ཀྲུང་གོ་བོད་ཀྱི་དྲ་བ།

《“བརྒྱད་ལྔའི”བཅའ་ཁྲིམས་ཁྱབ་གདལ་ཤེས་བྱའི་དྲི་བ200》(སུམ་ཅུ་བ)

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བསམ་འཕེལ་ནོར་བུས་བསྒྱུར།   སྤེལ་དུས། : 2023-05-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

146.པོད་འཕྲིན་ཐོག་རིམས་ནད་ཀྱི་ཆ་འཕྲིན་རྫུན་བཟོ་བྱས་ན་ཉེས་གསོག་དོགས་གཞི་གང་འདྲ་ཞིག་ཡོད་དམ། 

【གྱོད་དཔེ】ཅིན་ཆེ་གེ་མོས་པོད་འཕྲིན་གྱི་སྙན་གྲགས་ཆེ་རུ་གཏོང་ཆེད། བསམ་བཞིན་དུ་པོད་འཕྲིན་ཐོག་ཆིང་ཏའོ་གྲོང་ཁྱེར་གྱི་པྲོག་གསར་གློ་ཚད་འགོས་པའི་མི་གྲངས་ཀྱི་གནས་ཚུལ་རྫུན་མ་ཁྱབ་བསྒྲགས་བྱས་པས། ཉེན་རྟོག་ཕྱོགས་ཀྱིས་ཁྲིམས་ལྟར་ཉིན15ཡི་སྲིད་འཛིན་བཀག་བསྐྱིལ་བྱས་པ་མ་ཟད་སྒོར500ཡི་དངུལ་ཆད་བཅད། ཅིན་ཆེ་གེ་མོ་བཅའ་ཁྲིམས་གྱི་གཏན་འབེབས་ཅི་ཞིག་ལ་འགལ་ཡོད་དམ།

【དབྱེ་ཞིབ】《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་བཅུ་གཉིས་པའི་ནང་གཏན་འབེབས་བྱས་པ་ལྟར་ན། མི་སྒེར་དང་རྩ་འཛུགས་གང་རུང་གིས་དྲ་རྒྱ་བེད་སྤྱོད་བྱེད་སྐབས་རྩ་ཁྲིམས་དང་བཅའ་ཁྲིམས་ལ་བརྩི་སྲུང་དང་སྤྱི་བའི་སྒྲིག་ལམ་བརྩི་སྲུང་། སྤྱི་ཚོགས་ཀྱི་སྤྱི་བའི་སྤྱོད་བཟང་ལ་བརྩི་འཇོག་བྱས་ནས། དྲ་རྒྱའི་བདེ་འཇགས་ལ་གནོད་སྐྱོན་བཟོས་མི་ཆོག་པ་དང་། དྲ་རྒྱ་བེད་སྤྱད་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་མཚན་སྙན། ཁེ་ཕན་བཅས་ལ་གནོད་པའི་དོན་དག་སྒྲུབ་མི་ཆོག་པ། རྒྱལ་ཁབ་ཀྱི་སྲིད་དབང་རྩ་སློག་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྩ་གཏོར་གཏོང་བར་ངན་སྐུལ་དང་། རྒྱལ་ཁབ་ཁ་བྲལ་གཏོང་བར་ངན་སྐུལ་བྱེད་པ། རྒྱལ་ཁབ་གཅིག་གྱུར་ལ་གཏོར་བཤིག་གཏོང་བ། འཇིགས་སྐུལ་རིང་ལུགས་དང་མཐར་ལྷུང་རིང་ལུགས་ཁྲོམ་བསྒྲགས། མི་རིགས་ཀྱི་ཞེ་འཁོན་དང་མི་རིགས་སྣང་ཆུང་འུད་སྒྲོག དྲག་ཤུགས་དང་འདོད་གཡེམ། ཆགས་སྲེད་ཀྱི་ཆ་འཕྲིན་སྒྲོག་སྤེལ། ཆ་འཕྲིན་རྫུན་བཟོ་དང་སྒྲོག་སྤེལ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ཟང་ཟིང་དུ་བཟོ་བ་དང་། དེ་བཞིན་མི་གཞན་གྱི་མཚན་སྙན་དང་གསང་དོན། ཤེས་བྱའི་བདག་དབང་། ཁྲིམས་མཐུན་གྱི་ཁེ་དབང་གཞན་དག་ལ་གནོད་སྐྱོན་བཟོ་བའི་བྱ་འགུལ་བཅས་སོ། ཅིན་ཆེ་གེ་མོས་རིམས་ནད་ཀྱི་སྐབས་སུ་དྲ་རྒྱའི་དཀྲོག་གཏམ་སྤེལ་ནས་མང་ཚོགས་ལ་འཁྲིད་འཛོལ་བྱུང་བས། སྤྱི་ཚོགས་བརྟན་བརླིང་ལ་འཇིགས་སྣང་ཚབས་ཆེན་སྐུལ་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བརླག་བཏང་ཡོད། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་གྱི་ཉེས་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། ཅིན་ཆེ་གེ་མོར་སྲིད་འཛིན་བཀག་བསྐྱིལ་དང་དངུལ་ཆད་གཅོད་དགོས། །

