ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཅོས་བསྒྱུར་གསར་སྐྲུན་གྱི་ཤུགས་ཚད་ཇེ་ཆེར་བཏང་ནས། ཞིང་ལས་དེང་རབས་ཅན་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བའི་སྐོར་གྱི་བསམ་འཆར་འགའ།

2014ལོར་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་དང་བཀོད་སྒྲིག་ནན་ཏན་སྒོས་ལག་ལེན་མཐར་ཕྱིན་བྱས་པ་དང་།ཞིང་སྡེའི་བཅོས་བསྒྱུར་ཤུགས་ཚད་ཇེ་ཆེར་བཏང་ནས་འབྲུ་རིགས་ཐོན་ཚད“བསྟུད་མར་ལོ་བཅུ་གཅིག་ལ་འཕར་བ”མངོན་འགྱུར་བྱུང་ཞིང་། ཞིང་པའི་ཡོང་སྒོ་མུ་མཐུད་དུ་མྱུར་དུ་འཕར་།ཞིང་སྡེའི་སྤྱི་པའི་ལས་དོན་རྒྱུན་མི་ཆད་པར་འཕེལ་རྒྱས་བྱུང་བ་དང་ཞིང་སྡེའི་སྤྱི་ཚོགས་འཆམ་མཐུན་དང་བརྟན་འཇགས་ཡིན་པས།བརྟན་བརླིང་ངང་འཕར་བ་དང་གྲུབ་ཚུལ་ལེགས་སྒྲིག  བཅོས་བསྒྱུར་ལ་སྐུལ་འདེད།དམངས་འཚོར་ཕན་པ་བཅས་ཀྱི་ཐད་ནས་འབུར་དུ་ཐོན་པའི་བྱས་རྗེས་བཞག་ཡོད།

     མིག་སྔར།  རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་རྒྱུན་ཚུལ་གསར་བ་མངོན་ཏེ།འཕར་ཚད་མགྱོགས་པ་ནས་འཕར་ཚད་མཐོ་འབྲིང་དུ་འགྱུར་བཞིན་ཡོད།དཔལ་འབྱོར་འཕར་ཚད་ཇེ་དལ་དུ་གྱུར་བའི་འོག་ཞིང་ལས་ཀྱི་རྨང་གཞིའི་གོ་གནས་ལ་ཇི་ལྟར་མུ་མཐུད་དུ་ཤུགས་སྣོན་པ་དང་།ཞིང་པའི་ཡོང་སྒོ་འཕར་བར་ཇི་ལྟར་སྐུལ་འདེད་གཏོང་བ་ནི་འགག་སྒྲོལ་བྱ་དགོས་པའི་གནད་དོན་ཆེན་པོ་ཞིག་ཏུ་གྱུར།རྒྱལ་ནང་གི་ཞིང་ལས་ཐོན་སྐྱེད་ཀྱི་མ་གནས་སྔར་ལས་མྱུར་དུ་འཕར་བ་དང་ཞིང་ལས་ཐོན་རྫས་ཆེ་གྲས་ཀྱི་རིན་གོང་རྒྱལ་སྤྱིའི་ཚོང་ར་ལས་མཐོ། “འགལ་རྐྱེན་གཉིས”ཀྱི་འོག་ཏུ་ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་སྲིད་ཇུས་ཇི་ལྟར་གསར་སྐྲུན་དང་།ཞིང་ལས་ཀྱི་འགྲན་རྩོད་ནུས་པ་ཇི་ལྟར་ཇེ་མཐོར་གཏོང་བ་ནི་ངེས་པར་ཐག་གཅོད་བྱ་དགོས་པའི་ཉམས་སད་ཆེན་པོ་ཞིག་ཡིན།རང་རྒྱལ་གྱི་ཞིང་ལས་ཐོན་ཁུངས་དཀོན་པ་དང་གསར་སྤེལ་བྱས་དྲགས་པ།སྦག་བཙོག་སྔར་ལས་ཇེ་ངན་དུ་གྱུར་བ་སོགས།ཐོན་ཁུངས་ཁོར་ཡུག་མི་བཟང་བའི་འོག་ཞིང་ལས་ཐོན་རྫས་མཁོ་སྤྲོད་དང་སྤུས་ཀའི་བདེ་འཇགས་ཇི་ལྟར་འགན་སྲུང་བྱེད་པ་དང་།ཞིང་ལས་བསྟུད་མར་འཕེལ་འཐུས་པའི་ནུས་པ་ཇི་ལྟར་ཇེ་མཐོར་གཏོང་བ་ནི་ངེས་པར་ཐག་གཅོད་བྱ་དགོས་པའི་འགྲན་སློང་ཆེན་པོ་ཞིག་རེད། མཁར་གྲོང་གི་ཐོན་ཁུངས་རྒྱུ་ཆ་འཁོར་སྐྱོད་སྔར་ལས་མགྱོགས་པ་དང་།  མཁར་གྲོང་ཕན་ཚུན་སྦྲེལ་ཤུགས་སྔར་ལས་ཇེ་དྲག་ཏུ་གྱུར།གྲོང་རྡལ་ཅན་གཏིང་ཟབ་ཏུ་སྤེལ་བའི་གནས་ཚུལ་འོག་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇི་ལྟར་ཇེ་མགྱོགས་སུ་བཏང་ནས་མཁར་གྲོང་མཉམ་དུ་དར་རྒྱས་འབྱུང་བ་ནི་ངེས་པར་ཐག་གཅོད་གང་ལེགས་བྱ་དགོས་པའི་གནད་དོན་ཆེན་པོ་ཞིག་ཏུ་གྱུར།དཀའ་ཁག་འདི་དག་ཐག་གཅོད་པ་ནི་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི“ཞིང་གསུམ”བྱ་བའི་ལས་འགན་ཆེན་པོ་ཞིག་རེད།དེའི་ཕྱིར། “ཞིང་གསུམ”གནད་དོན་ཐག་གཅོད་བཟང་པོ་བྱེད་པ་དེ་ཏང་ཡོངས་ཀྱི་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བ་རྒྱུན་འཁྱོངས་བྱས་ནས།བཅོས་བསྒྱུར་ལས་སྒུལ་ཤུགས་འཚོལ་བ་དང་ཁྲིམས་སྐྱོང་ལས་འགན་སྲུང་ཅི་ཐུབ་བྱས་ཏེ།ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་བྱེད་པ་སྔར་ལས་ཇེ་མགྱོགས་སུ་གཏོང་དགོས།

      2015ལོར་ཞིང་ལས་དང་ཞིང་སྡེའི་བྱ་བའི་ཐད་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་པ་བཅས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ་དང་།ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང“མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ་བཅས་ཀྱིས་མཛུབ་སྟོན་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱི་གསུང་བཤད་གལ་ཆེན་རབས་དང་རིམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ།རང་འགུལ་གྱིས་དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་ཚུལ་གསར་བར་མཐུན་ཐབས་བྱེད་པ་དང་།འབྲུ་རིགས་ཐོན་ཚད་བརྟན་འཇགས་དང་ཡོང་སྒོ་འཕར་བ།སྤུས་ཀ་མཐོར་འདེགས་དང་ཕན་འབྲས་འཕར་བ། གསར་སྐྲུན་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་སྤྱིའི་བླང་བྱ་ལྟར།མུ་མཐུད་དུ་ཕྱོགས་ཡོངས་ནས་ཞིང་སྡེའི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་།   ཞིང་སྡེའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བྱེད་པ།  རྣམ་པ་གསར་བའི་བཟོ་ལས་ཅན་དང་ཆ་འཕྲིན་ཅན།   གྲོང་རྡལ་ཅན་བཅས་ཞིང་ལས་དེང་རབས་ཅན་དང་མཉམ་དུ་འཕེལ་རྒྱས་འབྱུང་བར་སྐུལ་སྤེལ་བཏང་སྟེ།  འབྲུ་རིགས་ཐོན་སྐྱེད་ཀྱི་ནུས་པ་མཐོར་འདེགས་ཅི་ཐུབ་བྱེད་པའི་སྟེང་གཏིང་ཤུགས་གསར་བ་སྔོག་འདོན་བྱེད་པ་དང་།   ཞིང་ལས་ཀྱི་གྲུབ་ཚུལ་ཇེ་ལེགས་སུ་གཏོང་བའི་ཐད་ཐབས་ལམ་གསར་བ་གཏོད་པ།ཞིང་ལས་ཀྱི་འཕེལ་སྟངས་བསྒྱུར་བའི་ཐད་འགག་སྒྲོལ་གསར་བ་སྙེག་པ།   ཞིང་པའི་ཡོང་སྒོ་འཕར་བའི་ཐད་གྲུབ་འབྲས་གསར་བ་ལེན་ཐབས་བྱེད་པ།ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་གོམ་པ་གསར་བ་སྤོ་བ་བཅས་ཀྱིས་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འབྱུང་བར་འདེགས་སྐྱོར་ནུས་ལྡན་བྱ་དགོས།

    དང་པོ།  དེང་རབས་ཞིང་ལས་འཛུགས་སྐྲུན་ལ་དམིགས་ནས་ཞིང་ལས་འཕེལ་སྟངས་མྱུར་དུ་བསྒྱུར་དགོས།

    ཀྲུང་གོ་སྟོབས་ལྡན་དུ་བསྒྱུར་ན་ངེས་པར་ཞིང་ལས་དར་རྒྱས་སུ་གཏོང་དགོས།ཞིང་ལས་དར་རྒྱས་སུ་གཏོང་ན་ངེས་པར་ཐོན་ཚད་སྙེག་པ་དང་ཐོན་ཁུངས་ཟད་གྲོན་བྱེད་པའི་བདག་གཉེར་རགས་ལས་དེ་མྱུར་དུ་གཞི་ཁྱོན་དང་སྤུས་ཀ་གཉིས་ལ་གཙིགས་འཛིན་དང་།འགྲན་རྩོད་ནུས་པ་ཇེ་མཐོར་གཏོང་བར་དོ་སྣང་བྱེད་པ།ཞིང་ལས་ཚན་རྩལ་གསར་སྐྲུན་དང་བསྟུད་མར་འཕེལ་འཐུས་པའི་ལེགས་བསྡུས་ཞིབ་གཉེར་ལའང་དོ་སྣང་བྱས་ཏེ།ཐོན་སྐྱེད་ཀྱི་ཕན་འབྲས་མཐོ་བ་དང་ཐོན་རྫས་བདེ་འཇགས་ཡིན་པ།ཐོན་ཁུངས་གྲོན་ཆུང་།   ཁོར་ཡུག་བཟང་བ་བཅས་ཀྱི་དེང་རབས་ཞིང་ལས་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་དགོས།

    1.  རྒྱུན་མི་ཆད་པར་འབྲུ་རིགས་ཐོན་སྐྱེད་ཀྱི་ནུས་པ་ཇེ་དྲག་ཏུ་གཏོང་བ།ཧྲིན་ཀྲང་གིས་འབྲུ་རིགས་ཀྱི་འགན་ཁུར་པའི་ལམ་ལུགས་སྔར་ལས་ཀྱང་འཐུས་ཚང་དང་དངོས་འབེབས་བྱ་དགོས།འབྲུ་རིགས་ཐོན་སྐྱེད་བྱེད་པའི་ཞིང་ཆེན་གཙོ་བོ་དང་རྫོང་གཙོ་བོར་ཕྱོགས་ཞེན་བྱེད་པའི་སྲིད་ཇུས་སྔར་ལས་ཇེ་དྲག་ཏུ་བཏང་ནས།   འབྲུ་རིགས་ཐོན་ཚད་མང་བའི་རྫོང་གིས་ཞིང་ལས་ལ་གཙིགས་འཛིན་དང་འབྲུ་རིགས་བདག་སྐྱོང་བྱས་པར་ཕན་ཁེ་རེག་ཏུ་འཇུག་པ་དང་འཕེལ་རྒྱས་འབྱུང་བར་ཁག་ཐེག་བྱ་དགོས།འབྲུ་རིགས་འཛད་སྤྱོད་ཁུལ་གཙོ་བོས་རང་ས་ཆའི་འབྲུ་རིགས་ཐོན་སྐྱེད་ཀྱི་འགན་འཁྲི་དངོས་གནས་དང་ལེན་བྱ་དགོས།ཡུན་རིང་གཞི་རྩའི་ས་ཞིང་གཏན་འཁེལ་བྱེད་པའི་བྱ་བ་ཁྱོན་ཡོངས་ནས་སྤེལ་དགོས།  རྒྱལ་ཡོངས་ཀྱི་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད་གཅིག་གྱུར་གྱིས་ལག་བསྟར་བྱ་དགོས།རྨོ་ཞིང་གི་སྤུས་ཀ་སྲུང་སྐྱོང་དང་ཇེ་མཐོར་གཏོང་དགོས།འཛུགས་སྐྲུན་ཐད་བཀོལ་བའི་རྨོ་ཞིང་གི་ས་ཤུན་ཡང་བསྐྱར་བེད་སྤྱོད་པ་ཁྱོན་ཡོངས་ནས་ལག་བསྟར་བྱ་དགོས།འབྲུ་རིགས་ཐོན་སྐྱེད་རྩོལ་ནུས་ཁུལ་འཛུགས་པར་འཚོལ་ཞིབ་བྱེད་པ་དང་།བཟའ་འབྲུ་ཐོན་སྐྱེད་ནུས་པ་དེ་ཞིང་ས་རེ་རེར་དངོས་འབེབས་དང་འགན་སྲུང་བྱེད་ཐབས་ལས་གཞི་བྱེ་བྲག་ཏུ་དངོས་འབེབས་བྱ་དགོས།མ་དངུལ་གཏོང་བ་དང་གྲབས་གསོག་བྱེད་པའི་ནང་རྐྱེན་གསར་སྐྲུན་བྱེད་པ་དང་མ་དངུལ་གཏོང་ཚད་ཇེ་ཆེར་བཏང་སྟེ།སྟོབས་ཤུགས་བསྒྲིལ་ནས་ཆུ་འདྲེན་པ་དང་སྙོམ་སྒྲིག་བྱེད་པའི་བཟོ་འགོད་ཆེན་པོ་དང་ཆུ་ཁུངས་གཙོ་བོའི་བཟོ་འགོད།གཙང་པོ་དང་ཆུ་བོ།  མཚེའུ་བཅས་བཅོས་སྐྱོང་བྱེད་པའི་རྐང་འཛིན་བཟོ་འགོད་སྐོར་ཞིག་མྱུར་དུ་འཛུགས་སྐྲུན་བྱེད་པ་དང་།ཆུ་གྲོན་ཆུང་དང་ཆུ་འདོན་སྤྲོད་བྱེད་པའི་ཆུ་བེད་བཟོ་འགོད་ཆེན་པོའི་ས་ཞིང་གི་ཁ་གསབ་དང་།རྨོ་ཞིང་གཞན་སྤྱོད་དང་ཁ་གསབ་དོ་མཉམ་བྱེད་པའི་ཐད་ལྕགས་ལམ་སོགས་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་ལས་གཞི་ཆེན་པོ་དང་འདྲ་བའི་སྲིད་ཇུས་ལག་བསྟར་བྱ་དགོས།ཆུ་འདྲེན་ས་ཞིང་མང་བ་དང་ཡང་ན་ཅུང་ཙམ་མང་བའི་ས་ཆར་ཆ་སྡེབ་མཐུད་འཛུགས་དང་ཆུ་གྲོན་ཆུང་བྱེད་པའི་སྒྱུར་བཀོད་བྱེད་ཚད་སྔར་ལས་ཇེ་མགྱོགས་སུ་གཏོང་བ་དང་།དེང་རབས་ཆུ་འདྲེན་ས་ཞིང་མྱུར་དུ་འཛུགས་སྐྲུན་བྱེད་པ།   རྨོ་ཞིང་གི་ཆུ་བེད་རྨང་གཞིའི་སྒྲིག་བཀོད་ཆུང་གྲས་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་བཅས་བྱ་དགོས།འབྲུ་རིགས་ལོ་ལེགས་འབྱུང་བའི་ཚན་རྩལ་བཟོ་འགོད་དང་ས་ཞིང་བ་ཚྭ་ཅན་སྒྱུར་བཀོད་བྱེད་པའི་ཚན་རྩལ་དཔེ་སྟོན་ལག་བསྟར་བྱ་དགོས།འབྲུ་རིགས་ཐོན་ཚད་མཐོ་བ་དང་ལྗང་མདོག་འབྲུ་རིགས་ཐོན་འཕར་འབྱུང་བའི་དཔེ་དབྱིབས་གསར་སྐྲུན་དང་འགག་སྒྲོལ་བྱ་དགོས།རྩི་ཤིང་སྲུང་སྐྱོང་བྱེད་པའི་འཛུགས་སྐྲུན་བཟོ་འགོད་ལག་བསྟར་བྱེད་པ་དང་།  ཞིང་ལས་ལོ་ཏོག་གི་འབུ་ནད་ལ་ཆེད་ལས་ཅན་གྱི་འགོག་བཅོས་བྱ་དགོས།

   2.  ཞིང་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག་བྱེད་པར་སྐུལ་འདེད་བྱ་དགོས།   ཚན་རིག་ལྟར་ཞིང་ལས་ཐོན་རྫས་གཙོ་བོའི་རང་ཁ་རང་གསོའི་ཆུ་ཚད་གཏན་འཁེལ་བྱེད་པ་དང་།ལུགས་མཐུན་སྒོས་ཞིང་ལས་ཐོན་ལས་འཕེལ་རྒྱས་ཀྱི་གོ་རིམ་བཀོད་སྒྲིག་བྱ་དགོས།  སྣུམ་རྫས་དང་མངར་ཆའི་རྒྱུ་ཆ།རང་བྱུང་འགྱིག་བཅས་ཐོན་སྐྱེད་ཀྱི་ནུས་པ་འཛུགས་སྐྲུན་བྱེད་པའི་འཆར་འགོད་ལག་བསྟར་བྱེད་མགོ་བརྩམ་དགོས།  རྩྭ་སའི་ཕྱུགས་ལས་འཕེལ་ཚད་ཇེ་མགྱོགས་སུ་བཏང་ནས་མ་རྨོས་ལོ་ཏོག་སྔོན་པོ་དང་འབུ་སུ་ཧང་སོགས་གཟན་རྩྭ་དང་གཟན་ཆས་འདེབས་པར་རྒྱབ་སྐྱོར་བྱེད་པ་དང་།འབྲུ་རིགས་གཟན་ཆས་སུ་བསྒྱུར་བ་དང་འདེབས་གསོ་ཟུང་འབྲེལ་གྱི་དཔེ་དབྱིབས་ཚོད་ལྟ་བྱས་ནས།འབྲུ་རིགས་དང་དཔལ་འབྱོར་ལོ་ཏོག   གཟན་རྩྭ་གཟན་ཆས་བཅས་འདེབས་པའི་གྲུབ་ཚུལ་མཐུན་སྦྱོར་ངང་འཕེལ་བར་བྱ་དགོས།ས་གནས་སོ་སོའི་ཐོན་ཁུངས་ཀྱི་ལེགས་ཆ་གཞིར་བཟུང་སྟེ་ཤུགས་ཆེན་པོས་ཁྱད་ཆོས་ལྡན་པའི་ཞིང་ལས་གསོ་སྐྱོང་བྱ་དགོས།   ཞིང་ལས་ཕྱོགས་བསྡུས་གསར་སྤེལ་གྱི་ཁྱབ་སྟངས་ལེགས་སྒྲིག་བྱ་དགོས།   འབྲུ་རིགས་ཐོན་ཁུལ་གཙོ་བོ་ནས་ཕྱུགས་ལས་འཕེལ་རྒྱས་དང་འབྲུ་རིགས་ལས་སྣོན་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་།   ཞིང་ལས་ཐོན་རྫས་དེ་ཐོན་ས་ནས་ལས་སྣོན་རགས་ཙམ་བྱེད་པར་ཁ་གསབ་བྱེད་པའི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་པ་དང་།ཞིང་ལས་ཐོན་རྫས་ལས་སྣོན་ཞིབ་མོ་བྱེད་ཤུགས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས།ལྡུམ་རའི་ལག་རྩལ་ལོ་ཏོག་ཚད་ལྡན་ཡིན་པའི་ལྡུམ་ར་གསར་སྐྲུན་བྱེད་པ་དང་ལྡུམ་རའི་ལག་རྩལ་ཐོན་རྫས་ཀྱི་སྤུས་ཀ་མཐོར་འདེགས་དང་ཕན་འབྲས་ཇེ་མཐོར་གཏོང་བའི་བཟོ་འགོད་མུ་མཐུད་དུ་ལག་བསྟར་བྱ་དགོས།   ཕག་དང་བཞོན་མ།བཤའ་ཟོག  བཤའ་ལུག་བཅས་ཚད་གཞི་ཅན་གྱི་གཞི་ཁྱོན་ལྡན་པའི་གསོ་སྤེལ་ར་བ ཁུལ་ཆུང  འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་བ་དང་།   སྒོ་ཕྱུགས་དང་ཁྱིམ་བྱའི་རྒྱུད་བཟང་བཟོ་འགོད་ལག་བསྟར་བྱེད་པ།གཞི་ཁྱོན་ཅན་དང་ལེགས་བསྡུས་ཞིབ་གཉེར་ཅན།  ཚད་གཞི་ཅན་བཅས་ཀྱིས་སྒོ་ཕྱུགས་དང་ཁྱིམ་བྱ་གསོ་བ་ཇེ་མགྱོགས་སུ་བཏང་ནས།   ཕྱུགས་ལས་ཀྱི་འགྲན་རྩོད་ནུས་པ་ཇེ་དྲག་ཏུ་གཏོང་དགོས།   སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས།   ཆུའི་ཐོན་རྫས་བདེ་ཐང་ངང་གསོ་བར་སྐུལ་འདེད་དང་ཚད་གཞི་ཅན་གྱི་རྫིང་བུ་བསྒྱུར་བཀོད་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ།  མཚོ་ཐོག་ཉ་གྲུ་གསར་བསྒྱུར་དང་བསྒྱུར་བཀོད་བྱེད་པར་མུ་མཐུད་དུ་རྒྱབ་སྐྱོར་བྱེད་པ།    ཉ་ལས་དོ་དམ་དང་གྲུ་ཁ་སོགས་ཉ་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།

