས་གྲོང་གསེབ་ཀྱི་དབུལ་པོ་ཁྲི7000ལྷག་ཙམ་དབུལ་ཕོངས་ལས་ཐར་བའི་སྔོན་དཔག་གི་དམིགས་ཚད་མངོན་འགྱུར་ཡོང་བ་བྱེད་པར་དུས་ཚོད་ཧ་ཅང་བྲེལ་བ་དང་ལས་འགན་ཧ་ཅང་ལྕི་བས།ངེས་པར་ད་ཡོད་ཀྱི་རྨང་གཞིའི་ཐོག་དབུལ་སྐྱོར་གསར་སྤེལ་གྱི་བསམ་ཕྱོགས་དང་ཐབས་ཤེས་རྒྱུན་ཆད་མིད་པར་གསར་གཏོད་བྱས་ནས་འགག་སྒྲོལ་དམག་འཐབ་དེ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

  དབུལ་སྐྱོར་གསར་སྤེལ་དེ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་ཐུབ་མིན་དང་འབྲེལ་བ་དང་།མི་དམངས་ཀྱི་བདེ་སྐྱིད་དང་འབྲེལ་བ།ཏང་གི་སྲིད་སྐྱོང་རྨང་གཞི་སྲ་བརྟན་གཏོང་རྒྱུ་དང་འབྲེལ་བ།རྒྱལ་ཁབ་ཡུན་རིང་བདེ་འཁོད་དང་འབྲེལ་བ།རང་རྒྱལ་གྱི་རྒྱལ་སྤྱིའི་གཟུགས་བཪྙན་དང་འབྲེལ་བ་ཡོད་པ་རེད།དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་རྒྱུ་ནི་མི་དམངས་ཡོངས་ཀྱིས་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་མཉམ་དུ་ཕྱུག་འགྱུར་མངོན་འགྱུར་བྱེད་པའི་བྱ་ཐབས་གལ་ཆེན་ཞིག་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་མངོན་པར་བྱེད་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་པར་མ་ཟད།དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པའི་འོག་རྒྱལ་ནང་གི་དགོས་མཁོ་ཆེ་རུ་གཏོང་བ་དང་དཔལ་འབྱོར་འཕར་རྒྱུར་སྐུལ་མ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད།རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ངེས་པར་དབུལ་སྐྱོར་གསར་སྤེལ་ལས་དོན་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་འགན་འཁྲིའི་བསམ་པ་དང་།ལས་འགན་སྒྲུབ་སེམས།ཁ་ཚ་དགོས་གཏུག་གི་འདུ་ཤེས་བཅས་ཆེ་རུ་ཏན་ཏིག་གིས་བཏང་ནས་བསམ་བློའི་ངོས་འཛིན་དོན་ཐོག་ཏུ་མི་འཁྱོལ་བ་དང་།སྒྲིགས་སྲོལ་དང་ལམ་སྲོལ་འཐུས་ཚང་མིད་པ།ལས་ཀའི་བྱ་ཐབས་དོན་འཁྱོལ་མི་བྱེད་པ་སོགས་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱས་ནས་ལས་འགན་ལ་ངོ་གནོང་མི་དགོས་པ་དང་འགན་འཁྲི་འཁུར་ཕོད་པ།དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་དང་དངོས་འཛིན་དངོས་སྒྲུབ་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པའི་ནང་གི་མངོན་གསལ་དོད་པའི་མི་འདང་ས་གང་མྱུར་གྱིས་གསབ་ནས།ས་ཁུལ་དང་མི་རིགས་གཅིག་ཀྱང་མ་ལུས་པ་བྱས་ནས《རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་བཟོ་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་གཞི》ལས་གཏན་ཁེལ་བྱས་པའི་དབུལ་ཐར་འགག་སྒྲོལ་གྱི་དམིགས་ཚད་མངོན་འགྱུར་བྱེད་དགོས།

  གཉིས། དབུལ་ཐར་འགག་སྒྲོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་སྤྱིའི་བླང་བྱ།

