ཚན་རིག་དང་མཐུན་པའི་གོང་འཕེལ་ལ་སྐུལ་འདེད་བྱེད་པའི་ཏང་སྲིད་འགོ་ཁྲིད་ཚན་སྐོར་དང་འགོ་ཁྲིད་ལས་བྱེད་པའི་དཔྱད་ཞིབ་གདེང་འཇོག་གི་ནང་རྐྱེན་འཛུགས་པའི་སྐོར་གྱི་བསམ་འཆར།(སྨད་ཆ)

  གསུམ། ཚན་རིག་དང་མཐུན་པའི་གོང་འཕེལ་ལ་སྐུལ་འདེད་བྱེད་པའི་ལས་བྱེད་པའི་དཔྱད་ཞིབ་གདེང་འཇོག་གི་ནང་རྐྱེན་འཛུགས་པའི་ལས་འགན་གཙོ་གནད།

  6、དཔྱད་ཞིབ་ནང་རྐྱེན་འཐུས་ཚང་དུ་གཏོང་བ། ད་ཡོད་དཔྱད་ཞིབ་ནང་དོན་རྨང་གཞི་བྱས་པའི་སྟེང་དུ་ཚན་རིག་དང་མཐུན་པའི་གོང་འཕེལ་ལ་དམིགས་ནས་དཔྱད་ཞིབ་ནང་དོན་དེ་ལས་ཀྱང་འཐུས་ཚང་དུ་གཏོང་ཞིང་དེའི་ནང་དོན་གྱི་ཚན་རིག་རང་བཞིན་དེ་ལས་ཀྱང་ཇེ་དྲག་ཏུ་གཏོང་དགོས་ཏེ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དང་ཡང་དག་པའི་སྲིད་འབྲས་ལྟ་བའི་བླང་བྱ་ཡོངས་སུ་མཚོན་དགོས། གོང་འཕེལ་དེ་དོན་སྙིང་དང་པོ་བྱས་པ་དང་མི་གཞི་རྩ་ཡིན་པ་དེ་སྲོག་ཤིང་བྱས་པ། ཕྱོགས་ཡོངས་མཐུན་སྦྱོར་རྒྱུན་མཐུད་དེ་རྩ་བའི་བླང་བྱ་བྱས་པ། གཅིག་འགོད་ཡོངས་རྟོག་དེ་རྩ་བའི་བྱེད་ཐབས་བྱས་ཏེ་གོང་འཕེལ་མགྱོགས་ཚད་ཀྱི་དཔྱད་ཞིབ་ལ་དོ་སྣང་བྱེད་དགོས་ལ། འཕེལ་སྟངས་དང་འཕེལ་རྒྱས་སྤུས་ཚད་ཀྱི་དཔྱད་ཞིབ་ལའང་དོ་སྣང་བྱེད་དགོས། དཔལ་འབྱོར་འཛུགས་སྐྲུན་གནས་ཚུལ་གྱི་དཔྱད་ཞིབ་ལ་དོ་སྣང་བྱེད་ཅིང་དཔལ་འབྱོར་སྤྱི་ཚོགས་མཐུན་སྦྱོར་གོང་འཕེལ་དང་མི་དང་རང་བྱུང་འཆམ་མཐུན་གོང་འཕེལ་གྱི་དཔྱད་ཞིབ་དང་ལྷག་པར་དུ་བདེ་སྲུང་གི་འགན་འཁུར་དང་པོ་ལག་བསྟར་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཀྱི་དོན་དངོས་གྲུབ་འབྲས་བཅས་ལའང་དོ་སྣང་བྱེད་དགོས། ཐོབ་ཟིན་པའི་མངོན་འབྲས་གྱི་དཔྱད་ཞིབ་ལ་དོ་སྣང་བྱེད་དགོས་ཤིང་རྨང་གཞི་བཏིངས་པའམ་རྒྱང་རིང་ལ་ཕན་པའི་ལྐོག་འབྲས་ཀྱི་དཔྱད་ཞིབ་ལའང་དོ་སྣང་བྱེད་དགོས། ཕྱོགས་བསྡུས་སྒོ་ནས་སྤྱི་དང་བྱེ་བྲག་ཕན་འབྲས་དང་མ་རྩ། ཡུལ་ཅན་གྱི་བརྩོན་འགྲུས་དང་ཡུལ་གྱི་ཆ་རྐྱེན་སོགས་ཕྱོགས་གང་ཐད་ཀྱི་རྒྱུ་རྐྱེན་ལ་དཔྱད་ཞིབ་བྱེད་པར་དོ་སྣང་བྱེད་དགོས། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དང་ཡང་དག་པའི་སྲིད་འབྲས་ལྟ་བ་ཟུང་འབྲེལ་སྒོས་གཅིག་གྱུར་རྒྱུན་འཁྱོངས་བྱེད་ཅིང་། དངོས་འབྲས་ནས་སྤྱོད་ཡོན་གཉིས་ལ་ལྟ་བ་རྒྱུན་འཁྱོངས་བྱས་ནས་འགོ་ཁྲིད་ལས་བྱེད་པས་ཡང་དག་པའི་སྲིད་འབྲས་ལྟ་བ་བཅིངས་ནས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལག་བསྟར་བྱེད་དགོས། ཆབ་སྲིད་ཚད་གཞི་དེ་གོ་གནས་དང་པོར་བཞག་ཡོད་པ་ཡོངས་ནས་མཚོན་དགོས། ཏང་གི་རང་བཞིན་དེ་ཀུན་སྤྱོད་གྱི་སྙིང་བོར་རྒྱུན་འཁྱོངས་བྱས་ནས་འགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་བསམ་བློའི་བྱང་ཚད