   3.  ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་དང་ཟས་རིགས་བདེ་འཇགས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་དགོས།རྫོང་དང་ཤང་གི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་དང་ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་བྱེད་པའི་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།ཞིང་ལས་ཐོན་རྫས་ཀྱི་དོ་དམ་ནན་མོ་བྱེད་པ་དང་ཤུགས་ཆེན་པོས་ཞིང་ལས་ཚད་གཞི་ཅན་གྱིས་ཐོན་སྐྱེད་བྱེད་དགོས།   ཞིང་ལས་ཐོན་རྫས་གལ་ཆེན་གྱི་ཐོན་སྐྱེད་རྟེན་གཞི་དང་སྡེབ་འཚོང་ཚོང་རའི་སྤུས་ཀ་བདེ་འཇགས་ཞིབ་དཔྱད་ཚད་ལེན་འགྲོ་གྲོན་ལ་ཁ་གསབ་བྱེད་པའི་སྲིད་ཇུས་དངོས་འབེབས་བྱ་དགོས།ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་དང་ཟས་རིགས་བདེ་འཇགས་ཀྱི་ཆ་འཕྲིན་གོ་རིམ་ཧྲིལ་བོར་ཁུངས་འདེད་ཆོག་ལ་ཕན་ཚུན་མཉམ་སྤྱོད་ཐུབ་པའི་སྟེགས་བུ་འསྐྲུན་དགོས།ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་བདེ་འཇགས་ཡིན་པའི་རྫོང་དང་ཟས་རིགས་བདེ་འཇགས་ཡིན་པའི་གྲོང་ཁྱེར་གསར་སྐྲུན་བྱ་འགུལ་སྤེལ་དགོས།ཤུགས་ཆེན་པོས་ཞིང་ལས་ཐོན་རྫས་གྲགས་ཅན་དང་ཁྱད་ལྡན།སྤུས་ལེགས་བཅས་འཕེལ་རྒྱས་སུ་བཏང་ནས་ཚོང་རྟགས་གྲགས་ཅན་གསོ་སྐྱོང་བྱ་དགོས།ཟས་རིགས་བདེ་འཇགས་ལྟ་སྐུལ་དོ་དམ་བྱེད་པའི་ཕྱོགས་བསྡུས་མཐུན་སྦྱོར་ལམ་ལུགས་འཐུས་ཚང་དུ་བཏང་ནས་ས་གནས་སྲིད་གཞུང་གི་ཁྲིམས་བཀོད་འགན་འཁྲི་ཇེ་དྲག་ཏུ་གཏོང་དགོས།ཕྱི་ཐོན་གནོད་ཐེབས་སྐྱེ་དངོས་འགོག་སྲུང་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས་ཞིང་ལས་དང་ནགས་ལས་ཐོན་སྐྱེད་བདེ་འཇགས་ཡོང་བར་བྱ་དགོས།ཐོན་སྐྱེད་བདག་གཉེར་མཁན་གྱི་འགན་འཁྲི་གཙོ་བོ་དངོས་འབེབས་བྱེད་པ་དང་ཟས་རིགས་བདེ་འཇགས་ཕྱོགས་ཀྱི་ཁྲིམས་འགལ་ཉེས་བཟོ་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ནན་མོ་བྱས་ཏེ།མང་ཚོགས་ཀྱི་བདེ་འཇགས་སྣང་བ་དང་ཡིད་ཚིམ་པའི་སྣང་བ་ཇེ་མཐོར་གཏོང་དགོས།

   4.  ཚན་རྩལ་གསར་སྐྲུན་ལ་བརྟེན་ནས་ཞིང་ལས་འཕེལ་རྒྱས་སུ་གཏོང་བའི་ནུས་པ་ཇེ་དྲག་ཏུ་གཏོང་དགོས།ཞིང་ལས་ཚན་རྩལ་གསར་སྐྲུན་ལ་སྐུལ་ལྕག་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་།ཚན་རིག་ཞིབ་འཇུག་གླིང་དང་སའོ།མཐོ་རིམ་སློབ་གྲྭའི་ཚན་རིག་ཞིབ་འཇུག་མི་སྣ་དང་ཁེ་ལས་ཀྱི་འཇོན་མིས་ཕན་ཚུན་སྐོར་སྐྱོད་དང་ལས་འགན་གཅིག་ལྕོགས་སུ་འཁུར་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།ཚན་རིག་ཞིབ་འཇུག་གྲུབ་འབྲས་ཀྱི་བཀོལ་སྤྱོད་དང་ཐག་གཅོད།ཕན་ཁེ་དོ་དམ།ཚན་རྩལ་མི་སྣར་མ་རྐང་ཁེ་དབང་གིས་སྐུལ་མ་གཏོང་བའི་བཅོས་བསྒྱུར་ཚོད་ལྟ་བྱས་ཏེ།ཚན་རྩལ་མི་སྣའི་གསར་སྐྲུན་དང་ལས་ལ་བརྩོན་པའི་བརྩོན་སེམས་སྐུལ་སློང་བྱ་དགོས།ཞིང་ལས་ཚན་རྩལ་འཆར་འགོད་དང་འཆར་གཞི།ཚན་རྩལ་ཐོན་ཁུངས་བཅས་ལེགས་བསྒྱུར་དང་ཧྲག་སྡེབ་བྱེད་པའི་མཐུན་སྦྱོར་ནང་རྐྱེན་འཛུགས་པ་དང་།རྒྱལ་ཁབ་ཀྱི་ཚན་རིག་ཞིབ་འཇུག་རྨང་གཞིའི་སྒྲིག་བཀོད་དང་ཚན་རིག་ཞིབ་འཇུག་དཔྱད་ཆས་ཆེ་གྲས་སྤྱི་ཚོགས་ལ་ཕྱོགས་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།ཁེ་ལས་ཀྱིས་ཞིང་ལས་ཚན་རྩལ་ཞིབ་འཇུག་དང་གསར་སྤེལ་བྱེད་པར་ཁྲིད་སྟོན་དང་རོགས་སྐྱོར་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས།ཁེ་ལས་དེ་ལག་རྩལ་གསར་སྐྲུན་དང་བཀོལ་སྤྱོད་བྱེད་པའི་བདག་པོར་བསྒྱུར་དགོས།ཞིང་ལས་ཚན་རྩལ་གསར་སྐྲུན་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས་སྐྱེ་དངོས་སོན་གསོ་དང་རིག་ནུས་ཞིང་ལས།ཞིང་ལས་འཕྲུལ་ཆས་སྒྲིག་སྦྱོར།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་སུ་འགག་སྒྲོལ་ཆེན་པོ་ལེན་ཐབས་བྱ་དགོས།ཞིང་ལས་ཚན་རྩལ་དང་གསར་སྐྲུན་མནའ་འབྲེལ་རོགས་ལས་བྱེད་པ་དང་།རྒྱལ་ཁབ་ཀྱི་ཞིང་ལས་ཚན་རྩལ་ར་བ་ནས་ཞིང་ལས་ཚན་རྩལ་ཕྱོགས་ཀྱི་དངུལ་རྩ་དང་ཆ་འཕྲིན།ཚོང་རྟགས་བཅས་ཀྱི་ཞབས་ཞུ་སྟེགས་བུ་འཛུགས་དགོས།ཞིང་ལས་ཚན་རྩལ་གྲུབ་འབྲས་ཉོ་ཚོང་ལྟེ་གནས་འཛུགས་པར་འཚོལ་ཞིབ་བྱ་དགོས།ཚན་རིག་ཞིབ་འཇུག་གླིང་དང་སའོ།  མཐོ་རིམ་སློབ་གྲྭ།  དེ་མིན་ཞིང་སྡེ་གསར་བ་འཕེལ་རྒྱས་ཞིབ་འཇུག་གླིང་།ལས་རིགས་སློབ་གླིང་དང་སློབ་གྲྭ།    ཚན་རྩལ་ཆེད་མངགས་པའི་དཔུང་སྡེ་བཅས་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་བསྒྱུར་བའི་ཁྲོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།འདེབས་ལས་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་ཀྱི་ཁེ་དབང་བགོ་བཤའ་རྒྱག་པའི་བཅོས་བསྒྱུར་ཚོད་ལྟ་བྱས་ནས།གྲུབ་འབྲས་ལེགས་འགྲུབ་མཁན་གྱིས་མཉམ་དུ་ལོངས་སུ་སྤྱོད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།ས་བོན་བཟོ་འགོད་མུ་མཐུད་དུ་ལག་བསྟར་བྱེད་པ་དང་།   ཧེ་ནན་དང་ཀན་སུའུ།སི་ཁྲོན་བཅས་རྒྱལ་ཁབ་རིམ་པའི་སོན་གསོ་སོན་བཟོ་རྟེན་གཞི་ཆེན་པོ་གསུམ་འཛུགས་སྐྲུན་བྱ་དགོས།ཞིང་ལས་ཀྱི་རྒྱུད་འཛིན་བསྒྱུར་བྱེད་སྐྱེ་དངོས་ལག་རྩལ་ཞིབ་འཇུག་དང་བདེ་འཇགས་དོ་དམ།ཚན་རིག་ཁྱབ་གདལ་བཅས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས།ཞིང་ལས་འཕྲུལ་ཆས་དང་རྫས་འགྱུར་ལུད།ཞིང་སྨན་བཅས་ཁེ་ལས་ཀྱི་ལག་རྩལ་གསར་སྐྲུན་ལ་རྒྱབ་སྐྱོར་བྱ་དགོས།

   5.  ཞིང་ལས་ཐོན་རྫས་འཁོར་རྒྱུག་བྱེད་སྟངས་གསར་སྐྲུན་བྱ་དགོས།རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཚོང་རའི་མ་ལག་བསྒྱུར་བ་དང་རིམ་སྤར་མྱུར་ཚད་ཇེ་མགྱོགས་སུ་གཏོང་བ་དང་།སྒྲིག་བཀོད་འཛུགས་སྐྲུན་དང་ཆ་སྡེབ་ཞབས་ཞུ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ཞིང་ཉོ་ཚོང་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་འཁོར་རྒྱུག་རྐང་འཛིན་དྲ་བ་འཐུས་ཚང་དུ་བཏང་ནས།  ཞིང་ལས་ཐོན་རྫས་གལ་ཆེན་གསོག་ཉར་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་དགོས།འབྲུ་རིགས་རྒྱ་མ་དུང་ཕྱུར་ཤོང་བའི་མཛོད་ཁང་འཛུགས་སྐྲུན་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་།ཀྲུང་དབྱང་དང་ས་གནས་ཀྱི་འགན་འཁྲི་གསལ་བོ་ཡིན་པའི་འབྲུ་རིགས་གསོག་ཉར་ནང་རྐྱེན་མྱུར་དུ་ཆགས་སུ་བཅུག་ནས།འབྲུ་རིགས་གསོག་ཉར་འགན་སྲུང་གི་ནུས་པ་ཇེ་མཐོར་གཏོང་དགོས།མུ་མཐུད་དུ་ཞིང་ཁྱིམ་གྱིས་ཚན་རིག་ལྟར་འབྲུ་རིགས་གསོག་ཉར་བྱེད་པའི་བཟོ་འགོད་ལག་བསྟར་བྱ་དགོས། ཞིང་ལས་ཐོན་རྫས་ཐོན་ཡུལ་གྱི་ཚོང་རའི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་།ས་ཁོངས་བརྒལ་བའི་དངོས་ཟོག་འཁྱག་ཉར་མུ་འབྲེལ་འཁོར་རྒྱུག་མ་ལག་མྱུར་དུ་འཛུགས་ཤིང་།མུ་མཐུད་དུ་སྤྱི་ཕན་རང་བཞིན་གྱི་ཞིང་ལས་ཐོན་རྫས་སྡེབ་འཚོང་ཚོང་རའི་འཛུགས་སྐྲུན་ཚོད་ལྟ་བྱ་དགོས།མཉམ་ལས་ཁང་དང་རང་འདེམས་ཚོང་ཁང་།སློབ་གྲྭ།  ཁེ་ལས།སྡེ་ཁུལ་བཅས་བར་མཐུད་པར་བྱ་དགོས།ཞིང་ལས་ཐོན་རྫས་འདྲེན་འཚོང་ཁྲོད་རང་འདོད་ལྟར་གྲོན་དངུལ་བསྡུ་བའི་གནད་དོན་གཙང་སེལ་དང་དག་ཐེར་བྱ་དགོས།ཞིང་ལས་ཐོན་རྫས་དུས་བཅད་ཚོང་ཟོག་ལྟར་ཉོ་ཚོང་བྱེད་པ་འཕེལ་རྒྱས་སུ་གཏོང་བ་དང་།ཞིང་ལས་ཐོན་རྫས་དུས་བཅད་ཚོང་ཟོག་ལྟར་ཉོ་ཚོང་བྱེད་པའི་སྣ་ཁ་གསར་བ་གསར་སྤེལ་བྱ་དགོས།གློག་རྡུལ་ཚོང་དོན་དང་དངོས་ཟོག་འཁོར་རྒྱུག  ཚོང་ལས་ཉོ་ཚོང་།དངུལ་རྩ་སོགས་ཁེ་ལས་ཞིང་ལས་དང་སྦྲེལ་བའི་གློག་རྡུལ་ཚོང་དོན་སྟེགས་བུ་འཛུགས་སྐྲུན་བྱེད་པའི་ནང་ཞུགས་པར་རྒྱབ་སྐྱོར་བྱ་དགོས།  གློག་རྡུལ་ཚོང་དོན་ཞིང་སྡེར་སྐྱོད་པའི་ཕྱོགས་བསྡུས་དཔེ་སྟོན་བྱ་དགོས།

   6.  ཞིང་ལས་ཀྱི་སྐྱེ་ཁམས་བཅོས་སྐྱོང་ཐད་ཤུགས་སྣོན་དགོས།ཞིང་ལས་ཀྱི་ཁོར་ཡུག་འབུར་ཐོན་གནད་དོན་བཅོས་སྐྱོང་བྱེད་པའི་སྤྱིའི་འཆར་འགོད་དང་ཞིང་ལས་བསྟུད་མར་འཕེལ་འཐུས་པའི་འཆར་འགོད་ལག་བསྟར་བྱ་དགོས།ཞིང་ལས་ལ་སྦག་བཙོག་ཐེབས་ཚུལ་བཅོས་སྐྱོང་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་།ས་རྒྱུད་ཚད་ལེན་གནས་ཚུལ་ལྟར་ལུད་འཇོག་པ།སྐྱེ་དངོས་སྐྱེ་ལྡན་ལུད་དང་དུག་ཉུང་ལ་ལྷག་ལུས་ཉུང་བའི་ཞིང་སྨན་ཁྱབ་གདལ་ཅི་ཐུབ་བྱེད་པ།སོག་མ་དང་སྒོ་ཕྱུགས།ཁྱིམ་བྱ་བཅས་ཀྱི་གཅིན་ལུད་ཐོན་ཁུངས་ཅན་གྱིས་བེད་སྤྱོད་དང་ཞིང་ཁའི་ལྷག་ལུས་འགྱིག་ཤོག་ཕྱིར་བསྡུ་བའི་ས་ཁོངས་རང་བཞིན་གྱི་དཔེ་སྟོན་བྱ་བ་སྤེལ་ན།   གཏན་འཁེལ་ལྟར་འབྲེལ་ཡོད་ནོར་ཁྲལ་སྲིད་ཇུས་ལོངས་སུ་སྤྱད་ཆོག    སྒོ་ཕྱུགས་དང་ཁྱིམ་བྱ་གཞི་ཁྱོན་ལྡན་པའི་ངང་གསོ་སྤེལ་བྱེད་པའི་ཁོར་ཡུག་བཟང་མིན་གདེང་འཇོག་ལམ་ལུགས་དངོས་འབེབས་བྱས་ནས།ཤུགས་ཆེན་པོས་ཞིང་ལས་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་དགོས།  རྩྭ་སའི་སྐྱེ་ཁམས་སྲུང་སྐྱོང་ཐད་ཁ་གསབ་བྱ་དགའ་གནང་བའི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱས་ཏེ།    ནུབ་བྱང་གི་ཐན་སྐྱོན་ཐེབས་ཁུལ་གྱི་ཞིང་ཕྱུགས་ལས་བསྟུད་མར་འཕེལ་འཐུས་པ་དང་།ཞིང་ཕྱུགས་འབྲེལ་སའི་སློག་ཟིན་པའི་རྩྭ་ས་བཅོས་སྐྱོང་བྱེད་པ།བྱང་ཤར་གྱི་ས་ནག་སྲུང་སྐྱོང་བཅས་ཀྱི་ཚོད་ལྟ་བྱ་བ་སྤེལ་དགོས།ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་གསོ་སྤེལ་སྲུང་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་དགོས།

     འཆར་འགོད་དང་འཛུགས་སྐྲུན་བྱེད་བཞིན་པའི་ཆུའི་ཐོན་ཁུངས་རིགས་པས་སྒྲུབ་པའི་ལམ་ལུགས་དང་རྒྱལ་ཁབ་ཆུའི་ཐོན་ཁུངས་ལྟ་ཞིབ་བྱེད་པའི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།ཆུ་གྲོན་ཆུང་བྱེད་པའི་ལག་རྩལ་ཤུགས་ཆེན་པོས་ཁྱབ་གདལ་གཏོང་བ་དང་།   ས་ཁོངས་གཞི་ཁྱོན་ཅན་དང་ཕན་འབྲས་བཟང་བའི་ཆུ་འདྲེན་འགུལ་སྐྱོད་ཁྱོན་ཡོངས་ནས་ལག་བསྟར་བྱ་དགོས།   ཆུར་སྦག་བཙོག་ཐེབས་པ་སྔོན་འགོག་དང་ཆུའི་སྐྱེ་ཁམས་སྲུང་སྐྱོང་བྱེད་ཤུགས་སྔར་ལས་ཇེ་ཆེར་གཏོང་དགོས།རེབ་ཐེངས་གསར་བའི་རྨོ་བསྐྱུར་ནགས་གསོ་རྩྭ་འདེབས་བཟོ་འགོད་ལག་བསྟར་བྱེད་པ་དང་།ལྕགས་རིགས་ལྗིད་གྲས་ཀྱི་གནོད་པ་ཐེབས་པའི་རྨོ་ཞིང་གི་སླར་གསོ།ས་འོག་གི་ཆུ་ལེན་ཚད་མང་དྲགས་པའི་ས་ཁུལ་གྱི་ཕྱོགས་བསྡུས་བཅོས་སྐྱོང་།   རྨོ་བསྐྱུར་བརླན་གསོ་ཚོད་ལྟའི་ཁྱབ་ཁོངས་བཅས་ཀྱི་གཞི་ཁྱོན་ཇེ་ཆེར་གཏོང་བ་དང་།ཆུ་ཁུངས་གཙོ་བོའི་སྐྱེ་ཁམས་བཟང་བའི་འབབ་རྒྱུད་ཆུང་བ་སོགས་ས་ཆུ་སྲུང་འཛིན་བྱེད་པའི་གནད་སའི་བཟོ་འགོད་འཛུགས་སྐྲུན་བྱ་དགོས།  ཤུགས་ཆེན་པོས་ནགས་ལས་སྐྱེ་ཁམས་བཟོ་འགོད་ཆེན་པོ་སྤེལ་བ་དང་།  ནགས་སྐྲུན་བཟོ་འགོད་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ།  ནགས་ལས་ཐོན་ལས་དང་ཁྱད་ལྡན་དཔལ་འབྱོར་ནགས་ཚལ་འཕེལ་རྒྱས་སུ་གཏོང་དགོས།པེ་ཅིན་དང་ཐེན་ཅིན།ཧི་པེ་བཅས་དང་དར་གོས་འགྲུལ་ལམ་དཔལ་འབྱོར་རྒྱུད།འབྲི་ཆུའི་དཔལ་འབྱོར་རྒྱུད་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བྱ་དགོས།གནས་ཚུལ་གསལ་རྟོགས་དང་འཆར་གཞི་ཞིབ་མོ་འགོད་པ།མ་དངུལ་ཇེ་མང་དུ་གཏོང་བ་བཅས་ཀྱིས་རྒྱལ་ཡོངས་ཀྱི་རང་བྱུང་ནགས་ཚལ་སྲུང་སྐྱོང་གང་ལེགས་བྱ་དགོས།རང་བྱུང་ནགས་ཚལ་གྱི་ཐོན་ཁུངས་སྲུང་སྐྱོང་བཟོ་འགོད་ཀྱི་ཁ་གསབ་དང་ནགས་ཚལ་གྱི་སྐྱེ་ཁམས་ཕན་འབྲས་ཁ་གསབ་ཚད་གཞི་ཇེ་མཐོར་གཏོང་དགོས།  རང་བྱུང་ནགས་ཚལ་དུ་ཚོང་ལས་རང་བཞིན་གྱི་སྡོང་བོ་གཅོད་མཚམས་འཇོག་པའི་ཚོད་ལྟའི་བྱ་བ་མུ་མཐུད་དུ་རྒྱ་བསྐྱེད་དགོས།   བརླན་སའི་སྐྱེ་ཁམས་ཕན་འབྲས་ཁ་གསབ་དང་།བརླན་ས་སྲུང་སྐྱོང་བྱེད་པར་བྱ་དགའ་གནང་བའི་ཚོད་ལྟ།བྱེ་འགྱུར་ས་ཞིང་གི་བཀག་རྒྱ་སྲུང་སྐྱོང་ཁུལ་ལ་ཁ་གསབ་བྱེད་པའི་སྲིད་ཇུས་ལག་བསྟར་བྱ་དགོས།ཕྱུགས་བསྐྱུར་རྩྭ་འདེབས་དང་འབྲོག་ཁུལ་གྱི་གནོད་འགོག་གནོད་སེལ།  ལྷོ་རྒྱུད་རྩྭ་ས་གསར་སྤེལ་བེད་སྤྱོད་སོགས་བཟོ་འགོད་མྱུར་དུ་ལག་བསྟར་བྱ་དགོས།ཞིང་ལས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་འགན་འཁྲི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།འགན་འཁྲི་འདྲི་རྩད་བྱེད་པའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཇེ་དྲག་ཏུ་བཏང་ནས།  ཁྲིམས་ལྟར་དང་སྒྲིག་སྲོལ་ལྟར་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་བྱེད་པའི་བྱ་སྤྱོད་སྣ་ཚོགས་རྩད་གཅོད་ནན་མོ་བྱ་དགོས།

    7.  རྒྱལ་སྤྱི་དང་རྒྱལ་ནང་ཚོང་ར་གཉིས་ཀྱི་ཐོན་ཁུངས་གཅིག་གྱུར་གྱིས་བེད་སྤྱོད་པའི་ནུས་པ་ཇེ་མཐོར་གཏོང་དགོས།   ཞིང་ལས་ཐོན་རྫས་ནང་འདྲེན་དང་ཕྱིར་གཏོང་བ་ཚོད་འཛིན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ་དང་།ལེགས་ཆ་ལྡན་པའི་ཞིང་ལས་ཐོན་རྫས་ཕྱིར་གཏོང་བར་རྒྱབ་སྐྱོར་ཅི་ཐུབ་བྱེད་ཅིང་།ཞིང་ལས་ཐོན་རྫས་ནང་དུ་འདྲེན་པའི་གཞི་ཁྱོན་དང་མང་ཉུང་ཚོད་འཛིན་ནན་མོ་བྱ་དགོས།འབྲུ་རིགས་དང་སྲིང་བལ།  མངར་ཆ་སོགས་ཞིང་ལས་ཐོན་རྫས་གལ་ཆེན་གྱི་ནང་འདྲེན་ཕྱིར་གཏོང་དང་སྒོ་ཁྲལ་བགོ་བཤའི་བཅད་འབོར་ཕྱོགས་ཀྱི་དོ་དམ་སྔར་ལས་འཐུས་ཚང་དུ་གཏོང་ཞིང་།སྲིང་བལ་གྱི་རིམ་པ་མི་འདྲ་བ་ལྟར་རིན་གོང་མི་འདྲ་བའི་ཁྲལ་དངུལ་སྲིད་ཇུས་ལག་བསྟར་ནན་མོ་བྱ་དགོས།ཞིང་ལས་ཐོན་རྫས་ལྐོག་འཚོང་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱ་དགོས།མཐའ་མཚམས་སྡོད་དམངས་ཀྱིས་ཕན་ཚུན་ཉོ་ཚོང་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས།ཞིང་ལས་ཐོན་རྫས་ཀྱི་ཉོ་ཚོང་བྲིན་པར་རྒྱབ་སྐྱོར་བྱེད་པ་དང་།རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྡན་པའི་ཞིང་ལས་ཁེ་ལས་ཚོགས་པ་མྱུར་དུ་གསོ་སྐྱོང་བྱ་དགོས།  ཞིང་ལས་ཐད་ཕྱི་ཕྱོགས་མཉམ་ལས་བྱེད་པའི་པུའུ་རིམ་པའི་མཉམ་འབྲེལ་ཚོགས་འདུ་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།ཕྱི་ཕྱོགས་དང་ཞིང་ལས་ཐད་མཉམ་ལས་བྱེད་པའི་འཆར་འགོད་གཏན་འབེབས་བྱེད་པ་དམ་འཛིན་བྱ་དགོས།   ཞིང་ལས་ཐད་ཕྱི་ཕྱོགས་དང་མཉམ་ལས་བྱེད་པའི་དཔེ་དབྱིབས་གསར་སྐྲུན་བྱེད་པ་དང་།གཙོ་བོ་ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་དང་གསོག་སྐྱེལ།ཉོ་ཚོང་སོགས་གནད་འགག་གི་མཉམ་ལས་བྱེད་པར་ཤུགས་སྣོན་དགོས།མངའ་ཁོངས་ཕྱི་ནས་ཞིང་ལས་མཉམ་ལས་གསར་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་།ཚན་རྩལ་དཔེ་སྟོན་ར་བ་འཛུགས་སྐྲུན་དང་ལག་རྩལ་གསོ་སྦྱོང་དང་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་དཔེ་སྟོན།   ཚོང་རྟགས་ཁྱབ་གདལ་སོགས་ཞབས་ཞུ་སྤེལ་དགོས།  ཞིང་ལས་ཐད་ཕྱི་ཕྱོགས་དང་མཉམ་ལས་བྱེད་པར་མ་དངུལ་གཏོང་བ་དང་།ནོར་ཁྲལ།  དངུལ་རྩ།ཉེན་བཅོལ།  ཉོ་ཚོང་།   སྒོ་ཁྲལ་འགྲོ་ལུགས་སྒྲུབ་པ།ཞིབ་དཔྱད་དང་རིམས་ནད་བརྟག་ཞིབ་སོགས་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་འཐུས་ཚང་དུ་གཏོང་ཞིང་།དེ་མངའ་ཁོངས་ཕྱི་ནས་ཞིང་ལས་ཐོན་སྐྱེད་ཐད་དགོས་པའི་ཞིང་སྤྱོད་སྒྲིག་ཆས་དང་ཞིང་ལས་མཁོ་རྫས་མངའ་ཁོངས་ཕྱིར་སྐྱེལ་བའི་རོགས་སྐྱོར་སྲིད་ཇུས་སྟེང་དངོས་འབེབས་བྱ་དགོས།ཚོང་ཚོགས་རྩ་འཛུགས་སྣ་ཚོགས་ཀྱི་ཆ་འཕྲིན་ཞབས་ཞུ་དང་བཅའ་ཁྲིམས་བློ་འདྲི།རྩོད་གླེང་འདུམ་གཅོད་སོགས་ཕྱོགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།

   གཉིས་པ། ཞིང་པའི་ཡོང་སྒོ་འཕར་བར་ཡར་སྐུལ་བྱེད་པར་དམིགས་ནས་ཞིང་ཕན་སྲིད་ཇུས་ཀྱི་ཤུགས་ཚད་ཇེ་ཆེར་གཏོང་དགོས།

   ཀྲུང་གོ་སྟོབས་ལྡན་དུ་བསྒྱུར་ན་ཞིང་པ་ངེས་པར་ཕྱུག་པོར་བསྒྱུར་དགོས།ཞིང་པ་ཕྱུག་པོར་བསྒྱུར་ན།ངེས་པར་ཞིང་ལས་ནང་ཁུལ་གྱི་ཡོང་སྒོ་འཕར་བའི་གཏིང་ཤུགས་སྔོག་འདོན་ཅི་ཐུབ་བྱེད་པ་དང་།ཞིང་སྡེའི་ཐོན་ལས་གཉིས་པ་དང་གསུམ་པའི་ཡོང་སྒོ་འཕར་བའི་བར་གསེང་གསར་སྤེལ་བྱེད་པ།ཞིང་སྡེའི་ཕྱི་ཡི་ཡོང་སྒོ་འཕར་བའི་ཐབས་ལམ་རྒྱ་སྐྱེད་པ།སྲིད་ཇུས་སྟེང་ནས་ཞིང་པའི་ཡོང་སྒོ་འཕར་བར་རོགས་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་བཏང་ནས།དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་ཚུལ་གསར་བའི་འོག་མཁར་གྲོང་སྡོད་དམངས་ཀྱི་ཡོང་སྒོའི་ཧེ་བག་མུ་མཐུད་དུ་ཇེ་ཉུང་དུ་འགྲོ་ཚུལ་སྲུང་འཛིན་ཅི་ཐུབ་བྱ་དགོས།

  1.  ཞིང་ལས་དང་ཞིང་སྡེར་མ་དངུལ་གཏོང་བ་དམིགས་སུ་བཀར་ནས་ཁག་ཐེག་བྱ་དགོས།ཞིང་པའི་ཡོང་སྒོ་ཇེ་མང་དུ་གཏོང་ན།  སྲིད་གཞུང་གིས་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཀྱི་ཆ་རྐྱེན་ལེགས་སྒྱུར་ཐད་འཁུར་དགོས་པའི་འགན་འཁྲི་ངེས་པར་གཏན་འཁེལ་གསལ་བོ་བྱ་དགོས།ཞིང་ལས་དང་ཞིང་སྡེ་ནི་རིམ་པ་སོ་སོའི་ནོར་སྲིད་འགྲོ་གྲོན་ནང་དམིགས་སུ་བཀར་ནས་འགན་སྲུང་བྱ་དགོས་པའི་ཁྱབ་ཁོངས་སུ་བརྩི་བ་རྒྱུན་འཁྱོངས་བྱེད་པ་དང་།མ་དངུལ་གཏོང་འཇོག་བརྟན་བརླིང་ངང་འཕར་བའི་ནང་རྐྱེན་མྱུར་དུ་འཛུགས་དགོས་ཤིང་།ནོར་སྲིད་ཀྱིས་ཞིང་ལས་དང་ཞིང་སྡེར་མ་དངུལ་གཏོང་ཚད་རྒྱུན་མི་ཆད་པར་འཕར་བ་དང་།ཀྲུང་དབྱང་གིས་རྨང་གཞིའི་འཛུགས་སྐྲུན་ཐད་གཏོང་བའི་མ་དངུལ་དེ་མུ་མཐུད་དུ་ཞིང་ལས་དང་ཞིང་སྡེར་ཕྱོགས་ཞེན་བྱ་དགོས།ནོར་སྲིད་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པར་བཏང་བའི་འགྲོ་གྲོན་གྱི་གྲུབ་ཚུལ་ལེགས་སྒྱུར་བྱས་ཏེ།གཙོ་བོ་ཞིང་པའི་ཡོང་སྒོ་འཕར་བ་དང་ཞིང་སྡེའི་བཅོས་བསྒྱུར་ཆེན་པོ།ཞིང་ལས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན།ཞིང་ལས་ཀྱི་གྲུབ་ཚུལ་ལེགས་སྒྲིག   ཞིང་ལས་བསྟུད་མར་འཕེལ་འཐུས་པ།   ཞིང་སྡེའི་དམངས་འཚོ་ལེགས་བསྒྱུར་བཅས་བྱེད་པར་རྒྱབ་སྐྱོར་བྱ་དགོས།མ་དངུལ་གཏོང་བའི་བྱེད་སྟངས་བསྒྱུར་བ་དང་ཞིང་ལས་དང་སྦྲེལ་བའི་མ་དངུལ་འཁོར་སྐྱོད་ནང་རྐྱེན་གསར་སྐྲུན་བྱས་ཏེ།ནོར་སྲིད་མ་དངུལ་གྱི་སྣེ་ཁྲིད་དང་འདེགས་ཤིང་གི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།ཞིང་ལས་དང་སྦྲེལ་བའི་བརྒྱུད་སྤྲོད་ལམ་ལུགས་བཅོས་བསྒྱུར་བྱེད་པ་དང་ཆོག་མཆན་འགོད་པའི་དབང་ཆ་འོག་རིམ་ལ་སྤྲད་དེ་ནོར་སྲིད་ཀྱིས་ཞིང་ལས་དང་ཞིང་སྡེར་བཏང་བའི་མ་དངུལ་ཧྲག་སྡེབ་གང་ལེགས་བྱ་དགོས།ཞིང་ལས་དང་སྦྲེལ་བའི་མ་དངུལ་གྱི་ལྟ་སྐུལ་དོ་དམ་དངོས་གནས་ཇེ་དྲག་ཏུ་གཏོང་བ་དང་།  ཚད་ལྡན་ཡིན་ཞིང་ཕྱི་གསལ་ནང་གསལ་ཡིན་པའི་དོ་དམ་ལམ་ལུགས་འཛུགས་དགོས།བཙིར་བཟུང་དང་གཞན་སྤྱོད།རིམ་པ་ལྟར་བཀག་ཉར།རྫུན་ཞུ་གཡོ་ལེན་སོགས་ཀྱི་བྱེད་སྟངས་གང་རུང་གཏན་འགོག་བྱས་ཏེ།མ་དངུལ་བཏང་བར་དངོས་ཕན་འཐོབ་པར་ཁག་ཐེག་ཏན་ཏིག་བྱ་དགོས།

   2.  ཞིང་ལས་ལ་ཁ་གསབ་བྱེད་པའི་སྲིད་ཇུས་ཀྱི་ཕྱོད་ནུས་ཇེ་མཐོར་གཏོང་དགོས།  ཞིང་པའི་ཡོང་སྒོ་ཇེ་མང་དུ་གཏོང་ན་ངེས་པར་རྒྱལ་ཁབ་ཀྱིས་ཞིང་ལས་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་མ་ལག་འཐུས་ཚང་ཞིག་འཛུགས་དགོས།  ཞིང་ལས་ལ་ཁ་གསབ་བྱེད་པའི་སྲིད་ཇུས་ཀྱི་བསྟུད་མར་རང་བཞིན་དང་བརྟན་བརླིང་རང་བཞིན་རྒྱུན་སྲུང་བྱས་ནས།  རིམ་བཞིན"ཞིང་ལས་ཀྱི་རོགས་སྐྱོར་ཁ་གསབ"ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལག་བསྟར་གཞི་ཁྱོན་དང་ཁྱབ་ཁོངས་རྒྱ་བསྐྱེད་པ་དང་། "ཞིང་ལས་ཀྱི་རིན་གོང་ཁ་གསབ"ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ལེགས་སྒྲིག་བྱས་ཏེ།སྲིད་ཇུས་ཀྱིས་ཞིང་ལས་ལ་ཕན་པ་དང་ཡོང་སྒོ་འཕར་བའི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས།མུ་མཐུད་དུ་འབྲུ་འདེབས་ཞིང་པར་ཐད་ཀར་ཁ་གསབ་བྱེད་པ་དང་སོན་བཟང་ཁ་གསབ།   ཞིང་ལས་འཕྲུལ་ཆས་ཉོ་བའི་ཁ་གསབ།ཞིང་སྤྱོད་དངོས་རྫས་ཀྱི་ཕྱོགས་བསྡུས་ཁ་གསབ་སོགས་ཀྱི་སྲིད་ཇུས་ལག་བསྟར་བྱ་དགོས། ས་གནས་ཁ་ཤས་བདམས་ནས་བཅོས་བསྒྱུར་ཚོད་ལྟ་བྱས་ཏེ།ཁ་གསབ་ཀྱི་འཁྲིད་ཕྱོགས་རང་བཞིན་དང་ཕྱོད་ནུས་ཇེ་མཐོར་གཏོང་དགོས།   ཞིང་ལས་འཕྲུལ་ཆས་ཉོ་བའི་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་བཏང་སྟེ།ཐོན་ཁུལ་གཙོ་བོ་དང་རིགས་གསར་བའི་ཞིང་ལས་བདག་གཉེར་གྱི་གཙོ་གཞིར་ཕྱོགས་ཞེན་བྱེད་པ་དང་།ཆུ་གྲོན་ཆུང་ཅན་གྱི་ཆུ་གཏོང་སྒྲིག་བཀོད་ཉོ་སྒྲུབ་ཁ་གསབ་ཀྱི་ཁྱབ་ཁོངས་རྒྱ་བསྐྱེད་དགོས།ཞིང་ལས་ཐོན་སྐྱེད་ཀྱི་ལག་རྩལ་དང་བྱེད་ཐབས་གལ་ཆེན་ཁྱབ་གདལ་གཏོང་བར་ཁ་གསབ་སྲིད་ཇུས་ལག་བསྟར་བྱ་དགོས།   འབྲུ་སྣུམ་ཐོན་སྐྱེད་རྫོང་ཆེན་དང་འབྲུ་རིགས་ལོ་ཏོག་གི་ས་བོན་བཟོ་བའི་རྫོང་ཆེན།ཕག་གསོ་རྫོང་ཆེན། ནོར་ལུག་གསོ་སྤེལ་རྫོང་ཆེན་སོགས་ལ་ནོར་སྲིད་ཀྱི་བྱ་དགའི་ཁ་གསབ་སྲིད་ཇུས་ལག་བསྟར་བྱ་དགོས། དེང་རབས་ཞིང་ལས་དཔེ་སྟོན་ཁུལ་དུ་བྱ་དགས་ཁ་གསབ་བྱེད་པའི་ཁྱབ་ཁོངས་རྒྱ་བསྐྱེད་དགོས། འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཁེ་ཕན་ཁ་གསབ་དང་། རྨོ་ཞིང་སྲུང་སྐྱོང་གི་ཁ་གསབ།   སྐྱེ་ཁམས་ཁ་གསབ་བཅས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།   

    3.  ཞིང་ལས་ཐོན་རྫས་ཀྱི་རིན་གོང་ཆགས་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།  ཞིང་པའི་ཡོང་སྒོ་ཇེ་མང་དུ་གཏོང་ན་ངེས་པར་ཞིང་ལས་ཐོན་རྫས་ཀྱི་རིན་གོང་ལུགས་མཐུན་ཆུ་ཚད་རྒྱུན་སྲུང་བྱ་དགོས།   མུ་མཐུད་དུ་འབྲས་དང་གྲོའི་ཆེས་དམའ་བའི་ཉོ་སྡུད་རིན་གོང་སྲིད་ཇུས་ལག་བསྟར་བྱེད་པ་དང་།ཞིང་ལས་ཐོན་རྫས་གཙོ་བོའི་གནས་སྐབས་ཀྱི་ཉོ་སྡུད་གསོག་ཉར་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས།  ཞིན་ཅང་གི་སྲིང་བལ་དང་བྱང་ཤར་དང་ནང་སོག་གི་སྲན་ཆེན་གྱི་དམིགས་འབེན་རིན་གོང་བཅོས་བསྒྱུར་ཚོད་ལྟའི་ཉམས་མྱོང་སྤྱི་སྡོམ་བྱས་ཏེ།ཁ་གསབ་བྱེད་ཐབས་འཐུས་ཚང་དང་བཀོལ་སྤྱོད་ཀྱི་མ་རྩ་ཇེ་དམར་བཏང་ནས།ཁ་གསབ་མ་དངུལ་དུས་ཐོག་ཏུ་ཁ་ཚང་བའི་སྒོ་ནས་ཞིང་པ་ཁྱིམ་ཚང་གི་ལག་ཏུ་འབྱོར་བ་ཁག་ཐེག་བྱ་དགོས།ཧུར་ཐག་གིས་ཞིང་ལས་ཐོན་རྫས་ཀྱི་རིན་གོང་ཉེན་སྲུང་ཚོད་ལྟ་བྱས་ནས།འབྲུ་རིགས་དང་སྲིང་བལ། ཀ་ར། ཤ་རིགས་སོགས་ཞིང་ལས་ཐོན་རྫས་གཙོ་བོའི་གསོག་འཇོག་གཞི་ཁྱོན་ལུགས་མཐུན་ངང་གཏན་འཁེལ་བྱ་དགོས།   རྒྱལ་ཁབ་ཀྱི་འབྲུ་རིགས་གསོག་འཇོག་འདྲེན་གཏོང་ལེགས་སྒྲིག་ནང་རྐྱེན་འཐུས་ཚང་དུ་བཏང་ནས།  གསོག་འཇོག་བྱས་པའི་འབྲུ་རིགས་ལ་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་སྣོན་དགོས།    གསར་དུ་འཕར་བའི་ས་གནས་ཀྱི་འབྲུ་རིགས་གསོག་འཇོག་གཞི་ཁྱོན་འཆར་གཞི་དོན་འཁྱོལ་བྱས་ནས།ཚོང་ཟོག་གཙོ་བོ་ཚོང་ཟོག་ཉོ་འཚོང་ཁེ་ལས་ཀྱིས་ཚབ་ཉར་བྱེད་པའི་ལམ་ལུགས་འཛུགས་པ་དང་།ཀ་ར་བཟོ་བའི་ཁེ་ལས་ཀྱིས་ཚབ་ཉར་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།དེང་རབས་ཀྱི་ཆ་འཕྲིན་ལག་རྩལ་བཀོལ་ནས་འདེབས་འཛུགས་རྒྱ་ཁྱོན་དང་ཐོན་ཚད་སྡོམ་རྩིས་རྟོག་ཞིབ་བྱེད་པ་འཐུས་ཚང་དུ་བཏང་ནས།  མ་རྩ་དང་རིན་གོང་ལྟ་ཞིབ་ཚད་ལེན་བྱེད་ཐབས་ལེགས་བསྒྱུར་བྱ་དགོས།

