ཀྲུང་གོ་བོད་ཀྱི་དྲ་བ།

《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》(སོ་བདུན་པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2024-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

181.མི་ཞིག་ལ《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ཁྲོད་གཏན་འབེབས་བྱས་པའི་ཆད་པ་གཅོད་དགོས་པའི་སྒྲིག་འགལ་བྱ་སྤྱོད་རིགས་གཉིས་ཡན(རིགས་གཉིས་འདུས)ཡོད་ན་ཇི་ལྟར་ཐག་གཅོད་བྱེད་དགོས་སམ། 

མི་གཅིག་ལ《སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ཁྲོད་གཏན་འབེབས་བྱས་པའི་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དགོས་པའི་སྒྲིག་འགལ་བྱ་སྤྱོད་རིགས་གཉིས་ཡན(རིགས་གཉིས་འདུས)ཡོད་ན། ཟླ་སྒྲིལ་གྱིས་ཐག་གཅོད་བྱེད་དགོས་པ་དང་། དེའི་སྒྲིག་ཁྲིམས་ལས་འགལ་བའི་བྱ་སྤྱོད་རིགས་དུ་མར་གཅོད་དགོས་པའི་ཆད་པ་ལྕི་རུ་གཏོང་བའི་ཆད་པ་གཅོད་དགོས། དེའི་ནང་གི་སྒྲིག་ཁྲིམས་ལས་འགལ་བའི་བྱ་སྤྱོད་རིགས་གཅིག་ལ་ཏང་ཁོངས་ནས་འབུད་པའི་ཆད་པ་གཅོད་དགོས་ཚེ།ཏང་ཁུངས་ནས་འབུད་པའི་ཆད་པ་གཅོད་དགོས། 

182.ཏང་ཡོན་གྱིས་བྱས་ཉེས་བསགས་ན། གནས་ཚུལ་གང་དག་ལ་ཏང་ཁོངས་ནས་ཕྱིར་ཕུད་པའི་ཆད་པ་གཅོད་དགོས། 

(གཅིག)ཤེས་བཞིན་དུ་བྱས་ཉེས་བསགས་པའི་དབང་གིས་བཅའ་ཁྲིམས་ལྟར་ཉེས་ཁྲིམས་འདིའི་ནང་གཏན་ལ་ཕབ་པའི་ཉེས་ཆད་གཙོ་བོ(ཉེས་ཆད་ཕྱིར་འགྱངས་བྱ་རྒྱུ་ཁྱབ་བསྒྲགས་བྱས་པ་ཚུད)དང་། (2)ཉེས་ཆད་གཅིག་པུར་གཅོད་པའམ་ཆབ་སྲིད་ཀྱི་ཁེ་དབང་བཙན་འཕྲོག་གི་ཟུར་འགེལ་ཉེས་ཆད་བཅད་རིགས། (གསུམ།)ལས་འཛོལ་གྱི་བྱས་ཉེས་བསགས་ནས་ཁྲིམས་ལྟར་ལོ་གསུམ་ཡན(ལོ་གསུམ་མི་འདུས)གྱི་དུས་བཙོན་གྱི་ཉེས་ཆད་བཅད་པའི་རིགས། ནོར་འཛོལ་གྱི་བྱས་ཉེས་བསགས་པར་ལོ་གསུམ་མན(ལོ་གསུམ་འདུས)གྱི་དུས་བཀག་བཙོན་འཇུག་གམ་ཡང་ན་རྩིས་སྤྲོད་དོ་དམ་དང་བཙན་ཉར་ལས་སྐུལ་གྱི་ཉེས་ཆད་བཅད་པའི་རིགས། སྤྱིར་བཏང་དུ་ཏང་ཁོངས་ནས་འབུད་དགོས། ཏང་ཁོངས་ནས་འབུད་མི་དགོས་པའི་མི་རེ་གཉིས་ལ། ཏང་ཡོན་ལ་ཆད་པ་གཅོད་པའི་ཆོག་མཆན་འགོད་པའི་དབང་མཚམས་ཀྱི་གཏན་འབེབས་ཞིབ་བསྡུར་གྱིས་རིམ་པ་གོང་མའི་ཏང་རྩ་འཛུགས་ལ་ཆོག་མཆན་ཞུ་དགོས། 

183.ཏང་ཡོན་ཏང་ཁོངས་ནས་ཕྱིར་འབུད་པར་གོ་རིམ་གང་དག་བརྒྱུད་དགོས། 

ཀྲི་པུའུ་ཡི་ཚོགས་ཆེན་སྟེང་གྲོས་བསྡུར་བྱས་རྗེས་མིང་ཐོ་བསུབས་པར་ཁྱབ་བསྒྲགས་བྱས་པ་མ་ཟད། གོང་རིམ་ཏང་གི་རྩ་འཛུགས་ལ་ཐོ་འགོད་སྙན་སེང་བྱེད་པར་ཡར་ཞུ་བྱེད་དགོས། 