་ཀྱི་དཔྱད་ཞིབ་ལ་ཤུགས་སྣོན་དགོས་ཤིང་། དཔྱད་ཞིབ་ཀྱི་ཕུགས་འདུན་དང་ཡིད་ཆེས་ལ་དོ་སྣང་བྱས་ཏེ་གཙོ་གནད་དུ་ཆབ་སྲིད་ལངས་ཕྱོགས་དང་ཆབ་སྲིད་ཁ་ཕྱོགས། ཏང་ལ་བློ་བརྟན། ཏང་ལ་སེམས་འཁུར་བྱེད་པ་ལ་སོགས་པའི་གནས་ཚུལ་རྒྱུས་ལོན་བྱེད་ཅིང་། དཔྱད་ཞིབ་གྱི་དམིགས་ཡུལ་འདུ་ཤེས་ལ་དོ་སྣང་བྱས་ཏེ་གཙོ་གནད་དུ་དངོས་ཐོག་བདེན་འཚོལ་དང་མང་ཚོགས་ལ་འབྲེལ་འདྲིས། ལས་གནས་གཏན་སྲུང་། དམངས་ལ་ཕུལ་སེམས་ལྡན་པ་ཅན་ལ་སོགས་པའི་གནས་ཚུལ་རྒྱུས་ལོན་བྱེད་དགོས། བསམ་བློའི་ཀུན་སྤྱོད་ལ་དཔྱད་ཞིབ་བྱེད་པར་དོ་སྣང་བྱས་ནས་གཙོ་གནད་དུ་ལས་སྒོའི་ཀུན་སྤྱོད་དང་སྤྱི་ཚོགས་ཀུན་སྤྱོད། ཁྱིམ་ཚང་ཀུན་སྤྱོད། རང་ཉིད་ཀུན་སྤྱོད་ལ་སོགས་པའི་གནས་ཚུལ་རྒྱུས་ལོན་བྱས་ཏེ་རིམ་པ་སོ་སོའི་འགོ་ཁྲིད་ལས་བྱེད་པར་སྣེ་ཁྲིད་དེ་གུང་ཁྲན་ཏང་མིའི་ཆབ་སྲིད་བརྗིད་ཉམས་རྒྱུན་འཁྱོངས་བྱེད་དུ་འཇུག་དགོས། ས་ཁོངས་མི་འདྲ་བ་དང་ཚད་རིམ་མི་འདྲ་བ། རིགས་སྣ་མི་འདྲ་བའི་ཁྱད་ཆོས་ཡོངས་སུ་མཚོན་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོའི་དོན་དངོས་ལ་དམ་པོས་ཟུང་འབྲེལ་དམ་པོ་བྱས་ནས་གཙོ་ཕྱོགས་ལྡན་པ་དང་ཁྱད་ཆོས་ལྡན་པའི་དཔྱད་ཞིབ་ཀྱི་ནང་དོན་དང་དམིགས་ཚད་གཏན་འཁེལ་བྱས་ནས་འཛུགས་དགོས་པ་དང་། གཙོ་ཤོས་ནུས་པའི་ས་ཁུལ་གྱི་འཛུགས་སྐྲུན་སྤེལ་བའི་སྤྱི་ཡོངས་བླང་བྱ་ལྟར་ས་ཁོངས་མི་འདྲ་བའི་གཙོ་ཤོས་ནུས་པའི་གོ་གནས་ལ་ཁ་གཏད་ནས་ས་ཁོངས་མི་འདྲ་བའི་དཔྱད་ཞིབ་ཀྱི་གནད་ས་འབུར་དུ་ཐོན་དགོས། འགོ་ཁྲིད་ལས་གནས་མི་འདྲ་བའི་ལས་འགན་དང་བྱ་བའི་དམིགས་འབེན་ལྟར་ཐུན་མོང་གི་ནང་དོན་དང་ཐུན་མོང་མ་ཡིན་པའི་ནང་དོན་ཟུང་དུ་འབྲེལ་ཞིང་། རྒྱུད་རིམ་གནས་ཚུལ་དང་མཇུག་འབྲས་རང་བཞིན་གྱི་དམིགས་ཚད་ཟུང་དུ་འབྲེལ་ནས་བྱ་བའི་བསམ་ཕྱོགས་དང་བྱ་བའི་རྨང་གཞི། སྟོབས་ཤུགས་ཕུལ་བ། ཀུན་སྤྱོད་བསྒྱུར་པ། ཕན་ནུས་ཇེ་མཐོར་གཏོང་བ། ལམ་ལུགས་འཐུས་ཚང་དུ་གཏོང་བ་ལ་སོགས་པའི་ཕྱོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་དབྱེ་ཞིབ་བྱེད་པར་དེ་ལས་ཀྱང་དོ་སྣང་བྱེད་དགོས། ཏང་སྲིད་འགན་འཁུར་པ་གཙོ་བོའི་དཔྱད་ཞིབ་ལ་ཤུགས་བསྣན་ནས་གཙོ་གནད་དུ་དེའི་ཚན་རིག་དང་མཐུན་པའི་གོང་འཕེལ་དང་གནས་ཚུལ་རྙོག་འཛིང་ཅན་ལ་འགོ་ལོན་བྱེད་པ། དམངས་གཙོ་གཅིག་བསྡུས་ལམ་ལུགས་ལག་བསྟར་བྱེད་པ། ཚན་སྐོར་བཟུང་སྟེ་དཔུང་སྡེ་ཁྲིད་པ། རྩ་དོན་རྒྱུན་འཁྱོངས་བྱེད་པ། སྲིད་གཙང་ལས་འགན་ལག་བསྟར་ལ་འགོ་ཁྲིད་བྱེད་པའི་གནས་ཚུལ་དཔྱད་ཞིབ་བྱེད་དགོས། དཔྱད་ཞིབ་ནང་དོན་གྱི་སྐུལ་ལྕག་རང་བཞིན་དང་ཚོད་འཛིན་རང་བཞིན་ཡོངས་སུ་མཚོན་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ཁྲོད་དུ་སྙིང་སྟོབས་གསར་སྐྲུན་དང་ནུས་པ་གསར་སྐྲུན། ལས་སྐྲུན་འབྲས་ཐོན་བཅས་ཀྱི་ཐད་དུ་འབུར་དུ་ཐོན་པར་དཔྱད་ཞིབ་བྱེད་དགོས་ལ། མངའ་ཁོངས་སོ་སོའི་བཅོས་བསྒྱུར་ཕྱོགས་བསྡུས་ཁེ་ཕན་དང་རྒྱང་རིང་ཁེ་ཕན་ཐད་ཀྱི་དཔྱད་ཞིབ་འབུར་དུ་ཐོན་ནས། འགོ་ཁྲིད་ཚན་སྐོར་དང་འགོ་ཁྲིད་ལས་བྱེད་པའི་བསམ་བློ་བཅིངས་འགྲོལ་དང་དངོས་ཐོག་བདེན་འཚོལ། གསར་གཏོད་མདུན་ལེན་བྱེད་པར་སྐུལ་ལྕག་གཏོང་དགོས། མི་འབོར་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་། ནུས་བསྲི་སྙིགས་འཕྲི། འཁོར་ཡུག་སྲུང་སྐྱོང་། ཐོན་སྐྱེད་བདེ་འཇགས། སྤྱི་ཚོགས་གཏན་བརླིང་། ཏང་སྲོལ་སྲིད་གཙང་། མི་ཚོགས་ཀྱིས་ཡིད་ཚིམ་ཚད་ལ་སོགས་པའི་ཚོད་འཛིན་རང་བཞིན་གྱི་དམིགས་ཚད་དཔྱད་ཞིབ་བྱེད་པ་འབུར་ཐོན་བྱས་ནས། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་ལ་འགལ་བའི་བྱ་སྤྱོད་ཀྱི་མཁྲེགས་ཅན་ཚོད་འཛིན་ཇེ་དྲག་ཏུ་གཏོང་བ་དང་། དཔྱད་གླེང་ཁ་ཕྱོགས་ཁོང་ཆུད་བྱས་ནས་འགོ་ཁྲིད་ཚན་སྐོར་དང་འགོ་ཁྲིད་ལས་བྱེད་པས་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དེ་དཔལ་འབྱོར་སྤྱི་ཚོགས་གོང་དུ་སྤེལ་བའི་ཕྱོགས་སོ་སོར་དངོས་འབེབས་བྱེད་དགོས།

  7、དཔྱད་ཞིབ་བྱེད་ཐབས་བཅོས་བསྒྱུར་བྱེད་པ། དུས་རྒྱུན་དཔྱད་ཞིབ་དང་ལོ་འཁོར་དཔྱད་ཞིབ་རྒྱུན་འཁྱོངས་བྱེད་པ་རྨང་གཞི་བྱས་ནས་སྐབས་བརྗེ་དཔྱད་ཞིབ་དང་ལས་བསྐོ་རྟོག་ཞིབ་གཙོ་གནད་བྱས་ནས། སྒྲིག་བཀོད་ལུགས་མཐུན་དང་གཅིག་འགོད་ཡོངས་རྟོག ཕན་ཚུན་ཁ་གསབ། ཕན་ཚུན་རིགས་སྒྲུབ་བྱས་ཏེ་དཔྱད་ཞིབ་བྱེད་ཐབས་ཀྱི་ཁ་ཚང་ཅན་དང་མ་ལག་ཅན་ཇེ་དྲག་ཏུ་གཏོང་དགོས། དུས་རྒྱུན་དཔྱད་ཞིབ་ལ་ཤུགས་བསྣན་པ། འགོ་ཁྲིད་ཚན་སྐོར་དང་འགོ་ཁྲིད་ལས་བྱེད་པའི་རྒྱུན་ལྡན་རྣམ་འགྱུར་རྒྱུས་ལོན་བྱེད་པར་དམིགས་ནས་ལ་ལར་ཁ་བརྡ་དང་ཆེད་དོན་རྟོག་ཞིབ། སྐོར་གཟིགས་ཚན་ཆུང་གི་སྐོར་གཟིགས། འགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་འགན་འཁྲི་དཔྱད་ཞིབ། འགོ་ཁྲི་ཚན་སྐོར་གྱི་དམངས་གཙོ་འཚོ་བའི་ཚོགས་འདུ། ཏང་ཡོན་འགོ་ཁྲིད་ལས་བྱེད་པའི་འགན་བརྗོད་གཙང་བཤད་དང་ལོ་འཁོར་བྱ་བའི་གྲོས་ཚོགས་སུ་ཞུགས་པ་ལ་སོགས་པའི་རྣམ་པ་དང་ཐབས་ཤེས་སྣ་ཚོགས་རྒྱུད་ནས་དུས་རྒྱུན་དཔྱད་ཞིབ་ལ་ཤུགས་བསྣན་དགོས། དོན་རྐྱེན་ཆེན་པོ་དང་ལས་འགན་གཙོ་ཆེན་འགྲུབ་པ་དང་དེ་མིན་རང་ཉིད་ཀྱི་ཁེ་ཕན་ལ་ཐུག་པའི་སྐབས་ཀྱི་འགོ་ཁྲིད་ཚན་ཆུང་དང་འགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་རྣམ་པ་དང་འགན་འཁུར་སྙིང་སྟོབས། ཐག་གཅོད་ནུས་པ། རུང་ཉིད་ཀྱི་རེ་འདུན་ལ་སོགས་མཚོན་པའི་དངོས་ལ་རྗེས་བསྙེགས་བྱས་ནས་དཔྱད་ཞིབ་བྱེད་པར་དོ་སྣང་བྱེད་དགོས། དུས་བཅད་ལྟར་དམངས་བློ་རྟོག་ཞིབ་དང་དངོས་འབྲས་དབྱེ་ཞིབ་བྱེད་ཅིང་མ་ལག་ལྡན་པའི་སྒོ་ནས་འབྲེལ་ཡོད་འགན་འཁུར་སྡེ་ཁག་གིས་བཏོན་པའི་དཔལ་འབྱོར་སྤྱི་ཚོགས་ཐད་ཀྱི་སྡོམ་གྲངས་དང་གདེང་འཇོག་བསམ་འཆར་རྒྱུན་དུ་བསྡུ་གསོག་བྱེད་པ་དང་། དུས་རྒྱུན་གསོག་འཇོག་དང་ཕྱོགས་བསྡུས་དབྱེ་ཞིབ་ལ་ཤུགས་བསྣན་ནས་དཔྱད་ཞིབ་རྨང་གཞི་ཅན་གྱི་རྒྱུ་ཆ་འཐུས་ཚང་དུ་གཏོང་དགོས། ལོ་འཁོར་དཔྱད་ཞིབ་འཐུས་ཚང་བྱེད་པ། ལོ་འཁོར་བྱ་བའི་དམིགས་འབེན་འགྲུབ་པ་དང་ལས་གནས་ལས་འགན་ལག་བསྟར་བྱེད་པའི་གནས་ཚུལ་ལ་དམིགས་ནས། སྤྱི་བསྡོམས་འགན་བརྗོད་དང་ལོ་འཁོར་གདེང་འཇོག་ལ་སོགས་པའི་བྱེད་ཐབས་སྤྱོད་ཅིང་། འགོ་ཁྲིད་གཙོ་བོའི་གདེང་འཇོག་དང་འགོ་ཁྲིད་ཚན་སྐོརགྱི་གདེང་འཇོག་བཅས་ཟུང་འབྲེལ་བྱེད་དགོས། འགོ་ཁྲིད་ཚན་སྐོར་དང་འགོ་ཁྲིད་ལས་བྱེད་པའི་ལོ་འཁོར་དཔྱད་ཞིབ་ལ་ཤུགས་བསྣན་ནས་ཉམས་མྱོང་སྤྱི་སྡོམ་དང་བྱ་བ་བསྒྱུར་བཅོས་བྱེད་དགོས། རིགས་དགར་བ་དང་རྣམ་གྲངས་དགར་བའི་སྒོ་ནས་ལོ་འཁོར་དཔྱད་ཞིབ་གདེང་འཇོག་མཇུག་འབྲས་ལ་ཕྱོགས་བསྡུས་ཀྱིས་དབྱེ་ཞིབ་བྱས་ནས་གདེང་འཇོག་འཛིན་ཤོག་གཞི་བཟུང་ནས་གདེང་འཇོག་བསམ་འཆར་གྲུབ་པར་བཀག་འགོག་བྱེད་པ་དང་། ལོ་འཁོར་དཔྱད་ཞིབ་ཀྱིས་འགོ་ཁྲིད་ཚན་སྐོར་དང་འགོ་ཁྲིད་ལས་བྱེད་པའི་དོ་དམ་ལྟ་སྐུལ་དང་སྐུལ་ལྕག་ནུས་པ་བཏོན་ནས། ཚུར་སྣང་བྱེད་འོངས་པའི་གནད་དོན་དུས་ཐོག་ཏུ་བཅོས་བསྒྱུར་བྱེད་པར་སྐུལ་སྤེལ་བྱེད་དགོས། ཀྲུང་དབྱང་གིས་དོ་དམ་བྱེད་པའི་འགོ་ཁྲིད་ཚན་སྐོར་དང་འགོ་ཁྲིད་ལས་བྱེད་པར་གོང་གི་བྱེད་ཐབས་ལྟར་ལོ་འཁོར་དཔྱད་ཞིབ་བྱེད་དགོས།སྐབས་བརྗེ(འགན་ཡུན)དཔྱད་ཞིབ་འཐུས་ཚང་དུ་གཏོང་བ། སྐབས་ཡུན་དམིགས་འབེན་ནམ་འགན་ཡུན་དམིགས་འབེན་འགྲུབ་པའི་གནས་ཚུལ་ལ་དཔྱད་ཞིབ་བྱེད་པར་དམིགས་ནས་དམངས་གཙོའི་མཚམས་སྦྱོར་དང་དམངས་གཙོའི་གདེང་འཇོག ལ་ལར་ཁ་བརྡ་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་སྟེང་། དམངས་བློ་རྟོག་ཞིབ་དང་དངོས་འབྲས་དབྱེ་ཞིབ། ཕྱོགས་བསྡུས་གདེང་འཇོག་ལ་སོགས་པའི་བྱེད་ཐབས་དེ་ལས་ཀྱང་འཐུས་ཚང་བྱེད་ཅིང་། འགོ་ཁྲིད་ཚན་ཆུང་གི་འགོ་ཁྲིད་ནུས་པ་དང་འགོ་ཁྲིད་ལས་བྱེད་པའི་སྤྱོད་ཡོད་བྱང་ཚད་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱེད་པར་ཤུགས་སྣོན་དགོས། ས་དངོས་སུ་རྟོག་ཞིབ་དང་ཡུན་སྲིངས་ཞིབ་བཤེར་ཇེ་དྲག་ཏུ་བཏང་ནས་གནས་ཚུལ་ཤེས་མཁན་གྱི་བསམ་འཆར་ཉན་ལེན་བྱེད་པར་དོ་སྣང་བྱེད་པ་དང་། ངོ་བོ་དབྱེ་ཞིབ་དང་གྲངས་ཀ་དབྱེ་ཞིབ་ཟུང་དུ་འབྲེལ་བའི་བླང་བྱ་ལྟར་གྲངས་བཅད་དབྱེ་ཞིབ་དེ་བྱེད་ཐབས་གལ་ཆེན་ཞིག་བྱས་ནས་རྟོག་ཞིབ་བྱ་བའི་ལྷུ་ཚིགས་སོ་སོར་བཀོལ་སྤྱོད་བྱེད་དགོས། ངོ་བཅད་གདེང་འཇོག་ཡོད་ཅིང་གྲངས་བཅད་གདེང་འཇོག་ཡོད་པའི་གདེང་འཇོག་བསམ་འཆར་ཞིག་གྲུབ་དགོས།