    4.  ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་ཇེ་དྲག་ཏུ་གཏོང་དགོས།  ཞིང་པའི་ཡོང་སྒོ་ཇེ་མང་དུ་གཏོང་ན་ངེས་པར་ཞིང་ལས་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་ནས།ཞིང་པར་རོགས་རམ་བྱས་ཏེ་མ་རྩ་ཇེ་དམའ་དང་ཉེན་ཁ་ཚོད་འཛིན་བྱ་དགོས།ཞིང་ལས་ཀྱི་ཐོན་སྐྱེད་གོ་རིམ་ཡོངས་རྫོགས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ནང་རྐྱེན་གསར་སྐྲུན་བྱེད་པའི་ཚོད་ལྟ་དམ་འཛིན་བྱས་ནས།གཙོ་བོ་ཞིང་ཁྱིམ་ལ་རྨོ་འདེབས་ཀྱིས་ཉོ་སྡུད་ཀྱི་ཚབ་བྱེད་པ་དང་གཅིག་གྱུར་གྱིས་སྔོན་འགོག་དང་གཅིག་གྱུར་གྱིས་བཅོས་སྐྱོང་།སྐམ་ནས་གསོག་ཉར་བྱེད་པ་སོགས་ཀྱི་ཞབས་ཞུ་ལ་རྒྱབ་སྐྱོར་བྱ་དགོས།གཞི་རིམ་གྱི་ཞིང་ལས་ལག་རྩལ་ཁྱབ་གདལ་གཏོང་བ་སོགས་སྤྱི་ཕན་རང་བཞིན་གྱི་ཞབས་ཞུའི་ལས་ཁུངས་བརྟན་འཇགས་གཏོང་བ་དང་ཤུགས་བསྣན་ནས།གྲོན་དངུལ་འགན་སྲུང་དང་སྐུལ་སློང་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་།  གཞི་རིམ་གྱི་ལག་རྩལ་ཁྱབ་གདལ་མི་སྣའི་བྱ་བ་དང་འཚོ་བའི་ཆ་རྐྱེན་ལེགས་བསྒྱུར་བྱ་དགོས།   ཞིང་སྡེའི་ཆེད་ལས་ལག་རྩལ་མཐུན་ཚོགས་ཀྱིས་ཞིང་ལས་ལག་རྩལ་ཁྱབ་གདལ་ཁྲོད་ཀྱི་ནུས་པ་འདོན་སྤེལ་བྱ་དགོས།   ཉོ་སྡུད་ཞབས་ཞུ་སོགས་ཀྱི་རྣམ་པ་སྤྱད་དེ།   སྤྱི་ཚོགས་ཀྱི་སྟོབས་ཤུགས་དེ་སྤྱི་ཕན་རང་བཞིན་གྱི་ཞབས་ཞུའི་ནང་ཞུགས་པར་སྐུལ་མ་དང་འཁྲིད་སྟོན་བྱ་དགོས།   ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱིས་འབྲུ་རིགས་ལོ་ཏོག་གཙོ་བོའི་ཉེན་སྲུང་སྲུང་སྐྱོང་དངུལ་ཁ་གསབ་བྱེད་ཤུགས་ཇེ་ཆེར་གཏོང་དགོས།འབྲུ་རིགས་ལོ་ཏོག་གཙོ་བོའི་སོན་བཟོའི་ཉེན་སྲུང་དེ་ཀྲུང་དབྱང་ནོར་སྲིད་ཀྱི་སྲུང་སྐྱོབ་དངུལ་གྱི་ཁ་གསབ་དཀར་ཆག་ནང་འགོད་དགོས།  ཀྲུང་དབྱང་ནོར་སྲིད་ཀྱིས་ཁ་གསབ་བྱེད་པའི་ཉེན་སྲུང་རིགས་ཀྱི་ཉེན་སྲུང་སྒོར་གྲངས་ཀྱིས་ཐད་ཀར་དངོས་པོའི་མ་རྩའི་སྟེང་ཁེབས་པར་བྱ་དགོས།ས་གནས་ཀྱི་ཁྱད་ཆོས་ལྡན་ལ་ལེགས་ཆ་ལྡན་པའི་ཐོན་རྫས་ཉེན་སྲུང་གི་ཀྲུང་དབྱང་ནོར་སྲིད་ཀྱི་བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པའི་སྲིད་ཇུས་མགྱོགས་མྱུར་ངང་ཞིབ་འཇུག་བྱས་ནས་འདོན་དགོས།   ནགས་ཚལ་ཉེན་སྲུང་བྱེད་པའི་ཁྱབ་ཁོངས་རྒྱ་བསྐྱེད་དགོས།   སྦྲག་སྲིད་མ་ལག་གིས"ཞིང་གསུམ"ལ་སྔར་བས་ཞབས་འདེགས་ཞུ་བར་རྒྱབ་སྐྱོར་བྱ་དགོས།    གནམ་གཤིས་ཀྱིས་ཞིང་ལས་ལ་ཞབས་འདེགས་ཞུ་བའི་ནང་རྐྱེན་གསར་སྐྲུན་བྱས་ཏེ།  ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་མ་ལག་ནང་འདྲེས་པར་སྐུལ་འདེད་བྱ་དགོས།

   5.  ཞིང་སྡེའི་ཐོན་ལས་དང་པོ་དང་གཉིས་པ།གསུམ་པ་བཅས་མཉམ་འདྲེས་ངང་འཕེལ་བར་སྐུལ་འདེད་བྱ་དགོས།ཞིང་པའི་ཡོང་སྒོ་ཇེ་མང་དུ་གཏོང་ན་ངེས་པར་ཞིང་ལས་ཐོན་ལས་རྒྱུད་རྒྱུན་བསྲིངས་པ་དང་།ཞིང་ལས་ཀྱི་ཟུར་སྣོན་རིན་ཐང་ཇེ་མཐོར་གཏོང་དགོས། ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་པ་དང་།ཚོང་རའི་དགོས་མཁོ་འཁྲིད་ཕྱོགས་བྱས་ཏེ།ཁྱད་ལྡན་འདེབས་གསོ་ལས་རིགས་དང་ཞིང་ལས་ཐོན་རྫས་ལས་སྣོན་ལས་རིགས།ཞིང་སྡེའི་ཞབས་ཞུའི་ལས་རིགས་བཅས་ཤུགས་ཆེན་པོས་འཕེལ་རྒྱས་སུ་གཏོང་བ་དང་།སྡེ་བ་རེ་ལ་ཐོན་རྫས་རེ་དང་། ཤང རྫོང  རེ་ལ་ལས་རིགས་རེ་འཕེལ་རྒྱས་ཡོང་བར་རོགས་སྐྱོར་བྱས་ཏེ།   རྫོང་ཁོངས་དཔལ་འབྱོར་རྒྱ་ཆེར་གཏོང་བ་དང་།   ཞིང་པས་ལས་ཞུགས་ཕྱུག་བསྒྱུར་བྱེད་པར་སྐུལ་འཁྲིད་བྱ་དགོས། ཧུར་ཐག་གིས་ཞིང་ལས་ཀྱི་ནུས་པ་མང་པོ་གསར་སྤེལ་བྱས་ནས།ཞིང་སྡེའི་སྐྱེ་ཁམས་གུང་གསེང་དང་གནས་སྐོར་ལྟ་སྐོར།རིག་གནས་སློབ་གསོ་སོགས་ཀྱི་རིན་ཐང་སྔོག་འདོན་བྱ་དགོས།ལོ་རྒྱུས་དང་ས་ཁོངས།མི་རིགས་བཅས་ཀྱི་ཁྱད་ཆོས་ལྡན་པའི་གནས་སྐོར་སྡེ་གྲོང་འཛུགས་སྐྲུན་བྱེད་པར་རོགས་སྐྱོར་བྱས་ནས།རྣམ་པ་མང་ལ་ཁྱད་ཆོས་མངོན་གསལ་ལྡན་པའི་ཞིང་སྡེའི་གནས་སྐོར་གུང་གསེང་ཐོན་རྫས་བསྐྲུན་དགོས། ཞིང་སྡེའི་གནས་སྐོར་གུང་གསེང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ནས།   གནས་སྐོར་ལམ་ཐིག་གི་གཉེར་ཚོང་ནུས་པ་ཇེ་དྲག་ཏུ་གཏོང་བ་དང་།དོ་དམ་ཆུ་ཚད་དང་ཞབས་ཞུའི་སྤུས་ཚད་ཇེ་མཐོར་གཏོང་དགོས། ཞིང་སྡེའི་གནས་སྐོར་གུང་གསེང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བྱེད་པར་མཁོ་བའི་ས་དང་ནོར་སྲིད།   དངུལ་རྩ་སོགས་ཀྱི་རོགས་སྐྱོར་སྲིད་ཇུས་ཞིབ་འཇུག་གཏན་འབེབས་བྱེད་པ་དང་།ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱ་དགོས།  ཞིང་སྡེའི་རྒྱུ་རྐྱེན་ཐོན་ཁུངས་ཧུར་པོར་བཏང་ནས།ཞིང་པའི་རྒྱུ་ནོར་རང་བཞིན་གྱི་ཡོང་སྒོ་ཇེ་མང་དུ་གཏོང་དགོས།

    6.  ཞིང་སྡེའི་ཕྱིའི་ཡོང་སྒོའི་ཐབས་ལམ་རྒྱ་བསྐྱེད་དགོས།  ཞིང་པའི་ཡོང་སྒོ་ཇེ་མང་དུ་གཏོང་ན་ངེས་པར་ཞིང་པ་སྤོ་བསྒྱུར་ལས་ཞུགས་དང་ལས་སྐྲུན་བྱེད་པར་ཡར་སྐུལ་བྱ་དགོས།ཞིང་པ་ལས་མིའི་ལས་རིགས་ནུས་རྩལ་ཇེ་མཐོར་གཏོང་བའི་འཆར་གཞི་ལག་བསྟར་བྱ་དགོས།  ལས་ཀ་འདྲ་བར་གླ་ཕོགས་འདྲ་བའི་སྲིད་ཇུས་དོན་འཁྱོལ་བྱས་ནས།ཁྲིམས་ལྟར་ཞིང་པ་ལས་མིའི་ངལ་རྩོལ་གླ་ཆའི་ཁེ་དབང་འགན་སྲུང་བྱེད་པ་དང་།ཞིང་པ་ལས་མིའི་གླ་ཕོགས་རྒྱུན་ལྡན་ལྟར་སྟེར་བའི་ཡུན་ཕན་ནང་རྐྱེན་འཛུགས་དགོས།གྲོང་ཁྱེར་དུ་སོང་བའི་ཞིང་པ་ལས་མི་དང་དེའི་ཁྱིམ་མིས་མཁར་གྲོང་གི་གཞི་རྩའི་སྤྱི་པའི་ཞབས་ཞུ་འདྲ་མཉམ་ངང་ལོངས་སྤྱོད་བྱེད་ཆོག་པར་འགན་སྲུང་བྱེད་པ་དང་།མཁར་གྲོང་གི་སྤྱི་ཚོགས་ཉེན་སྲུང་གིས་ཞིང་པ་ལས་མིར་ཁེབས་པ་རྒྱ་བསྐྱེད་ནས།ཞིང་པ་ལས་མིའི་ལས་རིགས་ཀྱི་ནད་སྔོན་འགོག་དང་རོགས་སྐྱོར་བྱེད་པའི་བྱ་འགུལ་སྤེལ་བ་དང་།ཞིང་པ་ལས་མིའི་རྗེས་ཁྲིད་བུ་ཕྲུག་ལ་འོས་འགན་སློབ་གསོ་ཐོབ་པ་དང་དམའ་འབྲིང་དང་མཐོ་འབྲིང་གི་རྒྱུགས་སྤྲོད་པའི་འབྲེལ་ཡོད་སྲིད་ཇུས་འཐུས་ཚང་དུ་གཏོང་བ།  ཞིང་པ་ལས་མིའི་མཁར་གྲོང་གི་འགན་སྲུང་རང་བཞིན་གྱི་སྡོད་ཁང་ལོངས་སྤྱོད་པའི་བྱེ་བྲག་གི་བྱེད་ཐབས་འཚོལ་ཞིབ་བྱ་དགོས།ཁྱིམ་ཐོའི་ལམ་ལུགས་བཅོས་བསྒྱུར་ཇེ་མགྱོགས་སུ་གཏོང་བ་དང་།  སྡོད་པའི་དཔང་ཡིག་ལམ་ལུགས་བཙུགས་ནས།ཞིང་ལས་ཀྱི་སྤོ་བསྒྱུར་མི་འབོར་མཁར་གྲོང་དུ་ཁྱིམ་ཐོ་འགོད་པར་མ་ཟད་ས་གནས་དེ་གའི་སྡོད་དམངས་དང་འདྲ་མཉམ་གྱི་ཐོང་ཐང་ལོངས་སྤྱོད་བྱེད་དུ་འཇུག་དགོས།ད་ལྟ་ཞིང་པའི་ཁྱིམ་ཐོ་མཁར་གྲོང་དུ་འཇོག་པ་དང་ས་ཞིང་འགན་གཙང་ལེན་བདག་གཉེར་དབང་ཆ།  གཞིས་ཀའི་བེད་སྤྱོད་དབང་ཆ།  ཐུན་མོང་གི་ཁེ་ཕན་བགོ་བཤའི་དབང་ཆ་སོགས་ཕན་ཚུན་འབྲེལ་མི་ཆོག  ནུས་རྩལ་དང་མ་དངུལ།  བདག་གཉེར་གྱི་ཉམས་མྱོང་བཅས་ཡོད་པའི་ཞིང་པ་ལས་མི་ཕྱིར་ཡོང་ནས་ལས་སྐྲུན་བྱེད་པར་འཁྲིད་སྟོན་བྱེད་པ་དང་།  ཁ་ཕྱོགས་གཏན་འཁེལ་བྱས་ནས་ཁྲལ་ཇེ་ཉུང་དུ་གཏོང་བ་དང་ཡོངས་ཁྱབ་རང་བཞིན་གྱིས་ཇེ་ཉུང་དུ་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱས་ཏེ།  ལས་སྐྲུན་གྱི་མ་རྩ་དང་ཁེ་ལས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་དགོས།དབུས་ནུབ་རྒྱུད་ཀྱི་གྲོང་ཁྱེར་ཆུང་འབྲིང་དང་མཁར་གྲོང་ཆུང་བའི་ཐོན་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་ལེགས་བསྒྱུར་བྱས་ནས།ཞིང་པ་རྣམས་ལ་ས་དེ་ག་དང་ཐག་ཉེ་ས་ནས་སྤོ་བསྒྱུར་ལས་ཞུགས་བྱེད་པར་ཆ་རྐྱེན་བསྐྲུན་དགོས།

    7.  ཞིང་སྡེའི་དབུལ་སྐྱོར་གསར་སྤེལ་ལ་ཤུགས་ཆེན་པོས་སྐུལ་འདེད་བྱ་དགོས།   ཞིང་པའི་ཡོང་སྒོ་ཇེ་མང་དུ་གཏོང་ན་ངེས་པར་ཞིང་སྡེའི་དབུལ་ཕོངས་མི་འབོར་དབུལ་ཐར་ཕྱུག་བསྒྱུར་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས། གཅིག་བསྡུས་མུ་འབྲེལ་གྱི་ཆེས་དབུལ་ས་ཆ་གཙོ་གནད་དུ་བཞག་ནས།དངུལ་གཏོང་དང་བྱ་བའི་ཤུགས་ཚད་ཇེ་ཆེར་གཏོང་བ་དང་།ས་ཁུལ་གྱི་འཆར་འགོད་ལག་ཏུ་བསྟར་བ་ཇེ་མགྱོགས་སུ་བཏང་སྟེ།  དབུལ་སྐྱོར་གསར་སྤེལ་ཐད་འགག་སྒྲོལ་བྱ་དགོས།   ཡང་དག་པའི་དབུལ་སྐྱོར་སྐུལ་འདེད་བྱས་ཏེ།དབུལ་ཕོངས་སྡེ་བ་དང་དབུལ་ཕོངས་ཁྱིམ་ཚང་ལ་རོགས་སྐྱོར་བྱེད་ཐབས་གཏན་འབེབས་བྱ་དགོས་པར་མ་ཟད།ཡིག་ཚགས་བཙུགས་ནས་བྱང་བུ་བཟོ་བ་དོན་འཁྱོལ་བྱ་དགོས།  གཅིག་བསྡུས་མུ་འབྲེལ་གྱི་ཆེས་དབུལ་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་།གཞི་རྩའི་སྤྱི་པའི་ཞབས་ཞུ་བཅས་ལ་ཤུགས་བསྣན་ནས།   ས་ཞིང་བཀོལ་བར་སྲིད་ཇུས་ཀྱིས་རྒྱབ་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་དགོས་པ་དང་།   སྡེ་བ་ཧྲིལ་བོར་སྐུལ་འདེད་བྱེད་པ་དང་སྡོད་དམངས་གནས་སྤོ་བ།  ཞིང་སྡེའི་གནས་སྐོར་དབུལ་སྐྱོར་སོགས་ཀྱི་བཟོ་འགོད་ལག་བསྟར་བྱ་དགོས།དབུལ་སྐྱོར་ལས་གཞིར་ཞིབ་བཤེར་ཆོག་མཆན་འགོད་པའི་དབང་ཆ་རྩ་དོན་སྟེང་རྫོང་ལ་སྟེར་དགོས་པ་དང་།  ཞིང་ཆེན་དང་གྲོང་ཁྱེར་གྱིས་ལག་བསྟར་དང་ལྟ་སྐུལ་དོ་དམ་གྱི་འགན་དངོས་སུ་འཁུར་དགོས། སྤྱི་བསྒྲགས་དང་མངོན་གསལ་ལམ་ལུགས་འཛུགས་པ་དང་། ཕྱོགས་ཡོངས་ནས་དབུལ་སྐྱོར་བྱ་ཡུལ་དང་མ་དངུལ་བཀོད་སྒྲིག   ལས་གཞི་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ཡོངས་བསྒྲགས་བྱ་དགོས།  སྤྱི་ཚོགས་དབུལ་སྐྱོར་རྩ་འཛུགས་སྐུལ་སློང་བྱེད་པའི་ནང་རྐྱེན་འཐུས་ཚང་ཞིག་བཙུགས་ནས།  སྤྱི་ཚོགས་དབུལ་སྐྱོར་གསར་སྤེལ་ནང་ཞུགས་པའི་སྟེགས་བུ་བསྐྲུན་དགོས།ལས་བྱེད་པ་སྡེ་བ་རུ་བསྡད་ནས་རོགས་སྐྱོར་བྱེད་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།  དབུལ་ཕོངས་ལ་ལྟ་ཞིབ་ཚད་ལེན་བྱེད་པར་ཤུགས་བསྣན་ནས། དབུལ་ཕོངས་རྫོང་གི་དཔྱད་ཞིབ་དང་ཚོད་འཛིན།  ཕྱིར་འབུད་སོགས་ཀྱི་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། དཔལ་འབྱོར་དར་རྒྱས་ཆེ་བའི་ས་ཁུལ་གྱིས་རྒྱུན་ཆད་མེད་པར་དབུལ་སྐྱོར་གསར་སྤེལ་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས།

   གསུམ་པ། མཁར་གྲོང་འཕེལ་རྒྱས་གཞི་གཅིག་ཅན་ལ་དམིགས་ནས།ཞིང་སྡེ་གསར་བའི་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་བྱ་དགོས།

