ཀྲུང་གོ་བོད་ཀྱི་དྲ་བ།

ཚེ་ཆེ་གེ་མོས་ཉེན་སྲུང་གཡོ་ལེན་བྱས་པའི་གྱོད་དོན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2021-11-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

དང་པོ། གྱོད་དོན་གྱི་གཞི་རྩའི་གནས་ཚུལ།

གྱོང་དོན་གྱི་མིང་། ཚེ་ཆེ་གེ་མོས་ཉེན་སྲུང་གཡོ་ལེན་བྱས་པའི་གྱོད་དོན།

ཞུ་འབུལ་ལས་ཁུངས། རྐང་ཚ་རྫོང་སྤྱི་བདེ་ཅུའུ།

གཉིས་པ། གྱོད་དོན་གྱི་གཞུང་དངོས།

2021ལོའི་ཟླ8པའི་ཚེས17ཉིན། རྐང་ཚ་རྫོང་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་འགྲིམ་འགྲུལ་འཁོར་འཛོལ་ཐོན་ཡུལ་རྫུན་བཟོ་བྱེད་མཁན་ཡོད་པ་ཤེས་རྟོགས་བྱུང་ཞིང་། དེའི་དམིགས་ཡུལ་ནི་ཉེན་སྲུང་དངུལ་གཡོ་ལེན་བྱ་རྒྱུ་དེ་ཡིན་ལ། སྤྱི་བདེ་ལས་ཁུངས་ལ་ཞིབ་བཤེར་ཐག་གཅོད་བྱེད་རྒྱུའི་རེ་ཞུ་བྱས་པ་རེད།

གསུམ། ཞིབ་བཤེར་དང་ཐག་གཅོད།

ཉེན་རྟོག་པར་བཤད་རྗེས། མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་བརྟག་དཔྱད་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན། རླངས་འཁོར་དེའི་ཁ་ལོ་བ་ཚེ་ཆེ་གེ་མོ2021ལོའི་ཟླ8པའི་ཚེས16ཉིན་ནས་རླངས་འཁོར་འདི་བསྐོར་བའི་སྐབས་སུ་མདུན་ཕྱོགས་ཀྱི་རླངས་འཁོར་ཞིག་ལ་བརྡབས་ནས་དོན་རྐྱེན་བྱུང་། དོན་རྐྱེན་བྱུང་རྗེས་འབྲེལ་ཡོད་གཏན་འབེབས་ལྟར་དོན་རྐྱེན་འདི་ཐག་གཅོད་མ་བྱས་ཤིང། 2021ལོའི་ཟླ8པའི་ཚེས16ཉིན་གྱི་ཆུ་ཚོད10པ་ཙམ་ལ། རྐང་ཚ་རྫོང་འོམ་བུ་གྲོང་རྡལ་གྱི་སྡེ་བ་ག་གེ་མོ་རུ་དོན་རྐྱེན་བྱུང་ཡུལ་རྫུན་བཟོ་བྱས་པ་མ་ཟད་ཉེན་འགོག་འགན་ལེན་ཀུང་སིར་ཉེན་ཟོན་སྙན་སེང་ཞུས་པ་དང་། ཉེན་འགོག་འགན་ལེན་ཀུང་སིའི་ལས་བྱེད་མི་སྣ་ས་ཆ་དེར་འབྱོར་རྗེས་དོན་རྐྱེན་དེ་བྱུང་བར་ད་དུང་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་ལ་ཉེན་བརྡ་གཏོང་དགོས་པ་བཤད་ཅིང་། འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱི་མི་དམངས་ཉེན་རྟོག་པ་ཐོན་ཡུལ་དངོས་སུ་བསྐྱོད་རྗེས་རྩད་ཞིབ་བྱས་པ་བརྒྱུད་དོན་རྐྱེན་ཐོན་ཡུལ་རྫུན་བཟོ་བྱས་པ་ཤེས་རྟོགས་བྱུང་བ་དང་། དེའི་དམིགས་ཡུལ་ནི་ཉེན་འགོག་འགན་ལེན་གྱི་གྲོན་དངུལ་གཡོ་ལེན་བྱེད་ཆེད་ཡིན། སྤྱི་བདེ་ལས་ཁུངས་ལ་གྱོད་དོན་སྙན་སེང་ཞུས་པ་དང་མི་དམངས་ཉེན་རྟོག་པས་བརྟག་དཔྱད་བྱས་པ་བརྒྱུད། ཚེ་ཆེ་གེ་མོས་དོན་རྐྱེན་བྱུང་ཡུལ་རྫུན་བཟོ་དང་འགན་བཅོལ་དངུལ་གཡོ་ལེན་བྱས་པའི་ཁྲིམས་འགལ་དོན་དངོས་ངོས་ལེན་བྱས་པ་རེད།

རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི《དངུལ་རྩའི་སྒྲིག་ལམ་གཏོར་བཤིག་གཏོང་བའི་བྱས་ཉེས་ལ་ཉེས་ཆད་གཅོད་པའི་སྐོར་གྱི་ཆོད་དོན》ནང་གསེས་དོན་ཚན་བཅུ་དྲུག་པའི་ནང་གསེས་དོན་ཚན་དང་པོའི་ཡང་གསེས་དོན་ཚན་དང་པོ། དོན་ཚན་ཉེར་གཅིག་པ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི《དངུལ་རྩའི་སྒྲིག་ལམ་གཏོར་བཤིག་གཏོང་བའི་བྱས་ཉེས་བསགས་པར་ཉེས་ཆད་གཅོད་པའི་སྐོར་གྱི་ཆོད་དོན》ཞེས་པའི་དོན་ཚན་བཅུ་དྲུག་པའི་ནང་གསེས་དོན་ཚན་དང་པོ་དང་དོན་ཚན་ཉེར་གཅིག་པ། 《དངུལ་རྩའི་སྒྲིག་ལམ་གཏོར་བཤིག་གཏོང་བའི་བྱས་ཉེས་ལ་ཉེས་ཆད་གཅོད་པའི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མི་སྐོར་གྱི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཆོད་དོན》ཞེས་པའི་དོན་ཚན་དང་པོ་བཅས་ལ་གཞི་བྱས་ཏེ། ཚེ་ཆེ་གེ་མོར་སྲིད་འཛིན་བཀག་ཉར་གྱི་སྲིད་འཛིན་ཉེས་ཆེད་གཅོད་རྒྱུའི་ཐག་བཅད།

བཞི། བཅའ་ཁྲིམས་དབྱེ་ཞིབ།

《རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དངུལ་རྩའི་སྒྲིག་ལམ་གཏོར་བཤིག་གཏོང་བའི་བྱས་ཉེས་ལ་ཉེས་ཆད་གཅོད་ཕྱོགས་སྐོར་གྱི་ཆོད་དོན》གྱི་དོན་ཚན་བཅུ་དྲུག་པ་ལས། གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ཚེ། ཉེན་འགོག་འགན་ལེན་ཁ་བསླུས་རྒྱག་པའི་བྱེད་སྒོ་སྤེལ་དགོས། གྲངས་འབོར་ཆེ་ཙམ་ཡིན་ཚེ་དུས་བཙོན་ལོ་ལྔ་མན་ནམ་བཙན་ཉར་ལས་བསྐུལ་གྱི་ཉེས་ཆད་གཅོད་རྒྱུ། སྒོར་ཁྲི་གཅིག་ཡན་ནས་སྒོར་འབུམ་གཅིག་མན་བར་གྱི་དངུལ་ཆད་གཅོད་རྒྱུ། གྲངས་འབོར་ཆེ་བའམ་ཡང་ན་ཉེས་ཚབས་ཆེ་བའི་གནས་ཚུལ་གཞན་དག་ཡོད་ཚེ། དུས་བཙོན་ལོ་ལྔ་ཡན་ནས་ལོ་བཅུ་མན་བར་གྱི་ཉེས་ཆད་གཅོད་རྒྱུ་དང་སྒོར་ཁྲི་གཉིས་ཡན་ནས་སྒོར་འབུམ་གཉིས་མན་བར་གྱི་དངུལ་ཆད་གཅོད་རྒྱུ། གྲངས་འབོར་ཧ་ཅང་ཆེ་བའམ་ཡང་ན་ཉེས་ཚབས་ལྷག་པར་ཆེ་བའི་གནས་ཚུལ་གཞན་དག་ཡོད་ཚེ། དུས་བཙོན་ལོ་བཅུ་ཡན་གྱི་ཉེས་ཆད་གཅོད་རྒྱུ། དེ་མིན་རྒྱུ་ནོར་གཞུང་བཞེས་ཀྱི་ཉེས་ཆད་གཅོད་ཚུལ་གཤམ་ལྟར།