  འགན་བསྐོ་རྟོག་ཞིབ་བཅོས་བསྒྱུར་བྱེད་པ། ལས་གནས་འགན་འཁྲིའི་བླང་བྱར་དམིགས་ནས་མིང་འདོན་པའི་གོ་རིམ་འཐུས་ཚང་དུ་གཏོང་ཞིང་ཞིབ་བཤེར་བྱེད་ཐབས་ལེགས་བསྒྱུར་བྱས་ནས་བསྐོ་འཐེན་བྱེད་མིའི་ཕྱོགས་བསྡུས་བྱང་ཚད་དང་གོང་འཕེལ་ལྐོག་ཤུགས་ལ་ཞིབ་བཤེར་བྱེད་པར་ཤུགས་བསྣན་དགོས། ས་གནས་རིམ་པ་སོ་སོའི་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱིས་མིང་འདོན་པ་དང་ཏང་ཨུས(ཏང་ཙུའུ)རྟོག་ཞིབ་བྱེད་མི་གཏན་འཁེལ་བྱེད་སྐབས་ཀྱི་ནུས་པ་ཡོངས་སུ་འདོན་དགོས་ཤིང་། གྲོས་ཚོགས་ཐེངས་གཉིས་གྱི་འདེམ་ཤོག་འཕེན་པའི་མིང་འདོན་བྱེད་ཐབས་ཡོངས་ཁྱབ་ཏུ་བཀོལ་སྤྱོད་བྱེད་པ་དང་། དམངས་གཙོས་མིང་འདོན་པའི་མཇུག་འབྲས་རྒྱུན་འཁྱོངས་བྱེད་ཅིང་དུས་རྒྱུན་དཔྱད་ཞིབ་དང་ལོ་འཁོར་དཔྱད་ཞིབ་རྒྱུས་ལོན་བྱས་པའི་གནས་ཚུལ་ལ་ཟུང་འབྲེལ་བྱས་ནས་རྟོག་ཞིབ་བྱ་ཡུལ་ལ་ཞིབ་འཇུག་བྱས་ནས་ཐག་བཅད་ནས་རྩ་འཛུགས་ཀྱི་བསམ་འཆར་དང་མང་ཚོགས་ཀྱི་བསམ་འཆར་སྐྱེ་ལྡན་གྱིས་ཟུང་འབྲེལ་བྱེད་དགོས། གྲངས་ཆད་རྟོག་ཞིབ་དང་ཞིབ་བཤེར་མངོན་བསྒྲགས་བྱས་ནས་ཞིབ་བཤེར་ཁྱབ་ཁོངས་རྒྱ་སྐྱེད་གཏོང་ཞིང་སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་ཀྱི་བསམ་འཆར་ནན་ཏན་གྱིས་ཉན་ལེན་བྱེད་དགོས། ཕྱོགས་བསྡུས་དབྱེ་ཞིབ་ལ་ཤུགས་སྣོན་ཞིང་ཞིབ་བཤེར་བྱེད་ཡུལ་གྱི་དངོས་ཡོད་རྣམ་འགྱུར་གཏིང་ཟབ་པར་རྒྱུས་ལོན་བྱས་ནས་ལས་བྱེད་པར"ནད་ཅན་བསྐོ་འཐེན"དང"ནད་ཅན་ལས་ཞུགས"བྱེད་པ་དངོས་གནས་སྔོན་འགོག་བྱེད་དགོས།

  8、དཔྱད་ཞིབ་ཀྱི་དམངས་གཙོ་རྒྱ་སྐྱེད་པ། ཏང་ཕྱི་ནང་གི་ལས་བྱེད་པ་མང་ཚོགས་ནང་དུ་ཞུགས་པ་དང་ལྟ་སྐུལ་བྱེད་པ་ཇེ་དྲག་ཏུ་བཏང་ནས་གོང་རིམ་གྱིས་གདེང་འཇོག་དང་འབྲེལ་ཡོད་འགན་ནུས་ལས་ཁུངས་ཀྱིས་གདེང་འཇོག རང་རེ་ལས་ཁུངས་ཀྱིས་གདེང་འཇོག གཞི་རིམ་མང་ཚོགས་དང་དེ་མིན་སྤྱི་ཚོགས་ཀྱིས་གདེང་འཇོག་བཅས་ཟུང་དུ་འབྲེལ་ནས་ཚད་རིམ་མང་བ་དང་ཐབས་ལམ་མང་བ། ལྟ་ཕྱོགས་མང་བའི་སྒོ་ནས་ལས་བྱེད་པར་རྒྱུས་ལོན་དང་གདེང་འཇོག་བྱས་ཏེ་ཟུར་གཅིག་གིས་ངོས་ཡོངས་ལ་ཁེབས་པ་གཡོལ་དགོས། གནས་ཚུལ་ཤེས་དབང་རྒྱ་སྐྱེད་པ་གཙོ་གནད་བྱས་ནས་དཔྱད་ཞིབ་དོན་དང་དཔྱད་ཞིབ་འགྲོ་རིམ། དཔྱད་ཞིབ་བྱེད་ཐབས། དཔྱད་ཞིབ་མཇུག་འབྲས་དེ་ལས་ཀྱང་མངོན་གསལ་བྱེད་དགོས་ཤིང་། དམངས་གཙོ་དང་མངོན་གསལ་གྱི་བྱེད་ཐབས་སྤྱད་ནས་དཔྱད་ཞིབ་རྣམ་གྲངས་ཀྱི་དམིགས་རིན་དང་དབང་ཚད་གཏན་འཁེལ་བྱེད་ཅིང་དཔྱད་ཞིབ་གསལ་ཚད་ཇེ་དྲག་ཏུ་གཏོང་དགོས། དངོས་འབྲས་ཀྱི"མངོན་གསལ་དང་མངོན་བསྒྲགས། མངོན་གྲོས"ལ་སོགས་པའི་བྱེད་ཐབས་འཚོལ་ཞིབ་བྱས་ཏེ་མང་ཚོགས་ཀྱིས་ཚན་རིག་དང་མཐུན་པའི་གྲུབ་འབྲས་སྤེལ་བའི་ཐད་ཀར