   ཀྲུང་གོ་མཛེས་སྡུག་ལྡན་དགོས་ན་ཞིང་སྡེ་ངེས་པར་མཛེས་སྡུག་ལྡན་དགོས།ཞིང་སྡེ་དར་རྒྱས་ཡོང་དགོས་ན།ངེས་པར་་རྒྱུན་འཁྱོངས་ལྷོད་མེད་སྒོས་སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས།  འཆར་འགོད་འཁྲིད་སྟོན་ནུས་པ་ཇེ་དྲག་ཏུ་བཏང་ནས།ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་གོང་དུ་སྤར་བ་ཇེ་མགྱོགས་སུ་གཏོང་དགོས། མཁར་གྲོང་གི་གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་ལ་སྐུལ་འདེད་བྱས་ནས། ཞིང་སྡེ་ནི་ཞིང་པ་རྣམས་ཀྱི་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སུ་འགྱུར་དགོས།

    1.  ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཇེ་ཆེར་གཏོང་དགོས།“ལྔ·བཅུ་གཉིས”ཀྱི་ཞིང་སྡེའི་བཏུང་ཆུའི་བདེ་འཇགས་བཟོ་འགོད་ཀྱི་འཆར་འགོད་ལས་འགན་དུས་ལྟར་འགྲུབ་པར་ཁག་ཐེག་བྱས་ནས།   ཞིང་སྡེའི་བཏུང་ཆུའི་སྤུས་ཚད་ཇེ་མཐོ་དང་ཕན་འབྲས་འཕར་བར་སྐུལ་འདེད་བྱས་ནས།མུ་མཐུད་དུ་ཁྲལ་བསྡུའི་གཟིགས་སྐྱོང་སྲིད་ཇུས་ལག་བསྟར་བྱ་དགོས།མཁར་གྲོང་གི་ཆུ་འདོན་སྦུག་ལམ་ཞིང་སྡེར་བསྲིངས་པར་སྐུལ་འདེད་གཏོང་དགོས།   མུ་མཐུད་དུ་ཞིང་སྡེའི་གློག་དྲ་བསྒྱུར་བཀོད་རིམ་སྤར་བཟོ་འགོད་ལག་བསྟར་བྱ་དགོས།ཡུལ་བབ་དང་བསྟུན་ནས་གློག་དྲ་རྒྱུན་སྲིང་དང་འོད་ཧྥུ།  རླུང་ཤུགས་གློག་འདོན།  ཆུ་བེད་ཆུང་བའི་ཆུ་གློག་སོགས་ཀྱིས་གློག་འདོན་པའི་རྣམ་པ་སྤྱད་དེ།   2015ལོར་གློག་མེད་པའི་མི་འབོར་གྱིས་གློག་བཀོལ་བའི་གནད་དོན་ཐག་གཅོད་དགོས།  ནུབ་རྒྱུད་ས་ཁུལ་དང་གཅིག་བསྡུས་མུ་འབྲེལ་ཆེས་དབུལ་ས་ཁུལ་གྱི་ཞིང་སྡེའི་གཞུང་ལམ་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་བྱ་དགོས།ཞིང་སྡེའི་གཞུང་ལམ་སྲུང་སྐྱོང་དོ་དམ་གྱི་མ་དངུལ་གཏོང་བ་དང་ནང་རྐྱེན་གསར་སྐྲུན་བྱེད་པར་ཤུགས་བསྣན་ནས།ཞིང་སྡེའི་འགྲུལ་སྐྱེལ་དང་ཞིང་སྡེའི་སློབ་མ་སྐྱེལ་བསུའི་རླངས་འཁོར་གྱི་བདེ་འཇགས་དོ་དམ་དངོས་གནས་ཇེ་དྲག་ཏུ་གཏོང་དགོས།  ཞིང་སྡེའི་རྫབ་རླངས་འཛུགས་སྐྲུན་དོ་དམ་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།   ཞིང་སྡེའི་ཉེན་ཁང་སྒྱུར་བཀོད་བྱེད་ཤུགས་ཇེ་ཆེར་བཏང་ནས།    གཅིག་གྱུར་འཆར་འགོད་བྱས་ཏེ་ཞིང་སྡེའི་ཁང་པའི་འགུལ་འགོག་ལེགས་སྒྱུར་བྱ་བ་ལེགས་པོར་བསྒྲུབ་དགོས།ཞིང་སྡེའི་རྒྱང་སྒྲོག་བརྙན་འཕྲིན་དང་འཕྲིན་གཏོང་སོགས་སྡེ་བ་རེ་རེར་ཐོན་པའི་བཟོ་འགོད་གཏིང་ཟབ་ཏུ་སྐུལ་འདེད་བྱེད་པ་དང་།ཞིང་སྡེའི་ཆ་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཤོངས་ཆེའི་དྲ་བ་ཁྱབ་གདལ་དུ་གཏོང་བ་ཇེ་མགྱོགས་སུ་བཏང་ནས།ཆ་འཕྲིན་སྡེ་བ་དང་ཁྱིམ་ཚང་དུ་ཐོན་པར་སྐུལ་འདེད་བྱ་དགོས།

     2.  ཞིང་སྡེའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་དགོས།  ཞིང་སྡེའི་འོས་འགན་སློབ་གསོ་ཞན་པའི་སློབ་གྲྭའི་གཞི་རྩའི་སློབ་སྒྲུབ་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སྒྱུར་བྱས་ཏེ།   ཞིང་སྡེའི་སློབ་གྲྭའི་སློབ་ཁྲིད་སྤུས་ཚད་ཇེ་མཐོར་གཏོང་དགོས།  ཡུལ་བབ་དང་བསྟུན་ནས་སྡེ་བའི་སློབ་ཆུང་དང་སློབ་ཁྲིད་བྱེད་ས་སོར་འཇོག་བྱ་དགོས་པར་མ་ཟད་ལེགས་པོར་བསྒྲུབ་དགོས།  ཤང་དང་སྡེ་བ་རིམ་པ་གཉིས་ཀྱི་གཞུང་ལས་དང་སྤྱི་ཕན་རང་བཞིན་གྱི་དམངས་སྒྲུབ་བུ་བཅོལ་ཁང་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་དགོས།མཐོ་འབྲིང་དུས་རིམ་གྱི་སློབ་གསོ་མགྱོགས་མྱུར་ངང་འཕེལ་རྒྱས་གཏོང་བ་དང་།མུ་མཐུད་དུ་སློབ་རིམ་འཕར་མ་ཐུབ་པའི་དམའ་འབྲིང་དང་མཐོ་འབྲིང་གི་མཐར་ཕྱིན་སློབ་མ་གཙོ་གནད་དུ་བཟུང་ནས།འབྲིང་རིམ་ལས་རིགས་སློབ་གསོ་དང་ལས་རིགས་ལག་རྩལ་གསོ་སྦྱོང་ཡོངས་སུ་ཁེབས་པར་སྐུལ་འདེད་བྱས་ཏེ།   རིམ་བཞིན་སློབ་ཡོན་མི་དགོས་པའི་འབྲིང་རིམ་ལས་རིགས་སློབ་གསོ་མངོན་འགྱུར་བྱ་དགོས།ཞིང་ལས་ལས་རིགས་སློབ་གསོ་ཧུར་ཐག་གིས་འཕེལ་རྒྱས་བཏང་ནས།   རྣམ་པ་གསར་བའི་ལས་རིགས་ཞིང་པ་ཤུགས་ཆེན་པོས་གསོ་སྦྱོང་བྱ་དགོས།རྨང་གཞིའི་སློབ་གསོ་དང་ཨང་ཀི་སློབ་གསོའི་ཐོན་ཁུངས་གསར་སྤེལ་དང་བེད་སྤྱོད་པ་ཕྱོགས་ཡོངས་ནས་ཁྱབ་གདལ་དུ་བཏང་སྟེ།ཞིང་སྡེ་ས་ཁུལ་དུ་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ཀྱི་ཁེབས་རྒྱ་ཇེ་ཆེར་གཏོང་དགོས།  གནད་སའི་མཐོ་རིམ་སློབ་གྲྭས་ཞིང་སྡེའི་སློབ་མ་བསྡུ་བའི་བསྡུར་ཚད་ཇེ་མང་དུ་གཏོང་དགོས།ཞིང་སྡེའི་དགེ་རྒན་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས།གཅིག་བསྡུས་མུ་འབྲེལ་ཆེས་དབུལ་ས་ཁུལ་གྱི་ཞིང་སྡེའི་དགེ་རྒན་གྱི་འཚོ་བའི་ཁ་གསབ་སྲིད་ཇུས་དོན་འཁྱོལ་བྱ་དགོས།རྒྱལ་ཁབ་ཀྱི་སློབ་གསོའི་གྲོན་དངུལ་དེ་མཐའ་འཚམས་ས་ཁུལ་དང་མི་རིགས་ས་ཁུལ།  གསར་བརྗེའི་རྙིང་ཁུལ་བཅས་སུ་ཕྱོགས་ཞེན་བྱ་དགོས།རྣམ་པ་གསར་བའི་ཞིང་སྡེའི་མཉམ་ལས་སྨན་བཅོས་བསྟུད་མར་མ་དངུལ་གྲབས་གསོག་བྱེད་པའི་ནང་རྐྱེན་འཛུགས་པ་དང་།མི་རེའི་ཆ་སྙོམས་ཀྱི་ནོར་སྲིད་ཁ་གསབ་དང་མི་སྒེར་གྱིས་སྤྲོད་པའི་ཚད་གཞི་མཉམ་དུ་ཇེ་མཐོར་བཏང་ནས།དོན་ངོ་མས་རྩིས་ཞུ་བྱེད་པའི་ཆུ་ཚད་སྔར་བས་ཇེ་མཐོར་གཏོང་དགོས།མཁར་གྲོང་སྡོད་དམངས་ཀྱི་ནད་ལྗིད་མོའི་ཉེན་སྲུང་ཡོངས་ཁྱབ་ཀྱིས་སྤེལ་ནས།ཞིང་སྡེ་གཞི་རིམ་གྱི་གཞི་རྩའི་སྨན་བཅོས་དང་སྤྱི་པའི་འཕྲོད་བསྟེན་ནུས་པ།ཞིང་སྡེའི་སྨན་བཅོས་དཔུང་སྡེའི་འཛུགས་སྐྲུན་བཅས་ལ་ཤུགས་སྣོན་དགོས།རིམ་པ་སོ་སོའི་གནས་གཏན་འཁེལ་བྱས་པའི་སྨན་བཅོས་ལས་ཁུངས་དང་ཞིང་ཆེན་ནང་ཁུལ་གྱི་རྣམ་པ་གསར་བའི་ཞིང་སྡེའི་མཉམ་ལས་སྨན་བཅོས་ཀྱི་ཆ་འཕྲིན་མ་ལག་མཉམ་སྦྲེལ་མཉམ་ཐོན་ཡོང་བར་སྐུལ་འདེད་བྱས་ནས།ཧུར་ཐག་གིས་ཞིང་སྡེར་ཕན་པའི་རྒྱང་རིང་ནད་བརྟག་མ་ལག་འཕེལ་རྒྱས་གཏོང་དགོས།རིག་གནས་དམངས་ཕན་ལས་གཞི་གལ་ཆེན་གྱིས"ཞིང་གསུམ"ལ་ཞབས་འདེགས་ཞུ་བའི་ནང་དོན་རྒྱ་བསྐྱེད་དགོས།  ཞིང་སྡེའི་མ་མཐའི་འཚོ་བ་འགན་སྲུང་ལམ་ལུགས་ཀྱི་ཚད་ལྡན་དོ་དམ་ལ་ཤུགས་སྣོན་དང་།ཕྱོགས་ཡོངས་ནས་གནས་སྐབས་རྒུད་སྐྱོབ་ལམ་ལུགས་བཙུགས་ཏེ།ཞིང་སྡེའི་སྤྱི་ཚོགས་རྒུད་སྐྱོབ་བྱ་བ་ལེགས་སྒྱུར་བྱ་དགོས།གཅིག་གྱུར་ཡིན་པའི་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་རྒན་གསོ་ཉེན་སྲུང་ལམ་ལུགས་དོན་འཁྱོལ་བྱ་དགོས། རྣམ་པ་མང་བའི་ཞིང་སྡེའི་རྒན་གསོ་ཞབས་ཞུ་དང་རིག་གནས་ལུས་རྩལ་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱ་དགོས། ད་ཡོད་ཀྱི་སྒྲིག་བཀོད་དང་ར་བ།ཐོན་ཁུངས་བཅས་བུབ་སྒྲིལ་དང་བེད་སྤྱོད་བྱས་ནས་ཞིང་སྡེ་གཞི་རིམ་གྱི་ཕྱོགས་བསྡུས་སྤྱི་པའི་ཞབས་ཞུའི་སྟེགས་བུ་བསྐྲུན་དགོས།

    3.  ཞིང་སྡེའི་མི་སྡོད་ཁོར་ཡུག་བཅོས་སྐྱོང་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བྱ་དགོས།  རྫོང་ཁོངས་ཀྱི་སྡེ་བ་དང་གྲོང་རྡལ་མ་ལག་འཆར་འགོད་དང་སྡེ་བའི་འཆར་འགོད་འཐུས་ཚང་དུ་བཏང་ནས།འཆར་འགོད་ཀྱི་ཚན་རིག་རང་བཞིན་དང་ཚོད་འཛིན་ནུས་པ་ཇེ་དྲག་ཏུ་གཏོང་དགོས།ཞིང་པའི་སྡོད་གནས་ཁོར་ཡུག་ལེགས་སྒྱུར་བྱེད་པ་དང་།ཞིང་སྡེའི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཆ་སྡེབ་ལེགས་པོ་བྱས་ནས།རི་ཆུ་ནགས་གསུམ་དང་ས་ཞིང་།ལམ་བཅས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་སྐུལ་འདེད་བྱ་དགོས།མུ་མཐུད་དུ་ཞིང་སྡེའི་ཁོར་ཡུག་གཅིག་བསྡུས་མུ་འབྲེལ་བཅོས་སྐྱོང་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་།ཞིང་སྡེའི་ཆུ་བོ་དང་རྫིང་བུ་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པར་མགྱོགས་མྱུར་ངང་སྐུལ་འདེད་བྱེད་པ།  ཞིང་སྡེའི་གད་སྙིགས་ཆེད་དམིགས་བཅོས་སྐྱོང་བྱེད་པ།  ཞིང་སྡེའི་བཙོག་ཆུ་ཐག་གཅོད་དང་སྤྱོད་ཁང་ལེགས་སྒྱུར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་བ་བཅས་ཀྱིས།ཞིང་སྡེའི་གཙང་སྦྲའི་གནས་ཚུལ་མགྱོགས་མྱུར་ངང་ལེགས་སྒྱུར་བྱ་དགོས།  ཞིང་སྡེའི་མཐའ་འཁོར་དུ་བཟོ་ལས་ཀྱི“སྙིགས་གསུམ”འདོར་བ་དང་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་སྤུངས་པར་ལྟ་སྐུལ་བཅོས་སྐྱོང་བྱེད་པར་ཤུགས་སྣོན་དགོས།  སྡེ་བ་རིམ་པའི་སྤྱི་ཕན་ལས་དོན་གྱི་དོན་དག་རེ་ལ་གྲོས་རེ་བྱེད་པའི་ནོར་སྲིད་ཀྱི་བྱ་དགའི་ཁ་གསབ་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་།ཞིང་སྡེའི་སྤྱི་པའི་ཞབས་ཞུའི་འཁོར་རྒྱུག་དང་སྲུང་སྐྱོང་ནང་རྐྱེན་གྱི་ཚོད་ལྟའི་ཁྱབ་ཁོངས་རྒྱ་བསྐྱེད་དེ།གཙོ་བོ་སྡེ་བའི་ནང་གི་སྤྱི་ཕན་ལས་དོན་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོང་ལ་རྒྱབ་སྐྱོར་བྱ་དགོས།སྲོལ་རྒྱུན་སྡེ་བའི་མིང་ཐོ་འཐུས་ཚང་དུ་གཏོང་བ་དང་སྲོལ་རྒྱུན་གྱི་སྡོད་དམངས་འདུག་གནས་རྟོག་ཞིབ་བྱས་ནས།སྲོལ་རྒྱུན་སྡེ་བ་དང་སྡོད་ཁང་སྲུང་སྐྱོང་འཆར་འགོད་དོན་འཁྱོལ་བྱ་དགོས།ས་གནས་སོ་སོས་དོན་དངོས་གནས་ཚུལ་ནས་མགོ་བརྩམས་ཏེ་མཛེས་པའི་ཞིང་སྡེ་གསར་སྐྲུན་དཔེ་སྟོན་བྱེད་པར་སྐུལ་མ་གཏོང་དགོས། གོ་རིམ་ལྡན་པའི་ངང་སྡེ་བ་ཧྲིལ་བོར་བཅོས་སྐྱོང་བྱེད་པར་སྐུལ་འདེད་བྱས་ནས། ཞིང་པའི་འདོད་བློར་མི་བལྟ་བར་གཞི་རྒྱ་ཆེན་པོས་སྡེ་གྲོང་བཤིག་པ་དང་བསྲེས་པ།གཞི་རྒྱ་ཆེན་པོས་བཤིག་པ་དང་ལས་པ་དངོས་གནས་བཀག་འགོག་བྱ་དགོས།

  4.  སྤྱི་ཚོགས་ཀྱི་མ་རྩ་དེ་ཞིང་སྡེ་འཛུགས་སྐྲུན་ཐད་གཏོང་བར་ཁྲིད་སྟོན་དང་སྐུལ་མ་གཏོང་དགོས། སྤྱི་ཚོགས་ཀྱི་མ་རྩ་དེ་ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཞིང་སྡེའི་ལས་རིགས་སྣ་ཚོགས་སྒྲུབ་པའི་ཐད་གཏོང་བར་སྐུལ་མ་གཏོང་དགོས།སྲིད་གཞུང་གིས་གཙོ་ཁྲིད་དང་ནོར་སྲིད་ཀྱིས་རྒྱབ་སྐྱོར་བྱེད་པའི་ཞིང་སྡེའི་སྤྱི་ཕན་རང་བཞིན་གྱི་བཟོ་འགོད་དང་ལས་གཞིས་ཞབས་ཞུ་ཉོ་བ་དང་།སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་ལས་སོགས་ཀྱི་རྣམ་པ་སྤྱད་དེ།ཁེ་ལས་དང་སྤྱི་ཚོགས་རྩ་འཛུགས་དེ་འཛུགས་སྐྲུན་དང་དོ་དམ་སྲུང་སྐྱོང་།   བཀོལ་སྤྱོད་བཅས་སུ་ཞུགས་པར་ཁྲིད་སྟོན་བྱ་དགོས། སྤྱི་ཚོགས་ཀྱི་མ་རྩ་དེ་ཕྱོགས་ཡོངས་ནས་ཚོང་ལས་ཅན་དུ་བཀོལ་སྤྱོད་བྱེད་ཐུབ་པའི་ཞིང་སྡེའི་ཞབས་ཞུའི་ལས་རིགས་ཕྱོགས་སུ་གཏོང་ཆོག   སྤྱི་ཚོགས་ཀྱི་མ་རྩ་དེ་ཞིང་སྡེའི་འཛུགས་སྐྲུན་ནང་ཞུགས་པར་སྐུལ་མ་གཏོང་བའི་དཀར་ཆག་བཟོས་ནས།  ནོར་ཁྲལ་དང་དངུལ་རྩ་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་ཞིབ་འཇུག་གཏན་འབེབས་བྱ་དགོས། ཤང་གྲོང་སྲིད་གཞུང་གི་འགན་ནུས་སྤོ་བསྒྱུར་དཀར་ཆག་འཛུགས་པར་འཚོལ་ཞིབ་བྱས་ནས། སྤྱི་ཚོགས་ཀྱིས་སྒྲུབ་པར་འཚམ་པའི་སྤྱི་པའི་ཞབས་ཞུ་དེ་སྤྱི་ཚོགས་རྩ་འཛུགས་ལ་འགན་འཁུར་དུ་འཇུག་དགོས།