(གཅིག) ཉེན་འགོག་འགན་ལེན་གྱི་ཁོངས་སུ་ཞུགས་མཁན་གྱིས་ཉེན་འགོག་འགན་ལེན་གྱི་དངུལ་ཚད་རྐང་བཙུགས་ནས་བརྫུས་བཟོ་བྱས་ནས་ཉེན་འགོག་འགན་ལེན་གྱི་གྲོན་དངུལ་གཡོ་ལེན་བྱས་རིགས།

(གཉིས) ཉེན་འགོག་འགན་ལེན་གྱི་ཁོངས་སུ་ཞུགས་མཁན་དང་། ཉེན་འགོག་འགན་ལེན་བྱ་ཡུལ་གྱི་མིའམ་ཕན་ཆ་ཐོབ་མཁན་གྱིས་ཉེན་འགོག་འགན་ལེན་གྱི་བྱུར་རྐྱེན་བྱུང་བའི་རྒྱུ་མཚན་རྫུན་སྒྲིག་བྱས་པའམ་ཡང་ན་གྱོང་གུན་ཐེབས་ཚད་སྒྲོ་འདོགས་བྱས་ཏེ་ཁག་ཐེག་བྱེད་དངུལ་བསླུ་ལེན་བྱེད་རིགས།

(གསུམ) ཉེན་འགོག་འགན་ལེན་གྱི་ཁོངས་སུ་ཞུགས་མཁན་དང་། ཉེན་འགོག་འགན་ལེན་བྱ་ཡུལ་གྱི་མིའམ་ཕན་ཆ་ཐོབ་མཁན་གྱིས་བྱུང་མེད་པའི་ཉེན་འགོག་འགན་ལེན་གྱི་བྱུར་རྐྱེན་རྫུན་བཟོ་བྱས་ཏེ་ཉེན་འགོག་འགན་ལེན་གྱི་གྲོན་དངུལ་གཡོ་ལེན་བྱས་རིགས།

(བཞི) ཉེན་འགོག་འགན་ལེན་གྱི་ཁོངས་སུ་ཞུགས་མཁན་དང་། ཉེན་འགོག་འགན་ལེན་བྱ་ཡུལ་གྱི་མིས་བསམ་བཞིན་དུ་རྒྱུ་ནོར་ལ་གྱོང་གུན་ཐེབས་སུ་བཅུག་པའི་ཉེན་འགོག་འགན་ལེན་གྱི་བྱུར་རྐྱེན་བཟོས་ནས་ཉེན་འགོག་འགན་ལེན་གྱི་གྲོན་དངུལ་གཡོ་ལེན་བྱས་རིགས།

(ལྔ) ཉེན་འགོག་འགན་ལེན་གྱི་ཁོངས་སུ་ཞུགས་མཁན་དང་། ཉེན་འགོག་འགན་ལེན་བྱ་ཡུལ་གྱི་མིས་བསམ་བཞིན་དུ་ཉེན་འགོག་འགན་ལེན་བྱེད་མཁན་གསོད་པ་དང་། རྨས་སྐྱོན་བྱུང་བའམ་ནད་གཞི་ཕོག་པ་བཅས་བཟོས་ནས་ཁག་ཐེག་བྱེད་དངུལ་བསླུ་ལེན་བྱེད་རིགས་བཅས་སོ། །