  (གཅིག)མཛུབ་སྟོན་བསམ་བློ།

  ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་།གསུམ་པ།བཞི་པ།ལྔ་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན།ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་དམིགས་ཏེ་གསར་གཏོད་དང་།མཐུན་སྦྱོར།ལྗང་མདོག སྒོ་འབྱེད།མཉམ་སྤྱོད་བཅས་ཀྱི་འཕེལ་རྒྱས་འདུ་ཤེས་བརྟན་པོར་འཛུགས་པ་དང་ལག་བསྟར་ཏན་ཏིག་བྱས་ནས་ཆབ་སྲིད་ཀྱི་ལེགས་ཆ་དང་ལམ་ལུགས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ།གནད་ཕིགས་དབུལ་སྐྱོར་དང་གནད་ཕིགས་དབུལ་ཐར་དེ་གཞི་རྩའི་འཐབ་ཇུས་ལ་བརྩིས་ནས་དབུལ་སྐྱོར་གསར་སྤེལ་དང་སྤྱི་ཚོགས་འཕེལ་རྒྱས་གཉིས་ཕན་ཚུན་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་།གནད་ཕིགས་རོགས་སྐྱོར་དང་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་གསར་སྤེལ་བྱ་རྒྱུ་ཟུང་འབྲེལ་དམ་ཟབ་བྱེད་རྒྱུ་མཐའ་འཁྱོངས།དབུལ་སྐྱོར་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོང་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས།དབུལ་སྐྱོར་གསར་སྤེལ་དང་སྤྱི་ཚོགས་འགན་ལེན་གཉིས་སྦྲེལ་མཐུད་ནུས་ལྡན་ཐུབ་རྒྱུ་མཐའ་འཁྱོངས་བཅས་བྱས་ནས་ལྷོད་གཡེང་མི་གཏོང་བ་དང་ཚད་བརྒལ་བྱ་ཐབས་སྤྱོད་པ། ཉམས་སད་ཐེག་ཐུབ་པའི་ཐབས་ཤེས་འདོན་པ་བཅས་བྱེད་དགོས་པ་དང་།ཏང་ཡོངས་དང་སྤྱི་ཚོགས་ཧྲིལ་པོའི་སྟོབས་ཤུགས་བཏོན་ཏེ་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

(གཉིས།)སྤྱིའི་དམིགས་འབེན།

  2020ལོར་བསླེབ་སྐབས་གྲོང་གསེབ་ཀྱི་དབུལ་པོའི་མི་འབོར་ལ་ལྟོ་གོས་ལ་སེམས་ཁྲལ་མིད་པ་དང་།འོས་འགན་སློབ་གསོ་དང་།གཞི་རྩའི་སྨན་བཅོས།སྡོད་ཁང་བདེ་འཇགས་བཅས་འགན་ལེན་ཡོད་པ་བརྟན་འཇགས་ངང་མངོན་འགྱུར་བྱེད་དགོས།དབུལ་ཕོངས་ས་ཁུལ་གྱི་ཞིང་པ་མི་རེའི་བཀོལ་སྤྱོད་བྱས་ཆོག་པའི་ཡོང་འབབ་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་བ་དང་།གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་གཙོ་བོའི་དམིགས་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལ་ཕལ་ཆེར་བསླེབ་ཐུབ་པ་བྱེད་དགོས།རང་རྒྱལ་གྱི་ད་ལྟ་ལག་ལེན་བསྟར་བའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་དབུལ་པོའི་མི་འབོར་དབུལ་ཕོངས་ལས་ཐར་ཐུབ་པ་དང་དབུལ་ཕོངས་རྫོང་ཚང་མའི་ཞྭ་མོ་འབུད་རྒྱུ་འགན་ལེན་བྱས་ནས་ས་ཁོངས་རང་བཞིན་གྱི་ཁྱོན་ཡོངས་དབུལ་པོའི་གནད་དོན་ཐག་གཅོད་བྱེད་དགོས།

  (གསུམ།)གཞི་རྩའི་རྩ་དོན།

ཏང་གི་མགོ་ཁྲིད་མཐའ་འཁྱོངས་བྱས་ནས་རྩ་འཛུགས་ཀྱི་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུས་ཁྱོན་ཡོངས་ཀྱི་གནས་ཚུལ་བློ་ལ་ཆུད་པ་དང་ཕྱོགས་ཁག་མཐུན་སྦྱོར་བྱེད་པའི་མགོ་ཁྲིད་སྲོག་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།དབུལ་ཐར་འགག་སྒྲོལ་གཙོ་འགན་འཁུར་མཁན་གྱི་འགན་འཁྲིའི་ལམ་ལུགས་ལག་བསྟར་ཏན་ཏིག་དང་ཞིང་ཆེན་དང་།གྲོང་ཁྱེར།རྫོང་།ཞང་།སྡེ་བ་བཅས་རིམ་པ་ལྔའི་ཧྲུའུ་ཅིས་མཉམ་དུ་དམ་འཛིན་བྱེད་དགོས།དབུལ་ཕོངས་ས་ཁུལ་གྱི་གྲོང་གསེབ་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས་དེས་མང་ཚོགས་ཀྱི་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་འགྱུར་གྱི་སྲ་ཞིང་བརྟན་པའི་དམག་འཐབ་བཙན་རྫོང་ཞིག་ཏུ་འགྱུར་བར་འཇུག་དགོས། 