   5.  ཞིང་སྡེའི་བསམ་བློ་ཀུན་སྤྱོད་འཛུགས་སྐྲུན་ལ་ཤུཊ་སྣོན་དགོས།ཞིང་སྡེའི་ཁྱད་ཆོས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བྱེད་པར་དམིགས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དང་ཀྲུང་གོའི་འདུན་མའི་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་སྤེལ་ཏེ།  གནས་བབ་སྲིད་ཇུས་དྲིལ་བསྒྲགས་སློབ་གསོ་རྒྱ་ཆེར་སྤེལ་བ་དང་།  ཞིང་པའི་ཕྱོགས་བསྡུས་སྤུས་ཚད་ཇེ་མཐོར་གཏོང་བ།  ཞིང་སྡེའི་སྤྱི་ཚོགས་ཀྱི་དཔལ་ཡོན་ཆུ་ཚད་གོང་དུ་སྤར་ནས།སྤྱི་ཚོགས་རིང་ལུགས་ཀྱི་ཞིང་སྡེ་གསར་བའི་བསམ་པའི་སྟོབས་ཤུགས་གོང་བུར་བསྒྲིལ་དགོས།ཞིང་སྡེའི་བསམ་པའི་དཔལ་ཡོན་གསར་སྐྲུན་བྱ་འགུལ་གཏིང་ཟབ་ཏུ་སྤེལ་ནས།  ཁྱིམ་ཚང་གི་གོམས་སྲོལ་བཟང་པོ་དང་བསླབ་ཚིག་བཟང་པོའི་བྱ་འགུལ་ཏན་ཏིག་གིས་སྤེལ་དགོས།མུ་མཐུད་དུ་མནའ་མ་བཟང་པོ་དང་བུ་བུ་མོ་བཟང་པོ།   སྒྱུག་པོ་དང་སྒྱུག་མོ་བཟང་པོ་སོགས་འདེམས་པའི་གཟེངས་བསྟོད་བྱ་འགུལ་སྤེལ་བ་དང་།ཆེས་མཛེས་པའི་ཞིང་སྡེའི་དགེ་རྒན་དང་སྨན་པ།སྡེ་དཔོན་བཅས་འཚོལ་བའི་བྱ་འགུལ་སྤེལ་ནས།   ཁ་མིག་ཡར་ལྟ་དང་དགེ་བར་བཀུར་བ།མཛེས་པར་དགའ་བ་བཅས་ཀྱི་སྟོབས་དང་ལྡན་པའི་དྲང་ནུས་གོང་བུར་བསྒྲིལ་དགོས། རིག་རྩལ་བྱ་བ་སྒྲུབ་མཁན་ཞིང་སྡེ་རུ་འགྲོ་བ་དར་སྤེལ་བྱས་ནས།ཞིང་སྡེའི་དྲི་མས་ཕྱུག་པ་དང་ཞིང་སྡེའི་དུས་རབས་འཕོ་འགྱུར་ལ་བསྟོད་པའི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་གསར་རྩོམ་བྱས་ཏེ།  ལྟ་འདོད་ཅིང་མཉན་སྤྲོ་བའི་རིག་གནས་ཞབས་ཞུ་འདོན་སྤྲོད་བྱ་དགོས།  ཞིང་སྡེའི་སྲོལ་རྒྱུན་རིག་གནས་གསར་སྐྲུན་དང་དགེ་བའི་བྱ་སྤྱོད་དར་སྤེལ་བྱེད་པ་དང་།  ཞིང་སྡེའི་གནས་ཚུལ་དང་ཕ་ཡུལ་དྲན་པའི་སྐྱོ་སེམས་སྒྲོག་ཐག་ལྟ་བུ་བྱས་ནས་ཕྱོགས་སོ་སོའི་མི་སྣས་ཕ་ཡུལ་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པར་བཀུག་ནས།  ཞིང་སྡེའི་དཔལ་ཡོན་རྒྱུན་འཛིན་བྱ་དགོས།

    6.  ཞིང་སྡེའི་གཞི་རིམ་ཏང་འཛུགས་སྐྲུན་བྱ་བར་དངོས་གནས་ཤུགས་སྣོན་དགོས།  ཏང་གིས་ཏང་ལ་དོ་དམ་དང་ཏང་གཟབ་ནན་གྱིས་སྐྱོང་བའི་བླང་བྱ་ནན་ཏན་གྱིས་ལག་ལེན་མཐར་ཕྱིན་བྱེད་པ་དང་།ཏང་རྩ་འཛུགས་སྲོག་ཤིང་ཡིན་པའི་ཞིང་སྡེའི་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཤུགས་སྣོན་པ།ཞིང་སྡེ་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐབ་འཛིང་གི་བཙན་རྫོང་ལྟ་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ།ནུས་མེད་ཟབ་ཟོབ་ཡིན་པའི་གཞི་རིམ་ཏང་རྩ་འཛུགས་དག་ཐེར་ཟབ་མོ་བྱས་ནས།ཏང་གིས་ཞིང་སྡེ་གཞི་རིམ་ནས་སྲིད་སྐྱོང་བའི་རྩ་འཛུགས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་གཏོང་དགོས།  ཞིང་སྡེ་གཞི་རིམ་གྱི་ཏང་རྩ་འཛུགས་བཀོད་སྒྲིག་བྱེད་པ་གསར་སྐྲུན་དང་འཐུས་ཚང་དུ་བཏང་ནས།རྩ་འཛུགས་ཀྱི་ཁེབས་རྒྱ་དང་བྱ་བའི་ཁེབས་རྒྱ་ཇེ་ཆེར་གཏོང་དགོས།ཤང་དང་སྡེ་བ་རིམ་པ་གཉིས་ཀྱི་ཏང་རྩ་འཛུགས་ཚན་ཁག་འཛུགས་སྐྲུན་ལ་ཤུགས་བསྣན་ནས།སྣེ་ཁྲིད་པ་སྔར་བས་ལེགས་འདེམ་དང་དོ་དམ་བཟང་པོ།བཀོལ་སྤྱོད་བཟང་པོ་བཅས་བྱ་དགོས།ཞིང་སྡེ་གཞི་རིམ་གྱི་ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་བྱས་ནས།   ཏང་ཡོན་གྱི་ཉིན་རྒྱུན་སློབ་གསོའི་དོ་དམ་ལ་ཤུགས་སྣོན་པ་དང་།ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་བྱ་དགོས།ཏང་གི་སྒྲིག་ཁྲིམས་དང་འགལ་བའི་བྱ་སྤྱོད་ཐག་གཅོད་ནན་མོ་བྱས་ནས།  ཞིང་པའི་མཐའ་འཁོར་དུ་བྱུང་བའི་ཚུལ་མིན་བྱ་སྤྱོད་དང་རུལ་སུངས་གནད་དོན་མཐའ་གཅིག་ཏུ་རྩད་ཞིབ་ཐག་གཅོད་བྱ་དགོས།   ཞིང་སྡེ་གཞི་རིམ་གྱི་ཞབས་ཞུའི་རིགས་ཀྱི་ཏང་རྩ་འཛུགས་འཛུགས་སྐྲུན་བྱེད་པ་ནས་བཟུང་སྟེ།  རྫོང་དང་ཤང་།སྡེ་བ་བཅས་རིམ་པ་གསུམ་གྱི་དམངས་ཕན་ཞབས་ཞུའི་དྲ་བ་འཛུགས་སྐྲུན་བྱེད་པ་ཇེ་དྲག་ཏུ་བཏང་ནས།   མང་ཚོགས་ལ་དོན་དངོས་དང་དོན་བཟང་མང་པོ་བསྒྲུབས་པ་དང་།  ཞབས་ཞུ་བརྒྱུད་ནས་མང་ཚོགས་ལ་ཉེ་བར་བཅར་བ་དང་མང་ཚོགས་ལ་མཐུན་སྒྲིལ་བྱེད་པ།མང་ཚོགས་ཀྱི་སྣེ་ཁྲིད་པ།མང་ཚོགས་ཀྱི་ཡིད་ཆེས་ཐོབ་པ་བཅས་བྱ་དགོས། ཏང་འཛུགས་སྐྲུན་བྱ་བའི་འགན་འཁྲི་ལམ་ལུགས་ནན་ཏན་གྱིས་དོན་འཁྱོལ་བྱས་ནས།གྲོང་ཁྱེར་དང་རྫོང་།ཤང་བཅས་ཀྱི་ཏང་ཨུའི་ཧྲུའུ་ཅིས་གཞི་རིམ་ཏང་འཛུགས་སྐྲུན་བྱ་བའི་ལས་འགན་སྒྲུབ་ཚུལ་གསལ་ཞུའི་དཔྱད་བསྡུར་འཛིན་པའི་བྱ་བ་ཁྱོན་ཡོངས་ནས་སྤེལ་དགོས།

   བཞི་པ།   ཞིང་སྡེའི་འཕེལ་རྒྱས་ལ་གསོན་ཤུགས་རྒྱས་པར་དམིགས་ནས། ཞིང་སྡེའི་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་དགོས།

     བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་ན། ངེས་པར་ཞིང་སྡེའི་བཅོས་བསྒྱུར་དེ་གོ་གནས་འབུར་ཐོན་དུ་འཇོག་དགོས།  ཀྲུང་དབྱང་གི་སྤྱིའི་བཀོད་སྒྲིག་ལྟར། སྟེང་རིམ་ཇུས་འགོད་འཐུས་ཚང་དུ་གཏོང་བ་དང་། ཚོད་ལྟའི་གནས་ཀྱི་ཚོད་ལྟ་ལེགས་པོར་སྤེལ་བ། བསྟུད་མར་སྤྱི་སྡོམ་གཏིང་ཟབ་ཏུ་སྤེལ་བ་དང་ལྟ་བཤེར་དངོས་འབེབས་བྱེད་པར་ཤུགས་སྣོན་པ། བཅོས་བསྒྱུར་ལ་ཡར་ཐོན་ཡོད་པ་དང་གྲུབ་འབྲས་ཡོད་པར་ཁག་ཐེག་བཅས་བྱས་ཏེ།  ཞིང་སྡེའི་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་འཕེལ་བའི་གསོན་ཤུགས་སྔར་ལས་སྐུལ་སྤེལ་བྱ་དགོས།

    1.  རིགས་གསར་བའི་ཞིང་ལས་བདག་གཉེར་མ་ལག་མགྱོགས་མྱུར་གྱིས་འཛུགས་དགོས།ཞིང་སྡེའི་རྨང་གཞིའི་བདག་གཉེར་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་།   ཞིང་པ་ཁྱིམ་ཚང་གི་བདག་གཉེར་གཙོ་གཞིའི་གོ་གནས་རྒྱུན་འཁྱོངས་བྱེད་པ།  ས་ཞིང་བདག་གཉེར་དབང་ཆ་ཚད་ལྡན་དང་གོ་རིམ་ཡོད་པའི་སྒོ་ནས་སྐོར་སྐྱོད་བྱེད་པར་སྣེ་ཁྲིད་པ། ས་ཞིང་སྐོར་སྐྱོད་དང་གཞི་ཁྱོན་བདག་གཉེར་རྣམ་པ་གསར་སྐྲུན་བྱེད་པ།  འོས་ཤིང་འཚམ་པའི་གཞི་ཁྱོན་བདག་གཉེར་གྱི་རྣམ་པ་སྣ་མང་ཧུར་ཐག་གིས་གོང་དུ་སྤེལ་བ་བཅས་བྱས་ཏེ།   ཞིང་པའི་རྩ་འཛུགས་ཅན་གྱི་ཚད་རིམ་ཇེ་མཐོར་གཏོང་དགོས།གཞི་ཁྱོན་འོས་ཤིང་འཚམ་པའི་ཞིང་ཁྱིམ་གྱི་ཞིང་ར་གོང་དུ་སྤེལ་བར་སྐུལ་མ་གཏོང་བ་དང་། འབྲུ་རིགས་ཐོན་སྐྱེད་ཐད་ནས་གཞི་ཁྱོན་ཅན་བདག་གཉེར་བྱེད་མཁན་ལ་རྒྱབ་སྐྱོར་དང་ཞབས་ཞུ་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་དགོས།  ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་ཞབས་ཞུའི་ཁྱབ་ཁོངས་རྒྱ་བསྐྱེད་པར་སྣེ་ཁྲིད་པ་དང་། ཚད་ལྡན་སྒོས་གོང་དུ་སྤེལ་བར་སྐུལ་འདེད་གཏོང་བ།  ལོ་འཁོར་མོའི་སྙན་ཞུ་སྤྱི་བསྒྲགས་བྱེད་པའི་ལམ་ལུགས་ལག་ཏུ་བསྟར་བ་བཅས་བྱས་ཏེ། དཔེ་སྟོན་མཉམ་ལས་ཁང་འཛུགས་པའི་འགུལ་སྐྱོད་གཏིང་ཟབ་ཏུ་སྤེལ་དགོས། ཞིང་ལས་ཐོན་ལས་ཅན་གྱི་དཔེ་སྟོན་རྟེན་གཞི་འཛུགས་སྐྲུན་དང་སྣེ་ཁྲིད་ཁེ་ལས་རིགས་བསྒྱུར་རིམ་འཕར་བྱེད་པར་སྐུལ་འདེད་གཏོང་དགོས།  ཞིང་པས་ས་ཞིང་བདག་གཉེར་དབང་ཆ་མཉམ་ལས་ཁང་དང་སྣེ་ཁྲིད་ཁེ་ལས་ཀྱི་མ་རྐང་དུ་འཇོག་པར་སྣེ་ཁྲིད་དགོས།  བཟོ་ཚོང་མ་རྩས་ཁེ་ལས་ཅན་གྱི་བདག་གཉེར་དང་མཐུན་པའི་དེང་རབས་འདེབས་གསོ་ལས་རིགས་དང་ཞིང་ལས་ཐོན་རྫས་ལས་སྣོན་འཁོར་རྒྱུག་བྱེད་པ།ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུ་གོང་དུ་སྤེལ་བ་བཅས་ལ་སྐུལ་མ་གཏོང་དགོས།  ས་ཞིང་བདག་གཉེར་དབང་ཆ་སྐོར་སྐྱོད་བྱེད་པར་ཞིང་པའི་འདོད་བློར་བརྩི་འཇོག་བྱེད་པ་ལས།  བཙན་ཐབས་ཀྱིས་དམིགས་ཚད་འདོན་པ་དང་སྐུལ་འདེད་བྱེད་པ་སོགས་བྱེད་མི་ཆོག    བཟོ་ཚོང་མ་རྩས་ཞིང་ས་བོགས་གཡར་བྱེད་ཆོག་པའི་ཚད་གཞི་དང་ལྟ་སྐུལ་དོ་དམ་བྱེད་ཐབས་མགྱོགས་མྱུར་གྱིས་གཏན་འཁེལ་བྱས་ནས།   ཞིང་ལས་སྤྱོད་སྒོ་རང་འདོད་ཀྱིས་བསྒྱུར་བ་གཏན་འགོག་བྱ་དགོས།

     2.  ཞིང་སྡེའི་ཐུན་མོང་ཐོན་དབང་ལམ་ལུགས་བཅོས་བསྒྱུར་བྱེད་པར་སྐུལ་འདེད་གཏོང་དགོས། ཞིང་སྡེའི་ཐུན་མོང་ལ་དབང་བའི་ལམ་ལུགས་ནུས་ལྡན་སྒོས་མངོན་འགྱུར་བྱེད་པའི་རྣམ་པ་འཚོལ་ཞིབ་བྱས་ཏེ། ཞིང་སྡེའི་ཐུན་མོང་དཔལ་འབྱོར་འཁོར་སྐྱོད་ནང་རྐྱེན་གསར་སྐྲུན་བྱ་དགོས། ཞིང་སྡེའི་ཐུན་མོང་ཐོན་དབང་ལམ་ལུགས་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པའི་བསམ་འཆར་འདོན་དགོས།   ས་ཞིང་སོགས་ཐོན་ཁུངས་རང་བཞིན་གྱི་རྒྱུ་ནོར་ལ་གཙོ་བོ་ས་ཞིང་འགན་ལེན་བདག་གཉེར་དབང་ཆ་ངོས་འཛིན་ཐོ་འགོད་བྱེད་པ་དང་དཔང་ཡིག་སྟེར་བའི་བྱ་བ་དམ་འཛིན་དངོས་འཛིན་བྱས་ཏེ། ཞིང་ཆེན་ཡོངས་ནས་ཚོད་ལྟར་སྐུལ་འདེད་བྱེད་པའི་ཁྱབ་ཁོངས་རྒྱ་སྐྱེད་པ་དང་། སྤྱིའི་ཆ་ནས་ས་ཞིང་ཁྱིམ་ཚང་གིས་འགན་ལེན་པ། དབང་ཆ་ངོས་འཛིན་དང་མ་རྐང་ངོས་འཛིན།ས་ཞིང་ངོས་མི་འཛིན་པའི་ཁྱབ་ཁོངས་གཟབ་ནན་གྱིས་ཚོད་འཛིན་བྱ་དགོས། བདག་གཉེར་རང་བཞིན་གྱི་རྒྱུ་ནོར་མིན་པ་ལ་གཙོ་བོ་སྤྱི་པའི་ཞབས་ཞུའི་ནུས་པ་ཇེ་མཐོར་གཏོང་བར་ཕན་པའི་ཐུན་མོང་གཅིག་གྱུར་གྱི་འཁོར་རྒྱུག་དོ་དམ་ཐད་ཀྱི་ནུས་ལྡན་ནང་རྐྱེན་འཚོལ་ཞིབ་བྱ་དགོས།བདག་གཉེར་རང་བཞིན་གྱི་རྒྱུ་ནོར་ཡིན་ན་གཙོ་བོ་ཐོན་དབང་ཁོངས་གཏོགས་གསལ་བོར་བྱས་ཏེ། རྒྱུ་ནོར་མ་རྐང་དུ་ཕབ་པ་དེ་རང་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་ཁོངས་མིར་ཚད་ཇལ་བྱེད་པ་དང་།  རྣམ་པ་མང་བའི་མ་རྐང་མཉམ་ལས་འཕེལ་རྒྱས་སུ་གཏོང་དགོས།  ཞིང་པར་ཐུན་མོང་རྒྱུ་ནོར་མ་རྐང་གི་དབང་ནུས་བཅོས་བསྒྱུར་ཚོད་ལྟ་བྱེད་དུ་བཅུག་སྟེ། ཚོད་ལྟའི་གོ་རིམ་ཁྲོད་ཞིང་པའི་ཁེ་ཕན་ལ་གནོད་སྐྱེལ་བ་འགོག་པ་དང་། ཚོད་ལྟའི་བྱ་བ་སྣ་ཚོགས་རང་ཐུན་མོང་གི་དཔལ་འབྱོར་རྩ་འཛུགས་ནང་ཁུལ་ནས་ཚོད་འཛིན་ནན་མོ་བྱ་དགོས། ཞིང་སྡེ་ཐུན་མོང་གི"རྒྱུ་ནོར་གསུམ"གྱི་དོ་དམ་ལྟ་སྐུལ་དང་ཡོང་འབབ་བགོ་བཤའ་རྒྱག་པའི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས།  རྫོང་དང་ཤང་གི་ཞིང་སྡེའི་ས་ཞིང་འགན་གཙང་ལེན་བྱེད་པའི་བདག་གཉེར་དབང་ཆ་དང་ནགས་དབང་སྐོར་སྐྱོད་བྱེད་པའི་ཞབས་ཞུ་སྟེགས་བུའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་།  ཞིང་སྡེའི་ཐོན་དབང་སྐོར་སྐྱོད་དང་ཉོ་ཚོང་བྱེད་པའི་ཚོང་ར་སྐྱོན་བྲལ་ངང་འཕེལ་བར་སྐུལ་ཁྲིད་བྱ་དགོས། ཞིང་སྡེའི་ཐུན་མོང་ཐོན་དབང་ལམ་ལུགས་བཅོས་བསྒྱུར་སྐུལ་འདེད་བྱེད་པར་ཕན་པའི་ཁྲལ་དངུལ་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས།

     3.  ཞིང་སྡེའི་ས་ཞིང་ལམ་ལུགས་བཅོས་བསྒྱུར་ཚོད་ལྟ་བྱེད་པར་སྐུལ་འདེད་བརྟན་བརླིང་བྱ་དགོས། ས་ཞིང་སྤྱི་ལ་དབང་བའི་ལམ་ལུགས་ཀྱི་ངོ་བོ་མི་འགྱུར་བ་དང་རྨོ་ཞིང་གི་མཚལ་ཐིག་ལས་མི་བརྒལ་བ།  ཞིང་པའི་ཁེ་ཕན་ལ་མི་གནོད་པའི་སྔོན་འགྲོའི་འོག   ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་ལྟར།    ཞིང་སྡེའི་ས་ཞིང་ལམ་ལུགས་བཅོས་བསྒྱུར་གཟབ་ནན་དང་བརྟན་བརླིང་ངང་མདུན་དུ་བསྐུལ་དགོས།  ཞིང་སྡེའི་ས་ཞིང་སྡུད་ལེན་དང་གཅིག་བསྡུས་བདག་གཉེར་ཅན་གྱི་འཛུགས་སྐྲུན་ཐད་སྤྱོད་པའི་ས་ཞིང་ཚོང་རར་ཐོན་པ།  ཁང་གཞིས་ཐོན་ལས་ལམ་ལུགས་བཅོས་བསྒྱུར་ཚོད་ལྟ་བྱེད་པ་བཅས་སོ་སོར་དགར་ནས་ལག་བསྟར་བྱ་དགོས།   ཞིང་སྡུད་ཁྱབ་ཁོངས་ཇེ་ཆུང་དུ་གཏོང་བའི་བྱེད་ཐབས་གཏན་འབེབས་བྱ་དགོས།  རྒྱལ་ཁབ་དང་ཐུན་མོང་།  མི་སྒེར་བཅས་ཕྱོགས་སོ་སོར་འབྲེལ་བའི་ས་ཞིང་རིན་འཕར་ཡོང་འབབ་བགོ་བཤའ་རྒྱག་པའི་ནང་རྐྱེན་བཙུགས་ཏེ། མི་སྒེར་གྱི་ཡོང་འབབ་ལུགས་མཐུན་ངང་ཇེ་མཐོར་གཏོང་དགོས། ས་ཞིང་གཞུང་སྡུད་བྱས་པའི་ཞིང་པར་ལུགས་མཐུན་དང་ཚད་ལྡན།    སྣ་མང་བཅས་ཀྱི་འགན་སྲུང་ནང་རྐྱེན་འཐུང་ཚང་དུ་གཏོང་དགོས། འཆར་འགོད་དང་སྤྱོད་སྒོ་རྩིས་སྤྲོད་དོ་དམ་དང་མཐུན་པའི་ཞིང་སྡེའི་ཐུན་མོང་བདག་གཉེར་ཅན་གྱི་འཛུགས་སྐྲུན་ཐད་ས་ཞིང་བཀོལ་བར་བཤུག་སྤྲོད་དང་བོགས་གཏོང་།     
     མ་རྐང་དུ་འཇོག་པ་བཅས་ཀྱི་དབང་ནུས་སྟེར་བ་དང་། ཚོང་རའི་ཉོ་འཚོང་ལམ་སྲོལ་དང་ཞབས་ཞུའི་ལྟ་སྐུལ་དོ་དམ་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།ཞིང་པའི་ཁང་གཞིས་ཐོན་ལས་ཀྱི་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱེད་པ་དང་།  ཞིང་པའི་སྡོད་ཁང་གི་ས་ཞིང་བཀོལ་སྟངས་བཅོས་བསྒྱུར་བྱེད་པ།  ཞིང་པའི་སྡོད་ཁང་འགན་སྲུང་བྱེད་པའི་ནང་རྐྱེན་གསར་བ་འཚོལ་ཞིབ་བཅས་བྱ་དགོས། ཚོད་ལྟའི་བྱ་བར་མཛུབ་སྟོན་དང་ལྟ་སྐུལ་བྱེད་པར་ཤུགས་བསྣན་ནས།  བཀག་སྡོམ་གྱིས་འཁོར་སྐྱོད་དང་ཉེན་ཁ་ཚོད་འཛིན་ཐུབ་པ།   ཚོད་ལྟ་བྱེད་ཞོར་དུ་སྤྱི་སྡོམ་བྱེད་པ་དང་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ།  བསྐྱར་དཔར་དང་ཁྱབ་གདལ་བྱེད་ཆོག་པའི་བཅོས་བསྒྱུར་གྱི་གྲུབ་འབྲས་ཤིག་ཐོན་པར་བྱ་དགོས།