147.ལས་རིགས་སློབ་གྲྭ་ག་གེ་མོ་ཞིག་གི་ན་གཞོན་ཧྥུའུ་ཆེ་གེ་མོས་དཀའ་སྡུག་ལ་འཛེམ་ནས་དམག་ཞབས་དང་ལེན་མ་བྱས་པར། ས་གནས་དེ་གས་ཆད་པ་ནན་མོ་བཅད། ཧྥུའུ་ཆེ་གེ་མོ་བཅའ་ཁྲིམས་ཅི་ཞིག་ལ་འགལ་ཡོད་དམ།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲུང་བཅའ་ཁྲིམས》ཀྱི་དོན་ཚན་བདུན་པའི་ནང་གཏན་འབེབས་བྱས་པ་ལྟར་ན། མེས་རྒྱལ་སྲུང་སྐྱོབ་དང་བཙན་འཛུལ་འགོག་རྒོལ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཚང་མའི་བླ་ན་མེད་པའི་འོས་འགན་ཡིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱིས་ཁྲིམས་ལྟར་རྒྱལ་སྲུང་འོས་འགན་ལག་ཏུ་བསྟར་དགོས། དོན་ཚན་ལྔ་གསུམ་པའི་ནང་གཏན་འབེབས་བྱས་པ་ལྟར་ན། བཅའ་ཁྲིམས་ལྟར་དམག་ཞབས་དང་ལེན་དང་དམག་དམངས་རྩ་འཛུགས་ནང་ཞུགས་པ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྤྱི་དམངས་ཀྱི་གཟི་བརྗིད་ལྡན་པའི་འོས་འགན་ཡིན།

148.པོད་འཕྲིན་མཁས་ཅན་གྱིས་བསམ་བཞིན་དུ་རྒྱལ་སྲུང་མཐའ་སྲུང་གི་དཔོན་དམག་དཔའ་རྒོད་ལ་དམའ་འབེབས་བཏང་ན་དེར་ནག་ཉེས་གང་འདྲ་ཡོད་དམ། 

【གྱོད་དཔེ】2021ལོའི་ཟླ2པའི་ཚེས19ཉིན། དྲ་རྒྱའི་མཁས་ཅན་ཁྲོའུ་ཆེ་གེ་མོས་ཞིན་ལང་པོད་འཕྲིན་སྟེང་མི་སྒེར་གྱི་རྩིས་ཨང་སྤྱད་དེ་རྒྱལ་སྲུང་མཐའ་སྲུང་གི་སྔོན་གཤེགས་དཔའ་བོར་དམའ་འབེབས་དང་འཕྱ་སྨོད་བྱས་ཏེ་སྤྱི་ཚོགས་སྟེང་ཤུགས་རྐྱེན་ངན་པ་བཟོས་པས། ཁྲོའུ་ཆེ་གེ་མོར་ཁྲིམས་ལྟར་ཟླ་བརྒྱད་ཀྱི་བཙོན་འཇུག་བྱས་པ་མ་ཟད། རྒྱལ་ནང་གི་གཙོ་རྒྱུགས་དྲ་ཚུགས་དང་རྒྱལ་ཡོངས་རང་བཞིན་གྱི་སྨྱན་སྦྱོར་སྟེང་ཡོངས་བསྒྲགས་སྒོས་དགོངས་དག་ཞུས་ནས་ཤུགས་རྐྱེན་ངན་པ་སེལ་དགོས་པའི་བཀའ་ཕབ། 

【དབྱེ་ཞིབ】ཁྲོའུ་ཆེ་གེ་མོའི་སྔོན་གཤེགས་དཔའ་བོའི་མཚན་སྙན་དང་གཟི་བརྗིད་མཚན་སྙན་ལ་གནོད་འཚེ་བཏང་བའི་ནག་ཉེས་བཟོས། 