སྲིད་གཞུང་གི་གཙོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་ཚོགས་ཀྱི་མཉམ་ཤུགས་ཆེ་རུ་གཏོང་དགོས།སྲིད་གཞུང་གི་འགན་འཁྲི་ཆེ་རུ་བཏང་ནས་ཁྲོམ་རར་སྣེ་ཁྲིད་དང་སྤྱི་ཚོགས་ཀྱིས་མཐུན་སྦྱོར་ངང་ནུས་ཤུགས་བཏོན་ནས་སྔོན་ལ་ཕྱུག་པོར་གྱུར་པ་རྣམས་ཀྱིས་རྗེས་སུ་ཕྱུག་པོར་འགྱུར་མཁན་ལ་རོགས་རམ་བྱ་རྒྱུར་སྐུལ་མ་བཏང་སྟེ་ཆེད་དོན་དབུལ་སྐྱོར་དང་།ལས་རིགས་ཀྱིས་དབུལ་སྐྱོར།སྤྱི་ཚོགས་ཀྱིས་དབུལ་སྐྱོར་བཅས་ཕན་ཚུན་གསབ་རེས་བྱེད་པའི་དབུལ་སྐྱོར་ཆེན་པོའི་རྣམ་པ་འཛུགས་དགོས།

གནད་ཕིགས་དབུལ་སྐྱོར་མཐའ་འཁྱོངས་བྱས་ནས་དབུལ་སྐྱོར་གྱི་ཕན་འབྲས་མཐོ་རུ་གཏོང་དགོས།དབུལ་སྐྱོར་གསར་སྤེལ་གྱི་འགག་རྩ་གནད་ཕིགས་དང་གཙོ་གནད་གནད་ཕིགས་ལ་ཐུག་པས་སུ་ལ་རོགས་སྐྱོར་བྱེད་པ་དང་།སུས་རོགས་སྐྱོར་བྱེད་པ།རོགས་སྐྱོར་ཇི་ལྟར་བྱེད་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱས་ནས་དབུལ་ཕོངས་ངོ་མར་རོགས་སྐྱོར་བྱེད་པ་དང་།དབུལ་པོར་རོགས་སྐྱོར་ངོ་མ་བྱེད་པ། དབུལ་ཐར་ངོ་མ་ཐུབ་པ་བཅས་བྱས་ནས་དབུལ་སྐྱོར་གྱི་གྲུབ་འབྲས་རྒྱུན་སྲིང་རང་བཞིན་མཐོ་རུ་ཏན་ཏིག་གིས་བཏང་སྟེ་དབུལ་པོའི་མི་འབོར་ལ་ཕན་པ་ཐོབ་པའི་ཚོར་སྣང་དེ་བས་མང་བ་ཡོང་བར་བྱེད་དགོས།

 སྐྱེ་ཁམས་སྲུང་སྐྱོང་མཐའ་འཁྱོངས་བྱས་ནས་ལྗང་མདོག་འཕེལ་རྒྱས་ཡོང་བ་བྱེད་དགོས།ཆུ་མོ་དྭངས་ལ་རི་བོ་སྔོ་བ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ནས་སྐྱེ་ཁམས་སྲུང་སྐྱོང་སྔོན་སྤེལ་གྱི་གནས་བབ་ཏུ་འཇོག་པ་དང་།དབུལ་སྐྱོར་གསར་སྤེལ་ཐད་སྐྱེ་ཁམས་བློས་གཏོང་རྒྱུ་རིན་དོད་དུ་མི་བྱེད་པར་སྐྱེ་ཁམས་དབུལ་ཐར་གྱི་ལམ་བུ་གསར་པ་འཚོལ་ཞིབ་བྱས་ནས།དབུལ་པོའི་མི་འབོར་ལ་སྐྱེ་ཁམས་འཛུགས་སྐྱོང་དང་ཉམས་གསོའི་ནང་ནས་ཕན་འབྲས་དེ་བས་མང་པོ་ཐོབ་ཐབས་བྱེད་དགོས།

