རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱི་ཡིག་ཆ།

རྒྱལ་གཞུང་ནས་སྤེལ [2015]ཡིག་ཨང45པ།

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་གྱིས་སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་བའི་འཕེལ་ཚད་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་འགའི་སྐོར་དཔར་འགྲེམ་བྱེད་པའི་བརྡ་སྦྱོར།ཞིང་ཆེན་རིམ་པ་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་མི་དམངས་སྲིད་གཞུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་པུའུ་ཨུ་ཁག་དང་ཐད་གཏོགས་ལས་ཁུངས《སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་བའི་འཕེལ་ཚད་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་འགའི་སྐོར》ཞེས་པ་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མོས་མཐུན་བྱུང་ནས་དཔར་འགྲེམ་བྱས་པ་ཡིན་པས་ནན་ཏན་གྱིས་ལག་བསྟར་གནང་རོགས།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན།2015ལོའི་ཟླ6པའི་ཚེས11ཉིན།(ཡིག་ཆ་འདི་ཡོངས་བསྒྲགས་བྱས་པ་ཡིན)སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་བའི་འཕེལ་ཚད་ཇེ་མགྱོགས་སུ་གཏོང་བར་སྐུལ་འདེད་བྱེད་པའི་སྲིད་ཇུས་དང་བྱེད་ཐབས་འགའི་སྐོར།

རེས་འཁོར་གསར་བའི་སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བཅོས་བསྒྱུར་ལག་བསྟར་བྱས་པ་ནས་བཟུང་། རྒྱལ་ཁབ་གྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་བ་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་བ་དང་། སྲིད་ཇུས་ཀྱིས་ཕན་ནུས་རྒྱུད་མཐུད་དུ་གསལ་བར་མངོན་ཡོད་མོད། འོན་ཀྱང་དེ་དང་སྣ་མང་ཅན་གྱི་སྨན་ཁང་གཉེར་བའི་རྣམ་པ་ཞིག་ཆགས་རྒྱུར་དམིགས་ཚད་དང་སྔར་བཞིན་ཧེ་བག་ཆེ་ཙམ་ཡོད་ཅིང་། ད་དུང་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགལ་རྐྱེན་སེལ་དགོས་ངེས་ཞིག་དང་སྲིད་ཇུས་ཀྱི་འཆིང་ཐག་བཀྲོལ་དགོས། སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ལས་ཁུངས་མགྱོགས་མྱུར་གྱིས་སྤེལ་ནས་གཞི་ཁྱོན་ཞིག་ཏུ་གྲུབ་པ་དང་ཆུ་ཚད་མཐོ་རུ་བཏང་ནས་མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་དང་རིམ་བརྩེགས་ཅན་གྱི་སྨན་བཅོས་འཕྲོད་བསྟེན་གྱི་ཞབས་ཞུའི་དགོས་མཁོ་སྐོང་བ་དང་། དཔལ་འབྱོར་སྤྱི་ཚོགས་གཞན་སྒྱུར་གྱི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་སྣོན་ཆེད་ས་ཁུལ་རིམ་པ་དང་འབྲེལ་ཡོད་ལས་ཁུངས་དག་གིས《རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བདེ་ཐང་ཞབས་ཞུ་ལས་རིགས་འཕེལ་རྒྱས་གཏོང་བའི་བསམ་འཆར་འགའ》 (རྒྱལ་གཞུང་ནས་སྤེལ [2015]ཡིག་ཨང30པ) དང《རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་བརྒྱུད་བསྐུར་བྱས་པའི་འཕེལ་རྒྱས་བསྒྱུར་བཅོས་ཨུ་ཡོན་གྱི་འཕྲོད་བསྟེན་པུའུ་སོགས་སྡེ་ཁག་དག་གིས་སྔར་ལས་ལྷག་པའི་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཏེ་མ་རྩར་བརྟེན་ནས་གཉེར་བའི་སྨན་བཅོས་ལས་ཁུངས་ཀྱི་བསམ་འཆར་སྐོར་གྱི་བརྡ་སྦྱོར》གཉིས་ལག་ལེན་མཐར་ཕྱིན་དང་དོན་འཁྱོལ་གཏིང་ཟབ་བྱས་པའི་རྨང་གཞིའི་སྟེང་གཤམ་གྱི་སྲིད་ཇུས་བྱེད་ཐབས་ལག་བསྟར་བྱེད་དགོས།

དང་པོ། སྔར་ལས་ལྷག་པའི་སྒོ་ནས་འཛུལ་འཐུས་ལྷུག་གཏོང་བྱེད་པ།

གཅིག སྨན་བཅོས་ལས་ཁུངས་སྒྲིག་འཛུགས་ཆོག་མཆན་བཀོད་པར་གཙང་བཤེར་དང་ཚད་ལྡན་དུ་གཏོང་བ། སྨན་བཅོས་ལས་ཁུངས་འཛུགས་པའི་ཞིབ་བཤེར་ཆོག་མཆན་འགོད་པའི་གོ་རིམ་དང་ཞིབ་བཤེར་མཆན་འགོད་བྱེད་མཁན་གཙོ་བོའི་འགན་འཁྲི་དང་ཞིབ་བཤེར་ཆོག་མཆན་འགོད་པའི་དུས་བཅད་རྣམས་སྤྱི་ཚོགས་ལ་ཁྱབ་བསྒྲགས་གསལ་བོར་བྱེད་དགོས། རིམ་པ་ཁག་གི་འབྲེལ་ཡོད་སྲིད་འཛིན་སྡེ་ཁག་གིས་ “སྐྱོད་མིན་འཇུག་པའི” རྩ་དོན་ལྟར་ཁྱོན་ཡོངས་ནས་གཙང་བཤེར་དང་། ལུགས་མཐུན་མིན་པའི་གོང་གི་ཞིབ་མཆན་འགོད་པའི་དོན་གནད་མེད་པར་བཟོ་བ་དང་། སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ལས་ཁུངས་འཛུགས་རྒྱུ་སྡེབ་སྒྲིག་དང་ལས་གཉེར་ཆོག་འཐུས་སྐོར་སོགས་ལ་ཞིབ་མཆན་འགོད་པའི་ལྷུ་ཚིགས་ཐད་སྔར་བས་གསལ་པོ་བཟོ་བ་དང་ཞིབ་བཤེར་ཆོག་མཆན་འགོད་པའི་དུས་ཚད་ཐུང་དུ་གཏོང་བ་ལས། སྔོན་འཇོག་ཞིབ་མཆན་དོན་གནད་གསར་པ་འཛུགས་རྒྱུ་དང་ཡང་ན་ཞིབ་བཤེར་ཆོག་མཆན་འགོད་པའི་ཆ་རྐྱེན་ཇེ་མཐོར་གཏང་མི་ཆོག སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ལས་ཁུངས་ཀྱི་གཉེར་སྐྱོང་ངོ་བོ་ལ་ཚོད་འཛིན་བྱས་མི་ཆོག་ལ། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་སྨན་བཅོས་ལས་ཁུངས་འཛུགས་པའི་འགྲོ་ལུགས་སྒྲུབ་པ་ལ་ཚིགས་མལ་གཅིག་གི་རྣམ་པའི་ཞབས་ཞུའི་འདོན་སྤྲོད་བྱ་དགོས། སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ལས་ཁུངས་འཛུགས་རྒྱུའི་ཞིབ་མཆན་གྱི་ཁུལ་ཁོངས་ཅན་གྱི་དོ་དམ་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་རྒྱུར་སྔར་བས་སྐུལ་འདེད་གཏོང་དགོས། ཉལ་ཁྲི་གཞི་ཁྱོན་ཞིབ་བཤེར་ཆོག་མཆན་འགོད་པའི་དབང་ཚད་ཞིབ་ཕྲ་ནི་ཞིང་ཆེན(ཁུལ་དང་གྲོང་ཁྱེར)རིམ་པའི《སྨན་བཅོས་ལས་ཁུངས་ཀྱི་དོ་དམ་སྲོལ་ཡིག》ལ་གཞིགས་ནས་རང་གིས་གཏན་འཁེལ་བྱ་དགོས། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཀྲུང་ལུགས་གསོ་རིག་རིགས་ཀྱི་ཆེད་ལས་ཚན་ཁག་གི་སྨན་ཁང་དང་སྲོལ་རྒྱུན་གྱི་སྨན་དང་སྨན་བཅོས་ཞབས་ཞུ་འདོན་སྤྲོད་ཀྱི་ཀྲུང་ལུགས་སྒོ་བསྟེན་སྨན་བཅོས་ཁང་དང་། ཀྲུང་ལུགས་གསོ་རིག་སྨན་ཁང་སོགས་ལ་བསྔགས་བསྐུལ་བྱས་ནས་ཀྲུང་ལུགས་གསོ་རིག་རིགས་ཀྱི་སྨན་བཅོས་ལས་ཁུངས་འཕེལ་རྒྱས་སུ་གཏོང་དགོས།