    .4  ཞིང་སྡེའི་དངུལ་རྩའི་སྒྲིག་སྲོལ་བཅོས་བསྒྱུར་ལ་སྐུལ་འདེད་བྱ་དགོས། རང་འགུལ་གྱིས་ཞིང་སྡེའི་དོན་དངོས་དང་ཞིང་ལས་ཀྱི་ཁྱད་ཆོས།  ཞིང་པའི་དགོས་མཁོ་བཅས་དང་མཐུན་པར་བྱས་ཏེ།  ཞིང་སྡེའི་དངུལ་རྩ་བཅོས་བསྒྱུར་གསར་སྐྲུན་བྱེད་ཤུགས་བསྟུད་མར་གཏིང་ཟབ་ཏུ་སྤེལ་དགོས།  ནོར་སྲིད་ཁྲལ་སྡུད་དང་དངུལ་ལོར་ཡིད་རྟོན་དངུལ་བུན།  དངུལ་རྩའི་ལྟ་སྐུལ་དོ་དམ་སོགས་སྲིད་ཇུས་དང་བྱེད་ཐབས་ཕྱོགས་བསྡུས་བེད་སྤྱོད་བྱས་ཏེ།   དངུལ་རྩའི་ཐོན་ཁུངས་མུ་མཐུད་དུ“ཞིང་གསུམ”ལ་ཕྱོགས་པར་སྐུལ་འདེད་གཏོང་བ་དང་།  ཞིང་ལས་ཡིད་རྟོན་དངུལ་བུན་གྱི་སྤྱི་འབོར་བསྟུད་མར་ཇེ་མང་དུ་འགྲོ་བ་དང་ཞིང་ལས་དང་འབྲེལ་བའི་དངུལ་བུན་གྱི་བསྡུར་ཚད་ཇེ་དམའ་རུ་མི་འགྲོ་བ་ཁག་ཐེག་བྱ་དགོས།  ཞིང་ལས་དང་འབྲེལ་བའི་དངུལ་བུན་སྡོམ་རྩིས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།   ཞིང་ལས་དང་འབྲེལ་བའི་དངུལ་བུན་གྱི་གྲུབ་ཚུལ་ལེགས་སྒྱུར་བྱ་དགོས།   ཞིང་སྡེའི་དངུལ་རྩ་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་ཡོད་ཁྲལ་སྡུད་སྲིད་ཇུས་མུ་རུ་བསྲིང་བ་དང་འཐུས་ཚང་དུ་གཏོང་དགོས། ཡིད་རྟོན་དངུལ་བུན་གྱི་རྒྱུ་ནོར་གཏའ་མར་བཞག་ནས་ཡང་བསྐྱར་དངུལ་བུན་ལེན་པའི་ཚོད་ལྟ་སྤེལ་བ་དང་།  སྔར་ལས་གཟིགས་སྐྱོང་ཅན་གྱི་ཞིང་སྐྱོར་བསྐྱར་ལེན་དངུལ་བུན་གྱི་སྐྱེད་ཀའི་ཚད་འདོན་སྤྲོད་བྱ་དགོས། ཚོང་ལས་དངུལ་ཁང་སྣ་ཚོགས་ཀྱིས“ཞིང་གསུམ”དངུལ་རྩ་ཞབས་ཞུ་གསར་སྐྲུན་བྱེད་པར་སྐུལ་མ་གཏོང་དགོས།  ཞིང་ལས་དངུལ་ཁང་གི་ཞིང་གསུམ་དངུལ་རྩ་ལས་དོན་སྡེ་ཁག་གི་བཅོས་བསྒྱུར་ཚོད་ལྟ་དེ་རྫོང་ཁོངས་ཀྱི་ཡན་ལག་དངུལ་ཁང་ཡོངས་ལ་ཁེབས་པར་བྱ་དགོས། ཞིང་ལས་གོང་སྤེལ་དངུལ་ཁང་གིས་སྲིད་ཇུས་ཅན་གྱི་བྱེད་ནུས་གཏན་འཁེལ་བྱེད་ཚད་ཇེ་དྲག་ཏུ་གཏོང་བའི་མཚུངས་སུ།  ཆུ་བེད་དང་དབུལ་ཕོངས་ས་ཁུལ་གྱི་གཞུང་ལམ་སོགས་ཞིང་ལས་དང་ཞིང་སྡེའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་དངུལ་བུན་གཏོང་ཤུགས་ཇེ་ཆེར་བཏང་སྟེ།རང་སྤེལ་བདག་གཉེར་ཅན་གྱི་ལས་སྒོ་གཟབ་ནན་གྱིས་གོང་དུ་སྤེལ་དགོས། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས“ཞིང་གསུམ”ལ་ཞབས་འདེགས་ཞུ་བའི་མ་དངུལ་རུབ་སྡུད་རྣམ་པ་གསར་སྐྲུན་བྱས་ཏེ། ཞིང་ལས་དང་ཞིང་སྡེའི་འཛུགས་སྐྲུན་ཐད་དུས་ཡུན་རིང་འབྲིང་ཞིག་ཏུ་ཡིད་རྟོན་དངུལ་བུན་གཏོང་ཚད་སྔར་ལས་ཇེ་ཆེར་གཏོང་དགོས། ཞིང་སྡེའི་ཡིད་རྟོན་དངུལ་ཁང་གི་མ་རྩའི་སྟོབས་ཤུགས་དང་བཅོས་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་བ་དང་། རྫོང་ཁོངས་སུ་རྐང་ཚུགས་པ་དང“ཞིང་གསུམ”ལ་ཞབས་འདེགས་ཞུ་བ་རྒྱུན་འཁྱོངས་ལྷོད་མེད་བྱ་དགོས།  སྦྲག་སྲིད་དངུལ་ཁང་གིས་ཞིང་སྡེའི་དངུལ་རྩའི་ལས་སྒོ་རྒྱ་སྐྱེད་པར་སྐུལ་མ་གཏོང་དགོས། སྡེ་གྲོང་དངུལ་ཁང་ཞིང་སྡེ་རུ་ཁྱབ་ཚད་ཇེ་མཐོར་གཏོང་དགོས། ཞིང་སྡེའི་མཉམ་ལས་ཁང་གསར་བའི་དངུལ་རྩ་གོང་དུ་སྤེལ་བའི་ནུས་ལྡན་ཐབས་ལམ་ཧུར་ཐག་གིས་འཚོལ་ཞིབ་བྱས་ཏེ། ཞིང་པའི་མཉམ་ལས་ཁང་ནང་ཁུལ་དུ་མ་དངུལ་གྱིས་ཕན་ཚུན་རོགས་རམ་བྱེད་པའི་ཚོད་ལྟ་བརྟན་བརླིང་ངང་སྤེལ་བ་དང་། ས་གནས་སྲིད་གཞུང་གི་ལྟ་སྐུལ་དོ་དམ་འགན་འཁྲི་དངོས་འབེབས་བྱ་དགོས། ས་ཞིང་འགན་གཙང་ལེན་གྱི་བདག་གཉེར་དབང་ཆ་དང་ཞིང་པའི་སྡོད་ཁང་གི་རྒྱུ་ནོར་དབང་ཆ་གཏའ་མར་འཇོག་པའི་འགན་ལེན་དངུལ་བུན་གྱི་ཚོད་ལྟ་བྱ་བ་ལེགས་པོར་བསྒྲུབ་དགོས། “ཞིང་གསུམ”གྱི་མ་དངུལ་རུབ་སྡུད་འགན་ལེན་བྱེད་པའི་ལས་སྒོ་སྤེལ་བར་སྐུལ་མ་གཏོང་བ་དང་། སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པའི“ཞིང་གསུམ”གྱི་མ་དངུལ་རུབ་སྡུད་འགན་ལེན་དང་ཡང་བསྐྱར་འགན་ལེན་བྱེད་པའི་ལས་ཁུངས་ཤུགས་ཆེན་པོས་གོང་དུ་སྤེལ་ནས། དངུལ་ཁང་གིས་འགན་ལེན་བྱེད་པའི་མཉམ་ལས་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས།  དངུལ་ཁང་ལས་རིགས་ཀྱི་དངུལ་རྩ་ལས་ཁུངས་ཀྱིས“ཞིང་གསུམ”ཆེད་སྤྱོད་དངུལ་རྩའི་བུ་ལོན་འགྲེམ་སྤེལ་བྱེད་པར་རྒྱབ་སྐྱོར་བྱེད་པ་དང་།  ཆ་རྐྱེན་དང་མཐུན་པའི་ཞིང་འབྲེལ་ཁེ་ལས་ཀྱིས་བུན་འཛིན་འགྲེམ་སྤེལ་བྱེད་པར་སྐུལ་མ་གཏོང་དགོས།ཞིང་ལས་འཕྲུལ་ཆས་ཆེ་རིགས་ཀྱི་མ་དངུལ་རུབ་སྡུད་བྱས་ནས་བོགས་གཏོང་བྱེད་པར་ཚོད་ལྟ་བྱེད་དགོས།  རྣམ་པ་གསར་བའི་ཞིང་ལས་བདག་གཉེར་གཙོ་བོའི་དངུལ་རྩའི་ཞབས་ཞུ་འཐུས་ཚང་དུ་གཏོང་དགོས།  ཞིང་སྡེའི་ཀུན་ཕན་དངུལ་རྩ་ཇེ་དྲག་ཏུ་གཏོང་བ་དང་།  དངུལ་འབོར་ཉུང་བའི་འགན་ལེན་གྱི་ནོར་སྲིད་སྐྱེད་ཀའི་དངུལ་བུན་སོགས་ཞིང་སྡེའི་བུད་མེད་ལ་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་གཏོང་དགོས།

    5.  ཆུ་བེད་དང་ནགས་ལས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་དགོས། ཆུ་དབང་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ། ཆུའི་དབང་ཆ་ངོས་འཛིན་པ་དང་ཐོ་འགོད་བྱེད་པའི་ཚོད་ལྟ་སྤེལ་བ་དང་།  རྣམ་པ་མང་བའི་ཆུ་དབང་སྐོར་སྐྱོད་བྱེད་སྟངས་འཚོལ་ཞིབ་བྱ་དགོས།  ཞིང་ལས་ཆུ་རིན་ཕྱོགས་བསྡུས་བཅོས་བསྒྱུར་བྱེད་པར་སྐུལ་འདེད་གཏོང་བ་དང་། ཆུ་རིན་བཅོས་བསྒྱུར་དང་ཆུ་དབང་ཉོ་འཚོང་བྱེད་པའི་ཉམས་མྱོང་ཧུར་ཐག་གིས་ཁྱབ་གདལ་དུ་བཏང་སྟེ། ཞིང་ལས་ཐད་ཆུ་འདྲེན་པའི་སྤྱི་འབོར་ཚོད་འཛིན་དང་བཅད་གྲངས་དོ་དམ་ལམ་ལུགས་འཛུགས་པ་དང་།   ཞིང་ལས་ཐད་ཆུ་བཀོལ་བའི་ཚད་འཇལ་བར་ཤུགས་སྣོན་པ།  ཞིང་ལས་ཐད་ཀྱི་ཆུ་རིན་ལུགས་མཐུན་གྱིས་ལེགས་སྒྲིག་དང་ཁ་གསབ་ནང་རྐྱེན་ཡང་དག་པ་དང་ཞིབ་མོ་ཞིག་འཛུགས་དགོས།  སྤྱི་ཚོགས་ཀྱི་མ་རྩ་དེ་ཆུ་བེད་བཟོ་འགོད་འཛུགས་སྐྲུན་དང་སྐོར་སྐྱོད་ཚོང་གཉེར་ནང་ཞུགས་པར་འགུག་དགོས། ཞིང་པའི་ཆུ་སྤྱོད་མཉམ་ལས་རྩ་འཛུགས་གོང་དུ་སྤེལ་བར་སྐུལ་མ་གཏོང་བ་དང་།  རྩ་འཛུགས་དེ་ཞིང་ལས་ཆུ་བེད་ཆེད་ལས་བཟོ་འགོད་འཛུགས་སྐྲུན་དང་བདག་སྐྱོང་གཙོ་གཞིར་འགྱུར་བར་རོགས་སྐྱོར་བྱ་དགོས། ཞིང་སྡེའི་ཆུ་བེད་བཟོ་འགོད་ཆེད་ལས་ཅན་གྱི་དོ་དམ་ཧུར་ཐག་གིས་གོང་དུ་སྤེལ་དགོས། ཆེས་གཟབ་ནན་གྱི་ནགས་ས་དང་བརླན་ས་སྲུང་སྐྱོང་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། ཐུན་མོང་ནགས་དབང་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་དགོས། རྒྱལ་དབང་ནགས་ར་བཅོས་བསྒྱུར་དང་རྒྱལ་དབང་ནགས་ཁུལ་བཅོས་བསྒྱུར་བརྟན་བརླིང་ངང་མདུན་དུ་སྐུལ་བ་དང་། སྐྱེ་ཁམས་སྤྱི་ཕན་བྱེད་ནུས་གཏན་འཁེལ་གསལ་བོར་བྱས་ཏེ། ནགས་ཚལ་ཐོན་ཁུངས་སྲུང་སྐྱོང་དང་སྐྱེད་སྲིང་ལ་ཤུགས་བསྣན་དགོས།  རྒྱལ་ཁབ་ཀྱིས་རྒྱུ་ཆར་བཀོལ་བའི་ཤིང་ནགས་གསོག་འཇོག་བྱེད་པའི་ལམ་ལུགས་འཛུགས་དགོས།  ནགས་ལས་ཀྱི་ཁྱད་ཆོས་དང་མཐུན་པའི་མ་དངུལ་རུབ་སྡུད་ལས་སྒོ་སྣ་ཚོགས་ཧུར་ཐག་གིས་གོང་དུ་སྤེལ་བ་དང་།  སྤྱི་ཚོགས་ཀྱི་མ་རྩ་ཐཱན་འདུས་ནགས་ལས་འཛུགས་སྐྲུན་ནང་ཞུགས་སུ་འཇུག་དགོས།

     6.  མཁོ་འཚོང་མཉམ་ལས་ཁང་དང་ས་རྒོད་གསར་སྦོལ་བཅོས་བསྒྱུར་མགྱོགས་མྱུར་གྱིས་གོང་དུ་སྤེལ་དགོས། མཁོ་འཚོང་མཉམ་ལས་ཁང་གི་ཕྱོགས་བསྡུས་བཅོས་བསྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་སྤེལ་བ་དང་། ཞིང་ལས་ལ་ཞབས་འདེགས་ཞུ་བའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ། གཞི་རིམ་མཉམ་ལས་ཁང་བསྒྱུར་བཀོད་བྱེད་པར་སྐུལ་འདེད་ཆེན་པོ་བྱེད་པ་དང་།  མཉམ་འབྲེལ་ཁང་བཅོས་སྐྱོང་བྱེད་པའི་ནང་རྐྱེན་གསར་སྐྲུན་བྱེད་པ།  ཞིང་པར་ཞབས་འདེགས་ཞུ་བའི་ཁྱབ་ཁོངས་རྒྱ་སྐྱེད་པ་བཅས་བྱས་ཏེ། མཁོ་འཚོང་མཉམ་ལས་ཁང་དེ་རྒྱལ་ཡོངས་ཅན་གྱི“ཞིང་གསུམ”ལ་ཕྱོགས་བསྡུས་ཞབས་འདེགས་ཞུ་བའི་སྟོབས་ཤུགས་གཙོ་བོར་འགྱུར་བར་བྱ་དགོས། མཁོ་འཚོང་མཉམ་ལས་ཁང་གི་སྲོལ་ཡིག་མགྱོགས་མྱུར་གྱིས་གཏན་འབེབས་བྱ་དགོས། ས་རྒོད་གསར་སྦོལ་བཅོས་བསྒྱུར་གོང་དུ་སྤེལ་བའི་སྲིད་ཇུས་དང་བྱེད་ཐབས་མགྱོགས་མྱུར་གྱིས་ཞིབ་འཇུག་བྱས་ཏེ་འདོན་པ་དང་།  ཞིང་ར་ཁེ་ལས་ཅན་དུ་བསྒྱུར་བ་དང་ས་རྒོད་ཁུལ་ཚོགས་པ་ཅན་དུ་བསྒྱུར་བ། མ་རྐང་དབང་ཆ་སྣེ་མང་ཅན་དུ་བསྒྱུར་བ་བཅས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་། ལས་རིགས་མཛུབ་སྟོན་དོ་དམ་སྒྲིག་སྲོལ་དང་ཁེ་ལས་ཚོང་ར་ཅན་གྱི་བདག་གཉེར་སྒྲིག་སྲོལ། ཞིང་ར་བདག་གཉེར་དོ་དམ་སྒྲིག་སྲོལ་བཅས་གསར་སྐྲུན་བྱ་དགོས།  ས་རྒོད་གསར་སྦོལ་བྱེད་པའི་རྒྱལ་དབང་རྒྱུ་ནོར་དབང་གཏོགས་ཀྱི་འབྲེལ་བ་གསལ་བོར་བྱས་ཏེ།  ས་རྒོད་གསར་སྦོལ་གྱི་ཁྱད་ཆོས་དང་མཐུན་པའི་རྒྱལ་དབང་རྒྱུ་ནོར་ལ་ལྟ་སྐུལ་དོ་དམ་བྱེད་པའི་སྒྲིག་སྲོལ་འཛུགས་དགོས།ས་རྒོད་གསར་སྦོལ་གཞུང་ལས་ཁང་གི་སྤྱི་ཚོགས་འགན་ནུས་བཅོས་བསྒྱུར་སྔར་ལས་མདུན་དུ་སྐུལ་དགོས། ས་རྒོད་གསར་སྦོལ་གྱི་ཐུན་མིན་ལེགས་ཆ་འདོན་སྤེལ་བྱེད་པ་དང་། གཞི་ཁྱོན་ཅན་གྱི་ཞིང་ལས་བདག་གཉེར་གཙོ་གཞི་ཧུར་ཐག་གིས་སྐྱེད་སྲིང་བྱས་ཏེ། ས་རྒོད་གསར་སྦོལ་བྱེད་པ་དེ་ཞིང་ལས་ཐོན་རྫས་ཐོན་སྐྱེད་བྱེད་པའི་རྟེན་གཞི་གཙོ་བོ་དང་དེང་རབས་ཞིང་ལས་ཀྱི་དཔེ་སྟོན་སྐུལ་ཁྲིད་སྟོབས་ཤུགས་སུ་བསྒྱུར་དགོས།