མང་ཚོགས་བྱེད་པོ་ཡིན་པ་མཐའ་འཁྱོངས་བྱས་ནས་ནང་གནས་ཀྱི་སྒུལ་ཤུགས་འཕེལ་བ་བྱེད་དགོས།གསར་སྤེལ་རྣམ་པའི་དབུལ་སྐྱོར་ལ་མུ་མཐུད་དུ་སྐུལ་མ་བཏང་སྟེ་རྒྱལ་ཁབ་དང་སྤྱི་ཚོགས་ཀྱི་རོགས་སྐྱོར་དང་རང་ངོས་འབད་བརྩོན་བར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་རང་སྟོབས་རང་སྤེལ་དང་།དཀའ་སྤྱད་འབད་འཐབ།ལས་བརྩོན་ཕྱུག་སྒྱུར་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་དབུལ་པོའི་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་སྐུལ་སློང་གང་ལེགས་བྱས་ནས།དབུལ་སྐྱོར་བྱེད་པར་སྔོན་ལ་རིག་པས་འདེགས་སྐྱོར་བྱ་རྒྱུར་མཐོང་ཆེན་བྱས་ཏེ་དབུལ་པོའི་མི་འབོར་གྱི་རང་རང་སོ་སོའི་འཕེལ་ནུས་ཆེ་རུ་གཏོང་དགོས།

ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་བྱས་ནས་ལམ་སྲོལ་དང་སྒྲིགས་སྲོལ་གསར་གཏོད་བྱེད་དགོས།གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མངོན་གསལ་དོད་པོར་འཇོག་པ་དང་དབུལ་སྐྱོར་གསར་སྤེལ་གྱི་ལམ་བུ་གསར་གཏོད་བྱས་ཏེ“ཆུ་འཚོས་པོ་གཏོང་རྒྱུ”དེ“གནད་ཕིགས་ཐིགས་གཏོང”ལ་སྒྱུར་བ་དང་།དབུལ་སྐྱོར་ཐོན་ཁུངས་བེད་སྤྱོད་སྟངས་གསར་གཏོད་བྱས་ཏེ་སྣ་མང་ཁ་ཐོར་ནས་གཅིག་འདོམས་གཅིག་སྡུད་དུ་སྒྱུར་བ།དབུལ་སྐྱོར་གསར་སྤེལ་བྱེད་སྟངས་གསར་གཏོད་བྱས་ཏེ་གཞན་སྐྱོར་ལ་སྣང་ཆེན་བྱེད་པ་ནས་རང་འཕེལ་ལ་སྣང་ཆེན་བྱེད་པར་སྒྱུར་བ།དབུལ་སྐྱོར་དཔྱད་དཔོག་མ་ལག་གསར་གཏོད་བྱས་ཏེ་དཔྱད་ཞིབ་ས་ཁུལ་གྱི་ཐོན་སྐྱེད་ཀྱི་སྤྱིའི་ཐོན་རྫས་རིན་ཐང་ལ་གཙོ་གནད་དུ་མཐོང་ཆེན་བྱེད་པ་ནས་དབུལ་ཐར་གྲུབ་འབྲས་ལ་གཙོ་བོར་དཔྱད་ཞིབ་བྱེད་པར་སྒྱུར་བ་བཅས་བྱེད་དགོས།

གསུམ།གནད་ཕིགས་དབུལ་སྐྱོར་ཇུས་གཞི་ལག་བསྟར་བྱས་ནས་དབུལ་པོར་གནད་ཕིགས་དབུལ་ཐར་བྱེད་ཚད་མགྱོགས་སུ་གཏོང་དགོས།