  གཉིས། ས་ཁུལ་སོ་སོའི་སྨན་བཅོས་འཕྲོད་བསྟེན་ཐོན་ཁུངས་ཀྱི་འཆར་འགོད་གནས་ཚུལ་ཡོངས་བསྒྲགས་བྱེད་དགོས། ས་གནས་ཁག་གིས་དུས་བཅད་ལྟར་ས་ཁོངས་ནང་གི་སྨན་བཅོས་ལས་ཁུངས་ཀྱིས་གྲངས་འབོར་དང་། བཀོད་སྒྲིག་བྱེད་ཚུལ། དེ་བཞིན་ཉལ་ཁྲི། སྒྲིག་ཆས་ཆེ་གྲས་སོགས་ཐོན་ཁུངས་བཀོད་སྒྲིག་བྱེད་པའི་གནས་ཚུལ་དག་ཡོངས་གྲགས་སུ་ཁྱབ་བསྒྲགས་བྱེད་དགོས་པར་མ་ཟད། སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་སྒྲིག་གཞིའི་འབྲེལ་ཡོད་འཆར་འགོད་ནང་འཛུད་རྒྱུ་དང་། བསྡུར་ཚད་ངེས་ཅན་ལྟར་སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་སྒྲིག་གཞིར་ཉལ་ཁྲི་དང་སྒྲིག་ཆས་ཆེ་གྲས་སོགས་ཐོན་ཁུངས་སྒྲིག་བཀོད་བྱེད་པའི་བར་སྟོང་གྲབས་འཇོག་བྱ་དགོས་ཤིང་། སྤྱིའི་འཆར་འགོད་དང་སྒྲིག་གཞི་དང་མཐུན་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ལས་ཁུངས་ཀྱི་ཞིབ་ཕྲའི་གྲངས་འབོར་དང་ས་གནས་ལ་ཚོད་འཛིན་བྱེད་པ་མེད་པར་གཏོང་དགོས། ས་ཁོངས་འཕྲོད་བསྟེན་འཆར་འགོད་དང་སྨན་བཅོས་ལས་ཁུངས་འཛུགས་རྒྱུའི་འཆར་འགོད་བཏོན་པའམ་ལེགས་སྒྲིག་བྱས་པ་དག་ངེས་པར་དུ་དུས་ཐོག་ཏུ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱེད་དགོས་ལ་ཞིབ་ཕྲའི་སྒོ་ནས་ས་ཁོངས་གསར་འཕར་བྱས་ཆོག་པའམ་ཡང་ན་ལེགས་སྒྲིག་བྱེད་ཆོག་པའི་སྨན་བཅོས་ཐོན་ཁུངས་ཀྱི་གཞི་ཁྱོན་དང་བཀོད་པ་གསལ་བཤད་བྱེད་དགོས། གསར་དུ་འཕར་བ་དང་སྨན་བཅོས་ཐོན་ཁུངས་ལེགས་སྒྲིག་ལ་འབྲེལ་བ་ཡོད་པ་སྟེ། གསར་སྐྲུན་བྱ་རྒྱུ་གྲོང་ཁུལ་ཚུད་ཡོད་པ་སོགས་སྲིད་གཞུང་གིས་ངེས་པར་དུ་འགན་བཅོལ་བྱེད་ལམ་གསར་པའི་གཞི་རྩའི་འགན་འཁྲི་དོན་འཁྱོལ་དང་དུས་མཚུངས་སུ་སྤྱི་ཚོགས་སྟོབས་ཤུགས་ཀྱིས་སྒྲུབ་པའི་སྨན་བཅོས་ལས་ཁུངས་ལ་རྒྱབ་སྐྱོར་བྱེད་དགོས། འཆར་འགོད་དེ་མངོན་གསལ་གྱིས་ཁྱབ་བསྒྲགས་མ་བྱས་པས་འཆར་འགོད་ལ་ཁ་གཡར་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་སྒྲུབ་པའི་སྨན་བཅོས་ལས་ཁུངས་སམ་ཡང་ན་སྨན་བཅོས་སྒྲིག་ཆས་བཀོད་སྒྲིག་ཁས་ལེན་མ་བྱས་ན་མི་ཆོག

  གསུམ། ཞིབ་བཤེར་མཆན་འགོད་འཁོར་སྐྱོད་ཉུང་དུ་ཚོད་འཛིན་བྱ་དགོས། སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་སྒྲིག་གཞིའི་རིམ་པ་དང་ཉལ་ཁྲི་གཞི་ཁྱོན་སོགས་སྒྲིག་ཆས་ཆེ་གྲས་ཀྱི་བཀོད་སྒྲིག་གཏན་ཁེལ་བྱེད་པའི་སྔོན་འགྲོའི་དགོས་ངེས་ཆ་རྐྱེན་ལ་རྩིས་པར། ལས་ཁུངས་ཀྱི་མི་སྣའི་བློ་རིག་དང་ལག་རྩལ་ཞབས་ཞུའི་ནུས་པ་སོགས་དཔྱད་ཞིབ་བྱེད་པའི་གཙོ་གནད་དམིགས་ཚད་དུ་འཛིན་དགོས། སྒྲིག་ཆས་ཆེ་གྲས་ཀྱི་བཀོད་སྒྲིག་དང་བཀོལ་སྤྱོད་གོ་རིམ་ལེགས་སུ་གཏོང་བ་དང་བརྒྱུད་རིམ་སྟབས་ཇེ་བདེ་རུ་གཏོང་དགོས། གཞུང་བཙུགས་སྨན་ཁང་གི་ཚད་ལས་བརྒལ་བའི་སྨན་བཅོས་སྒྲིག་ཆས་ཆེ་རིགས་སྒྲིག་བཀོད་བྱེད་པར་ཚོད་འཛིན་ནན་མོ་བྱེད་དགོས། སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ལས་ཁུངས་ལ་སྨན་བཅོས་སྒྲིག་ཆས་ཆེ་རིགས་བཀོད་སྒྲིག་བྱེད་པ་དེ་འཆར་འགོད་ཀྱི་ཆ་རྐྱེན་དང་མཐུན་ལ། ཆོག་འཐུས་ཐོབ་ཐང་ཡོད་ཕྱིན་རྒྱུ་མཚན་གང་ཡིན་སྒོ་ནས་ཚོད་འཛིན་བྱ་མི་ཆོག

