ཀྲུང་གོ་བོད་ཀྱི་དྲ་བ།

《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》(སོ་དྲུག་པ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2024-02-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

176.ཏང་གི་སྒྲིག་ཁྲིམས་ཆེན་པོ་དྲུག་ཞེས་པ་ནི་ཅི་ཞིག་ཡིན་ནམ།

ཆབ་སྲིད་ཀྱི་སྒྲིག་ཁྲིམས། རྩ་འཛུགས་ཀྱི་སྒྲིག་ཁྲིམས། སྤྱོད་གཙང་གི་སྒྲིག་ཁྲིམས། མང་ཚོགས་ཀྱི་སྒྲིག་ཁྲིམས།

ལས་ཀའི་སྒྲིག་ཁྲིམས། འཚོ་བའི་སྒྲིག་ཁྲིམས་བཅས་སོ།

177.ཏང་གི་སྒྲིག་ཁྲིམས་ཆད་གཅོད་ལས་དོན་ཐད་རྩ་དོན་གང་དག་རྒྱུན་འཁྱོངས་བྱེད་དགོས་སམ།

(1) ཏང་གིས་ཏང་སྐྱོང་བ་དང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་རྒྱུན་འཁྱོངས་བྱེད་པ།

(2) ཏང་གི་སྒྲིག་ཁྲིམས་ཀྱི་མདུན་དུ་ཚང་མ་འདྲ་མཉམ་ཡིན་པ།

(3) དངོས་ཐོག་བདེན་འཚོལ།

(4) དམངས་གཙོའི་གཅིག་བསྡུས་ལམ་ལུགས།

(5) སྔ་བསླབ་ཕྱི་འདོམས་དང་ནད་བཅོས་སྲོག་སྐྱོབ་བྱ་དགོས།

178.ཏང་ཡོན་ལ་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་རྒྱུར་རིགས་གང་དག་ཡོད་དམ།

(1) ཐ་ཚིག་སྒྲོག་པ།

(2) ཐ་ཚིག་ནན་མོ་སྒྲོག་པ།

(3) ཏང་ནང་གི་གོ་གནས་ཕྱིར་འཐེན་བྱ་རྒྱུ།

(4) ཏང་ནང་བཞག་ནས་ལྟ་ཞིབ་བྱེད་པ།

(5) ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་རྒྱུ།

179.《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ནང་གནས་ཚུལ་གང་དག་བྱུང་དུས་ཉེས་ཆད་ཇེ་ཡང་དང་ཆག་ཡང་དུ་གཏོང་དགོས་པ་གཏན་འབེབས་བྱས་ཡོད་དམ།

(1) རང་འགུལ་གྱིས་རང་ཉིད་ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དགོས་པའི་གནད་དོན་ངོས་ལེན་བྱས་པ།

(2) རྩ་འཛུགས་ཞིབ་བསྡུར་དང་གྱོད་གཞི་ཐོ་འགོད་ཞིབ་བཤེར་བྱེད་པའི་བརྒྱུད་རིམ་ཁྲོད་ལས་དོན་ཞིབ་བསྡུར་ཞིབ་བཤེར་བྱེད་པར་གཞོགས་འདེགས་ཐུབ་པ་དང་། རང་ཉིད་ཀྱིས་སྒྲིག་འགལ་ཁྲིམས་འགལ་བྱས་པའི་དོན་དངོས་ཇི་མ་ཇི་བཞིན་གསལ་བཤད་བྱས་པའི་རིགས།

(3) གྱོད་དོན་གཅིག་མཚུངས་ཀྱི་མི་དང་ཡང་ན་མི་གཞན་དག་ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དགོས་པའམ་ཡང་ན་བཅའ་ཁྲིམས་ཀྱི་བདའ་འདེད་བྱེད་པའི་གནད་དོན་ཉེས་འདོན་བྱས་པ་རྩད་ཞིབ་བྱས་པར་དོན་དངོས་ཡིན་པའི་རིགས།

(4) རང་འགུལ་གྱིས་གྱོང་གུན་ཟློག་པ་དང་། ཤུགས་རྐྱེན་ངན་པ་སེལ་བའམ་གནོད་སྐྱོན་གྱི་མཇུག་འབྲས་ངན་པ་བྱུང་བར་བཀག་འགོག་ནུས་ལྡན་བྱས་པའི་རིགས།

(5) རང་འགུལ་གྱིས་སྒྲིག་ཁྲིམས་ལས་འགལ་བའི་ཐོབ་ཆ་གོང་འབུལ་ཞུས་པ།

(6) བྱས་རྗེས་བཞག་པའི་སྤྱོད་ཚུལ་གཞན་དག་ཡོད་པའི་རིགས།

180.《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ནང་གནས་ཚུལ་གང་དག་བྱུང་དུས་ཉེས་ཆད་ལྕི་མོ་གཅོད་དགོས་པ་གཏན་འབེབས་བྱས་ཡོད་དམ།

(1) མི་གཞན་དག་ལ་བཙན་ཤེད་དང་ངན་སྐུལ་བྱས་ནས་སྒྲིག་འགལ་བྱུང་དུ་བཅུག་པའི་རིགས།

(2) སྐྱིན་ཚབ་སྤྲོད་འཇལ་བྱས་པ་དང་སྒྲིག་ཁྲིམས་དང་འགལ་བའི་ཐོབ་ཆ་གོང་འབུལ་མི་བྱེད་པ།

(3) སྒྲིག་ཁྲིམས་ལས་འགལ་བའི་ཆད་པ་བཅད་རྗེས། བསམ་བཞིན་དུ་སྒྲིག་ཁྲིམས་ལས་འགལ་ནས་ཏང་གི་སྒྲིག་ཁྲིམས་ལྟར་ཆད་པ་བཅད་པའི་རིགས།

(4) སྒྲིག་འགལ་ངང་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་བཅད་རྗེས། སླར་ཡང་དེར་ཆད་པ་མ་ཕོག་གོང་སྒྲིག་འགལ་གྱི་བྱ་སྤྱོད་བྱུང་ཡོད་ལ་ཏང་གི་སྒྲིག་ཁྲིམས་ཀྱི་ཆད་པ་གཅོད་དགོས་པའི་རིགས།

(5) སྲོལ་ཡིག་འདིའི་ནང་གཏན་འབེབས་བྱས་པ་གཞན་དག 

 
རྩོམ་སྒྲིག་པ། : མཁའ་འགྲོ་ཚེ་བརྟན།