(བཞི།)གནད་ཕིགས་དབུལ་སྐྱོར་ལས་དོན་གྱི་ལམ་་སྲོལ་འཛུགས་དགོས།

གནད་ཕིགས་དབྱེ་འབྱེད་དང་ཡིག་ཚགས་དང་ཡིག་བྱང་བཟོ་བའི་འགག་རྩའི་ལྷུ་ཚིགས་དམ་འཛིན་ཡག་པོ་བྱས་ནས་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་རྨང་གཞི་ཡག་པོ་འདིང་བ་དང་།གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་གཞི་གཅིག་ཅན་ལ་སྐུལ་འདེད་དང་གཞི་རྩའི་སྤྱི་པའི་ཞབས་ཞུའི་དོ་སྙོམས་ཅན་རིམ་གྱིས་མངོན་འགྱུར་བྱ་ཆེད་ཆ་རྐྱེན་བསྐྲུན་དགོས།རོགས་སྐྱོར་བྱ་ཡུལ་གནད་ཕིགས་དང་།རྣམ་གྲངས་བཀོད་སྒྲིག་གནད་ཕིགས།མ་དངུལ་བེད་སྤྱོད་གནད་ཕིགས།དུད་ཁྱིམ་དུ་བྱེད་ཐབས་དོན་འཁྱོལ་གནད་ཕིགས།གྲོང་ཚོར་མི་མངགས་གཏོང་བྱ་རྒྱུ་གནད་ཕིགས།དབུལ་ཐར་ཕན་འབྲས་གནད་ཕིགས་བཅས་ཀྱི་བླང་བྱ་གཞིར་བཟུང་སྟེ་ཡིག་ཚགས་དང་ཡིག་བྱང་བཟོས་པའི་དབུལ་པོའི་ཁྲོད་ཀྱི་མི་ཁྲི5000ཡས་མས་ལ་ཐོན་ལས་ཀྱིས་རོགས་སྐྱོར་དང་། ལས་ཞུགས་གཞན་སྒྱུར།ཡུལ་གཞན་དུ་གནས་སྤོ།སློབ་གསོའི་ཐད་ནས་རྒྱབ་སྐྱོར།སྨན་བཅོས་ཀྱིས་རོགས་སྐྱོབ་སོགས་བྱེད་ཐབས་བརྒྱུད་དེ་དབུལ་ཐར་མངོན་འགྱུར་ཐུབ་པ་དང་།དེ་བྱིངས་ཀྱི་ངལ་རྩོལ་ནུས་པ་རྦད་དེ་ཉམས་པའམ་ཡང་ན་ཆ་ཤས་ཉམས་པའི་དབུལ་པོའི་མི་འབོར་ལ་སྤྱི་ཚོགས་འགན་སྲུང་སྲིད་ཇུས་ཀྱི་མཐའ་སྐྱོར་དབུལ་ཐར་ལག་བསྟར་བྱེད་དགོས།ཡིག་ཚགས་དང་ཡིག་བྱང་བཟོས་པའི་དབུལ་པོའི་གྲོང་ཚོ་དང་།དབུལ་པོའི་དུད་ཚང་།དབུལ་པོའི་མི་འབོར་ལ་དུས་བཀག་ནང་ཕྱོགས་ཡོངས་ནས་ཞིབ་དཔྱད་བྱས་ཏེ་གནད་ཕིགས་དབུལ་སྐྱོར་གྱི་རྩིས་ཐོ་བཟོས་ནས་ཕར་འགྲོ་ཚུར་འོང་ཐུབ་པའི་སྟབས་བསྟུན་དོ་དམ་ལག་བསྟར་བྱེད་དགོས།དབུལ་རྐྱེན་དང་དབུལ་ཐར་གྱི་དགོས་མཁོ་གཞིར་བཟུང་སྟེ་དབུལ་པོའི་མི་འབོར་ལ་རིགས་དབྱེའི་རོགས་སྐྱོར་ལག་བསྟར་བྱེད་དགོས།དབུལ་པོའི་དུད་ཚང་གི་དབུལ་ཐར་གཏན་ཁེལ་ལམ་སྲོལ་འཛུགས་པ་དང་།དབུལ་ཐར་ཐུབ་པའི་ཞིང་དུད་ལ་དུས་ཚོད་ངེས་གཏན་ནང་དབུལ་སྐྱོར་གྱི་འབྲེལ་ཡོད་སྲིད་ཇུས་མུ་མཐུད་དུ་ལོངས་སུ་སྤྱོད་དུ་བཅུག་སྟེ།དབུལ་ཐར་བྱེད་ཀྱིན་དུ་དབུལ་པོའི་གནས་སུ་བསྐྱར་ལོག་བྱེད་པའི་སྣང་ཚུལ་འབྱུང་རྒྱུ་སྔོན་འགོག་བྱས་ནས།ཁོངས་སུ་འཇུག་དགོས་རིགས་འཇུག་པ་དང་རོགས་སྐྱོར་བྱེད་དགོས་རིགས་ལ་རོགས་སྐྱོར་བྱེད་དགོས།གང་མགྱོགས་ངང་གཟབ་ནན་དང་། ཚད་ལྡན།མངོན་གསལ་བཅས་ཀྱི་རྒྱལ་ཁབ་དབུལ་སྐྱོར་གསར་སྤེལ་ལས་དོན་གྱི་གཙོ་གནད་རྫོང་ཕྱིར་འཐེན་བྱེད་པའི་ཚད་གཞི་དང་།བརྒྱུད་རིམ།ཞིབ་བཤེར་བྱེད་ཐབས་བཅས་བཟོས་ནས།གཙོ་གནད་རྫོང་ཕྱིར་འཐེན་བྱེད་པར་རྫོང་གིས་རེ་འདུན་ཞུ་བ་དང་། གྲོང་ཁྱེར(ས་ཁུལ)གྱིས་ཐོག་མའི་ཞིབ་བཤེར་བྱེད་པ།ཞིང་ཆེན་རིམ་པས་ཞིབ་བཤེར་གཏན་འབེབས་བྱེད་པ།རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་མགོ་ཁྲིད་ཚན་ཆུང་ལ་ཐོ་འགོད་སྙན་སེང་ཞུ་བ་བཅས་བྱེད་དགོས།གཙོ་གནད་རྫོང་ཕྱིར་འཐེན་བྱས་རྗེས་འགག་སྒྲོལ་དུས་མཚམས་སུ་རྒྱལ་ཁབ་ཀྱི་སྔར་ཡོད་དབུལ་སྐྱོར་སྲིད་ཇུས་མི་སྒྱུར་བ་དང་འགག་སྒྲོལ་དུས་མཚམས་རྗེས་ཀྱི་རྒྱལ་ཁབ་ཀྱི་རོགས་སྐྱོར་སྲིད་ཇུས་བཟོ་རྒྱུར་དམ་འཛིན་བྱེད་དགོས།དབུལ་སྐྱོར་ལས་དོན་ཕན་འབྲས་ལ་སྤྱི་ཚོགས་ཀྱིས་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་པ་དང་།ས་ཁུལ་དབུལ་པོའི་མང་ཚོགས་ཀྱི་དབུལ་སྐྱོར་བློ་ཡིད་ཚིམ་ཚད་ལ་བརྟག་དཔྱད་ལས་དོན་སྤེལ་བ། དབུལ་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་དང་དབུལ་སྐྱོར་ཕན་འབྲས་ཀྱི་ཕྱོགས་གསུམ་པའི་དཔྱད་དཔོག་ལམ་སྲོལ་འཛུགས་པ་བཅས་བྱེད་དགོས།གནད་ཕིགས་དབུལ་སྐྱོར་གྱི་ཕན་འབྲས་ལ་གདེང་འཇོག་བྱེད་པར་དབུལ་སེལ་གྲངས་འབོར་ལ་བལྟ་དགོས་པར་མ་ཟད།དབུལ་ཐར་སྤུས་ཚད་ལའང་བལྟ་དགོས།དོན་དངོས་དང་མི་འཚམ་པའི་དམིགས་ཚད་མི་འདོན་པ་དང་།“དབུལ་ཐར་གྲངས་གཞི”རྫུན་བཟོ་བྱེད་མཁན་ལ་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།