  བཞི། གཞུང་འཛུགས་སྨན་ཁང་གི་གཞི་ཁྱོན་ཚོད་འཛིན་བྱས་ནས་ལམ་ལུགས་ཚད་ལྡན་དུ་གཏོང་དགོས། སྤྱི་འབོར་ཚོད་འཛིན་དང་གྲུབ་ཆ་ལེགས་སྒྲིག གཞི་ཁྱོན་འོས་འཚམ་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་གཞུང་གཉེར་སྨན་བཅོས་ལས་ཁུངས་ཀྱི་གྲངས་འབོར་དང་གཞི་ཁྱོན་ལུགས་མཐུན་སྒོས་ཚོད་འཛིན་བྱས་ཏེ། སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་སྒྲིག་གཞིའི་འཕེལ་རྒྱས་ཀྱི་བར་གསེང་ཆེར་བསྐྱེད་བྱེད་དགོས། ས་གནས་ཀྱི་ལག་ལེན་དངོས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་གཞུང་གཉེར་སྨན་ཁང་བསྒྱུར་བཅོས་ལ་ཁྲིད་སྟོན་བྱས་ནས་གཞུང་དབང་རྒྱུ་ནོར་མི་ཤོར་བ་བྱ་དགོས། ས་གནས་ཁག་གིས་ས་ཁོངས་འཕྲོད་བསྟེན་འཆར་འགོད་དང་སྨན་བཅོས་ལས་ཁུངས་འཛུགས་རྒྱུའི་འཆར་འགོད་གཉིས་ཟུང་འབྲེལ་བྱས་ཏེ་ལས་ཀ་འགོད་དགོས། སྲིད་གཞུང་གིས་སྨན་ཁང་གཉེར་བའི་ཁྱབ་ཁོངས་དང་གྲངས་འབོར་གསལ་བོ་བྱེད་པ་དང་སྲིད་གཞུང་གི་འགན་འཁྲི་དོན་འཁྱོལ་བྱེད་པ། གཞུང་གཉེར་སྨན་ཁང་གི་དམིགས་བསལ་ཞབས་ཞུའི་གཞི་ཁྱོན་ལ་ཚོད་འཛིན་ནན་པོ་བྱ་དགོས། རྫོང་གྲོང་ནང་དུ་སྤྱི་ཚོགས་ཀྱིས་སྨན་ཁང་འཛུགས་གཉེར་བྱེད་པ་དང་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གི་བསྒྱུར་བཅོས་གཉིས་ཟུང་འབྲེལ་བྱས་ནས་གཙོ་གཟུགས་ཀྱི་ནུས་པ་འདོན་སྤེལ་བྱས་ནས་གཞུང་བཙུགས་སྨན་ཁང་དང་སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ཁ་གསབ་ཀྱི་ནུས་པ་འདོན་སྤེལ་དང་། ཕན་ཚུན་གཅིག་རམ་གཅིག་འདེགས་ཀྱིས་རྨང་གཞིའི་ཐོག་གཞུང་བཙུགས་སྨན་བཅོས་ཐོན་ཁུངས་ཕུན་སུམ་ཚོགས་པའི་ས་ཁུལ་ནས། གཞུང་ཁོངས་ཁེ་ལས་ཀྱི་སྨན་ཁང་ཚུད་པའི་གཞུང་བཙུགས་སྨན་ཁང་ཁག་གཅིག་གི་ལུགས་སྒྱུར་ལ་གོ་རིམ་ལྡན་པའི་སྒོ་ནས་ཁྲིད་སྟོན་དང་ཚད་ལྡན་དུ་གཏོང་དགོས། གཞུང་ཁོངས་ཁེ་ལས་ཀྱི་སྨན་ཁང་དབྱེ་གྱེས་རྩིས་སྤྲོད་བྱེད་པའམ་ཡང་ན་ལུགས་བསྒྱུར་ཚོད་ལྟ་བྱེད་གནས་ལ་སྐུལ་འདེད་བྱས་ནས་དེང་རབས་ཀྱི་ཁྲིམས་མིའི་བཅོས་སྐྱོང་གྲུབ་ཚུལ་འཛུགས་དགོས། སྤྱི་ཚོགས་ཀྱི་སྟོབས་ཤུགས་ཅི་ནུས་ཀྱིས་ནང་འདྲེན་བྱས་ཏེ་རྒྱལ་ཁབ་ལ་དབང་བའི་ཁེ་ལས་སྨན་བཅོས་སྒྲིག་གཞི་བསྐྱར་སྒྲིག་དང་ལམ་ལུགས་བསྒྱུར་བཅོས་ཞུགས་སུ་འཇུག་དགོས།

  གཉིས་པ། མ་དངུལ་བསྡུ་གཏོང་གི་ཐབས་ལམ་རྒྱ་བསྐྱེད་པ།

  ལྔ། ནོར་སྲིད་ཀྱི་རོགས་སྐྱོར་ལ་ཤུགས་སྣོན་རྒྱག་དགོས། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་འདོན་སྤྲོད་བྱེད་པའི་ཁེ་གཉེར་རང་བཞིན་མིན་པའི་སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ལས་ཁུངས་ཀྱིས་སྲིད་གཞུང་གི་ཁ་གསབ་ཁྱབ་ཁོངས་ནང་དུ་འཇུག་རྒྱུ། ནད་ཐོག་གཙོ་གནད་ཆེད་ཚན་འཛུགས་སྐྱོང་དང་ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཐད་ལ་གཞུང་བཙུགས་སྨན་བཅོས་ལས་ཁུངས་སོགས་ཀྱི་ཁ་གསབ་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན། སྲིད་གཞུང་གིས་ཉོ་སྒྲུབ་ཞབས་ཞུའི་བྱེད་སྟངས་གཞི་བཙུགས་ནས་ཆ་རྐྱེན་དང་མཐུན་པའི་སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ལས་ཁུངས་ཀྱིས་ས་གནས་དེ་གའི་སྤྱི་པའི་འཕྲོད་བསྟེན་དང་གཞི་རྩའི་སྨན་བཅོས་ཞབས་ཞུ་དང་། དེ་གཞན་སྲིད་གཞུང་གིས་སྤྲད་པའི་འབྲེལ་ཡོད་ཀྱི་ཞབས་ཞུ་དང་ལེན་བྱེད་དགོས་པར་མ་ཟད། ཉོ་སྒྲུབ་ཀྱི་ཁྱབ་ཁོངས་རིམ་བཞིན་རྒྱ་ཆེ་རུ་གཏོང་དགོས། ཆ་རྐྱེན་དང་མཐུན་པའི་སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ལས་ཁུངས་དེ་མྱུར་སྐྱོབ་དྲ་བ་ནང་བཅུག་ནས་སྲིད་གཞུང་གིས་སྤྲད་པའི་བཀས་སྐུལ་གྱི་རང་བཞིན་ལྡན་པའི་ལས་འགན་ལག་བསྟར་བྱེད་དགོས་ལ་གཞུང་བཙུགས་སྨན་བཅོས་ལས་ཁུངས་ཀྱི་ཐོབ་ཐང་ལྟར་སྲིད་གཞུང་གིས་གུན་ཚབ་ཐོབ་དགོས། ས་གནས་ཀྱིས་འཚོལ་ཞིབ་བྱེད་པ་དང་ཁེ་གཉེར་རང་བཞིན་མིན་པའི་སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ལས་ཁུངས་འཛུགས་གཉེར་བྱེད་མཁན་གྱི་སྐུལ་སློང་ལམ་སྲོལ་འཛུགས་དགོས།

