150.རྒྱལ་སྤྱིའི་མཉམ་ལས་ཞིབ་འཇུག་གི་མིང་ཐོག་ནས་ཀྲུང་གོའི་མིའི་རིགས་ཀྱི་རྒྱུད་པའི་ཐོན་ཁུངས་ཆ་འཕྲིན་རང་དགར་རྒྱལ་ཁབ་གཞན་ལ་བརྒྱུད་སྤྲོད་བྱས་ན། གཏན་འབེབས་གང་ཞིག་དང་འགལ་ཡོད་དམ།
【གྱོད་དཔེ】2015ལོའི་ཧྭ་ཏ་གཞི་རྒྱུ་སྤྱི་གཉེར་ཀུང་སིས་ཆོག་འཐུས་མ་ཐོབ་པར་ཉིའུ་ཅིན་སློབ་ཆེན་དང་རྒྱལ་སྤྱིའི་མཉམ་ལས་ཞིབ་འཇུག་སྤེལ་ཏེ། ཀྲུང་གོ་མིའི་རིགས་ཀྱི་རྒྱུད་པའི་ཐོན་ཁུངས་ཆ་འཕྲིན་སྐོར་ཞིག་རྒྱལ་ཁབ་ཕྱི་ལ་བརྒྱུད་སྤྲོད་བྱས་པས། ཚན་རྩལ་པུའུ་ཡི་སྲིད་འཛིན་གྱིས་ཆད་པ་བཅད་པ་རེད།
【དབྱེ་ཞིབ】《སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་ང་བདུན་པའི་ནང་འཁོད་དོན། རང་རྒྱལ་གྱི་མིའི་རིགས་ཀྱི་རྒྱུད་འཛིན་ཐོན་ཁུངས་ཀྱི་ཆ་འཕྲིན་དེ་མངའ་ཁོངས་ཕྱིའི་རྩ་འཛུགས་དང་མི་སྒེར་དང་། དེ་མིན་དངོས་སུ་ཚོད་འཛིན་བྱས་ཡོད་པའི་ལས་ཁུངས་ལ་འདོན་སྤྲོད་བྱེད་པའམ་ཡང་ན་བཀོལ་སྤྱོད་བྱེད་དུ་བཅུག་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཚན་རིག་ལག་རྩལ་སྡེ་ཁག་ལ་སྔོན་ལ་སྙན་ཞུ་འབུལ་དགོས་པ་མ་ཟད་ཆ་འཕྲིན་ཉར་ཚགས་ཀྱང་བྱེད་དགོས།
151.2021ལོའི་ཟླ3པར། པེ་ཅིན་འགག་སྒོས་སྐྱེ་དངོས་ཀྱི་ས་བོན་རྫུན་ཞུ་བྱས་པ་སྐོར4འཛིན་བཟུང་བྱས་པ་དང་། དེ་ནི་ཀྲོ་མ་ཀྲུ་དང་སུར་པན། ཀྭ་མངར་མོ་སོགས་ཀྱི་རིགས་རེད། པེ་ཅིན་འགག་སྒོའི་ཁྲིམས་ལུགས་ལག་བསྟར་བྱེད་པའི་གཞི་འཛིན་ས་ཅི་ཞིག་ཡིན།
《སྐྱེ་དངོས་བདེ་འཇགས་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་དྲུག་ཅུ་པའི་ནང་འཁོད་དོན། ལས་ཁུངས་གང་དང་མི་སྒེར་སུ་ཡིན་རུང་ཆོག་མཆན་མ་ཐོབ་པར། རང་དགར་ཕྱིའི་སྐྱེ་དངོས་རིགས་ནང་འདྲེན་དང་། གློད་གྲོལ་ནམ་ཡང་ན་བོར་བརླག་བཏང་མི་ཆོག
2001ལོར་ཧྲང་ཧའེ་ཡི་སྐྱེས་པ་ཞའོ་ཆེ་གེ་མོས་ས་ནད་ཀྱི་དབྱུག་སྲིན་རྫུས་མའི་སྦྲག་དངོས་ཧྲང་ཧའེ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཁག་དང་གསར་འགྱུར་ལས་ཁུངས་ལ་བསྐུར་ནས། བསམ་བཞིན་འཇིགས་སྐུལ་བྱས་པར། དུས་བཀག་བཙོན་འཇུག་ལོ་བཞི་ལ་བྱེད་པའི་ཁྲིམས་ཐག་བཅད། ཞའོ་ཆེ་གེ་མོ་ལ་ཅིའི་ཕྱིར་ཉེས་ཆད་བཅད་པ་ཡིན་ནམ།
《སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་རེ་གཅིག་ནང་འཁོད་དོན། རྒྱལ་ཁབ་ཀྱིས་དགོས་ངེས་ཀྱི་བྱེད་ཐབས་ཡོད་ཚད་སྤྱད་ནས་སྐྱེ་དངོས་འཇིགས་སྐུལ་དང་སྐྱེ་དངོས་མཚོན་ཆའི་འཇིགས་སྐུལ་ལ་དོགས་ཟོན་བྱེད་དགོས།
2017ལོའི་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི“3.15”དགུང་ཚོགས་ཐོག་ཡོན་ཧྥང་ཀྲུང་ཧུའེ་སོགས་གཟན་ཆས་ཁེ་ལས་ཀྱིས་ཐོན་རྫས་ནང་སྒྲིག་འགལ་སྒོས་སྐྱེ་དངོས་ཕྲ་རབ་འགོག་པའི་སྨན་རྫས་བླུགས་ཡོད་པ་དམར་འདོན་བྱས་པ་དང་། དེས་སྲོག་ཆགས་དང་མིར་སྨན་ནུས་མི་ཐོན་པའི་གནས་ཚུལ་འབྱུང་སྲིད་པས། ཁེ་ལས་དེའི་འགན་ཁུར་པར་ལོ13གྱི་ཉེས་ཆད་བཅད། དེ་བཅའ་ཁྲིམས་ཀྱི་གཏན་འབེབས་གང་དང་འགལ་ཡོད་དམ།
《སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་སོ་གསུམ་པའི་ནང་འཁོད་དོན། རྒྱལ་ཁབ་ཀྱིས་སྲིན་འགོག་སྨན་སོགས་ཀྱི་སྐྱེ་དངོས་ཕྲ་རབ་འགོག་པའི་སྨན་རྫས་བེད་སྤྱོད་དང་ལྷག་ལུས་དོ་དམ་ལ་ཤུགས་སྣོན་དགོས།
152.དྲ་ཐོག་ཚོང་ཁང་ཞིག་གི་གསར་དུ་བསྡུས་པའི་ལས་བཟོ་པ་མའོ་ཆེ་གེ་མོས་འཛད་སྤྱོད་པའི་གཞི་གྲངས་ནང་འདྲེན་བྱས་པ་མ་ཟད་ཁྲིམས་འགལ་གྱི་ཉོ་ཚོང་བྱས་ཤིང་། མའོ་ཆེ་གེ་མོའི་བྱ་སྤྱོད་དེ་བཅའ་ཁྲིམས་གང་ལ་འགལ་བ་རེད་དམ།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》ནང་འཁོད་དོན། དྲ་རྒྱ་གཉེར་སྐྱོང་པས་སྤྱོད་མཁན་གྱི་ཆ་འཕྲིན་ཐག་གཅོད་བྱེད་པར་གཤམ་གསལ་གྱི་གཏན་འབེབས་ལ་བརྩི་སྲུང་བྱེད་དགོས་པར་བསྟན་ཡོད་དེ། བསྡུ་རུབ་བྱས་པའི་སྤྱོད་མཁན་གྱི་ཆ་འཕྲིན་གསང་སྲུང་ནན་པོ་བྱེད་དགོས་པ་མ་ཟད། སྤྱོད་མཁན་གྱི་ཆ་འཕྲིན་སྲུང་སྐྱོང་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས། མི་སྒེར་གྱི་ཆ་འཕྲིན་འཚོལ་བསྡུ་དང་། བེད་སྤྱོད་བྱེད་པར་ཁྲིམས་མཐུན་དང་ལུགས་མཐུན། དགོས་ངེས་བཅས་ཀྱི་རྩ་དོན་བརྩི་སྲུང་དང་། བསྡུ་ལེན་དང་བེད་སྤྱོད་སྒྲིག་ལམ་ཡོངས་བསྒྲགས་བྱེད་པ་དང་། བསྡུ་ལེན་དང་ཆ་འཕྲིན་བེད་སྤྱོད་དམིགས་ཡུལ་དང་། རྣམ་པ། ཁྱབ་ཁོངས་བཅས་གསལ་བསྒྲགས་བྱེད་དགོས་པ་མ་ཟད། འཚོལ་བསྡུ་བྱ་ཡུལ་མོས་མཐུན་ཐོབ་དགོས། འདོན་སྤྲོད་བྱས་པའི་ཞབས་ཞུར་འབྲེལ་མེད་ཀྱི་མི་སྒེར་གྱི་ཆ་འཕྲིན་འཚོལ་བསྡུ་བྱས་མི་ཆོག་ལ། བཅའ་ཁྲིམས་དང་རྒྱབ་འགལ་བྱས་མི་ཆོག སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་དང་ཕྱོགས་གཉིས་ཀྱི་ཁ་ཆད་དང་འགལ་བའི་མི་སྒེར་གྱི་ཆ་འཕྲིན་འཚོལ་བསྡུ་དང་བེད་སྤྱོད་བྱས་མི་ཆོག་པ་མ་ཟད། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་གཏན་འབེབས་དང་སྤྱོད་མཁན་གྱི་ཁ་ཆད་ལྟར། ཉར་ཚགས་བྱས་ཡོད་པའི་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་དགོས། མི་སྒེར་གྱི་ཆ་འཕྲིན་ཕྱིར་ཤོར་བ་དང་བཅོས་སྒྱུར། མེད་བརླག་བཏང་མི་ཆོག་ལ། འཚོལ་སྡུད་བྱ་ཡུལ་མོས་མཐུན་མ་བྱུང་བར། མི་གཞན་ལ་མི་སྒེར་གྱི་ཆ་འཕྲིན་འདོན་སྤྲོད་བྱས་མི་ཆོག འོན་ཀྱང་ཐག་གཅོད་བྱས་པ་བརྒྱུད་དམིགས་བསལ་གྱི་མི་སྒེར་གསལ་འབྱེད་བྱེད་ཐབས་བྲལ་བ་མ་ཟད་སླར་གསོ་བྱེད་མི་ཐུབ་པའི་རིགས་དེའི་ཁོངས་སུ་མི་འདུ། ལག་རྩལ་གྱི་བྱེད་ཐབས་དང་དགོས་ངེས་ཀྱི་བྱེད་ཐབས་གཞན་དག་སྤྱད་ནས། འཚོལ་བསྡུ་བྱས་པའི་མི་སྒེར་གྱི་ཆ་འཕྲིན་བདེ་འཇགས་ལ་འགན་ལེན་བྱེད་དགོས་པ་དང་། ཆ་འཕྲིན་ཕྱིར་ཤོར་བ་དང་། གཏོར་བརླག བོར་བརླག་གཏོང་བ་བཅས་སྔོན་འགོག་བྱེད་དགོས། མི་སྒེར་གྱི་ཆ་འཕྲིན་ཕྱིར་ཤོར་བ་དང་། གཏོར་བརླག བོར་བརླག་གཏོང་བ་བཅས་ཀྱི་གནས་ཚུལ་བྱུང་བའི་སྐབས། མྱུར་དུ་གསབ་བཅོས་བྱ་ཐབས་སྤྱོད་དགོས་པ་མ་ཟད། གཏན་འབེབས་ལྟར་སྤྱོད་མཁན་ལ་དུས་ལྟར་བརྡ་གཏོང་བ་དང་འབྲེལ་ཡོད་གཙོ་སྐྱོང་དོ་དམ་སྡེ་ཁག་ལ་སྙན་སེང་ཡང་ཞུ་དགོས།
153.དུག་རྫས་ནི་ཅི་ཞིག་ཡིན་ནམ།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དུག་རྫས་གཏན་འགོག་བཅའ་ཁྲིམས》(གཤམ་དུ་བསྡུས་མིང་ལ《དུག་རྫས་གཏན་འགོག་བཅའ་ཁྲིམས》ཞེས་བརྗོད་རྒྱུ)དང《ཉེས་ཁྲིམས》ནང་གཏན་འབེབས་བྱས་དོན། དུག་རྫས་ཞེས་པ་ནི་ཉལ་ཐ་དང་ཧའེ་ལོ་དབྱིན། ཅ་ཅི་པུན་པིན་ཨན(འཁྱག་དུག) མཱ་ཧྥེ། ཏ་མ། ཁུ་ཁ་དབྱིན་བཅས་དང་། དེ་བཞིན་རྒྱལ་ཁབ་ཀྱིས་བཀག་སྡོམ་བྱེད་པར་གཏན་འབེབས་བྱས་པའི་མི་རྣམས་དབྱིངས་སུ་ཞུགས་པར་འཇུག་པའི་སྦྲིད་སྨན་གྱི་རིགས་དང་སྨྱོ་སྨན་གྱི་རིགས་གཞན་དག་ལ་ཟེར།