184.གནས་ཚུལ་ཅི་ཞིག་ནི་རང་འགུལ་གྱིས་ཏང་དང་ཁ་བྲལ་བ་ཡིན་ནམ། 

རྒྱུ་མཚན་ལུགས་མཐུན་མེད་པར་བསྟུད་མར་ཟླ་བ་དྲུག་རིང་ཏང་གི་རྩ་འཛུགས་ཀྱི་འཚོ་བའི་ནང་མ་ཞུགས་པའམ་ཡང་ན་ཏང་དངུལ་མ་སྤྲད་པ་དང་། ཡང་ན་ཏང་གིས་སྤྲད་པའི་བྱ་བ་མ་སྒྲུབ་ན། རང་ཤུགས་སུ་ཏང་དང་བྲལ་བར་ངོས་འཛིན་བྱས་པ་རེད། 

185.ཏང་ཡོན་གང་དག་མིང་ཐོ་ནས་ཕུད་དེ་ཐག་གཅོད་བྱས་ཆོག་གམ། 

མི་དགོས་པར་བཟོ་བའི་ཐག་བཅད་པའི་ཏང་རྩ་འཛུགས་ནང་གི་ཏང་ཡོན་ལ་རེ་རེ་བཞིན་ཞིབ་བཤེར་བྱེད་དགོས་ཤིང་། དེའི་ནང་ནས་ཏང་ཡོན་གྱི་ཆ་རྐྱེན་དང་མི་མཐུན་པའི་རིགས་ལ་སློབ་གསོ་གཏོང་བ་དང་དུས་བཀག་ནང་ཡོ་བསྲང་བྱེད་དུ་འཇུག་དགོས་པ་དང་། སློབ་གསོ་བཏང་རྗེས་ཀྱང་སྔར་བཞིན་འགྱུར་ལྡོག་མེད་པའི་རིགས་ལ་ཕྱིར་འཐེན་དགོས་པའི་ཁ་ཏ་བསླབ་བྱ་བྱེད་པའམ་ཡང་ན་མིང་ཐོ་ནས་ཕུད་དགོས། སྒྲིག་འགལ་བྱས་ནས་གར་སོང་ཆ་མེད་དུ་གྱུར་པའི་ཏང་ཡོན་ལ་གནས་ཚུལ་གཞན་དང་མི་འདྲ་བའི་ཐག་གཅོད་བྱེད་དགོས་པ་དང་། སྒྲིག་འགལ་གྱི་བྱ་སྤྱོད་ཚབས་ཆེན་ཡོད་ན། ཏང་ཁོངས་ནས་འབུད་པའི་ཆད་པ་གཅོད་དགོས་པའི་གནས་ཚུལ་ཕུད། གར་སོང་ཆ་མེད་དུ་གྱུར་བའི་དུས་ཚོད་ཟླ་བ་དྲུག་ལས་བརྒལ་ན། ཏང་གི་རྩ་འཛུགས་ཀྱིས་ཏང་གི་སྒྲིག་ཡིག་གི་གཏན་འབེབས་ལྟར་དེ་མིང་ཐོ་ནས་འབུད་དགོས། ཆོས་དད་བྱེད་པའི་ཏང་ཡོན་ལ་ཏང་གི་རྩ་འཛུགས་ཀྱིས་སློབ་གསོ་བྱེད་རོགས་བྱེད་པར་སྔར་བཞིན་འགྱུར་བ་བྱུང་མེད་ན། དེ་ལ་ཏང་ཁོངས་ནས་ཕྱིར་འཐེན་པའི་ཁ་ཏ་བྱེད་དགོས་པ་དང་། ཁ་ཏ་བྱས་ཀྱང་ཕྱིར་མ་བུད་ན་མིང་ཐོ་ནས་ཕུད་དགོས། ཏང་ནང་དུ་ཞུགས་པའི་ནོར་འཁྲུལ་ཚབས་ཆེན་སྦས་གསང་བྱས་ན། སྤྱིར་བཏང་དུ་མིང་ཐོ་སུབ་དགོས། ཕྱིར་སྡོད་ལས་ཁུངས་སམ་གནས་སྐབས་ཕྱི་རྒྱལ(མངའ་ཁོངས)དུ་སྐྱོད་པའི་ཚོགས་པའི(ཚོ་ཆུང)ནང་གི་ཏང་ཡོན་རྩ་འཛུགས་དང་ཁ་བྲལ་ནས་ཕྱིར་ཐོན་པའི་དུས་ཚོད་ཟླ་བ་དྲུག་ལས་བརྒལ་ན། རང་ཤུགས་སུ་ཏང་ཁོངས་ནས་འབུད་རྒྱུ་དང་ཏང་ནས་ཕྱིར་འབུད་དགོས། 

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།