  དྲུག མ་དངུལ་བསྡུ་གསོག་གི་ཐབས་ལམ་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། དམིགས་བསལ་ཆོག་མཆན་དང་གཞུང་བཙུགས་དམངས་གཉེར། དམངས་གཉེར་གཞུང་རོགས་སོགས་ཀྱི་རྣམ་པ་སོགས་བརྒྱུད་ནས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཀྱིས་སྒྲུབ་ཅིང་ཁེ་གཉེར་མ་ཡིན་པའི་སྨན་བཅོས་ལས་ཁུངས་ལ་རྒྱབ་སྐྱོར་དང་ཁྲིམས་མིའི་བཅོས་སྐྱོང་གྲུབ་ཚུལ་འཐུས་ཚང་དུ་བཏང་ནས་དེང་རབས་ཀྱི་སྨན་ཁང་དོ་དམ་ལམ་ལུགས་འཛུགས་དགོས། ས་གནས་ཁུལ་ཀྱི་ལྷད་མེད་ཐོན་ལས་ཀྱི་མ་དངུལ་འཇོག་པའི་ཐེབས་རྩ་འཛུགས་རྒྱུ་སོགས་ཀྱི་བྱེད་སྟངས་སྤྱད་དེ་སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ལས་ཁུངས་འཛུགས་སྐྲུན་གྱི་མ་དངུལ་དང་སྐྱེད་མེད་ཁ་གསབ་རོགས་དངུལ་འདོན་སྤྲོད་བྱ་དགོས། སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ལས་ཁུངས་ཀྱིས་མ་རྐང་བྱེད་དབང་གི་མ་དངུལ་བསྡུ་སྒྲིལ་དང་རྣམ་གྲངས་མ་དངུལ་བསྡུ་སྒྲིལ་སོགས་ལ་བརྟེན་ཏེ་གྲབས་གསོག་མ་དངུལ་གྱི་འགྲོ་གྲོན་དང་འཕེལ་རྒྱས་མ་དངུལ་སྐུལ་ལྕག་གཏོང་དགོས། ཆ་རྐྱེན་དང་མཐུན་པའི་སྤྱི་ཚོགས་ཀྱིས་གཉེར་བའི་ཁེ་གཉེར་རང་བཞིན་གྱི་སྨན་བཅོས་ལས་ཁུངས་ཀྱིས་ཁྲོམ་འགྲེམས་མ་དངུལ་བསྡུ་རྒྱུག་དང་ཡང་ན་བུན་འཛིན་འགྲེམས་སྤེལ་ལ་རྒྱབ་སྐྱོར་བྱས་ནས་རིམ་པ་མང་བའི་མ་རྩའི་ཚོང་ར་འབྲེལ་མཐུད་དང་མ་དངུལ་བསྡུ་སྒྲུབ་བྱེད་ཐབས་སྣ་ཚོགས་བེད་སྤྱོད་བྱས་ཏེ་མ་དངུལ་བསྡུ་རྒྱུག་བྱེད་དགོས།

  བདུན། མ་དངུལ་བསྡུ་རྒྱུག་གི་སྲིད་ཇུས་ཇེ་ལེགས་སུ་གཏོང་དགོས། དེང་རབས་ཀྱི་དངུལ་རྩའི་སྒྲིག་གཞིས་སྨན་བཅོས་ལས་ཁུངས་ཀྱི་ཁྱད་ཆོས་ལ་གཞིགས་ནས་དངུལ་རྩའི་ཐོན་རྫས་དང་ཞབས་ཞུ་བྱེད་སྟངས་གསར་གཏོད་དང་ལས་སྒོའི་གཞི་ཁྱོན་རྒྱ་ཆེ་རུ་གཏོང་དགོས། ཡིད་རྟོན་དངུལ་བུན་གྱི་གཏའ་མའི་ཁག་ཐེག་དངོས་པོའི་ཁྱབ་ཁོངས་རྒྱ་སྐྱེད་དང་སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ལས་ཁུངས་ཀྱིས་རིན་དོད་ཡོད་པའི་སྒོ་ནས་བེད་སྤྱོད་ཆོག་པ་རྣམས་སྨན་བཅོས་སྤྱོད་སྒོ་མིན་པའི་ས་ཆ་སྤྱོད་དབང་དང་བདག་དབང་ཁ་གསལ་ཀྱི་ཁང་ཁོངས་སོགས་ཀྱི་གཏན་འཇགས་རྒྱུ་ནོར་ལྟར་གཏའ་འཇོག་དངུལ་བུན་འཚོལ་ཞིབ་བྱས་ཆོག སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ལས་ཁུངས་ཀྱིས་དངུལ་ཁང་བར་གྱི་བུན་འཛིན་ཚོང་ར་ཐོ་འགོད་བྱས་ནས་དངུལ་རྩ་མིན་པའི་ཁེ་ལས་ཀྱི་བུ་ལོན་འགྲེམས་སྤེལ་མ་དངུལ་བསྡུ་སྒྲུབ་བྱེད་ཐབས་སྤྱད་ནས་མ་དངུལ་གྲབས་གསོག་བྱེད་རྒྱུར་ སྐུལ་ལྕག་གཏོང་དགོས་ཤིང་། མ་དངུལ་འཇོག་པའི་ལས་ཁུངས་དང་མ་དངུལ་བསྡུ་སྒྲིལ་གྱི་ཁག་ཐེག་ལས་ཁུངས་ཀྱིས་སྨན་བཅོས་ཀྱི་ཁྱབ་ཁོངས་སུ་གསར་གཏོད་རང་བཞིན་གྱི་ལས་རིགས་དང་ཁེ་ལས་ཆུང་གྲས་ཀྱི་ལས་སྒོ་སྤེལ་བར་སྐུལ་ལྕག་གཏོང་དགོས།