154.རང་རྒྱལ་གྱི《ཉེས་ཁྲིམས》ནང་གཏན་འབེབས་བྱས་པའི་དུག་རྫས་ཉེ་གསོག་ཉེས་མིང་ལ་གང་དག་ཡོད་དམ།
(1) དུག་རྫས་ལྐོག་འདྲེན་དང་འཚོང་འགྲེམ། དབོར་འདྲེན། ལས་སྣོན་བཅས་ཀྱི་ནག་ཉེས།
(2) ཁྲིམས་འགལ་གྱིས་དུག་རྫས་ཉར་འཛིན་བྱས་པའི་བྱས་པའི་ནག་ཉེས།
(3) དུག་རྫས་འགེབས་སྲུང་བྱས་པའི་ནག་ཉེས།
(4) དུག་རྫས་དང་དུག་འཚོང་མཁན་སྦས་སྐུང་དང་གནས་སྤོ། སྦ་གསང་དང་། དུག་འཚོང་བཅས་བྱེད་པའི་ནག་ཉེས།
(5) དུག་རྫས་བཟོ་བྱེད་ཀྱི་རྒྱུ་ཆ་ལྐོག་འཚོང་བྱེད་པའི་ནག་ཉེས།
(6) ཁྲིམས་འགལ་གྱིས་དུག་རྫས་བཟོ་བྱེད་ཀྱི་རྒྱུ་ཆ་ཉོ་འཚོང་བྱེད་པའི་ནག་ཉེས།
(7) ཁྲིམས་འགལ་གྱིས་དུག་རྫས་སྐྱེ་དངོས་འདེབས་འཛུགས་བྱས་པའི་ནག་ཉེས།
(8) ཁྲིམས་འགལ་གྱིས་དུག་རྫས་ཀྱི་མ་བཅོས་རྒྱུ་ཆ་དང་ས་བོན་ཉོ་འཚོང་དང་། དབོར་འདྲེན། འཁྱེར་བ། ཉར་འཛིན་བཅས་བྱེད་པའི་ནག་ཉེས།
(9) མི་གཞན་ལ་བསླུ་བྲིད་དང་ངན་སྐུལ། མགོ་སྐོར་བཅས་བཏང་ནས་དུག་འཐེན་དུ་བཅུག་པའི་ནག་ཉེས།
(10) བཙན་གྱིས་མི་གཞན་ལ་དུག་འཐེན་དུ་བཅུག་པའི་ནག་ཉེས།
(11) མི་གཞན་ལ་དུག་འཐེན་དུ་བཅུག་པའི་ནག་ཉེས།
(12) ཁྲིམས་འགལ་གྱིས་སྦྲིད་སྨན་དང་སྨྱོ་སྨན་མཁོ་འདོན་བྱས་པའི་ནག་ཉེས།
155.ཝུའུ་ཆེ་གེ་མོས་བསླུ་བྲིད་སྒོས་མི་གཞན་ལ་དུག་འཐེན་པར་ངན་སྐུལ་བྱས་ན་ནག་ཉེས་ཅི་ཞིག་བསགས་པར་གཏོགས་སམ།
《ཉེས་ཁྲིམས》ཀྱི་དོན་ཚན་སུམ་བརྒྱ་ང་གསུམ་པའི་ནང་གཏན་འབེབས་བྱས་དོན། མི་གཞན་དག་ལ་བསླུ་བྲིད་དང་ངན་སྐུལ། མགོ་སྐོར་བཅས་བྱས་ནས་དུག་རྫས་འཐེན་དུ་བཅུག་པའི་རིགས་ལ་ཁྲིམས་ལྟར་ཉེས་དོན་འགན་འཁྲི་བདའ་འདེད་གཏོང་དགོས་ཤིང་། སྤྱིར་ན་ལོ་གསུམ་མན་གྱི་དུས་བཀག་བཙོན་འཇུག་གམ་བཀག་ཉར་དང་དོ་དམ་བྱེད་པའི་ཉེས་ཆད་གཅོད་པ་དང་། གནས་ཚུལ་ཚབས་ཆེ་བའི་རིགས་ལ་ལོ་གསུམ་ཡན་ནས་ལོ་བདུན་མན་གྱི་དུས་བཀག་བཙོན་འཇུག་བྱེད་པའི་ཉེས་ཆད་གཅོད་དགོས།(མུ་འགོད།)