  (ལྔ།)ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་ཐར་ཐུབ་པ་བྱེད་དགོས།

ས་ཁུལ་དབུལ་པོའི་ཁྱད་ལྡན་ཐོན་ལས་ཀྱི་འཕེལ་རྒྱས་འཆར་འགོད་བཟོ་དགོས།ཆེད་དོན་སྲིད་ཇུས་བཟོ་བ་དང་།ཞིང་འབྲེལ་མ་དངུལ་སྤྱི་འདོམས་བེད་སྤྱོད་བྱེད་པ།གྲོང་ཚོ་དབུལ་པོ་དང་དུད་ཚང་དབུལ་པོར་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ནས་ཡུལ་བབ་དང་བསྟུན་ཏེ་འདེབས་འཛུགས་དང་གསོ་སྤེལ་ལས་རིགས་དང་སྲོལ་རྒྱུན་ལག་ཤེས་བཟོ་ལས་སོགས་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས།གྲོང་ཚོ་དབུལ་པོར“གྲོང་ཚོ་རེར་ཐོན་རྫས་རེའི”ཐོན་ལས་སྐུལ་འདེད་བྱ་སྤྱོད་ལག་བསྟར་བྱེད་པ་དང་དབུལ་པོའི་མི་འབོར་ཞུགས་མང་བའི་ཁྱད་ལྡན་ཐོན་ལས་རྟེན་གཞི་ཁག་ཅིག་བསྐྲུན་རྒྱུར་རོགས་སྐྱོར་བྱེད་དགོས།ས་ཁུལ་དབུལ་པོའི་ཞིང་པའི་མཉམ་ལས་ཁང་དང་སྣེ་འདྲེན་ཁེ་ལས་སྐྱེད་སྲིང་བྱ་རྒྱུར་ཤུགས་བསྣན་ཏེ།དབུལ་པོར་སྒྲིག་འཛུགས་དང་སྐུལ་ཁྲིད་ནུས་པ་འདོན་སྤེལ་བྱེད་པ།དེ་དང་དབུལ་པོའི་དུད་ཚང་གི་ཁེ་ཕན་འབྲེལ་བའི་ལམ་སྲོལ་ལ་ཤུགས་སྣོན་པ་བཅས་བྱེད་དགོས།ས་ཁུལ་དབུལ་པོར་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་།ཐོན་ལས་དང་པོ་དང་།གཉིས་པ།གསུམ་པ་བཅས་མཉམ་འདྲེས་འཕེལ་རྒྱས་མགྱོགས་སུ་གཏོང་བ།དབུལ་པོའི་དུད་ཚང་དེ་བས་མང་བར་ཞིང་ལས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་དང་རིན་ཐང་འཁོར་འབྲེལ་གནས་ཐང་འཕར་བའི་ཕན་འབྲས་ལོངས་སུ་སྤྱོད་དུ་འཇུག་དགོས།ས་ཁུལ་དབུལ་པོའི་ཞིང་ལས་ཐོན་རྫས་སྤུས་རྟགས་ཀྱི་འོས་སྦྱོར་གཉེར་འཚོང་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས།ས་ཁུལ་དབུལ་པོའི་ཁྱད་ལྡན་གྱི་རང་བྱུང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐོན་ཁུངས་ལ་བརྟེན་ནས་གྲོང་གསེབ་ཀྱི་ཡུལ་སྐོར་སྤྲོ་འཆམ་དབུལ་སྐྱོར་འདུ་འགོད་ལག་བསྟར་གཏིང་ཟབ་བྱེད་དགོས།ས་ཁུལ་དབུལ་པོའི་ཆུ་གློག་དང་།རྡོ་སོལ།སྣུམ་རླངས་སོགས་ཀྱི་ཐོན་ཁུངས་ཚན་རིག་དང་མཐུན་པ་དང་།ལུགས་མཐུན།གོ་རིམ་ལྡན་པ་བཅས་ཀྱི་སྒོ་ནས་གསར་སྤེལ་བྱས་ནས་ཐོན་ཁུངས་གསར་སྤེལ་ཕན་འབྲས་ཀྱི་བགོ་བཤའི་སྲིད་ཇུས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་དགོས།ཆུ་གློག་ཕན་འབྲས་ཀྱི་མཉམ་སྤྱོད་ལམ་སྲོལ་འཚོལ་ཞིབ་བྱས་ནས་གློག་བཏང་ནས་བྱུང་བའི་མ་དངུལ་རྣམས་སྔོན་ལ་ཆུ་མཛོད་ཀྱི་གནས་སྤོས་ཡུལ་མི་དང་མཛོད་ཁུལ་གྱི་རྗེས་མཐུད་འཕེལ་རྒྱས་ཐད་སྤྱོད་དགོས།ཀྲུང་དབྱང་གི་ཁེ་ལས་དང་དམངས་གཉེར་ཁེ་ལས་སོ་སོར་ས་ཁུལ་དབུལ་པའི་ཐོན་ལས་མ་དངུལ་ཐེབས་རྩ་འཛུགས་རྒྱུར་ཁྲིད་སྟོན་བྱེད་པ་དང་།

རྩོམ་སྒྲིག་པ། : ཀླུ་མོ་མཚོ།