  གསུམ་པ། ཐོན་ཁུངས་འཁོར་རྒྱུག་དང་མཉམ་སྤྱོད་ལ་སྐུལ་འདེད་གཏོང་བ།

  བརྒྱད། སྒྲིག་ཆས་ཆེ་གྲས་མཉམ་འཛུགས་མཉམ་སྤྱོད་སྐུལ་འདེད་གཏོང་དགོས། གཞུང་བཙུགས་དམངས་གཉེར་རམ་ཡང་ན་དམངས་གཉེར་གཞུང་རོགས་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་ས་ཁོངས་རང་བཞིན་གྱི་ཞིབ་དཔྱད་དང་ཞིབ་བཤེར་ལྟེ་གནས་འཛུགས་རྒྱུ་འཚོལ་ཞིབ་བྱས་ནས་སྨན་བཅོས་ལས་ཁུངས་ཡོད་ཚད་ལ་ཁ་ཕྱོགས་པའི་སྒོ་འབྱེད་དགོས། ཚད་ལོངས་ཆེ་གྲས་ཀྱི་སྒྲིག་ཆས་བཀོད་སྒྲིག་གི་ས་ཁོངས་དེའི་ནང་དུ་གཞུང་བཙུགས་སྨན་བཅོས་སྒྲིག་གཞི་བཅས་ཚུད་པའི་སྒྲིག་ཆས་ཆེ་གྲས་ཀྱི་སྨན་བཅོས་ལས་ཁུངས་ཁག་གི་གསར་འཕར་སྒྲིག་ཆས་ཆེ་གྲས་བཞག་མི་ཆོག ས་གནས་ཀྱིས་བྱེད་སྟངས་སྣ་ཚོགས་ལ་བརྟེན་ནས་ཐོན་ཁུངས་སྒྲིལ་བཅོས་བྱས་ནས་ད་ཡོད་ཀྱི་སྒྲིག་ཆས་ཆེ་གྲས་དང་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་རྒྱུར་སྐུལ་ལྕག་གཏོང་དགོས། གཞུང་བཙུགས་སྨན་བཅོས་སྒྲིག་གཞི་དང་སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་སྒྲིག་གཞིས་མཉམ་ལས་བྱེད་པར་སྐུལ་ལྕག་བྱེད་དགོས། སྨན་བཅོས་ཀྱི་བདེ་འཇགས་འགན་ལེན་དང་སྨན་བཅོས་ཀྱི་སྲོག་ཤིང་ནུས་པ་སྐོང་བའི་སྔོན་འགྲོའི་ཆ་རྐྱེན་འོག་ཏུ་གསོ་རིག་གཟུགས་བརྙན་མངོན་དུ་འགྱུར་བ་དང་གསོ་རིག་ཐད་ཀྱི་ཞིབ་དཔྱད་སོགས་ཀྱི་མཇུག་འབྲས་ཕན་ཚུན་ཁས་ལེན་བཅས་བྱས་ནས་སྨན་བཅོས་ལས་ཁུངས་ཀྱིས་དུག་སེལ་མཁོ་འདོན་ལྟེ་གནས་སོགས་ཐོན་ཁུངས་མཉམ་སྤྱོད་བྱ་དགོས།

  དགུ སྨན་པ་དཀའ་བཅུ་བའི་གནས་མང་དུ་ལས་གཉེར་བྱེད་ཆོག་པའི་སྐུལ་འདེད་བྱེད་དགོས། སྨན་པ་དཀའ་བཅུ་པ་གནས་མང་ལས་གཉེར་ཚད་ལྡན་དུ་གཏོང་བ་དང་སྐུལ་འདེད་མགྱོགས་སུ་གཏོང་བ། སྨན་པ་དཀའ་བཅུ་པ་མི་འདྲ་བའི་རིགས་དབྱིབས་དང་རིམ་གྲས་མི་འདྲ་བའི་སྨན་བཅོས་ལས་ཁུངས་ཀྱི་བར་འཁོར་སྐྱོད་བྱེད་པར་བསྔགས་སྐུལ་དང་ཚད་ལྡན་དུ་བྱེད་པ། སྨན་པ་གཞི་རིམ་ནས་མཐའ་མཚམས་རི་ཁུལ། སྨན་བཅོས་ཐོན་ཁུངས་ཧ་ཅང་དཀོན་པའི་ས་ཁུལ་དང་དགོས་མཁོ་གཞན་དག་ཡོད་པའི་སྨན་བཅོས་ལས་ཁུངས་ཀྱི་གནས་མང་པོར་ལས་གཉེར་བྱེད་པར་བསྔགས་བསྐུལ་དང་། སྨན་དོན་མི་སྣས་མཁས་པའི་གོ་འཕང་དང་ལས་གནས་ཐོབ་ཐང་སྤར་བ། ལས་རིགས་རྩལ་ནུས་གསལ་འབྱེད་དང་། ཆེད་ལས་ལག་རྩལ་དང་ལས་རིགས་རྩལ་ནུས་གསོ་སྦྱོང་སོགས་ཐད་ལ་གནས་མང་ལས་གཉེར་བྱེད་པའི་དབང་གིས་གནོད་སྐྱོན་མི་ཐེབས། ས་གནས་ཁག་གིས་དོན་དངོས་ལ་གཞིགས་ནས་སྨན་པ་དཀའ་བཅུ་པ་གནས་མང་ལས་གཉེར་དང་འབྲེལ་བ་ཡོད་པའི་མི་དོན་དོ་དམ་དང་། ཡོང་འབབ་བགོ་བཤའ། སྤྱི་ཚོགས་ཀྱི་འགན་བཅོལ་སོགས་ཀྱི་ལས་དོན་ཚོད་ལྟའི་ཇུས་གཞི་གང་མགྱོགས་ཞིབ་འཇུག་བྱས་ནས་བཟོ་བ་དང་། ཉམས་མྱོང་ཐོབ་རྗེས་རིམ་བཞིན་ཁྱབ་སྤེལ་གཏོང་དགོས། ས་ཁོངས་ཐོ་འགོད་འཚོལ་ཞིབ་བྱེད་པར་བསྔགས་སྐུལ་དང་གནས་མང་ལས་གཉེར་གྱིས་ཐོ་འགོད་སྙན་སེང་དོ་དམ་ཚོད་ལྟ་བྱེད་ས་འཛུགས་དགོས།