    7.  ཞིང་སྡེ་བཅོས་སྐྱོང་བྱེད་པའི་ནང་རྐྱེན་གསར་སྐྲུན་དང་འཐུས་ཚང་དུ་གཏོང་དགོས།  དངོས་སུ་མཁོ་ཆེ་བའི་ས་ཁུལ་དུ།  སྡེ་དམངས་ཚན་ཆུང་ཡིན་པའི་སྡེ་དམངས་རང་སྐྱོང་ཚོད་ལྟ་རྒྱ་བསྐྱེད་པ་དང་།  མུ་མཐུད་དུ་སྡེ་ཁུལ་གཞི་རྩའི་སྡེ་ཚན་ཡིན་པའི་སྡེ་དམངས་རང་སྐྱོང་ཚོད་ལྟ་ལེགས་པར་སྤེལ་ཏེ།   ས་གནས་སོ་སོའི་དོན་དངོས་དང་མཐུན་པའི་སྡེ་དམངས་རང་སྐྱོང་མངོན་འགྱུར་བྱེད་སྟངས་འཚོལ་ཞིབ་བྱ་དགོས།  སྡེ་བའི“ཨུ་ཡོན་ལྷན་ཁང་གཉིས”ཀྱི་འགན་འཁྲི་དང་སྡེ་དོན་ཇུས་ཆོད་དོ་དམ་གྱི་གོ་རིམ་སྔར་ལས་ཚད་ལྡན་དུ་གཏོང་བ་དང་། སྡེ་དོན་ལྟ་སྐུལ་ཨུ་ཡོན་ལྷན་ཁང་གི་ལམ་ལུགས་ཇུས་འགོད་བྱེད་པ་འཐུས་ཚང་དུ་གཏོང་བ། སྡེ་དམངས་ཀྱིས་སྡེ་དོན་ལ་ལྟ་སྐུལ་ནུས་ལྡན་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་།  སྡེ་བའི་ལས་བྱེད་པས་དབང་ཆ་བཀོལ་བར་ལྟ་སྐུལ་ཚོད་འཛིན་བྱེད་པར་ཤུགས་བསྣན་ཏེ།  ལྟ་སྐུལ་དངོས་གཉེར་དང་སྤྱོད་གོ་ཆོད་པར་ཁག་ཐེག་བྱ་དགོས།  ཞིང་སྡེའི་སྤྱི་ཚོགས་རྩ་འཛུགས་ཀྱི་གསོན་ཤུགས་སྐུལ་སྤེལ་བྱས་ཏེ།   ཞིང་སྡེའི་ཆེད་ལས་མཐུན་ཚོགས་ཀྱི་རིགས་དང་སྤྱི་ཕན་དགེ་རྩའི་རིགས།སྡེ་ཁུལ་ཞབས་ཞུའི་རིགས་སོགས་སྤྱི་ཚོགས་རྩ་འཛུགས་གཙོ་གནད་དུ་བཞག་ནས་སྐྱེད་སྲིང་དང་སྔོན་ལ་འཕེལ་རྒྱས་སུ་གཏོང་དགོས།     ཞིང་སྡེའི་ལངས་གཟུགས་ཅན་གྱི་སྤྱི་ཚོགས་བདེ་སྐྱོང་ཚོད་འཛིན་མ་ལག་འཛུགས་པ་དང་། འབུར་དུ་ཐོན་པའི་བདེ་སྐྱོང་གནད་དོན་ཆེད་དོན་བཅོས་སྐྱོང་བྱས་ཏེ། བདེ་འཇགས་ཤང་གྲོང་དང་བདེ་འཇགས་སྡེ་བ་འཛུགས་པར་སྐུལ་འདེད་བྱ་དགོས།

   ལྔ་པ། “ཞིང་གསུམ”བྱ་བ་ལེགས་སྒྲུབ་ཡོང་བར་དམིགས་ནས་ཞིང་སྡེའི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་བསྣན་དགོས།

     ཞིང་སྡེ་ནི་ཁྲིམས་སྐྱོང་འཛུགས་སྐྲུན་ལྟོས་བཅས་ཀྱིས་གཉོམ་པའི་ཁྱབ་ཁོངས་ཡིན་པས།   ངེས་པར་ཞིང་ལས་དང་ཞིང་སྡེའི་བཅའ་ཁྲིམས་མ་ལག་མགྱོགས་མྱུར་གྱིས་འཐུས་ཚང་དུ་གཏོང་བ་དང་མཉམ་དུ།  ཤང་གྲོང་གི་ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།   ཁྲིམས་སྐྱོང་བསམ་གཞིག་དང་ཁྲིམས་སྐྱོང་རྣམ་པ་ལེགས་པར་བཀོལ་ཏེ“ཞིང་གསུམ”བྱ་བ་ལེགས་པོར་བསྒྲུབ་དགོས། དུས་མཚུངས་སུ་ཞིང་སྡེའི་དོན་དངོས་ནས་མགོ་བརྩམས་ཏེ། སྡེ་སྲོལ་དམངས་ཆིངས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཏེ།   ཁྲིམས་སྐྱོང་འཛུགས་སྐྲུན་དང་ཀུན་སྤྱོད་འཛུགས་སྐྲུན་ཟུང་འབྲེལ་དམ་པོ་བྱ་དགོས།

    1.  ཞིང་སྡེའི་ཐོན་དབང་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ་དང་།  ཞིང་སྡེའི་ཐུན་མོང་རྒྱུ་ནོར་བདག་དབང་དང་ཞིང་དུད་ཀྱི་ས་ཞིང་འགན་གཙང་ལེན་བདག་གཉེར་དབང་ཆ་དང་ཞིང་པའི་རྒྱུ་ནོར་དབང་ཆ་བཅས་ལ་སྲུང་སྐྱོང་བྱེད་པར་ཤུགས་བསྣན་དགོས། ཞིང་སྡེའི་ས་ཞིང་འགན་གཙང་ལེན་ཕྱོགས་ཀྱི་བཅའ་ཁྲིམས་མགྱོགས་མྱུར་གྱིས་བཟོ་བཅོས་བྱེད་པ་དང་།ད་ཡོད་ཀྱི་ས་ཞིང་འགན་གཙང་ལེན་འབྲེལ་བ་བརྟན་བརླིང་སྲུང་འཛིན་བྱེད་པར་མ་ཟད།དུས་ཡུན་རིང་བོར་མི་འགྱུར་བའི་བྱེ་བྲག་གི་མངོན་སྟངས་གསལ་བོར་བྱེད་དགོས།  ཞིང་སྡེའི་ས་ཞིང་ཐུན་མོང་བདག་དབང་དང་ཞིང་དུད་ཀྱི་འགན་གཙང་ལེན་དབང་ཆ། ས་ཞིང་བདག་གཉེར་དབང་ཆ་བཅས་བར་གྱི་ཁེ་དབང་འབྲེལ་བ་གཏན་འཁེལ་གསལ་བོ་བྱེད་པ་དང་། ཞིང་སྡེའི་བུད་མེད་ཀྱི་ས་ཞིང་འགན་གཙང་ལེན་ཁེ་དབང་འགན་སྲུང་གང་ལེགས་བྱ་དགོས།  ཞིང་སྡེའི་ས་ཞིང་དང་འབྲེལ་བའི་བཅའ་ཁྲིམས་ཁྲིམས་སྲོལ་གཏན་འབེབས་དང་བཟོ་བཅོས་བྱེད་པའི་བྱ་བར་གཅིག་གྱུར་གྱིས་སྐུལ་འདེད་གཏོང་དགོས། ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱི་སྲོལ་ཡིག་འདོན་པར་མགྱོགས་མྱུར་གྱིས་ཞིབ་འཇུག་དང་འཆར་ཟིན་འགོད་དགོས།ཞིང་ལས་ཤེས་བྱའི་ཐོན་དབང་ལ་བཅའ་ཁྲིམས་ཀྱིས་སྲུང་སྐྱོང་བྱེད་པར་ཤུགས་བསྣན་དགོས།

    2 . ཞིང་ལས་ཚོང་ར་ཚད་ལྡན་ངང་འཁོར་སྐྱོད་བྱེད་པའི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཞིང་ལས་ཐོན་རྫས་ཚོང་ར་འཁོར་རྒྱུག་བྱེད་པའི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་།  ཚོང་རའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ། འདྲ་མཉམ་ཉོ་འཚོང་བྱེད་པར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ།   ཞིང་ལས་ཐོན་རྫས་འཁོར་རྒྱུག་བྱེད་པར་ཁྲིམས་སྐྱོང་ཅན་གྱི་ཁོར་ཡུག་ཅིག་བསྐྲུན་དགོས། ཞིང་ལས་ཐོན་རྫས་ཚོང་རའི་ཚོད་འཛིན་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། འབྲེལ་ཡོད་ཁྲིམས་འཛུགས་བྱ་བ་འོས་མཐུན་གྱིས་མགོ་བརྩམ་དགོས།ཞིང་ལས་ཐོན་རྫས་ཀྱི་སྤུས་ཀ་དང་ཟས་རིགས་བདེ་འཇགས་ཐད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ་དང་།   ཐོན་ཡུལ་གྱི་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པར་ཤུགས་བསྣན་ནས། ཞིང་ལས་ཐད་གཏོང་བའི་དངོས་རྫས་དོ་དམ་དང་ཐོན་སྐྱེད་བདག་གཉེར་བྱ་སྤྱོད་ཚད་ལྡན་དུ་གཏོང་དགོས།  ཞིང་སྡེའི་ཐོན་སྐྱེད་བདག་གཉེར་གཙོ་གཞི་སྣ་ཚོགས་ཁེབས་པའི་ཕྱོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་རིམ་བཞིན་འཐུས་ཚང་དུ་བཏང་སྟེ། དུས་ལྟར་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་བཅའ་ཁྲིམས་བཟོ་བཅོས་བྱ་དགོས།

    3.  "ཞིང་གསུམ"ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་བཅའ་ཁྲིམས་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། རིམ་པ་སོ་སོའི་སྲིད་གཞུང་གི"ཞིང་གསུམ"དོན་དབང་ཚད་ལྡན་དུ་གཏོང་བའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ཞིབ་འཇུག་གཏན་འབེབས་བྱེད་པ་དང་། ཀྲུང་དབྱང་དང་ས་གནས་སྲིད་གཞུང་གི་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཏོང་ཡོང་འགན་འཁྲི་གཏན་འཁེལ་གསལ་བོ་བྱ་དགོས། ཞིང་ལས་ཐོན་ཁུངས་ཁོར་ཡུག་གི་བཅའ་ཁྲིམས་ཁྲིམས་སྲོལ་འཐུས་ཚང་དུ་གཏོང་བ་དང་།  རྨོ་ཞིང་དང་ཆུའི་ཐོན་ཁུངས།ནགས་ཚལ་དང་རྩྭ་ཐང་། བརླན་ས་དང་གྲམ་ཐང་སོགས་རང་བྱུང་ཐོན་ཁུངས་གསར་སྤེལ་དང་སྲུང་སྐྱོང་བྱེད་པར་ཁྲིམས་ལྟར་སྐུལ་འདེད་གཏོང་བ་དང་།  སྐྱེ་ཁམས་ཁ་གསབ་དང་ས་ཆུ་མཁའ་རླུང་སོགས་སྦག་བཙོག་འགོག་བཅོས་བྱེད་པའི་བཅའ་ཁྲིམས་ཁྲིམས་སྲོལ་གཏན་འབེབས་བྱས་ནས་འཐུས་ཚང་དུ་གཏོང་དགོས།   ཞིང་སྡེའི་དངུལ་རྩའི་ཐད་ནས་བཅའ་ཁྲིམས་འཛུགས་པར་སྐུལ་འདེད་ཧུར་ཐག་བྱེད་པ་དང་།  སྲིད་ཇུས་རང་བཞིན་དང་ཚོང་ལས་རང་བཞིན་གྱི་དངུལ་རྩས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་འགན་འཁྲི་གསལ་བོར་བྱས་ཏེ། རྣམ་པ་གསར་བའི་ཞིང་སྡེའི་མཉམ་ལས་དངུལ་རྩ་དང་ཞིང་ལས་འགན་བཅོལ་སྐྱོན་བྲལ་ངང་འཕེལ་བར་སྐུལ་འདེད་གཏོང་དགོས། དབུལ་སྐྱོར་གསར་སྤེལ་ཐད་ནས་མགྱོགས་མྱུར་གྱིས་བཅའ་ཁྲིམས་འཛུགས་དགོས།

    4  ཞིང་སྡེའི་བཅོས་བསྒྱུར་འཕེལ་རྒྱས་ལ་ཁྲིམས་ལྟར་འགན་སྲུང་བྱ་དགོས།  ཞིང་སྡེའི་བཅོས་བསྒྱུར་ཇུས་ཆོད་དང་ཁྲིམས་འཛུགས་མཐུད་འབྲེལ་ཡོང་བར་ཤུགས་བསྣན་དགོས། ཞིང་སྡེའི་བཅོས་བསྒྱུར་ཆེན་པོ་ཚང་མར་བཅའ་ཁྲིམས་ཀྱི་ཁུངས་ལུང་ཡོད་པ་དང་།  ཁྲིམས་འཛུགས་པར་རང་རྟོགས་ཀྱིས་ཞིང་སྡེའི་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པར་བྱ་དགོས།  ལག་ལེན་ལས་ར་སྤྲོད་བྱུང་བའི་ནུས་པ་ལྡན་པ་དང་ཁྲིམས་འཛུགས་ཆ་རྐྱེན་ལོངས་ཚེ།  དུས་ཐོག་ཏུ་བཅའ་ཁྲིམས་རིམ་པར་སྤར་དགོས། བཅོས་བསྒྱུར་གྱི་བླང་བྱ་དང་མི་མཐུན་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་དུས་ཐོག་ཏུ་བཟོ་བཅོས་བྱེད་པ་དང་མེད་པར་བཟོ་དགོས། བཅའ་ཁྲིམས་ནང་གཏན་འཁེལ་བྱས་པའི་བྱེ་བྲག་གི་ནང་དོན་དང་བཅའ་ཁྲིམས་ཀྱི་ཁུངས་ལུང་འོས་སྤྱོད་བྱེད་པ་གསལ་བོར་བྱེད་དགོས་ན།  དུས་ཐོག་ཏུ་བཅའ་ཁྲིམས་ཀྱི་འགྲེལ་བཤད་རྒྱག་དགོས།  ལག་ལེན་བྱེད་པའི་ཆ་རྐྱེན་ད་དུང་མི་འདང་བ་དང་། སྔོན་ལ་ལག་བསྟར་དང་ཚོད་ལྟ་བྱེད་དགོས་ན། ཁྲིམས་བཀོད་གོ་རིམ་ལྟར་དབང་ཆ་གནང་དགོས།  ཞིང་སྡེའི་བཅོས་བསྒྱུར་ཚོད་ལྟ་ཁུལ་གྱི་བྱ་བར་མུ་མཐུད་དུ་སྐུལ་འདེད་གཏོང་དགོས། སྲིད་འཛིན་ཁྲིམས་བསྟར་སྒྲིག་སྲོལ་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། གཞི་རིམ་ཁྲིམས་བསྟར་དཔུང་སྡེ་ཇེ་དྲག་ཏུ་གཏོང་བ།   ཁྲིམས་བསྟར་སྟོབས་ཤུགས་ལུགས་མཐུན་སྒོས་བཀོད་སྒྲིག་དང་།  ཞིང་ནགས་ཆུ་བེད་སོགས་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་ཁྲིམས་བསྟར་ཧུར་ཐག་གིས་འཚོལ་ཞིབ་བྱ་དགོས།  ཞིང་འབྲེལ་སྲིད་འཛིན་ཁྲིམས་བསྟར་གྱི་གྲོན་དངུལ་ལ་ནོར་སྲིད་ཀྱིས་འགན་སྲུང་བྱེད་པའི་ནང་རྐྱེན་འཐུས་ཚང་དུ་གཏོང་དགོས། ཤང་གྲོང་གི་བཅའ་ཁྲིམས་ཞབས་ཞུའི་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱེད་པ་དང་། ཤང་གྲོང་སྡོད་དམངས་ལ་ཁེབས་པའི་སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་མ་ལག་འཐུས་ཚང་དུ་བཏང་སྟེ། ཞིང་པར་བཅའ་ཁྲིམས་རོགས་སྐྱོར་དང་ཁྲིམས་འཛིན་རོགས་སྐྱོར་བྱེད་པར་ཤུགས་བསྣན་དགོས། 

    5.  ཞིང་སྡེ་གཞི་རིམ་གྱི་ཁྲིམས་སྐྱོང་ཆུ་ཚད་ཇེ་མཐོར་གཏོང་དགོས། ཞིང་སྡེའི་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་།  རིམ་པ་སོ་སོའི་མགོ་ཁྲིད་དང་ཞིང་འབྲེལ་སྡེ་ཁག    ཞིང་སྡེའི་གཞི་རིམ་ལས་བྱེད་པ་བཅས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་བཏང་ནས།   ཞིང་པའི་སྣེ་ཁྲིད་དེ་ཁྲིམས་སློབ་པ་དང་ཁྲིམས་བརྩི་བ་དང་ཁྲིམས་བཀོལ་བའི་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས།ཁྲིམས་ལྟར་དབང་སྲུང་བ་དང་རྩོད་གླེང་ཞི་ལྷོད་དུ་གཏོང་བའི་ནང་རྐྱེན་འཐུས་ཚང་དུ་གཏོང་བ་དང་། ཞིང་པ་མང་ཚོགས་ཀྱིས་ཁྲིམས་མཐུན་ཐབས་ལམ་བརྒྱུད་དེ་དབང་ཆ་སྲུང་བར་སྐུལ་ཁྲིད་དང་རྒྱབ་སྐྱོར་བྱས་ཏེ།  རྗེས་དཔག་གིས་ལུགས་དང་མཐུན་པའི་ཞུ་གཏུག་རེ་ཞུ་འདོན་དགོས།  ཞིང་པའི་ཁུར་བོར་ལྟ་སྐུལ་དོ་དམ་བྱེད་པར་ཁྲིམས་ལྟར་ཤུགས་བསྣན་དགོས།  ཞིང་པ་དང་གཞི་རིམ་གྱི་ཤེས་རབ་ལ་བརྟེན་ནས།   སྡེ་དམངས་གྲོས་ཞིབ་ཚོགས་འདུ་དང་ལྟ་ཞིབ་ལས་དོན་ཚོགས་འདུ་སོགས་བརྒྱུད་དེ།སྡེ་དམངས་དམངས་གཙོའི་གྲོས་མོལ་གྱིས་ཞིང་སྡེ་བཅོས་སྐྱོང་ཁྲོད་དགེ་མཚན་ལྡན་པའི་ནུས་པ་ཐོན་པར་སྐུལ་ཁྲིད་བྱ་དགོས།

     རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་།    སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་བྱེད་པ་ཇེ་མགྱོགས་སུ་གཏོང་བའི་འཐབ་ཇུས་ཀྱི་མཐོ་ཚད་ནས་མགོ་བརྩམས་ཏེ། “ཞིང་གསུམ”བྱ་བའི་མགོ་ཁྲིད་ལ་སྔར་ལས་ཤུགས་སྣོན་པ་དང་ལེགས་སྒྱུར་བྱེད་པ།   ཞིང་ལས་ལྷོད་གཡེང་དུ་གཏོང་བའི་ཕྱོགས་ལྷུང་འབྱུང་བ་དངོས་གནས་གཏན་འགོག་བྱེད་པ། འགྲན་སློང་ལ་ཐད་ཀར་གདོང་གཏོད་ཕོད་པ་དང་དཀའ་སེལ་འགག་སྒྲོལ་བྱེད་ཕོད་པའི་སྒོ་ནས་ཞིང་ལས་དང་ཞིང་སྡེ་བསྟུད་མར་བཟང་ཕྱོགས་སུ་འཕེལ་བའི་རྣམ་པ་རྒྱུན་སྲུང་གང་ཐུབ་བྱ་དགོས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཞིང་ལས་དང་ཞིང་སྡེ་འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་དང་གདོང་གཏོད་པའི་ཉེན་ཁ་དང་འགྲན་སློང་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ། “ལྔ·བཅུ་གསུམ”སྐབས་ཀྱི་ཞིང་སྡེའི་བཅོས་བསྒྱུར་དང་འཕེལ་རྒྱས་ཀྱི་ལས་གཞི་ཆེན་པོ་དང་བཟོ་འགོད་ཆེན་པོ།སྲིད་ཇུས་གལ་ཆེན་བཅས་ཚན་རིག་ལྟར་འཆར་གཞི་འགོད་པ་དང་གཅིག་གྱུར་ཇུས་འགོད་བྱ་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ཏེ།  “ཞིང་གསུམ”ཐད་ཀྱི་སྲིད་ཇུས་སྣ་ཚོགས་ལྷག་ལུས་མེད་པར་དམིགས་སར་འབྱོར་བར་ཁག་ཐེག་བྱ་དགོས། ཏང་གི་མང་ཚོགས་ལམ་ཕྱོགས་སློབ་གསོའི་ལག་ལེན་བྱ་འགུལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རྒྱ་སྐྱེད་པ་དང་།  བྱ་བའི་སྤྱོད་ཚུལ་ལེགས་སྒྱུར་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། “ཞིང་གསུམ”བྱ་བའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས།ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་།  གསར་གཏོད་གསར་སྐྲུན་དང་བྱ་བ་དམ་འཛིན་གྱིས་ཞིང་སྡེའི་བཅོས་བསྒྱུར་དང་འཕེལ་རྒྱས་ཇེ་མགྱོགས་སུ་བཏང་སྟེ།   ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་བྱས་རྗེས་གསར་བ་འབུལ་དགོས།།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།