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྔོན་གཤེགས་དཔའ་བོའི་སྲུང་སྐྱོང་བཅའ་ཁྲིམས》ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ལྟར་ན། དམའ་འབེབས་དང་སྐུར་འདེབས། ཡང་ན་བྱེད་ཐབས་གཞན་དག་སྤྱད་ནས་སྔོན་གཤེགས་དཔའ་བོའི་མིང་དང་འདྲ་པར། མཚན་སྙན། གཟི་བརྗིད་ལ་གནོད་འཚེ་ཐེབས་པར་མ་ཟད། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་ཐེབས་ཚེ། ཁྲིམས་ལྟར་དམངས་དོན་འགན་འཁྲི་འཁུར་དགོས་པ་དང་། བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་བཟོས་ཚེ། སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལྟར་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་དགོས་ཤིང་། ནག་ཉེས་བཟོས་ཚེ། ཁྲིམས་ལྟར་ཉེས་འགན་འཁུར་དགོས། 《ཉེས་ཁྲིམས》ཀྱི་དོན་ཚན་ཉིས་བརྒྱ་དང་གོ་དགུའི་གཏན་འབེབས་ལྟར་ན། “དམའ་འབེབས་དང་འཕྱ་སྨོད། ཡང་ན་བྱེད་ཐབས་གཞན་དག་སྤྱད་ནས་སྔོན་གཤེགས་དཔའ་བོའི་མཚན་སྙན་དང་གཟི་བརྗིད་ལ་གནོད་འཚེ་བཏང་སྟེ། སྤྱི་ཚོགས་ཀྱི་སྤྱི་པའི་ཁེ་ཕན་ལ་གནོད་འཚེ་ཐེབས་པ་དང་གནས་ཚུལ་ཛ་དྲག་ཡིན་ཚེ། དུས་བཙོན་ལོ་གསུམ་མན་དང་། བཀག་ཉར།  ཚོད་འཛིན་བྱེད་དགོས་པ་དང་ཡང་ན་ཆབ་སྲིད་ཀྱི་ཁེ་དབང་ལེན་དགོས། 

དེ་ལས་གཞན། 2021ལོའི་ཟླ6པའི་ཚེས10ཉིན་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས29པའི་སྟེང་གྲོས་འཆམ་བྱུང་བའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམག་མིའི་གནས་བབ་དང་ཁེ་དབང་འགན་སྲུང་སྐོར་གྱི་བཅའ་ཁྲིམས》ཀྱི་དོན་ཚན་རེ་ལྔ་ལྟར་ན། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ནས་སྨྱན་སྦྱོར་དང་ཡང་ན་བྱེད་ཐབས་གཞན་དག་ལ་བརྟེན་ནས། དམའ་འབེབས་དང་། འཕྱ་སྨོད། སྒྲོ་འདོགས་བཅས་བྱས་ཏེ་དམག་མིའི་མཚན་སྙན་ལ་གནོད་པ་དང་། ཡང་ན་བསམ་བཞིན་དུ་གནོད་འཚེ་གཏོང་བ་དང་ཉེས་འགལ་བཟོས་ཏེ་དམག་མིའི་མཚན་སྙན་ལ་གནོད་སྐྱོན་བཟོས་ཚེ། སྤྱི་བདེ་དང་རིག་གནས། ཡུལ་སྐོར། གསར་འགྱུར་དཔེ་སྐྲུན། གློག་བརྙན། རྒྱང་སྒྲོག་བརྙན་འཕྲིན། དྲ་འཕྲིན་བཅས་དང་ཡང་ན་འབྲེལ་ཡོད་གཙོ་སྐྱོང་སྡེ་ཁག་གཞན་དག་གིས་སོ་སོའི་འགན་དབང་ལ་གཞིགས་ནས། རང་འགན་ཡོ་བསྲང་བྱེད་པ་དང་ཁྲིམས་མཐུན་ལྟར་ཐག་གཅོད་བྱ་དགོས་པར་མ་ཟད།  བསམ་པའི་གནོད་སྐྱོན་ཐེབས་ཚེ། གནོད་འཚེ་ཕོག་མཁན་གྱིས་སྐྱིན་ཚབ་མཇལ་རྒྱུའི་རེ་ཞུ་བྱས་ཆོག

དོན་ཚན་རེ་བདུན་པ། བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ་དམག་མིའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་ནས། རྒྱུ་ནོར་གྱི་གྱོང་གུན་ནམ་གྱོང་གུན་གཞན་དག་བཟོས་ན། ཁྲིམས་ལྟར་དམངས་དོན་འགན་འཁྲི་འཁུར་དགོས། 

བཅའ་ཁྲིམས་འདིའི་གཏན་འབེབས་དང་འགལ་ཏེ། བདེ་འཇགས་དོ་དམ་དང་འགལ་བའི་བྱ་སྤྱོད་བཟོས་ཚེ། ཁྲིམས་ལྟར་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་པ་དང་། ནག་ཉེས་བཟོ་མཁན་ལ་བཅའ་ཁྲིམས་ལྟར་ཉེས་འགན་བདའ་འདེད་བྱེད་དགོས། 

149.རྒྱུད་རྒྱུ་ཆེད་མཁས་པས་བྱིས་པའི་སྐྱེས་ཁུངས་ལ་ནག་ཉེས་བཟོས་ཚེ་ཉེས་ཁྲིམས་ཅི་ཞིག་འཁུར་དགོས། 

【གྱོད་དཔེ】2018ལོའི་ཟླ11པར་སློབ་ཆེན་ག་གེ་མོའི་དགེ་རྒན་ཆེན་མོ་གཞོན་པ་ཧོ་ཆེ་གེ་མོས་རྒྱུད་རྒྱུ་རྩོམ་སྒྲིག་བྱེད་དབང་གི་མཚེ་མ་གཉིས་སྐྱེས་ཆོག་པ་ཁྱབ་བསྒྲགས་བྱས་པ་དང་། ཁོང་ཚོས་ལྷན་སྐྱེས་ཀྱི་སྒོ་ནས་ཨེ་ཙེའི་ནད་ཀྱི་ནད་དུག་ལ་འགོག་རྒོལ་བྱེད་ཐུབ་ཀྱི་ཡོད་པ་རེད། ཧོ་ཆེ་གེ་མོར་རྗེས་སུ་དུས་བཙོན་ལོ་གསུམ་གྱི་ཉེས་ཆད་ཕོག ཧོ་ཆེ་གེ་མོ་བཅའ་ཁྲིམས་ཀྱི་གཏན་འབེབས་གང་དག་དང་འགལ་ཡོད་དམ། 

【དབྱེ་ཞིབ】《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས》(གཤམ་དུ་བསྡུས་མིང་ལ《སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས》ཞེས་བརྗོད་རྒྱུ)ཀྱི་དོན་ཚན་བཞི་བཅུ་པ་ལྟར་ན། སྐྱེ་དངོས་གསོ་རིག་གི་ནད་ཐོག་ལག་རྩལ་ཞིབ་འཇུག་བྱེད་པར་མི་ཆོས་ཀུན་སྤྱོད་ཀྱི་ཞིབ་བཤེར་བརྒྱུད་དགོས། 

150.རྒྱལ་སྤྱིའི་མཉམ་ལས་ཞིབ་འཇུག་གི་མིང་ཐོག་ནས་ཀྲུང་གོའི་མིའི་རིགས་ཀྱི་རྒྱུད་པའི་ཐོན་ཁུངས་ཆ་འཕྲིན་རང་དགར་རྒྱལ་ཁབ་གཞན་ལ་བརྒྱུད་སྤྲོད་བྱས་ན། གཏན་འབེབས་གང་ཞིག་དང་འགལ་ཡོད་དམ།

【གྱོད་དཔེ】2015ལོའི་ཧྭ་ཏ་གཞི་རྒྱུ་སྤྱི་གཉེར་ཀུང་སིས་ཆོག་འཐུས་མ་ཐོབ་པར་ཉིའུ་ཅིན་སློབ་ཆེན་དང་རྒྱལ་སྤྱིའི་མཉམ་ལས་ཞིབ་འཇུག་སྤེལ་ཏེ། ཀྲུང་གོའི་མིའི་རིགས་ཀྱི་རྒྱུད་འཛིན་ཐོན་ཁུངས་ཆ་འཕྲིན་སྐོར་ཞིག་རྒྱལ་ཁབ་ཕྱི་ལ་བརྒྱུད་སྤྲོད་བྱས་པས། ཚན་རྩལ་པུའུ་ཡི་སྲིད་འཛིན་གྱིས་ཆད་པ་བཅད་པ་རེད།

【དབྱེ་ཞིབ】《སྐྱེ་དངོས་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན་ང་བདུན་པའི་ནང་འཁོད་དོན། རང་རྒྱལ་གྱི་མིའི་རིགས་ཀྱི་རྒྱུད་འཛིན་ཐོན་ཁུངས་ཀྱི་ཆ་འཕྲིན་དེ་མངའ་ཁོངས་ཕྱིའི་རྩ་འཛུགས་དང་མི་སྒེར་དང་། དེ་མིན་དངོས་སུ་ཚོད་འཛིན་བྱས་ཡོད་པའི་ལས་ཁུངས་ལ་འདོན་སྤྲོད་བྱེད་པའམ་ཡང་ན་བཀོལ་སྤྱོད་བྱེད་དུ་བཅུག་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་ཚན་རིག་ལག་རྩལ་སྡེ་ཁག་ལ་སྔོན་ལ་སྙན་ཞུ་འབུལ་དགོས་པ་མ་ཟད་ཆ་འཕྲིན་ཉར་ཚགས་ཀྱང་བྱེད་དགོས།(མུ་འགོད)

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།