  བཞི། འཕེལ་རྒྱས་འགྲོ་སའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ།

  བཅུ་གཅིག  སྨན་བཅོས་ལས་ཁུངས་ཀྱི་ཁྲལ་བསྡུ་སྲིད་ཇུས་ལག་བསྟར་བྱེད་དགོས། སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ལས་ཁུངས་ཀྱིས་ཁྲལ་བསྡུའི་སྲིད་ཇུས་ཁག་དོན་འཁྱོལ་ཧུར་ཐག་བྱེད་དགོས། དེས་སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ལས་ཁུངས་ཀྱི་སྨན་བཅོས་ཞབས་ཞུ་འདོན་སྤྲོད་དང་ཚོང་གཉེར་དཔྱ་ཁྲལ་རྩ་ཆག་གཏོང་རྒྱུ། གཏན་འབེབས་དང་མཐུན་པའི་ཁེ་གཉེར་རང་བཞིན་མིན་པའི་སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་སྒྲིག་གཞིའི་རང་སྤྱོད་ཀྱི་ཁང་ཁོངས་དང་ས་ཞིང་། ས་ཁང་བདག་ཁོངས་ཀྱི་དཔྱ་ཁྲལ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་ས་ཆ་བེད་སྤྱོད་ཀྱི་དཔྱ་ཁྲལ་རྩ་ཆག་གཏོང་རྒྱུ། གཏན་འབེབས་དང་མཐུན་པའི་ཁེ་གཉེར་རང་བཞིན་གྱི་སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་སྒྲིག་གཞིའི་རང་སྤྱོད་ཀྱི་ཁང་ཁོངས་དང་ས་ཞིང་། ཉིན་དེའི་ལས་གཉེར་ཐོ་འགོད་བྱས་ཉིན་ནས་བཟུང་། ལོ་གསུམ་ནང་ཚུན་དུ་ས་ཁང་བདག་ཁོངས་ཀྱི་དཔྱ་ཁྲལ་དང་གྲོང་ཁྱེར་གྱི་ས་ཆ་བེད་སྤྱོད་དཔྱ་ཁྲལརྩ་ཆག་བཏང་བ་ཡིན། སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ལས་ཁུངས་ཀྱིས་ཁེ་ལས་ཀྱི་འབབ་ཁྲལ་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར། ཁེ་གཉེར་རང་བཞིན་མིན་པའི་སྒྲིག་འཛུགས་ངོས་འཛིན་བྱས་པ་ཡིན་ན་དེར་འདོན་སྤྲོད་བྱེད་པའི་སྨན་བཅོས་ཞབས་ཞུ་སོགས་ཀྱི་ཆ་རྐྱེན་དང་མཐུན་པའི་ཡོང་འབབ་དག་ཁེ་ལས་ཀྱི་འབབ་ཁྲལ་རྩ་ཆག་གཏོང་རྒྱུ། ཁེ་ལས་དང་མི་སྒེར་གྱི་སྤྱི་ཕན་རང་བཞིན་གྱི་སྤྱི་ཚོགས་ཚོགས་པའམ་ཡང་ན་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་དང་དེའི་སྡེ་ཁག་གིས་སྤྱི་ཚོགས་ཀྱིས་གཉེར་བའི་ཁེ་གཉེར་རང་བཞིན་མིན་པའི་སྨན་བཅོས་ལས་ཁུངས་ཀྱི་ཞལ་འདེབས་ཕུལ་བ་ཡིན་ན་དཔྱ་ཁྲལ་སྐོར་གྱི་བཅའ་ཁྲིམས་ནང་གསལ་གཏན་འབེབས་ལྟར་དཔྱ་ཁྲལ་མ་འཇལ་གོང་འཐེན་བྱ་དགོས།

  བཅུ་གཉིས། སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་སྒྲིག་གཞིའི་སྨན་བཅོས་འགན་བཅོལ་དམིགས་འཛུགས་ཁྱབ་ཁོངས་ནང་བཅུག་བྱ་རྒྱུ། ཆ་རྐྱེན་དང་མཐུན་ཞིང་སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ཚན་པ་རྣམས་སྨན་བཅོས་འགན་བཅོལ་དམིགས་འཛུགས་ཁྱབ་ཁོངས་ནང་འཇུག་དགོས། གཞུང་གཉེར་སྨན་བཅོས་ལས་ཁུངས་དང་གཅིག་མཚུངས་ཡིན་པའི་སྲིད་ཇུས་ལག་བསྟར་བྱེད་དགོས། སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་སྨན་བཅོས་ལས་ཁུངས་ལ་དབང་བའི་ལམ་ལུགས་རང་བཞིན་གྱི་ངོ་བོ་ནི་དུས་འགོའི་རང་བཞིན་གྱི་ཆ་རྐྱེན་དེ་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་བྱས་མི་ཆོག ལས་ཁུངས་ཀྱིས་གྲངས་འབོར་མང་དྲགས་པ་དང་སྨན་བཅོས་ཞབས་ཞུའི་ནུས་པ་མིན་པའི་རྒྱུ་རྐྱེན་ལ་ཁ་གཡར་ནས་སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ཚན་པ་རྣམས་སྨན་བཅོས་འགན་བཅོལ་དམིགས་འཛུགས་སུ་མ་བླངས་ན་མི་ཆོག རིགས་འདྲ་མིན་གྱི་སྨན་བཅོས་བྱེད་རིན་དངུལ་འཛིན་ཚད་ལྡན་དུ་གཏོང་བ། ཁེ་གཉེར་རང་བཞིན་མིན་པའི་སྨན་བཅོས་ལས་ཁུངས་ཀྱིས་གཅིག་གྱུར་གྱིས་བེད་སྤྱོད་བྱེད་བཞིན་པའི་སྨན་བཅོས་རིན་བསྡུའི་དངུལ་འཛིན་དང་ཁེ་གཉེར་རང་བཞིན་ལྡན་པའི་སྨན་བཅོས་ལས་ཁུངས་ཀྱིས་གཏན་འབེབས་བྱས་པའི་འཛིན་སོགས་སྨན་བཅོས་འགན་བཅོལ་ཐེབས་རྩ་གཏོང་སྤྲོད་དཔང་འཛིན་བྱས་ཆོག ངོ་བོ་མི་འདྲ་བའི་སྨན་བཅོས་ལས་ཁུངས་ཀྱིས་རིན་བསྡུ་དང་བེད་སྤྱོད་བྱེད་པའི་འཛིན་ཤོག སྨན་བཅོས་འགན་བཅོལ་གྱི་ཐེབས་རྩ་བསྡོམས་རྩིས་བྱེད་ཐབས་ཞིབ་ཚགས་བྱེད་དགོས།