་མྱོང་ཚོར་དང་དངོས་ཡོད་རེ་བ་གཏིང་ཟབ་པར་རྒྱུས་ལོན་བྱེད་ཅིང་། འགོ་ཁྲིད་ལས་བྱེད་པ་དེ་མང་ཚོགས་ཐུན་མོང་གིས་ཁས་ལེན་བྱུང་ཚད་གཏིང་ཟབ་པར་རྒྱུས་ལོན་བྱས་ནས་མང་ཚོགས་ཀྱིས་ཡིད་ཚིམ་ཚད་དེའི་དཔྱད་ཞིབ་ཁྲོད་ཀྱི་གྲུབ་ཆ་ཇེ་ཆེར་གཏོང་དགོས། དམངས་གཙོ་དང་གཅིག་བསྡུས་ཕན་ཚུན་ཟུང་འབྲེལ་བྱས་ནས་ཐུན་མོང་གིས་ཞིབ་འཇུག་དང་ཕྱོགས་བསྡུས་དབྱེ་ཞིབ་ལ་ཤུགས་བསྣན་ཞིང་མི་དམངས་ཀྱི་འདོད་བློ་ལ་བརྩི་བཀུར་བྱས་ནས་སླ་མོར་འཛིན་ཤོག་ཁོ་ནར་རྟེན་ནས་གདེང་འཇོག་མི་བྱེད་པ་ཡིན།

  9、དཔྱད་ཞིབ་མཇུག་འབྲས་བཀོལ་སྤྱོད་བྱེད་པ་ཇེ་དྲག་ཏུ་གཏོང་བ། དཔྱད་ཞིབ་མཇུག་འབྲས་དེ་འགོ་ཁྲིད་ཚན་ཆུང་འཛུགས་སྐྲུན་དང་འགོ་ཁྲིད་ལས་བྱེད་པ་འཐེན་བསྐོ་བཀོལ་སྤྱོད། གསོ་སྦྱོང་སློབ་གསོ། དོ་དམ་ལྟ་སྐུལ། སྐུལ་ལྕག་ཚོད་འཛིན་བཅས་ཀྱི་རྟེན་ས་གལ་ཆེན་བྱེད་པ་རྒྱུན་འཁྱོངས་བྱེད་ཅིང་། དཔྱད་ཞིབ་ཀྱི་ཧུར་ཐག་ནུས་པ་ཡོངས་སུ་འདོན་པ་དང་། བྱ་སྤྱོད་གཙིགས་ཆེན་འཛིན་པ་དང་། ཚན་རིག་དང་མཐུན་པའི་གོང་འཕེལ། དངོས་ལས་ལ་དད་བཀུར་ལྡན་པ། གཞི་རིམ་ལ་མཐོང་ཆེན་བྱེད་པ། གསར་སྐྲུན་ལ་སྐུལ་འདེད་བྱེད་པ། མང་ཚོགས་ཐུན་མོང་གིས་ཁས་ལེན་པ་བཅས་ཀྱི་ཡང་དག་པའི་མི་བཀོལ་ཁ་ཕྱོགས་ཤིག་ཤུགས་ཀྱིས་འགྲུབ་དགོས། དུས་རྒྱུན་དཔྱད་ཞིབ་དང་ལོ་འཁོར་དཔྱད་ཞིབ། སྐབས་བརྗེ་དཔྱད་ཞིབ་དང་ལས་བསྐོ་རྟོག་ཞིབ་ལ་སོགས་པའི་ཕྱོགས་སོ་སོའི་གནས་ཚུལ་དབྱེ་ཞིབ་བྱེད་པར་ཤུགས་བསྣན་ནས་ཕྱོགས་ཡོངས་ཕྱི་ཡུལ་ཡང་དག་པའི་སྒོ་ནས་འགོ་ཁྲིད་ཚན་ཆུང་དང་འགོ་ཁྲིད་ལས་བྱེད་པར་གདེང་འཇོག་བྱེད་དགོས། ནན་མོར་ཏང་སྐྱོང་བ་དང་བྱ་དགའ་དང་ཆད་པ་གསལ་བོར་འབྱེད་པ་རྒྱུན་འཁྱོངས་ནས་ཚན་རིག་མཐུན་པའི་གོང་འཕེལ་རང་རྟོགས་ཀྱིས་རྒྱུན་འཁྱོངས་བྱེད་ཅིང་ཚན་རིག་དང་མཐུན་པའི་གོང་འཕེལ་ལ་འགོན་ཁྲིད་བྱེད་མཁས་པ་དང་། རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་འགན་འཁུར་ཕོད་པ། བྱ་བར་འཛིན་ཕོད་པ་དང་བདག་སྐྱོང་ལ་མཁས་པ། དངོས་སུ་འཛིན་པ་དང་དངོས་སུ་སྒྲུབ་པ། དངོས་འབྲས་འབུར་དུ་ཐོན་པ། མང་ཚོགས་ཐུན་མོང་གིས་ཁས་ལེན་པའི་ཕུལ་བྱུང་ལས་བྱེད་པར་གཟེངས་སྟོད་བྱ་དགའ་སྩལ་པ་དང་བསྐོ་འཐེན་བཀོལ་སྤྱོད་བྱེད་དགོས། ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་བླང་བྱ་ལྟར་མི་སྒྲུབ་པ་དང་མིག་མདུན་གྱི་ཁེ་ཕན་ལ་བསྙེགས་པ། བྱས་རྗེས་མྱུར་འཇོག་བསམ་པ། ཕྱི་ཚུལ་རིང་ལུགས་དང་སྣང་བརྙན་བཟོ་བཀོད་སྒྲུབ་པ། འགན་མི་འཁུར་པ་དང་རྩ་དོན་མི་བརྩི་བ། མིས་འཁང་རར་སྐྲག་པ། ཚོད་འཛིན་ཅན་གྱི་དམིགས་ཚད་འགྲུབ་པའི་ཕྱོགས་སུ་གནད་དོན་བྱུང་བ་བཅས་ལ་སྐྱོན་བརྗོད་སློབ་གསོ་དང་ཁ་ཚིག་སྒྲོག་པ། བསྒྱུར་བཅོས་བྱེད་པ་བཅས་བྱེད་དགོས། མང་ཚོགས་ཀྱིས་བསམ་འཆར་ཅུང་ཆེ་ཞིང་ད་འཁུར་བཞིན་པའི་ལས་གནས་ཀྱི་ལས་འགན་འཁུར་མི་ཐུབ་པ་ཅན་ལ་དུས་ཐོག་ཏུ་རྩ་འཛུགས་བྱས་ནས་ལེགས་སྒྲིག་བྱེད་དགོས། བྱ་བར་ནོར་འཆུག་བྱུང་ནས་མཇུག་འབྲས་ཚབས་ཆེན་བཟོས་པ་ཅན་ལ་ཁྲིམས་དང་སྒྲིག་ལམ་ལྟར་ཐག་གཅོད་བྱེད་དགོས། དཔྱད་ཞིབ་བྱེད་པའི་མཇུག་འབྲས་དུས་ཐོག་ཏུ་ཕྱི་ཡུལ་གྱི་སྒོ་ནས་འགོ་ཁྲིད་ཚན་ཆུང་དང་འགོ་ཁྲིད་ལས་བྱེད་པ་རང་ཉིད་ལ་ཕྱི་ལན་ཟློག་དགོས།

  བཞི། རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་པ།

  10、བྱ་བའི་ལས་འགན་དོན་ཐོག་ཏུ་འཁྱོལ་བ། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་ཚན་རིག་དང་མཐུན་པའི་གོང་འཕེལ་ལ་སྐུལ་འདེད་བྱེད་པའི་དཔྱད་ཞིབ་གདེང་འཇོག་གི་ནང་རྐྱེན་འཛུགས་པ་དེ་གོ་གནས་གལ་ཆེན་དུ་བཞག་སྟེ་རྩ་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན་ཞིང་རྩ་འཛུགས་མཐུན་སྦྱོར་ཇེ་དྲག་ཏུ་གཏོང་བ། དཔྱད་ཞིབ་ནུས་ཤུགས་མཉམ་སྡེབ་བྱེད་པ་དང་། ཏང་ཨུས་གཅིག་གྱུར་འགོ་ཁྲིད་དང་རྩ་འཛུགས་སྡེ་ཁག་གི་འགོ་ཁྲིད་ཀྱིས་འགན་འཁུར་བ། འབྲེལ་ཡོད་སྡེ་ཁག་གིས་ཧུར་ཐག་གིས་གཞོགས་འདེགས་བྱེད་པ། ལས་བྱེད་པ་མང་ཚོགས་རྒྱ་ཆེ་བར་ཞུགས་པའི་བྱ་བའི་ཆགས་སྟངས་ཤིག་གྲུབ་དགོས་པ་དང་། དཔྱད་ཞིབ་བྱེད་ཐབས་གཞན་དག་བར་དང་འབྲེལ་མཐུད་བྱེད་པར་དོ་སྣང་བྱས་ཏེ་དཔྱད་ཞིབ་ཡང་བསྐྱར་མི་བྱེད་པ་དང་། ལས་བྱེད་པའི་དཔྱད་ཞིབ་མཇུག་འབྲས་དོན་དངོས་སུ་ལེགས་པར་སྤྱད་ནས་རིམ་པ་སོ་སོའི་འགོ་ཁྲིད་ཚན་ཆུང་གི་འཛུགས་སྐྲུན་ཤུགས་ཡོད་ཀྱིས་སྤེལ་དགོས་ཤིང་། རིམ་པ་སོ་སོའི་རྩ་འཛུགས་དང་མི་དོན་སྡེ་ཁག་གི་འགན་ནུས་ཡོངས་སུ་བཏོན་ཞིང་དོན་དངོས་དང་ཟུང་འབྲེལ་བྱས་ནས་བྱེ་བྲག་གི་ལག་བསྟར་བསམ་འཆར་གཏན་འཁེལ་བྱེད་ཅིང་བྱ་བ་སོ་སོ་དངོས་འབེབས་བྱེད་དགོས།

  11、རྩ་འཛུགས་ཀྱི་ལག་བསྟར་ལེགས་པར་འཛིན་པ། དཔྱད་ཞིབ་འགན་འཁྲི་ལམ་ལུགས་འཐུས་ཚང་དུ་གཏོང་ཞིང་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས་དཔྱད་ཞིབ་བྱ་བའི་གཞུང་དྲང་ལ་དོན་དངོས་སུ་ཁག་ཐེག་བྱེད་དགོས་ཤིང་། དཔྱད་ཞིབ་བྱ་བའི་སྒྲིག་ལམ་ནན་མོ་བྱས་ནས་བྱ་བར་འགན་མི་འཁུར་པ་དང་དཔྱད་ཞིབ་བདེན་ཤོར་ཅན་གྱི་འགན་འཁུར་རྩད་གཅོད་བྱེད་དགོས། དཔྱད་ཞིབ་མི་སྣའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་བསྣན་ནས་བྱང་ཚད་ཅུང་མཐོ་བ་དང་ཐོབ་ཐང་འོས་འཚམ་ལྡན་པའི་མི་སྣས་དཔྱད་ཞིབ་ཚན་ཆུང་གྲུབ་སྟེ། ལྷག་པར་དུ་གཞུང་དྲང་བདེན་བཤད་དང་རྩ་དོན་རྒྱུན་འཁྱོངས། ཉམས་མྱོང་ཕུན་སུམ་ཚོགས་པའི་བློ་མཐུན་བདམས་ནས་ཙུའུ་ཀྲང་གི་འགན་འཁུར་དུ་འཇུག་དགོས། གསོ་སྦྱོང་སློབ་གསོ་ལ་དོ་སྣང་བྱས་ནས་དཔྱད་ཞིབ་མི་སྣའི་ཕྱོགས་བསྡུས་བྱང་ཚད་ཇེ་མཐོར་གཏོང་དགོས། ལས་བྱེད་པའི་བྱ་བའི་སྤུས་ཚད་ལ་དཔྱད་ཞིབ་གདེང་འཇོག་དང་གྲུབ་འབྲས་གདེང་འཇོག་ཧུར་ཐག་གིས་སྤེལ་ཞིང་། ལས་བྱེད་པའི་དཔྱད་ཞིབ་གདེང་འཇོག་གི་ཡིད་ཆེས་ཚད་མུ་མཐུད་དུ་ཇེ་མཐོར་བཏང་ནས་ལས་བྱེད་པའི་དཔྱད་ཞིབ་གདེང་འཇོག་ནང་རྐྱེན་ཕན་ཡོད་སྒོས་འཁོར་སྤྱོད་བྱེད་པར་ཁག་ཐེག་བྱེད་དགོས།