གོང་གསལ་ནང་གསེས་དོན་ཚན་གྱི་རྣམ་གྲངས་བཞི་པ་དང་ལྔ་པར་འཁོད་པ་ལྟར་བྱས་ཉེས་བསགས་པ་དང་ཆབས་ཅིག་ཏུ་བྱས་ཉེས་གཞན་དག་གྲུབ་པའི་རིགས་ལ་ཉེས་ཁྲིམས་ཀྱི་བྱས་ཉེས་དུ་མ་བསགས་པར་ཉེས་ཆད་སྡེབ་གཅོད་བྱ་རྒྱུའི་གཏན་འབེབས་ལྟར་ཉེས་ཆད་གཅོད་རྒྱུ།

གྱོད་དོན་འདིའི་ཁྲོད་དུ་ཚེ་ཆེ་གེ་མོ་ཡིས་ཉེན་འགོག་འགན་ལེན་གྱི་གྲོན་དངུལ་གཡོ་ལེན་བྱེད་ཆེད་བསམ་བཞིན་དུ་བྱུར་ཉེས་བྱུང་སའི་བྱ་སྤྱོད་དེ《རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དངུལ་རྩའི་སྒྲིག་ལམ་གཏོར་བཤིག་གཏོང་བའི་བྱས་ཉེས་བསགས་པར་ཉེས་ཆད་གཅོད་ཕྱོགས་སྐོར་གྱི་ཆོད་དོན》གྱི་དོན་ཚན་བཅུ་དྲུག་པ་དང་ཉེར་གཅིག་པའི་གཏན་འབེབས་དང་འགལ་ཞིང་། དེར་བརྟེན་བབ་མཚུངས་ཀྱི་བཅའ་ཁྲིམས་འགན་འཁྲི་འཁུར་དགོས།

ལྔ། དཔེར་འོས་དོན་སྙིང་།

འགན་བཅོལ་གུན་གསབ་ནི་སྤྱི་དམངས་ཀྱིས་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་ཐབས་ལམ་ནུས་ལྡན་གྱི་གྲས་ཤིག་ཡིན་མོད། འོན་ཀྱང་འགན་བཅོལ་གུན་གསབ་ཀྱི་བརྒྱུད་རིམ་ནང་བཅའ་ཁྲིམས་དང་ཁྲིམས་སྲོལ་གཏན་འབེབས་གསལ་པོ་ཡོད་པ་དང་ཁྲིམས་འགལ་གྱི་བྱ་ཐབས་སྤྱད་ནས་འགན་བཅོལ་དངུལ་གཡོ་ལེན་བྱེད་པའི་བྱེད་སྤྱོད་ཀྱིས་དངུལ་རྩ་དོ་དམ་གྱི་སྒྲིག་ལམ་ཟང་ཟིང་བཟོ་བ་དེ་ཁྲིམས་འགལ་གྱི་བྱེད་སྤྱོད་ཁོངས་སུ་གཏོགས་པས་དེ་མཚུངས་ཀྱི་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས་ཞེས་གཏན་འབེབས་བྱས་ཡོད།

དྲུག ཉེན་རྟོག་པའི་གསལ་འདེབས།

སྤྱི་དམངས་ཀྱིས་ཁྲིམས་མཐུན་གྱི་ཐབས་ལམ་བརྒྱུད་དེ་རང་ཉིད་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་དགོས། འགན་བཅོལ་གུན་གསབ་ཀྱི་བརྒྱུད་རིམ་ནང་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འབེབས་ནན་མོ་ཡོད། འགན་བཅོལ་དངུལ་གཡོ་ལེན་བྱས་ནས་རྒྱུ་ནོར་གཞན་སྒྱུར་གྱི་གྱོང་གུན་ཕོག་པའི་བྱ་སྤྱོད་དེ་བཅའ་ཁྲིམས་ཀྱི་གཏན་འབེབས་ལས་འགལ་བའི་བྱེད་སྤྱོད་ཀྱི་ཁོངས་སུ་གཏོགས་པས་སྤྱི་དམངས་ཀྱིས་བཅའ་ཁྲིམས་ཀྱི་མཐའ་ཚད་ལ་སྟེས་དབང་གི་བསམ་བློ་འཆང་མི་རུང་།  །

(འཕྲིན་གཏོང་པ། ཉི་མ། འབྲུག་རྩེ་རྒྱལ། ཧུའུ་ཅུན་ཆི། འབྲུག་མོ་རྒྱལ།)

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།