  བཅུ་གསུམ། ནད་ཐོག་ཆུ་ཚད་དང་རིག་གཞུང་ཐོབ་ཐང་མཐོར་འདེགས་བྱེད་དགོས། སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ལས་ཁུངས་ཀྱི་ལག་རྩལ་གསར་པ་ནང་འདྲེན་དང་རྣམ་གྲངས་གསར་པ་གསར་འབྱེད། ཁྱད་ལྡན་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱེད་པར་སྐུལ་འདེད་བྱེད་དགོས། སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ལས་ཁུངས་ཀྱིས་མཐོ་རིམ་ཤེས་ལྡན་མི་སྣ་ནང་འདྲེན་བྱེད་པར་ཧུར་ཐག་ངང་རྒྱབ་སྐྱོར་དང་། ཕྱོགས་གང་ཅིའི་ཐད་ཀྱི་ཚན་རྩལ་སྤེལ་རེས་དང་མཉམ་ལས་སྒྲིག་འཛུགས་བྱ་རྒྱུ། སྤྱི་ཚོགས་ཀྱིས་སྨན་ཁང་འཛུགས་གཉེར་གྱི་ལས་ཀའི་གོ་མིང་དཔྱད་བསྡུར་དང་ཚན་རིག་ཞིབ་འཇུག་བྱ་གཞི། གྲུབ་འབྲས་གདེང་འཇོག་སོགས་ཐད་ནས་གཞུང་བཙུགས་སྨན་བཅོས་ལས་ཁུངས་ཀྱི་ཐོབ་ཐབ་དང་གཅིག་མཚུངས་ཡིན། ཆ་རྐྱེན་དང་མཐུན་པའི་སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ལས་ཁུངས་ཀྱིས་ནད་སྡོད་སྨན་པ་དཀའ་བཅུ་པའི་ཚད་ལྡན་སྦྱོང་བརྡར་རྟེན་གཞི་དང་དུས་བཀག་ལྟར་དཔྱད་ཞིབ་ལས་ཁུངས་དང་། གསོ་རིག་གི་མཐོ་རིམ་སློབ་སྦྱོང་སློབ་གླིང་དང་ནད་ཐོག་སློབ་ཁྲིད་ཀྱི་རྟེན་གཞི་སོགས་ལ་སྙན་སེང་ཞུས་རྒྱུ་སྐུལ་འདེད་བྱེད་དགོས། སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་སྒྲིག་གཞི་དེ་གསོ་རིག་རིགས་ཀྱི་ལས་རིགས་ཀྱི་མཐུན་ཚོགས་དང་རིག་གཞུང་སྒྲིག་འཛུགས། ལས་ཀའི་གོ་མིང་དཔྱད་བསྡུར་གཏན་འབེབས་བྱེད་པ་དང་སྨན་བཅོས་ལས་ཁུངས་ཀྱིས་ཞིབ་དཔྱད་ཨུ་ཡོན་ལྷན་ཁང་དག་ནང་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པ། ཚད་གཞི་དང་མཐུན་པའི་ཆ་རྐྱེན་འོག་ཏུ་རང་གི་མི་སྣས་བཟུང་བའི་བསྡུར་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་དང་། སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ལས་ཁུངས་སྨན་དོན་མི་སྣ་སྔར་བས་འགན་སྲུང་དང་རིག་གཞུང་གི་ཆུ་ཚད་ཆེད་ལས་ཀྱི་ནུས་པ་དང་འཚམ་པའི་གོ་གནས་ཐོབ་པའི་གོ་སྐབས་ཡོད།

  བཅུ་བཞི། དངུལ་ལེན་སྲིད་ཇུས་ཚད་ལྡན་དུ་གཏོང་དགོས། རྒྱལ་ཁབ་ཀྱི་སྲིད་འཛིན་བྱ་གཞག་གི་གྲོན་བསྡུའི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་ཁེ་གཉེར་རང་བཞིན་མིན་པའི་སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ལས་ཁུངས་ཀྱིས་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་བསྡུ་རྩ་ཆག་གཏོང་རྒྱུ་དང་ཁེ་གཉེར་རང་བཞིན་གྱི་སྨན་བཅོས་ལས་ཁུངས་ཀྱི་སྲིད་འཛིན་བྱ་གཞག་རང་བཞིན་གྱི་གྲོན་བསྡུ་ཕྱེད་ཀ་ལས་མི་སྡུད་པར་བྱ་དགོས། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ལས་ཁུངས་ཀྱི་ལུགས་མཐུན་མིན་པ་དང་ཁྲིམས་མཐུན་མིན་པའི་གྲོན་བསྡུའི་རྣམ་གྲངས་གཙང་བཤེར་དང་མེད་པར་བཟོ་རྒྱུ། སྲིད་གཞུང་གིས་དོ་དམ་དང་ལེན་བྱེད་པའི་གྲོན་བསྡུའི་རྣམ་གྲངས་སྣ་ཚོགས་ཐད་ཁེ་གཉེར་རང་བཞིན་མིན་པའི་སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ལས་ཁུངས་དང་གཞུང་བཙུགས་སྨན་བཅོས་སྒྲིག་གཞི་དང་གཅིག་མཚུངས་ཀྱིས་གྲོན་བསྡུའི་སྲིད་ཇུས་དང་ཚད་གཞི་ལག་བསྟར་བྱ་རྒྱུ་ཡིན།

  བཅུ་ལྔ། ལྟ་སྐུལ་དོ་དམ་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ལས་ཁུངས་ཀྱི་འགན་འཁུར་པ་དང་འབྲེལ་ཡོད་དོ་དམ་མི་སྣ་བཅས་ཀྱི་གསོ་སྦྱོང་ཤུགས་སྣོན་བརྒྱབ་སྟེ། དོ་དམ་ཚད་ལྡན་བཟོ་རྒྱུར་སྐུལ་འདེད་གཏོང་བ་དང་གཉེར་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས། སྨན་བཅོས་སྒྲིག་གཞིས་ཆ་འཕྲིན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་རིམ་པ་ཁག་གི་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་སྲིད་འཛིན་སྡེ་ཁག་གིས་དུས་བཅད་ལྟར་ ཡོངས་གྲགས་སུ་ཁྱབ་བསྒྲགས་བྱས་ནས་ས་ཁོངས་ནང་གི་སྨན་བཅོས་ལས་ཁུངས་ཀྱིས་ཞབས་ཞུའི་གནས་ཚུལ་དང་རྒྱུན་ལྡན་གྱི་ལྟ་སྐུལ། ཆད་གཅོད་ཀྱི་ཆ་འཕྲིན། སྤྱི་ཚོགས་ཀྱི་ལྟ་སྐུལ་བཅས་དང་ལེན་བྱ་དགོས། ལྟ་སྐུལ་དོ་དམ་མ་ལག་དང་བྱེད་ནུས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་དང་ཁྲིམས་འགལ་གྱི་སྨན་བཅོས་ལས་གཉེར་བྱེད་རྒྱུ་ནན་འགོག བོགས་གཏོང་ལས་གཉེར་བྱས་འཐུས་ཀྱི་ལག་ཁྱེར་ལ་བརྟེན་ནས་སྨན་བཅོས་ལས་ཁུངས་འཛུགས་པ་དང་འགན་གཙང་ལེན་གྱིས་བོགས་མར་གཏོང་བ་སོགས་ཀྱི་བྱ་སྤྱོད་དག་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། གལ་སྲིད་རྩད་ཆོད་མཐའ་གསལ་བྱུང་ན་སྨན་བཅོས་ལས་འཛོལ་ཚབས་ཆེན་དང་སྨན་བཅོས་འགན་བཅོལ་གྱི་མ་དངུལ་གཡོ་ལེན་བྱེད་པ། བརྡ་ཁྱབ་རྫུན་མ་དྲིལ་བསྒྲགས་དང་སྨན་བཅོས་ཚད་ལས་བརྒལ་བ་སོགས་ཀྱི་བྱ་སྤྱོད་རིགས་ཐག་གཅོད་ནན་མོ་བྱ་རྒྱུ། འཚོལ་ཞིབ་བྱས་ནས་རྟོགས་པའི་ལས་ཁུངས་འཛུགས་པ་དང་སྨན་བཅོས་ལས་ཁུངས་དེའི་ལས་སྒྲུབ་མི་སྣ་ཕྱིར་འཐེན་བྱ་དགོས། སྨན་བཅོས་ལས་ཁུངས་འཛུགས་པ་དང་ལས་སྒྲུབ་མི་སྣའི་ཡིད་རྟོན་ཟིན་ཐོ་འཐུས་ཚང་དུ་གཏོང་དགོས། ཁྲིམས་མཐུན་ལྟར་བརྡ་འཕྲིན་ཡོངས་བསྒྲགས་དང་འབྲེལ་ཏེ་རྒྱལ་ཁབ་ཀྱིས་གཅིག་གྱུར་བྱས་པའི་ཡིད་རྟོན་ཆ་འཕྲིན་མཉམ་སྤྱོད་བརྗེ་རེས་སྟེགས་བུའི་སྟེང་དུ་སྐུལ་འདེད་གཏོང་བ་དང་། སྒྲིག་འགལ་དང་ཁ་དན་ཚིག་ལ་མ་གནས་པ་ཚབས་ཆེན་དག་ཁྲིམས་ལྟར་ངེས་པར་དུ་དུས་བཀག་ནང་ལས་རིགས་བཀག་འགོག་བྱེད་པ་སོགས་ཀྱིས་ཆད་པ་གཅོད་རྒྱུ། སྨན་བཅོས་བདེ་འཇགས་དོ་དམ་ལ་ཤུགས་སྣོན་དང་སྨན་བཅོས་འགན་འཁྲིའི་འགན་བཅོལ་ནང་ཞུགས་དགོས། སྨན་བཅོས་ལས་ཁུངས་ཀྱི་རིགས་དབྱེ་དོ་དམ་བཅས་ཀྱི་སྲིད་ཇུས་འཐུས་ཚང་དུ་བཏང་ནས་ཁེ་གཉེར་རང་བཞིན་མིན་པའི་སྨན་བཅོས་ལས་ཁུངས་དོ་དམ་ཞིབ་སྲོལ་བཏོན་པ་དང་གཉེར་སྐྱོང་ངོ་བོ་ཁ་གསལ་བཟོ་དགོས། མ་དངུལ་ལྷག་འཕྲོ་བེད་སྤྱོད་སོགས་ཀྱི་ལྟ་སྐུལ་དོ་དམ་གྱི་བྱེད་ཐབས་བྱ་དགོས།