  12、དངོས་འཚོལ་གསར་སྐྲུན་རྒྱུན་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་དངོས་ཡོད་གཙོ་བོར་འཛིན་པ་དང་དངོས་ཕན་འཚོལ་བའི་རྩ་བའི་བླང་བྱ་ཁོང་དུ་ཆུད་ནས་ས་གནས་སོ་སོ་དང་སྡེ་ཁག་སོ་སོར་སྐུལ་ལྕག་བྱས་ཏེ། ཡུལ་བབ་དང་སྟུན་པའི་ཚན་རིག་དང་མཐུན་པའི་གོང་འཕེལ་གྱི་ལས་བྱེད་པའི་ཞིབ་བཤེར་གདེང་འཇོག་ནང་རྐྱེན་འཛུགས་པའི་བྱ་བ་སོ་སོ་ལེགས་པར་སྒྲུབ་ནས་ཕྱི་ཚུལ་རིང་ལུགས་གཏན་འགོག་བྱེད་དགོས། ད་ཡོད་པའི་ལམ་ལུགས་དང་གཏན་འཁེལ་སོ་སོ་ནན་ཏན་གྱིས་དངོས་འབེབས་བྱེད་པའི་མཉམ་དུ་གནས་ཚུལ་གསར་བ་ཞིབ་འཇུག་དང་གནད་དོན་གསར་བ་ཐག་གཅོད་བྱེད་ཅིང་། ལག་བསྟར་གསར་སྐྲུན་ནུས་ཤུགས་གསར་བ་ཇེ་ཆེར་གཏོང་བ་དང་། གཞི་རིམ་གྱི་གསར་སྐྲུན་ཐོག་མའི་སྙིང་སྟོབས་ལ་རྩི་བཀུར་བྱེད་ཅིང་ཕན་ཡོད་ཀྱི་འགྲོ་ལམ་དང་ཐབས་ཤེས་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས་ལས་བྱེད་པའི་ཞིབ་བཤེར་གདེང་འཇོག་ནང་རྐྱེན་རིམ་བཞིན་འཐུས་ཚང་བྱེད་དགོས། ལས་བྱེད་པའི་དཔྱད་ཞིབ་ཆ་ཚང་ལམ་ལུགས་ཀྱི་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་བསྣན་ཞིང་། རིམ་པ་དང་རིགས་སྣ་དགར་བའི་རྩ་དོན་གཞིར་བཟུང་སྟེ་བྱ་བའི་དམིགས་འབེན་འགན་འཁྲི་ལམ་ལུགས་དང་ལས་གནས་ལས་འགན་ཚད་ལྡན་འཚོལ་ཞིབ་བྱས་ནས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཐུན་མོང་བླང་བྱ་དང་ལས་གནས་ལས་འགན་གྱི་བླང་བྱ་ཁྱད་པར་ཅན་གཉིས་ཕན་ཚུན་གཅིག་གྱུར་ཡིན་པའི་དཔྱད་ཞིབ་ནང་དོན་དང་དམིགས་ཚད་རིམ་བཞིན་བཙུགས་ཏེ་ལས་བྱེད་པར་དཔྱད་ཞིབ་གདེང་འཇོག་བྱེད་པར་ཁུངས་ལུང་འདོན་དགོས། དཔྱད་ཞིབ་བྱེད་ཐབས་དང་ཐབས་ཤེས་གསར་བ་མ་དཔེར་བཀོལ་སྤྱོད་བྱེད་པར་མཐོང་ཆེན་བྱས་ནས་འབྲེལ་ཡོད་སྡེ་ཁག་གི་འགན་ནུས་འདོན་པར་དོ་སྣང་བྱེད་ཅིང་། སྲིད་གཞུང་གི་འབྲས་ཕན་དོ་དམ་གྱི་གྲུབ་འབྲས་ཡོངས་སུ་ནང་འདྲེན་བྱེད་པ་དང་། སྤྱི་ཚོགས་གདེང་འཇོག་དང་ཆེད་ལས་ལས་ཁུངས་ཀྱིས་དཔྱད་བསྡུར་བྱེད་པའི་བྱེད་ཐབས་འཚོལ་ཞིབ་དང་བེད་སྤྱོད་བྱས་ནས་དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་ཧུར་ཐག་གིས་བཀོལ་སྤྱོད་བྱས་ཏེ་ལས་བྱེད་པའི་དཔྱད་ཞིབ་གདེང་འཇོག་གི་བྱ་བའི་ཆུ་ཚད་མུ་མཐུད་དུ་ཇེ་མཐོར་གཏོང་དགོས།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།