  བཅུ་དྲུག ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས། ཚགས་པར་དང་རླུང་འཕྲིན། བརྙན་འཕྲིན། དྲ་རྒྱ་སོགས་སྨྱན་སྦྱོར་བེད་སྤྱོད་གང་ལེགས་བྱས་ནས་ས་གནས་ཁག་གིས་བསྔགས་སྐུལ་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་ཁྲིད་སྟོན་བྱས་ནས་སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ལས་ཁུངས་ཀྱིས་འཕེལ་རྒྱས་ཀྱི་བྱེད་ཕྱོགས་དང་སྲིད་ཇུས། སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ལས་ཁུངས་ཀྱིས་སྨན་བཅོས་ཞབས་ཞུའི་མ་ལག་ནང་གི་གལ་ཆེའི་གནས་བབ་དང་ནུས་པ་དྲིལ་བསྒྲགས་བྱ་དགོས། སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ལས་ཁུངས་ནང་ཐོན་པའི་སྔོན་ཐོན་དཔེ་མཚོན་ལ་དྲིལ་བསྒྲགས་དང་གཟེངས་བསྟོད་བྱས་ནས་སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ལས་ཁུངས་ཀྱི་ཤུགས་རྐྱེན་རྒྱ་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱིས་གཉེར་བའི་སྨན་བཅོས་ལས་ཁུངས་ཀྱི་འཕེལ་རྒྱས་ལ་ཕན་པའི་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་སྤྱི་ཚོགས་ཀྱིས་སྨན་ཁང་འཛུགས་སྐྱོང་བྱས་ནས་འཕེལ་རྒྱས་གཏོང་རྒྱུ་དེ་གལ་ཆེའི་གནས་བབ་ཐོག་བཞག་སྟེ། འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་བྱེད་པ། རོགས་ལས་གཞོགས་འདེགས་དམ་ཟབ་བྱས་ནས་ལས་ཀའི་མཉམ་ཤུགས་ཤིག་ཆགས་པ་བྱེད་དགོས། ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་བརྡ་ཐོ་འདིའི་བླང་བྱ་ལ་གཞིགས་ནས་དུས་ཐོག་ཏུ་ལྷུ་ལག་ཆ་ཚང་ཞིག་སྒྲིག་ཏེ་བྱ་ཐབས་འཐུས་ཚང་དུ་གཏོང་བ་དང་། དུས་མཚུངས་སུ་ས་གནས་ཁྱད་པར་ཅན་དང་སྣ་མང་ཅན་དུ་འགྱུར་བའི་བསྒྱུར་བཅོས་ལ་བར་སྟོང་བཞག་ནས་འཚོལ་ཞིབ་བྱ་དགོས། ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ཞིབ་ཕྲའི་ལས་ཀའི་ཇུས་གཞི་གཏན་འབེབས་བྱེད་དགོས་པ་དང་། སྲིད་ཇུས་དང་བྱེད་ཐབས་ཞིབ་ཚགས་སུ་བཏང་ནས་འགན་བླངས་ཏེ་དོན་ཐོག་ཏུ་འཁྱོལ་བར་བྱ་དགོས། རིམ་པ་ཁག་གི་འཕེལ་རྒྱས་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་འཕྲོད་བསྟེན་ཁང་།འཆར་ལྡན་བུ་བཙའི་སོགས་སྡེ་ཚན་གྱིས་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་དང་རྗེས་འདེད་དབྱེ་ཞིབ་བྱས་ནས་གཙོ་གནད་ལས་དོན་ལ་རྗེས་འདེད་ལམ་སྲོལ་དང་དུས་བཀག་ལྟ་སྐུལ་ཁྲིད་སྟོན་ལམ་ལུགས་བཙུགས་ནས་སྤྱི་ཚོགས་ཀྱིས་སྨན་ཁང་གཉེར་རྒྱུར་ལས་དོན་ལ་སྐུལ་འདེད་བྱས་ནས་གཡུར་དུ་ཟ་བའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ཤིག་ལེན་དགོས།

  བཤུས་ཡུལ། ཏང་ཀྲུང་དབྱང་གི་སྡེ་ཁག་ཁག་དང་། འཆར་གཞི་ལོགས་བཀོད་གྲོང་ཁྱེར་ཁག་གི་མི་དམངས་སྲིད་གཞུང་། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་གཞུངལས་ཐིང་དང་། སྤྱི་ཁྱབ་པུའུ་ཁག་དང་། དམག་རིགས་ཁག་དང་དཔུང་རིགས་ཁག་དང་དམག་ཁུལ་ཆེན་པོ་ཁག དྲག་ཆས་ཉེན་རྟོག་དཔུང་སྡེའི་བཅས་དང་།རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཐིན། རྒྱལ་ཡོངས་སྲིད་གྲོས་གཞུང་དོན་ཐིན། མཐོ་རིམ་མི་དམངས་ཁྲིམས་ཁང་དང་མཐོ་རིམ་མི་དམངས་ཞིབ་དཔྱོད་ཁང་། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས།

  སྤྱི་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིན་ཀྲུང་ཡིག་ཅུའུ། 2015ལོའི་ཟླ6པའི་ཚེས12ཉིན་དཔར་འགྲེམ་བྱས།མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་ལས་ཐིན། 2015ལོའི་6པའི་ཟླ6པའི་ཚེས25ཉིན་དཔར་སློག་བྱས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།